Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
མགོ་གསུམ་བཞུགས་གསོལ་དང་དགོངས་གསོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམགོ་གསུམ་བཞུགས་གསོལ་དང་དགོངས་གསོལ།next

མགོ་གསུམ་བཞུགས་གསོལ་དང་དགོངས་གསོལ།


CMR041_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་གསུམ་བཞུགས་གསོལ་དང་དགོངས་གསོལ་གཉིས་དཔེ་རྙིང་ནས་ཁ་སབ་པ་འདི་ལྟ་སྟེ། །ཀྱཻ། སྟོབས་ལྡན་མི་ནག་མགོ་གསུམ་འཁོར་དང་བཅས། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །སྔགས་འཆང་ཡོན་མཆོད་འཁོར་བཅས་ཀྱིས། །བྱད་ཟློག་ཆེན་པོ་མཛད་པ་དང་། །བན་བྱད་བོན་བྱད་བཟློག་པ་དང་། །ལྟས་ངན་སྣ་ཚོགས་བསྒྱུར་བའི་ཕྱིར། །འབྱུང་བ་ལྔ་ཡི་གདན་ལ་སྡོད། །ས་བདག་རྒྱལ་པོ་ཡིན་པའི་ཕྱིར། །མི་ཁ་སྣ་ཚོགས་གདན་ལ་སྡོད། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཨརྒྷཾ་སོགས། ཧཱུྃ༔ འབྱུང་བ་ལྔ་ཡི་གདན་སྟེང་ནས། །ས་བདག་གཟའ་ཀླུ་ཁྲོས་པའི་སྤྲུལ་པ་ལས། །ནག་པོ་ཆེན་པོ་འཇིགས་བྱེད་མགོ་གསུམ་པོ། །ལག་དྲུག་སྟོབས་ཆེན་རྔམ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཧ་ཧ་ཧཱུྃ་ཕཊ་ང་རོ་འབྲུག་སྒྲ་སྒྲོག །སྣང་སྲིད་དབང་བསྒྱུར་གསུང་ལ་ཕྱག་འཚལ་བསྟོད། །ཡོན་ཏན་སྟོབས་ཀྱིས་སྲིད་པའི་བྱོལ་བཟློག་མཛད། །སྟོབས་ཆེན་ཡོན་ཏན་ལྡན་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་གང་བཅོལ་ཐོགས་མེད་ལས་རྣམས་སྒྲུབས། །བཀའ་ཉན་ཕྲིན་ལས་བསྒྲུབ་ལ་ཕྱག་འཚལ་བསྟོད། །དེ་ནས་དགོངས་གསོལ་


CMR041_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཀྱཻ། གསོན་ཅིག་དགོངས་ཤིག་ལྷ་སྲིན་སྡེ་བརྒྱུད་ཚོགས། །འཇམ་དཔལ་དབྱངས་ཀྱི་དགོངས་པའི་ཚིག །མ་འདོད་པ་ལ་ཡས་མི་སྟེར། །མི་འདོད་པ་ལ་གླེད་མི་སྦྱིན། །མི་རྟོག་པ་ལ་གཏོ་མི་བསྔོ། །ཡོན་བདག་འདི་ཡི་དོན་ཆེད་དུ། །གཏོ་མཁན་རྒྱལ་པོ་བདག་གིས་ཀྱང་། །གཏོ་ཡི་རབ་འབྱམས་དཀྱིལ་འཁོར་འདིར། །འབྱུང་བ་ལས་ཀྱི་གཏོ་བྱེད་དོ། །སྲིད་པ་ལས་ཀྱི་ཁོག་སྦྱོར་རོ། །ཡེ་ཤེས་ལྷ་ཚོགས་དགོངས་སུ་གསོལ། །གནམ་ས་གཉིས་པོས་གཟུ་དཔང་མཛོད། །གསལ་བའི་ཉི་མས་གཟུ་དཔང་མཛོད། །རི་རབ་ཆེན་པོས་གཟུ་དཔང་མཛོད། །འབྱུང་བའི་ལྷ་ལྔས་གཟུ་དཔང་མཛོད། །ཀྱཻ། ང་ནི་གཏོ་མཁན་རྒྱལ་པོ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །གཏོ་མཁན་རྒྱལ་པོར་དབང་ཡང་བསྐུར། །སྤྱད་མཁན་རྒྱལ་པོར་ལུང་ཡང་འབྱིན། །ཡེ་ཤེས་ལྷ་ལྔ་ལུས་ལ་བཀོད། །གཏོ་མཁན་རྒྱལ་པོར་ཁ་འཛིན་མཛོད། །ཁ་འཛིན་ལྷ་ལ་མཆོད་པ་འབུལ། །སྔོན་མོ་ནས་ཀྱི་སྙིང་ཁུ་དང་། །འདོད་འཇོ་བ་ཡི་འོ་མ་དང་། །དཀར་གསུམ་མངར་གསུམ་གཏོར་མ་དང་། །ཇ་ཕུད་ཆང་ཕུད་མཆོད་པར་


CMR041_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །གཏོ་བཅོས་ཡག་པའི་ཁ་འཛིན་མཛོད། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །འབྱུང་པོ་མང་པོ་ཀུན་ཉོན་ཅིག །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས། །སྲིད་གསུམ་གཏོ་ཡི་དཀྱིལ་འཁོར་འདིར། །གཙུག་ལག་སྲིད་པའི་ལྷ་འདྲེ་དང་། །ཁམས་བརྒྱད་སྲིད་པའི་རྒྱལ་པོ་དང་། །འབྱུང་བ་ལྔ་ཡི་ས་བདག་དང་། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །འཁོན་པ་ཟླུམ་ཞིང་སྲོག་གླུད་འཇལ། །སྲིད་པའི་རྒྱལ་པོའི་གཟུ་དཔང་མཛོད། །ཚངས་པ་དུང་གི་ཐོར་ཚུགས་ཅན་པ་གསུམ་གྱི་བདག་པོ་ཡིན། །སྲིད་པ་གསུམ་གྱི་གཞི་ཡིན་པས། །གཏོ་བཅོས་ཡག་པའི་ཁ་འཛིན་མཛོད། །དཀར་པོའི་ཕྱོགས་རྣམས་སྐྱོང་བར་མཛོད། །ཧཱུྃ། རི་རབ་རི་ཡི་རྩེ་མོ་ནས། །རྣམ་པར་རྒྱལ་བའི་ཁང་བཟང་ནས། །ལྷ་ཡི་རྒྱལ་པོ་ཚངས་པ་ནི། །ལྷ་སྲིན་ཀུན་གྱི་གཟུ་དཔང་མཛོད། །དཀར་པོའི་ཕྱོགས་རྣམས་སྐྱོང་དུ་གསོལ། །དེང་གི་གཟུ་དང་དཔང་མཛོད་ཅིག །ས་ཡི་ལྷ་མོ་བརྟན་མ་ནི། །འདས་དང་མ་བྱོན་ད་ལྟར་གྱི། །སངས་རྒྱས་ཀུན་གྱི་ཡུམ་ཡིན་པས། །སྔོན་ཚེ་སྟོན་པས་གཟུ་དཔང་མཛོད། །


CMR041_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དེང་གི་གཟུ་དང་དཔང་མཛོད་ཅིག །དེང་གི་སྟོན་པས་གཟུ་དཔང་མཛོད། །གཏོ་བཅོས་ཡག་པའི་ཁ་འཛིན་མཛོད། །གཏོ་ཡི་རབ་འབྱམས་དཀྱིལ་འཁོར་འདིར། །འབྱུང་བ་ལས་ཀྱི་གཏོ་བྱེད་དོ། །སྲིད་པ་ལས་ཀྱི་ཁོག་སྦྱོར་རོ། །གཏོ་མཁན་བདག་ལ་མ་སྡིག་ཅིག །སྒོ་ཡི་ནོར་ལ་མ་སྡིག་ཅིག །བཞུགས་གསོལ་དང་དགོངས་གསོལ་གཉིས་དཔེ་རྙིང་ནས་ཁ་བཀང་བ། སརྦ་མངྒ་ལཾ། ཤུ་བྷཾ། ཀུརླན་ཏུ། ཛ་ཡ། ཟིལ་གནོན་དཔུང་བཅོལ་འདོན། མཆན།


previousམགོ་གསུམ་བཞུགས་གསོལ་དང་དགོངས་གསོལ།next