Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
མི་ནག་མགོ་གསུམ་གྱི་ཐལ་མོ་རྡེབ་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམི་ནག་མགོ་གསུམ་གྱི་ཐལ་མོ་རྡེབ་ཆོགnext

མི་ནག་མགོ་གསུམ་གྱི་ཐལ་མོ་རྡེབ་ཆོག


CMR041_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནག་མགོ་གསུམ་གྱི་ཐལ་མོ་རྡེབ་ཆོག་ནི། ཧཱུྃ། མི་ནག་མགོ་གསུམ་མཐུ་སྟོབས་ཅན། །ཁྱོད་ནི་དམག་ལ་ཆས་ཙམ་ན། །དབུ་གསུམ་ཉི་ཟླ་པདྨའི་གདན། །བཅོམ་ལྡན་རིགས་གསུམ་མགོན་པོ་ལ། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར། །བདག་དང་ཡོན་བདག་འཁོར་བཅས་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཁྱོད་ཀྱི་གཡས་གཡོན་ཕྱོགས་མཚམས་ན། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སོགས། །འཁོར་དང་བཅས་པ་མ་ལུས་པ། །གྲངས་མེད་བསམ་གྱིས་མི་ཁྱབ་པ། །གོ་ཆ་སྲ་ཞིང་མཚོན་ཆ་རྣོ། །ནད་ཡམས་དུག་མཚོན་ཆར་ལྟར་འབེབས། །སོད་སོད་རྒྱོབ་རྒྱོབ་སྒྲ་ཆེན་ནི། །འབྲུག་སྟོང་ལྡིར་བ་ལྟ་བུ་ཡིས། །དམ་ཉམས་གནོད་བྱེད་བརྒྱལ་ཞིང་འདར། །དངང་ཞིང་བྲོས་པས་མི་ཐར་བ། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ཁྱོད་ཀྱི་སྤྲུལ་པ་འགྱེད་པའི་ཚེ། །སྟེང་འོག་ཕྱོགས་བཞི་མཚམས་བཞི་ནས། །བཞུགས་པའི་ཡེ་ཤེས་འཇིག་རྟེན་གྱི། །ལྷ་ཚོགས་མ་ལུས་ཐམས་ཅད་ཀྱིས། །ཐལ་མོ་རྡེབ་རིང་བཞད་སྒྲ་སྒྲོག །ཁྱེད་ཀྱི་ཕྱག་ནི་གཡས་གཡོན་ན། །གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་པ། །


CMR041_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བརྡབས་པའི་བར་དུ་དགྲ་དང་བགེགས། །གནོད་བྱེད་བྱེད་མ་གོད་འདྲེ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ཁྱེད་རང་དཔོན་གཡོག་འཁོར་བཅས་དང་། བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཐལ་མོ་ལན་གཅིག་བརྡབས་པ་ཡིས། །སྡང་བར་བྱེད་པའི་དགྲ་རྣམས་ཟློག །ཐལ་མོ་ལན་གཉིས་བརྡབས་པ་ཡིས། །གནོད་པར་བྱེད་པའི་བགེགས་རྣམས་ཟློག །ཐལ་མོ་ལན་གསུམ་བརྡབས་པ་ཡིས། །ནད་འདྲེ་གཅོང་སྲི་ཐམས་ཅད་ཟློག །ཐལ་མོ་ལན་བཞི་བརྡབས་པ་ཡིས། །གོད་འདྲེ་བསེ་རིག་འགོང་པོ་ཟློག །ཐལ་མོ་ལན་ལྔ་བརྡབས་པ་ཡིས། །བྱུར་འདྲེ་མི་ཁ་བྲ་མཆུ་ཟློག །ཐལ་མོ་ལན་དྲུག་བརྡབས་པ་ཡིས། །དགྲ་རྐུན་ཇག་གསུམ་ཐམས་ཅད་ཟློག །ཐལ་མོ་ལན་བདུན་བརྡབས་པ་ཡིས། །བདུན་ཟུར་དགྲ་གཤེད་གནོད་པ་ཟློག །ཐལ་མོ་ལན་བརྒྱད་བརྡབས་པ་ཡིས། །སྤར་ཁའི་འགྲམ་འཁྲུགས་རྐྱེན་རྣམས་ཟློག །ཐལ་མོ་ལན་དགུ་བརྡབས་པ་ཡིས། །དགུ་མིག་དུར་མིག་ཚུད་པ་ཟློག །ཐལ་མོ་ལན་བཅུ་བརྡབས་པ་ཡིས། །ཕྱོགས་བཅུའི་མི་ཁ་བྲ་མཆུ་ཟློག །མི་ནད་ནོར་ནད་ཐམས་ཅད་ཟློག །བན་


CMR041_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ངན་པའི་བསམ་ངན་ཟློག །སྔགས་པ་ངན་པའི་མཐུ་བྱད་ཟློག །སྐྱེ་བོ་ངན་པའི་རྐུ་འཕྲོག་ཟློག །བུད་མེད་ངན་པའི་དམོད་མོ་ཟློག །སྔོན་གྱི་ལས་དབང་ངན་པ་ཟློག །འཕྲལ་གྱི་རྐྱེན་དབང་ངན་པ་ཟློག །མདོར་ན་མི་མཐུན་གནོད་པ་ཡི། །ཕྱོགས་རྣམས་མ་ལུས་བཟློག་པར་མཛོད། །ཨ་ཡ་མ་དུ་རུ་ཙ་ཤ་ན་མཱ་ར་ཡ་བྷྱོ་བྷྱོ་༔ཟློག་ཟློག །


previousམི་ནག་མགོ་གསུམ་གྱི་ཐལ་མོ་རྡེབ་ཆོགnext