Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
ཀྱཻ། ད་ནི་གཏོ་མཁན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀྱཻ། ད་ནི་གཏོ་མཁན།next

ཀྱཻ། ད་ནི་གཏོ་མཁན།


CMR041_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། ད་ནི་གཏོ་མཁན་གཏོ་ལ་གཤེགས། །གཏོ་མཁན་གཏོ་ལ་མ་གཤེགས་ན། །དུས་ཚོད་མཚོན་ཆ་འཁོར་དེ་མཆིས། །ཡ་ཀི་གནམ་རིམ་པ་བཅུ་གསུམ་ཡང་སྟེང་ན། །ཤེལ་གྱི་བྱ་ཁྱུང་གཤོག་པ་རྡེབ་པ་ཡང་། །ཧ་ས་གརྒྷའི་གཏོ་ཡིས་ཟློག །མ་ཀི་ས་རིམ་པ་གསུམ་གྱི་མར་ཞབས་ན། །དུར་ཕག་ཁྲ་མོ་འཁུན་པ་ཡང་། །ཧ་ས་གརྒྷའི་གཏོ་ཡིས་ཟློག །ཀྱཻ། ཉི་མ་ཤར་ཕྱོགས་ཕ་ཀི་ན། །ར་གན་མི་ནི་སེར་པོ་ཡིས། །ལྟས་ངན་ཐན་གྱི་གླུ་ལེན་པ། །ཧ་ས་གརྒྷའི་གཏོ་ཡིས་ཟློག །ཀྱཻ། ཉི་མ་ནུབ་བྱང་ཕ་ཀི་ནཱ། །གནས་ཁྱི་ནག་པོ་ཟུག་པ་ཡང་། །ཧ་ས་གརྒྷའི་གཏོ་ཡིས་ཟློག །ཀྱཻ། ཉི་མ་བྱང་ཤར་ཕ་ཀི་ན། །ཟངས་ཀྱི་གླང་བུས་རྭ་ཅོ་བརྡར་བ་ཡང་། །ཧ་ས་གརྦྷའི་གཏོ་ཡིས་ཟློག །ཀྱཻ། །ཉི་མ་ལྷོ་ནུབ་མཚམས་ཤེད་ན། །རྡོ་ལུག་གྲོ་མོ་འཁུན་པ་ཡང་། །ཧ་ས་གརྒྷའི་གཏོ་ཡིས་ཟློག །རང་སྐག་བདུན་ཟུར་གཤེད་གཅིག་རྣམས། །ཧ་ས་གཛྷའི་གཏོ་ཡིས་ཟློག །གཤེད་ཀྱི་ཆོ་འཕྲུལ་བྱུང་བ་ཡང་། །ཧ་ས་གརྒྷའི་གཏོ་ཡིས་ཟློག །དགུ་མིག་རུས་མིག་བཞི་ཡི་སྐག །ཧ་ས་གརྒྷའི་གཏོ་ཡིས་ཟློག །ཤི་མིག་གསོན་ལ་བལྟ་བ་ཡང་། །ཧ་ས་གརྒྷའི་གཏོ་


CMR041_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཟློག །ལོ་སྐག་ཟླ་སྐག་ཞག་སྐག་ཀྱང་། །ཧ་ས་གརྒྷའི་གཏོ་ཡིས་ཟློག །རྨི་ལམ་ངན་པ་ཐམས་ཅད་ཀྱང་། །ཧ་ས་གརྒྷའི་གཏོ་ཡིས་ཟློག །ཀྱཻ། མི་ནག་མགོ་བོ་གསུམ་པ་ཁྱོད། །ཁྱོད་ཀྱི་ཕ་ནི་བཙན་ལ་མ་ནི་ཀླུ། །ཁྱོད་ཀྱི་རྒྱུ་ནི་འབྱུང་བ་ལྔ། །ཁྱོད་ཀྱི་རྐྱེན་ནི་འབྱུང་བ་ལྔ། །ཁྱོད་ཀྱི་རྟགས་ནི་འབྱུང་བཟང་ལྔ། །ངེས་མེད་རྣམ་པ་སྣ་ཚོགས་བྱེད། །འབྲས་བུ་མང་པོའི་གཏོར་མ་དང་། །ཟས་སྣ་མང་པོའི་རྒྱན་གྱིས་བརྒྱན། །འདོད་ཡོན་མང་པོར་བྱིན་གྱིས་བརླབས། །འདོད་པའི་ཡོན་ཏན་ཟས་མཆོག་འདི། །ཧ་ས་གནྡྷོ་ཁྱོད་ལ་འབུལ། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །བར་ཆད་རྐྱེན་རྣམས་ཟློག་པ་དང་། །སྔོན་གྱི་ལན་ཆགས་བུལ་བར་གྱིས། །འདིའི་དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་ཤོག །མངྒ་ལཾ།། རྒྱས་པ་བྱེད་ན་འདི་ཡན་ཉིན་ཚར་དགོས་རྒྱུ་ཡིན། བསྐང་ཟློག་སོགས་མི་བཅའ་ནས། མགོ་གསུམ་ཁོ་ན་ལ་ནན་ཏན་བྱེད་ན་སྔ་དྲོ་ལ་རྒྱས་པ་ཚར་གཅིག །ཉིན་གུང་དང་དགོང་མོའི་ཐུན་ལ་གནམ་ཆོས་ཀྱི་མགོ་གསུམ་ཚར་རེ་བྱས་ལ་ཐན་ཟློག་སྐག་ཟློག་གལ་གང་ཆེ་བའི་སྔགས་མང་དུ་བཟླ་ཞིང་དམིགས་པ་ལ་འབད་ན་ཤིན་ཏུ་ཟབ་བོ། །ཡང་གནམ་ཆོས་མི་སབ་ནས་འདི་རང་ལ་ཐུན་གསུམ་དུ་བྱེད་ན། རྒྱས་པ་ཚར་གཅིག་དང་བསྡུས་པ་ཚར་གཉིས་བྱའོ། །མངྒ་ལཾ།། །།


previousཀྱཻ། ད་ནི་གཏོ་མཁན།next