Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
མགོ་གསུམ་སྲས་ལུགས་འདོན་ཆའི་དཔེ་འཆར་དགོས་ཀྱི་ཐེམ་བྱང་རྩིས་སུ་མནན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམགོ་གསུམ་སྲས་ལུགས་འདོན་ཆའི་དཔེ་འཆར་དགོས་ཀྱི་ཐེམ་བྱང་རྩིས་སུ་མནན་པ།next

མགོ་གསུམ་སྲས་ལུགས་འདོན་ཆའི་དཔེ་འཆར་དགོས་ཀྱི་ཐེམ་བྱང་རྩིས་སུ་མནན་པ།


CMR041_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་གསུམ་སྲས་ལུགས་འདོན་ཆའི་དཔེ་འཆར་དགོས་ཀྱི་ཐེམ་བྱང་རྩིས་སུ་མནན་པའི་དབུའོ། །མི་ནག་མགོ་གསུམ་དཔེ་ཆའི་ཚེམ་གྲངས་ནི། ཟིན་བྲིས་འདོན་ཆོག་གསང་བ་སྣ་འདྲེན་དང་། །དཀར་པོ་མགོ་གསུམ་དམར་པོ་མགོ་གསུམ་དང་། །རུ་འདྲེན་སྡེ་བཞི་བྱང་བཀྲ་བཅུ་གསུམ་དང་། །མ་མོའི་ཐན་བསྒྱུར་འཁྲུག་འདྲེ་བཅོ་བརྒྱད་བསྐུལ། །བཟློག་བསྒྱུར་ཚེམ་གཉིས་རྩང་ཕུར་བཟློག་པ་དང་། །དཔེ་ཚེམ་དེ་བཅུ་མགོ་གསུམ་གཞུང་ཆེན་ཡིན། །ཟིན་བྲིས་འདི་ནི་གཞུང་གི་ངོས་འཛིན་ནོ།། ༈ འབུལ་ཁའི་འདོན་འགྲིགས་ལིངྒ་ཞལ་སྟབས་དང་། །མགོ་གསུམ་རྫོངས་འདེབས་གླང་ཆེན་ཁལ་འགེལ་དང་། །གཡང་ལེན་གསེར་སྐྱེམས་མགོ་གསུམ་ལམ་བསྟན་དང་། །དབང་བསྐུར་མཚན་མའི་དགྲ་ཟོར་གནམ་ལྕགས་ཐོག་རྒོད་བཅས། །དཔེ་ཚེམ་བཅུ་ཡོད་མདོས་བྱང་ཤིང་རིས་ཡོད། །འདི་ལ་ད་ཕྱིར་འཕྲི་བསྣན་མི་བྱའོ། །སྲས་ལུགས་ཡིན་པས་ཚང་བར་ངེས་པ་ཡིན། །དེ་སྐད་རཱ་གའི་མིང་གིས་སྨྲས་པའོ།། ༈ རང་རང་མོས་བློས་འདིར་འཇོག་པའི། །སྐག་ཟློག་ཤོག་དྲིལ་མི་ཁའི་ཟློག །འགྲིགས་གསལ་བརྗེད་ཐོ་ལྡེབ་བྱང་གསུམ། །ཐལ་མོ་རྡེབ་སོགས་ཚང་བར་ཡོད། །


previousམགོ་གསུམ་སྲས་ལུགས་འདོན་ཆའི་དཔེ་འཆར་དགོས་ཀྱི་ཐེམ་བྱང་རྩིས་སུ་མནན་པ།next