Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
ཟློག་བྱེད་ནག་པོ་མགོ་གསུམ་གྱི་གླུད་གྱེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟློག་བྱེད་ནག་པོ་མགོ་གསུམ་གྱི་གླུད་གྱེར།next

ཟློག་བྱེད་ནག་པོ་མགོ་གསུམ་གྱི་གླུད་གྱེར།


CMR041_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་བྱེད་ནག་པོ་མགོ་གསུམ་གྱི་གླུད་གྱེར་བཞུགས་སོ།


CMR041_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་མགོ་གསུམ་གྱི་གླུད་གྱེར་ནི་འདི་སྐད་དོ།། ཧཱུྃ། འཕགས་པ་འཇམ་དཔལ་བཀའ་བྱུང་བས། །ལན་ཆགས་གླུད་ཀྱི་བདག་པོ་དང་། །ལྷ་སྲིན་སྡེ་བརྒྱད་མ་ལུས་རྣམས། །དེ་རིང་འདིར་བྱོན་ཡས་གླུད་ལོངས། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ལུས་ངག་ཡིད་གསུམ་བརྗེ་བའི་གླུད། །རིན་ཆེན་འབྲུ་སྣའི་ངར་མི་འདི། །ཁམས་དང་སྐྱེ་མཆེད་འབུར་དུ་བཞེངས། །ཡན་ལག་ཐབས་ཤེས་རྫུ་འཕྲུལ་ལྡན། །འགྱིངས་ཤིང་ལྡན་པའི་སྐུ་ལུས་ལ། །དར་ཟབ་སྣ་ཚོགས་གོས་སུ་བསྐོན། །གཟི་ཆུང་རི་བཀྲ་སྤྱན་དུ་བཞག །སྤྱན་མིག་ཁྲ་དང་ཁྱུགས་སེ་ཁྱུག །སྒྲོན་


CMR041_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དཀར་པོ་བཞད་པའི་ཚེམས། །ཞལ་ནས་གསུང་སྙན་ལྷངས་སེ་ལྷང་། །དར་དམར་ལེ་བརྒན་སྨྲ་བའི་ལྗགས། །ཁ་ནས་སྨྲ་ཚིག་ཤ་ར་ར། །སྟབས་སྡུག་གར་དང་རོལ་མོ་མཁན། །སྟག་དང་གཟིག་གི་ལག་པ་ལ། །ཕྱག་རྒྱ་རོལ་མོ་ཁྱུགས་སེ་ཁྱུག །དྲེད་དང་དོམ་གྱི་རྐང་པ་ལ། །གར་དང་བྲོ་རྡུང་ཁྲིགས་སེ་ཁྲིག །ཁ་མིག་མཚལ་གྱིས་བྱུག་པ་ལ། །སྔོན་དམར་འཇའ་འོད་ལམས་སེ་ལམ། །ཁོང་བཅུད་གསེར་དང་གཡུ་ལས་བྱས། །ཁམས་དང་སྐྱེ་མཆེད་འདི་ལ་ཚང་། །དབང་པོ་རྣམ་ལྔ་འདི་ལ་ཚང་། །སྔགས་འཆང་རྒྱལ་པོའི་མཐུ་སྟོབས་


CMR041_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །གྱེར་གྱེར་དེ་ནི་བགྲང་བགྲང་ནས། །སྐྱེས་བུ་དམག་ལ་ཆས་པ་འདྲ། །བརྫངས་བརྫངས་དེ་ནི་བརྒྱན་བརྒྱན་ནས། །བུད་མེད་བག་ལ་ཆས་པ་འདྲ། །བསྟབ་བསྟབ་དེ་ནི་གཡེངས་གཡེངས་ནས། །རྒོད་པོའི་ནམ་འཕང་བསྐྱོད་པ་འདྲ། །ཕྱག་ཏུ་མདུང་དར་ཁྲོ་བོ་རྣམས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ལེགས་ལྡན་ངར་གྱི་མི་པོ་ཆེ། །སྤུང་སྤུང་བྲིས་བྲིས་བཀོལ་བཀོལ་ནས། །གཏོ་མཁན་ཡོན་བདག་གླུད་དུ་ནི། །སྣང་སྲིད་ལྷ་འདྲེའི་སྤྱན་སྔར་འབུལ། །སྐུ་གསུང་ཐུགས་མཆོག་དགྱེས་པར་མཛོད། །ཤ་རི་རིན་དང་ཁྲག་ཚབ་མཛོད། །འབྲུ་མཆོག་ངར་གྱི་མི་ཆེན་འདི། །མི་ནག་མགོ་གསུམ་ཁྱོད་ལ་འབུལ། །ཕོ་རྒྱུད་དལ་ཁ་གཡས་སུ་སྒྱུར། །མོ་རྒྱུད་ཁྲམ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་གཡོས་པ་ཐད་དུ་སྒྱུར། །ཆུང་བདུད་ཆུང་སྲི་མཁའ་ལ་སྒྱུར། །སྐག་ངན་འཚེར་རྩུབ་ཐམས་ཅད་སྒྱུར། །དགྲ་སྣ་མཚོན་སྣ་ཡམས་སྣ་སྒྱུར། །མི་ཁོ་བྲ་མཆུ་ལྟས་ངན་སྒྱུར། །འབྲུ་མཆོག་ངར་གྱི་མི་ཆེན་འདི། །མི་དམར་མགོ་གསུམ་ཁྱོད་ལ་འབུལ། །གཤིན་རྗེའི་ཁྲམ་ཁ་བསྒྱུར་དུ་གསོལ། །བདུད་ཀྱི་ཆོ་འཕྲུལ་བཟློག་ཏུ་གསོལ། །བཙན་


CMR041_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཤོར་མདའ་བསྒྱུར་དུ་གསོལ། །ཡམས་ནད་རིམས་ནད་བསྒྱུར་དུ་གསོལ། །ལོ་སྐག་ཞག་སྐག་ཟ་སྐག་བསྒྱུར་དུ་གསོལ། །འབྲུ་མཆོག་ངར་གྱི་མི་ཆེན་འདི། །མ་མོ་ནག་མོ་ཁྱོད་ལ་འབུལ། །མ་མོའི་ཁྲག་ནད་བསྒྱུར་དུ་གསོལ། །ལྟས་ངན་ཐམས་ཅད་བསྒྱུར་དུ་གསོལ། །།ཐན་ལྟས་ཆོ་འཕྲུལ་བསྒྱུར་དུ་གསོལ། །ནོར་ལུག་ལྷག་ཆད་ཐན་སྣ་སྒྱུར། །རི་བྱ་ཁྱིམ་དུ་འོང་བའི་ཐན་སྣ་སྒྱུར། །རི་དྭགས་ཁྱིམ་དུ་འོང་བའི་ཐན་སྣ་སྒྱུར། །གཅན་གཟན་སྡེར་ཐོག་ཐན་སྣ་སྒྱུར། །ལྟས་ངན་བརྒྱད་ཅུ་རྩ་གཅིག་སྒྱུར། །འབྲུ་མཆོག་ངར་གྱི་མི་ཆེན་འདི། །ཤང་ཤང་བྲ་མཆུ་ཁྱོད་ལ་འབུལ། །བརྒྱ་ཡི་མི་ཁ་བསྒྱུར་དུ་གསོལ། །སྟོང་གི་བྲ་མཆུ་བསྒྱུར་དུ་གསོལ། །མི་ཁ་གཏམ་ངན་བསྒྱུར་དུ་གསོལ། །མི་ཁའི་གླེང་གཞི་དགྲ་ལ་སྒྱུར། །འབྲུ་མཆོག་ངར་གྱི་མི་ཆེན་འདི། །གླང་ཆེན་སྣ་ཡོན་ཁྱོད་ལ་འབུལ། །དགྲ་སྣ་གྱོད་སྣ་བཙོན་སྣ་སྒྱུར། །བག་སྣ་གོད་སྣ་གཅན་སྣ་སྒྱུར། །ཡམས་སྣ་རིམས་སྣ་དམག་སྣ་སྒྱུར། །གྲི་སྣ་ནལ་སྣ་འགྲོན་སྣ་བསྒྱུར། །སྣ་འདྲེ་ཐན་སྣ་ཐམས་ཅད་སྒྱུར། །འབྲུ་མཆོག་ངར་གྱི་མི་ཆེན་འདི། །སྤར་ཁ་


CMR041_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་ས་བདག་དང་། །སྨེ་བ་དགུ་ཡི་ས་བདག་དང་། །ལོ་སྐོར་བཅུ་གཉིས་ཀུན་ལ་འབུལ། །བྱི་རྟ་གཉིས་ཀྱི་རུ་ཆོད་དགྲ་ལ་སྒྱུར། །གླང་ལུག་གཉིས་ཀྱི་ཕུང་གྱོད་དགྲ་ལ་སྒྱུར། །སྟག་སྤྲེལ་གཉིས་ཀྱི་མཆེ་བརྡར་དགྲ་ལ་སྒྱུར། །ཁྱི་འབྲུག་གཉིས་ཀྱི་ཐོག་རྫིས་དགྲ་ལ་སྒྱུར། །བྱ་ཡོས་གཉིས་ཀྱི་བྱེ་བྲལ་དགྲ་ལ་སྒྱུར། །ཕག་སྦྲུལ་གཉིས་ཀྱི་དགྲ་གཤེད་བསྒྱུར་དུ་གསོལ། །ལོ་སྐག་ལོ་གཤེད་བདུན་ཟུར་བསྒྱུར་དུ་གསོལ། །འབྲུ་མཆོག་ངར་གྱི་མི་ཆེན་འདི། །ས་བདག་སྤར་ཁ་བརྒྱད་ལ་འབུལ། །ལི་ཁོན་ཕྱིང་དྲིལ་བྱེད་པ་བདུན་ཟུར་སྒྱུར། །གིན་ཟོན་གཉེན་སྦྱོར་ཉེས་པ་སྒྱུར། །དྭ་ཟིན་གྲི་ཕུར་ཁྲག་ངོ་སྒྱུར། །ཁེན་ཁམ་མྱ་ངན་བྱེད་པ་བསྒྱུར་དུ་གསོལ། །སྤར་ཁ་རང་བདུད་འབེབས་པ་བསྒྱུར་དུ་གསོལ། །འབྲུ་མཆོག་ངར་གྱི་མི་ཆེན་འདི། །སྨེ་བ་དགུ་ཡི་ལྷ་ལ་འབུལ། །ན་ངོ་གཟེར་ངོ་བསྒྱུར་དུ་གསོལ། །ཤི་ངོ་ཆད་ངོ་བསྒྱུར་དུ་གསོལ། །མྱ་ངན་སྡུག་བསྔལ་འོང་བ་བསྒྱུར་དུ་གསོལ། །བྱུར་འདྲེ་མི་ཁ་ཆས་པ་བསྒྱུར་དུ་གསོལ། །བྱེ་བྲལ་ཕུང་གྱོད་འོང་བ་བསྒྱུར་དུ་གསོལ། །ས་བདག་སྨེ་བ་དགུའི་ཆད་པ་བསྒྱུར་དུ་གསོལ། །འབྲུ་མཆོག་


CMR041_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ངར་གྱི་མི་ཆེན་འདི། །གཡས་ཀྱི་རུ་འདྲེན་བདུད་པོ་ཁྱོད་ལ་འབུལ། །བདུད་ཀྱི་ཁྲམ་ཁ་ཆོ་འཕྲུལ་དགྲ་ལ་སྒྱུར། །བདུད་ཀྱི་ཞགས་པ་བཟུང་བ་དགྲ་ལ་སྒྱུར། །བདུད་བཞིའི་ཁྲམ་ཁ་འདེབས་པ་དགྲ་ལ་སྒྱུར། །བདུད་རྒྱལ་རལ་ཀ་དགྲ་ལ་སྒྱུར། །འབྲུ་མཆོག་ངར་གྱི་མི་ཆེན་འདི། །གཡོན་གྱི་རུ་འདྲེན་བཙན་རྒྱལ་ཁྱོད་ལ་འབུལ། །བཙན་གྱི་ཁ་གཡོག་འབེབས་པ་དགྲ་ལ་སྒྱུར། །བཙན་མདའ་ཤོར་བ་འཕེན་པ་དགྲ་ལ་བསྒྱུར། །གྲི་བཙན་རྒྱལ་ནད་གཏོང་བ་དགྲ་ལ་སྦྱར། །འབྲུ་མཆོག་ངར་གྱི་མི་ཆེན་འདི། །བྱུར་མི་ལའི་རྒྱལ་པོ་རི་བོང་བཅིབས་པ་ཁྱོད་ལ་འབུལ། །བྱུར་སྣ་བྱུར་འདྲེ་བསྒྱུར་དུ་གསོལ། །མི་ལ་བྱུར་ཆེ་ཅི་བྱས་མི་ཉན་དགྲ་ལ་སྒྱུར། །ནོར་ལ་བྱུར་ཆེ་གོད་ཁ་དགྲ་ལ་སྒྱུར། །བྱུར་གྱི་དམག་ཚོགས་དགྲ་ལ་སྒྱུར། །གྱུར་གྱི་སྐྱས་སྣ་དགྲ་ལ་སྒྱུར། །བྱུར་ཕོའི་ལྟས་ངན་དགྲ་ལ་སྒྱུར། །གྱུར་མོའི་མྱ་ངན་དགྲ་ལ་སྒྱུར། །གྱུར་ཕུག་ཇོ་ར་བྱེད་པ་དགྲ་ལ་སྒྱུར། །བྱུར་སྣ་ཡམས་སྣ་དགྲ་ལ་སྒྱུར། །འབྲུ་མཆོག་ངར་གྱི་མི་ཆེན་འདི། །མི་ཁའི་རྒྱལ་མོ་བ་རུ་མ་ལ་འབུལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མ་ཉེས་


CMR041_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཡོག་འོང་བ་དང་། །མ་བསད་སྟོང་ཁྲིད་དེད་པ་དང་། །གྲོས་བྱས་གཞན་གྱིས་མི་བཟོད་པ། །ཕོ་བརྒྱའི་ཁ་ནས་མི་ཁ་མདའ་ལྟར་གསོར་བ་དང་། །མོ་བརྒྱའི་ཁ་ནས་མི་ཁ་བལ་ལྟར་གཡེངས་བ་དང་། །བཙུན་སྡེ་འཚོགས་པའི་མི་ཁ་དགྲ་ལ་བསྒྱུར་དུ་གསོལ། །སྡེ་བརྒྱད་ལྷ་འདྲེའི་བྱད་ཁ་སྟོན་པ་བཟློག་ཏུ་གསོལ། །མོ་རྨིས་པྲ་ལྟས་ངན་པ་བསྒྱུར་དུ་གསོལ། །སྐག་བདུད་གཤེད་གསུམ་ཐམས་ཅད་བཟློག་ཏུ་གསོལ། །ཀྱཻ། ནག་པོ་ཆེན་པོ་དགྲ་ལ་བྷྱོ༔ །ཟློག་བྱེད་ཆེན་པོ་དགྲ་ལ་བྷྱོ༔ །གཏུམ་བྱེད་ཆེན་པོ་དགྲ་ལ་བྷྱོ༔ །སྟོབས་ལྡན་ཆེན་པོ་དགྲ་ལ་བྷྱོ༔ །ཟ་བྱེད་ཆེན་པོ་དགྲ་ལ་སྦྱོ། །ཟློག་བྱེད་ཆེན་པོ་དགྲ་ལ་བྷྱོ༔ །སྒྱུར་བྱེད་ཆེན་པོ་དགྲ་དང་བགེགས་ལ་བློ་བྷྱོ༔་ཟློག་ཟློག །ཟློག་བྱེད་ནག་པོ་མགོ་གསུམ་གྱི་གླུད་གྱེར་རྫོགས་སོ། །ཟློག་སྒྱུར་འདོན། མཆན། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཟློག་བྱེད་ནག་པོ་མགོ་གསུམ་གྱི་གླུད་གྱེར།next