Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
ནག་པོ་མགོ་གསུམ་འབུལ་ཁའི་འདོན་འགྲིགས་ཤིན་ཏུ་ཟབ་པ་སྲས་ལུགས་སུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནག་པོ་མགོ་གསུམ་འབུལ་ཁའི་འདོན་འགྲིགས་ཤིན་ཏུ་ཟབ་པ་སྲས་ལུགས་སུ་བཀོད་པ།next

ནག་པོ་མགོ་གསུམ་འབུལ་ཁའི་འདོན་འགྲིགས་ཤིན་ཏུ་ཟབ་པ་སྲས་ལུགས་སུ་བཀོད་པ།


CMR041_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་མགོ་གསུམ་འབུལ་ཁའི་འདོན་འགྲིགས་ཤིན་ཏུ་ཟབ་པ་སྲས་ལུགས་སུ་བཀོད་པ་བཞུགས་སོ། །


CMR041_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མགོ་གསུམ་འབུལ་ཁའི་དགོང་མོ་སྣོད་གཅིག་ཏུཡོས་བཀྲ་འབྲུ་སྣ་སོགས་རྫོངས་འདེབས་རྒྱུ་ཡི་རྫས་དང་། སྔོན་དུ་ཁྱེར་རྒྱུའི་དཀར་གཏོར་གཅིག་དང་། གསེར་སྐྱེམས། རྗེས་ནས་གཏིང་ཕུལ་ལ་ཟློག་པ་ཡོད་དམ། མེད་ན་ཆད་མདོ་བརྟན་སྐྱོང་སོགས། ཆོས་སྐྱོང་རྣམས་ལ་དམར་གཏོར་འབུལ་རྒྱུ་དང་། མདུན་དུ་གཏོར་རྫོངས་འདེབས་རྒྱུའི་གཏོར་ཆུང་ཁྲག་བྱུག་པ་ཉེར་གཅིག་ཤ་དུམ་དང་བཅས་པ། བསྒྲལ་རྒྱུའི་ཟན་ལིང་ཆེ་བ་གཅིག་བཤམས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་


CMR041_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། འཕགས་པ་འཇམ་དཔལ་རིགས་ལྔའི་བཀའ་བདེན་པ་དང་། ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀའི་བཀའ་བདེན་པ་དང་། དབང་ཆེན་རྟ་མགྲིན་གྱི་བཀའ་བདེན་པ་དང་། རྡོ་རྗེ་གཏུམ་པོ་གོས་སྔོན་ཅན་གྱི་བཀའ་བདེན་པ་དང་། ཟློག་བྱེད་ཧ་ས་གརྒྷ་འཁོར་དང་བཅས་པའི་མཐུ་སྟོབས་ཀྱིས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པ། ཚེ་སྲོག་བསོད་ནམས་ལ་བར་དུ་གཅོད་པ། ཁ་རྗེ་དབང་ཐང་འཕྲོག་པར་བྱེད་པ། དམ་པའི་ཆོས་བཤད་ཀྱང་མི་ཉན་པ། བདེན་པའི་སྟོབས་བརྗོད་ཀྱང་མི་


CMR041_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བརྩི་བ། གླུད་དང་གཏོར་མས་བརྔན་ཀྱང་མི་མགུ་བ། འགྱུ་ལོག་འཕར་ལྡང་མགོ་གཡོག་མགོ་སྐོར་བྱེད་པའི་གནོད་བྱེད་དམ་སྲི་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག །བཛྲ་ཨངྐ་ཤ་ཛརཿ བཛྲ་པཱ་ཤ་ཧཱུྃ་ཧཱུྃ། བཛྲ་སྤོ་ཊ་ཐཾ་ཐཾ། བཛྲ་གྷདྷེ་ཧོ་ཧོ༔ ལྷ་དང་ཕྱེས་ཤིག་པྲ་བེ་ཤ་ཡ་ཕཊ་ཕཊ༔ ཅེས་འགུགས་གཞུག་ལན་གསུམ་བྱ། དེ་ནས་ཐལ་མོ་རྡེབ་ཆོག་འདོན་ཅིང་ཐལ་མོ་རྡེབ། དེ་ནས་ལིངྒ་ཞལ་བསྟབ་འདོན་ཅིང་། ལིང་ག་ཞལ་དུ་བསྟབ་ཚུལ་བྱ། དེ་ནས་བཛྲ་ཀཱི་ལ་ཡ་ཟེར་བའི་དུས་སུ་ལིངྒ་ལ་ཕུར་པ་འདེབས། ལིངྒ་དུམ་བུར་གཏུབ་ལ། ལིངྒའི་དུམ་བུ་རེ་དང་གཏོར་ཆུང་རེ་སྦྲགས་ལ་གཏོར་རྫོང་གི།ཚིག་མཚམས་སུ་འབུལ་བཅུག །དེ་ནས་རྫོངས་འདེབས་ཚྭ་ཡོས་རམ་རུག་སོགས་རྫོངས་སུ་འདེབས་ཟེར་བའི་ཚིག་མཚམས་སུ་འདེབས་བཅུག །དེ་ནས་གཡང་ལེན་འདོན་ལ་རིགས་གསུམ་མགོན་པོའི་ཙཀ་ལི་ཚུར་ལེན། དེ་ནས་ཕྱི་ན་གསེར་སྐྱེམས་རེ་མཆོད་པ་དང་། ཕྱོགས་བཞིའི་རྩང་རེ་ཤབ་སྟེ་སྒོ་དབྱེ་འདོན། དེ་ནས་མདོས་ཁ་ཕྱིར་བསྒྱུར་ལ་ལམ་བསྟན་འདོན། དེ་ནས་ཡོད་ན་དབུ་རྒྱན་ཅིག་མདོས་ཀྱི་སྟེང་དུ་བཟུང་བཅུག །དབུ་རྒྱན་མེད་ན་རིགས་གསུམ་མགོན་པོའི་ཙཀ་ལི་ཡུད་ཙམ་བཟུང་བཅུག་ལ། དབང་བསྐུར་འདོན། དེ་ནས་ཤེས་ན་སེམས་ཀྱི་ངོ་བོ་ལ་བལྟ། མི་ཤེས་ན་ཡང་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུ་བདེན་པར་གྲུབ་པ་གཅིག་ཀྱང་མེད། ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་ཡིན་


CMR041_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པ་ལྟ་བ་གྱད་ཀྱི་ལྷ་དེ་བསྒོམ་ཞིང་། ངེས་དོན་གྱི་ལམ་བསྟན་དེ་བཏོན་ནས་ཧ་ས་གཛྷ་འཁོར་དང་བཅས་པས་ཡས་གླུད་རྣམས་ཁྱེར་ཏེ། དམག་གཤར་བ་ལྟར་འབུལ་བའི་ཕྱོགས་སུ་སོང་བར་བསྒོམ་ལ། དེ་ལྟར་བསྐྱེད་པའི་མགྲོན་དང་རྒྱུད་པ་རྣམས་སོང་རྗེས། དང་པོ་དམ་ཚིག་པའི་མགོ་གསུམ་འཁོར་བཅས་བསྐྱེད་པ་དང་བཅས་པའི་གཟུགས་བརྙན་དེ་རྣམས་སྤྲིན་ནག་རླུང་གིས་བསྐྱོད་པའམ་སེར་ཁང་འཁྲིགས་པ་ལྟར་སོང་ནས། གནོད་བྱེད་དགྲ་བགེགས་ཐམས་ཅད་གྲོག་ཚང་སེར་བས་བརྡུང་བ་ལྟར་རྗེས་མེད་དུ་སོང་བར་བསྒོམ་ཞིང་མཚན་མ་དགྲ་ཟོར་འདོན། དེས་ཟོར་གྱི་གོ་ཆོད་ཡིན་ཟོར་ལོགས་སུ་ཟོར་མེད་དོ། །ཞེས་པ་རཱ་ག་ཨ་སྱས་སྦྱར་བའོ། །ཡི་གེ་པ་ནི་སྔགས་འཆང་ཨོ་རྒྱན་བཀྲ་ཤིས་སོ།། ༈ ཐལ་མོ་རྡེབ་ཆོག་བཞུགས་སོ།། །ཀྱཻ། དུས་གསུམ་བདེ་གཤེགས་དགོངས་སུ་གསོལ། །འགྲོ་དྲུག་ཡོངས་ཀྱི་རྒྱུ་མཐུན་པ། །དང་པོ་ཅི་ཡང་མེད་པ་སྟེ། །ས་བདག་ཞེ་སྡང་སུམ་བརྩེགས་ལ། །ཞེ་སྡང་ཀླུ་ཡི་བུ་རུ་སྲིད། །དེ་ལས་འབྱུང་ལྔ་བདུད་དུ་སྲིད། །བདུད་ལྔ་ཁྲོས་པས་དུག་ལྔ་སྲིད། །ས་བདག་ཁྱི་ཡི་མགོ་བོ་ཅན། །ང་རྒྱལ་ཁྲོ་གཏུམ་གཡོས་པ་ལས། །ས་བདག་ཁེན་པ་རྒན་པོ་བྱུང་། །ཞེ་སྡང་ཐུགས་ནི་ཁྲོས་པ་ལས། །མི་ནག་མགོ་བོ་གསུམ་པ་སྲིད། །ཞེ་སྡང་ཆེ་བས་ལུས་པོ་ནག །ང་རྒྱལ་ཆེ་བས་


CMR041_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཡང་སེར། །འདོད་ཆགས་ཆེ་བས་རྐན་ཡང་དམར། །ཕྲག་དོག་ཆེ་བས་རླུང་དམར་འཚུབ། །གཏི་མུག་ཆེ་བས་མུན་པ་འཐིབས། །དུག་གསུམ་ལྡན་པས་མཆེ་བ་གཙིགས། །མགོ་གསུམ་སྲིད་གསུམ་ཟས་སུ་ཟ། །མྱུར་མགྱོགས་མིག་ནི་གློག་ལྟར་འགྱུ། །སྐད་ཅིག་དགྲ་ཡི་རྣམ་ཤེས་ལེན། །ཁྱོད་ནི་མི་ནག་བདུད་ཀྱི་བུ། །དུག་ལྔ་འཇོམས་ཕྱིར་མགོ་བོ་གསུམ། །འགྲོ་དྲུག་བསྒྲལ་ཕྱིར་ཕྱག་དྲུག་པ། །མགོ་གསུམ་མགོ་བརྙན་སྤྲུལ་པ་ལས། །གཟའ་ཆེན་བརྒྱད་ནི་སྤྲུལ་པའི་བུ། །དྲེགས་པ་སྡེ་བརྒྱད་མཆེ་བ་བྱས། །བདུད་བཙན་གཉིས་ལ་རྭ་ཅོ་བྱས། །ཀླུ་གཉན་གཉིས་ལ་རྣ་བ་བྱས། །ཚ་གྲང་གཉིས་ལ་སྤྱན་མིག་བྱས། །ལྷ་སྲིན་སྡེ་བརྒྱད་མགོ་བརྙན་ཅན། །སྡེ་བརྒྱད་གདུག་རྩུབ་དགྲ་ལ་སྒྱུར། །ཨོ་པ་ཤ་ཏི། ཀི་ཤ་དུ་རུ་ཤིག །དགྲ་བགེགས་འབྱུང་པོ་སརྦ་ཙིཏྟ་ལ་ཛ་ཛཿ །ཀྱཻ། མགོ་གཅིག་གཏི་མུག་གླང་གི་མགོ །རུས་སྦལ་མཆེ་གཙིགས་གླང་ཆེན་དབུ། །བདུད་དང་སྲིན་པོའི་སྤྲུལ་པ་ཡི། །སྤེན་པ་ལྷུམས་སུ་ཞུགས་པའི་བུ། །སུ་དང་འཕྲད་པའི་སྲོག་ལ་རྒོལ། །ཀླུ་གཉན་མང་པོའི་སྲོག་ལ་འགྱེད། །ལྷ་སྲིན་སྡེ་


CMR041_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་རོལ་དུ་ཁྲིད། །གྲི་རྒོད་ལྟོག་པ་དགྲ་ལ་ཐོངས། །གཏོར་མ་མཐེབ་སྐྱུ་འདི་བཞེས་ལ། །སྐག་དང་འཚེར་རྩུབ་དགྲ་ལ་སྒྱུར། །ཁ་ནས་སྤྲུལ་པའི་ངན་སྔགས་ནི། །བཛྲ་པཱ་ཎིས་དགྲ་བོ་སོད། །མི་ཁ་འདྲེ་དམག་དགྲ་ལ་དྲོངས། །བཛྲ་པ་ཎི་དགྲ་བོ་མཱ་ར་ཡ་ཆད་སྭཱ་ཧཱ། མགོ་གཅིག་གཅན་གཟན་སྟག་གི་མགོ །འཇིགས་ཤིང་ང་རྒྱལ་ཁྲོ་གཏུམ་ཅན། །མིག་བསྒྲད་རྐན་རྡེབ་མཆེ་བ་གཙིགས། །ཁྱབ་འཇུག་ལྷུམས་སུ་ཞུགས་པའི་བུ། །དགྲ་བགེགས་འབྱུང་པོ་ཧུར་ཐུམ་སོད། །གསོད་དང་གཅོད་ལ་ཀུན་ཏུ་དགའ། །ཞེ་སྡང་འཇིགས་པའི་མཆེ་བ་གཙིགས། །གཟའ་བདུད་སྤྲུལ་པའི་ཕོ་ཉ་འགྱེད། །ཕོ་ཉ་མང་པོ་སྐར་ལྟར་འཁྲུགས། །ཐོག་དང་སེར་པ་ཤ་ར་ར། །ཁ་རླངས་སྔོ་དམར་ཐུ་ལུ་ལུ། །གཏོར་མ་མཐེབ་སྐྱུ་འདི་བཞེས་ལ། །དགྲ་བགེགས་འབྱུང་པོ་རྡུལ་དུ་རློགས། །ཁ་ནས་སྤྲུལ་པའི་ངན་སྔགས་ནི། །རཱ་ཧུ་ལ་ཡིས་དགྲ་རྣམས་ཟློག །མི་ཁ་འདྲེ་དམག་དགྲ་ལ་ཐོབ། །ཨོ་རཱ་ཧུ་ལ་པཱ་ཎི་རུ་ཎ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་རྦད་སྭཱ་ཧཱ། །ཀྱཻ། གཡོན་པ་གཏི་མུག་ཕག་གི་མགོ །ཁ་གདངས་ཁམས་གསུམ་ཟས་སུ་


CMR041_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཟ། །མིག་ལྡོག་དགྲ་བོ་ཉམས་པར་བྱེད། །མཆེ་བ་འདོན་ཞིང་དགྲ་བོ་གསོད། །གཟའ་ལྷག་པ་ལྷུམས་སུ་ཞུགས་པའི་བུ། །མྱུར་མགྱོགས་མཆེ་བས་འཁོར་ལོ་བསྐོར། །ཚེ་དང་སྲོག་ལ་རབ་ཏུ་རྔམ། །དགྲ་བོ་ཐམས་ཅད་ཟས་སུ་ཟ། །ཕོ་ཉ་མདའ་འཕེན་ཤ་ར་ར། །གཏོར་མ་མཐེབ་སྐྱུ་འདི་བཞེས་ལ། །བྱུར་དང་གོད་ཁ་དགྲ་ལ་སྒྱུར། །ཁ་ནས་སྲུང་བའི་ངན་སྔགས་ནི། །སང་ཀ་དུ་བྱེད་དགྲ་བོ་སོད། །མི་ཁ་འདྲེ་དམག་དགྲ་ལ་ཕོབ། །མི་ཁ་བྲ་མཆུ་དགྲ་ལ་བྷྱོ༔ །ཨོ་སང་ཀ་དུ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཅད་སྭཱ་ཀྱེ། ཕྱག་དྲུག་འགྲོ་དྲུག་ཕྱགས་མས་འདེབས། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །ཀོང་ཟོར་དམར་པོ་བསྣམས་པ་ནི། །སྡང་བའི་དགྲ་ལ་ཐོག་རྒོད་འབེབས། །ཁྲག་ཟོར་བུ་ཡུག་འཚུབ་པར་གྱིས། །ཡམས་ནད་ཟོར་ཁ་དགྲ་ལ་སྟོན། །དགྲ་མགོ་གཅོད་པའི་ཕྱག་རྒྱ་ཡིས། །གདུག་པའི་མཚོན་ཆ་དགྲ་ལ་སྟོན། །ཨོ་ཏྲིམ་ཏིབ་མཱ་ར་ཡ་དགྲ་བོའི་སྲོག་ལ་རྦད། བར་པས་ནད་ཀྱི་རྐྱལ་པ་ཐོགས། །དགྲ་ལ་ནད་རྐྱལ་ཁ་ཕྱེས་ཤིག །ནད་ཀྱི་ཁ་ཕྲུ་དགྲ་ལ་ཐོབ། །།ནད་ཡམས་གཏོང་བའི་ཕྱག་རྒྱ་ཡིས། །ནད་ཡམས་


CMR041_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དགྲ་ལ་ཆོས། །ཨོཾ་མ་ན་རཀཱ་ཏ་ཏི་ཕུར་རྣ་ཏི་ཤ་རུ་ན་དགྲ་ལ་ཆེད་སྭཱ་ཧཱ། ཕྱག་གཡོན་དང་པོས་ཁྲམ་ཤིང་བསྣམས། །ཁྲམ་ཤིང་ཕྱག་རྒྱ་དགྲ་ལ་་ཕོབ། །མ་མ་རུ་ལུ་ཙིཏྟ་དུན་ཏི་ཤ་དུ་ཁ་རག་དགྲ་ལ་ཐུན་བྷྱོཿ བར་མས་བདུད་ཀྱི་མདའ་གཞུ་ཐོགས། །མི་ཁའི་སྐྱ་མདའ་ཤ་ར་ར། །མི་ཁའི་སྐྱ་མདའ་དགྲ་ལ་ཡ། །ཟོར་མདའ་ནག་པོ་དགྲ་ལ་འཕེན། །བྱད་མ་དགྲ་བོའི་སྙིང་ལ་གཟིར། །ཐོད་པ་གྲི་ལིང་དགྲ་ལ་ཕོབ། །དགྲ་ཁམས་སྤྲུགས་པའི་ཕྱག་རྒྱ་ཡིས། །ནག་པོ་ཀ་ཧ་ལ་དགྲ་ལ་བྷྱོཿ ཐ་མ་གཉིས་ཀྱིས་ཐལ་མོ་རྡེབ། །ཐན་གྱི་ཐལ་རྡེབ་ཤ་ར་ར། །ཐན་གྱི་ཐལ་མོ་དགྲ་ལ་རྡོབས། །མི་ཁའི་ཐལ་རྡེབ་ཤ་ར་ར། །མི་ཁའི་ཐལ་མོ་དགྲ་ལ་རྡོབས། །མ་མོའི་དགྲ་ཁམས་ཕུང་བར་གྱིས། །མ་མ་ཏྲག་རཀ་མུན་མུརྣ་དུར་མ་ཏི། རཀྵ་རལ་ཟ་ཧུར་ཐུམ་སྙིང་ལ་རཀྵ་རྦད། མ་ཞུང་ཏྲི་ཊ་དགྲ་བོ་མཱ་ར་ཡ་རྦད་སྭཱ་ཧཱ། ཐལ་མོ་རྡེབ་པའི་བར་ཤེད་ནས། །སྡེ་བརྒྱུད་སྤྲུལ་པ་ཤ་ར་ར། །ཨཱལས་སྤྲུལ་པའི་ལྷ་ཆེན་བརྒྱད། །ཐལ་རྡེབ་གད་རྒྱངས་ཤ་ར་ར། །ལྷ་ཡི་ཐལ་མོ་དགྲ་ལ་རྡོབས། །ལྷ་ཡི་གད་རྒྱངས་དགྲ་ལ་


CMR041_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད། །ལྷ་ཡི་མཚོན་ཆ་དགྲ་ལ་ཟློག །དྷེ་ཝ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡལས་སྐྱེས་པའི་གཤིན་རྗེ་བརྒྱད། །ཐལ་རྡེབ་གད་རྒྱངས་ཤ་ར་ར། །གཤིན་རྗེའི་ཐལ་མོ་དགྲ་ལ་རྡོབས། །གཤིན་རྗེའི་གད་རྒྱངས་དགྲ་ལ་རྒོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་ཐོངས། །ཨོ་མཉྫ་ཤི་ཡ་མཱནྟ་ཀ་ཤ་ཏུཾ་མཱ་ར་ཡ་རྦད། མལས་སྐྱེས་པའི་མ་མོ་བརྒྱད། །ཐལ་རྡེབ་གད་རྒྱངས་ཤ་ར་ར། །མ་མོའི་ཐལ་མོ་དགྲ་ལ་རྡོབས། །མ་མོའི་བཞད་གད་དགྲ་ལ་རྒོད། །མ་མོའི་ཁ་རླངས་དགྲ་ལ་ཁྱེས། །མ་མོའི་གད་རྒྱངས་དགྲ་ལ་ཐོངས། །ཨོ་ལོ་ཏྲ་མ་མོ་ཏྲག་རཀཱ་རུ་ལུ་རུ་ལུ་ཧཾ་ཤཾ་ཡ་དུ་དགྲ་བོ་མཱ་ར་ཡ་ཆད་སྭཱ་ཧཱ། དུལས་སྐྱེས་པའི་བདུད་པོ་བརྒྱད། །ཐལ་རྡེབ་གད་རྒྱངས་ཤ་ར་ར། །བདུད་ནག་ཁ་རླངས་དགྲ་བོ་འདུལ། །བདུད་ཞགས་ནག་པོ་དགྲ་ལ་འདེབས། །བདུད་ཀྱི་ཐལ་མོ་དགྲ་ལ་རྡེབ། །བདུད་ཀྱི་གད་རྒྱངས་དགྲ་ལ་ཐོངས། །བདུད་ཀྱི་ཁ་རླངས་དགྲ་ལ་བཏུལ། །ཨོཾ་དུ་དུ་པྲ་མ་ནི་སྭཱ་ཧཱ། ཤ་ཏུཾ་མཱ་ར་ཡ་ཟད་སྭཱ་ཧཱ། རཿལས་སྐྱེས་པའི་བཙན་གྱི་ཚོགས། །བཙན་རྒོད་རུ་དར་དམར་པོ་ཕྱུར། །གད་རྒྱངས་ཐལ་རྡེབ་ཤ་ར་ར། །བཙན་གྱི་གད་རྒྱངས་


CMR041_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་རྒོད། །བཙན་དར་དམར་པོ་དགྲ་ལ་ཕྱོར། །བཙན་གྱི་ཐལ་རྡེབ་དགྲ་ལ་རྡོབས། །ཨོཾ་ཤུ་ལ་མ་ཏི་ཛ་ཏྲི་པཱ་ཏྲ་དགྲ་བགེགས་མཱ་ར་ཡ་སྲིད་སྭཱ་ཧཱ། །ལས་སྐྱེས་པའི་རྒྱལ་པོའི་ཚོགས། །གད་རྒྱངས་ཐལ་རྡེབ་ཤ་ར་ར། །བརྡའ་ཐན་སྤྲེལ་དམར་དགྲ་ལ་འགྱེད། །རྒྱལ་པོའི་ཐལ་མོ་དགྲ་ལ་རྡོབས། །རྒྱལ་པོའི་གད་རྒྱངས་དགྲ་ལ་རྒོད། །རྒྱལ་པོའི་སྨྱོ་འབོག་དགྲ་ལ་ཐོངས། །རྒྱལ་པོའི་མི་ཁ་དགྲ་ལ་ཕྱེས། །ཨོ་རཱ་ཙ་ཏྲི་པ་ཏྲི་ཝ་ཧུར་ཧུཾ་ཛ་དགྲ་བགེགས་མཱ་ར་ཡ་རྦད་སྭཱ་ཧཱ། ཤཿལས་སྐྱེས་པའི་གནོད་སྦྱིན་ཚོགས། །ཐལ་རྡེབ་གད་རྒྱངས་ཤ་ར་ར། །གནོད་སྦྱིན་ཤན་པ་ཐ་ར་ར། །གནོད་སྦྱིན་ཐལ་མོ་དགྲ་ལ་རྡོབས། །གནོད་སྦྱིན་གད་རྒྱངས་དགྲ་ལ་རྒོད། །ཤན་པ་ནག་པོ་དགྲ་ལ་རྒྱུགས། །གནོད་སྦྱིན་གདུག་པ་དགྲ་ལ་སྟོན། །ཨོཾ་ཨཱཿཔ་ར་ཙིཏྟ་སརྦ་མཱ་ར་ཡ་རྦད་དགྲ་བགེགས་ཧུར་ཐུམ་ཧཱུྃ་ཧཱུྃ་ཕཊ༔ ནཱལས་སྐྱེས་པའི་ཀླུ་ཆེན་བརྒྱད། །སྦྲུལ་ནག་མགོ་དགུ་ཁྱུགས་སེ་ཁྱུག །གད་རྒྱངས་ཐལ་རྡེབ་ཤ་ར་ར། །མཛེ་ནད་སྣ་ཚོགས་ཕོ་ཉར་འགྱེད། །ཀླུ་ཡི་ཐལ་མོ་དགྲ་ལ་རྡོབས། །ཀླུ་ཡི་གད་རྒྱངས་དགྲ་ལ་རྒོད། །


CMR041_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ནག་མགོ་དགུ་དགྲ་ལ་རྒྱོབ། །མཛེ་ནད་སྣ་ཚོགས་དགྲ་ལ་ཐོངས། །ཀླུ་ཡི་མི་ཁ་དགྲ་ལ་བྷྱོ༔ །ཨོཾ་ནཱ་ག་རཱ་ཙ་ཤནྟི་ཧུ་ལི་ཏི་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ། སྡེ་བརྒྱད་ཕོ་ཉ་དགྲ་ལ་སྒྱུར། །སྡེ་བརྒྱད་བྱད་ཐག་དགྲ་ལ་སྒྱུར། །སྡེ་བརྒྱད་ཐོག་མདའ་དགྲ་ལ་སྒྱུར། །སྡེ་བརྒྱད་མི་ཁ་དགྲ་ལ་ཡ། །སྡེ་བརྒྱད་མི་ཁ་དགྲ་ལ་ཟློག །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི། །མི་ཁའི་སྐྱ་མདའ་དགྲ་ལ་འཕོངས། །ཐན་གྱི་ཐལ་མོ་དགྲ་ལ་རྡོབས། །མི་ཁ་བྲ་མཆུ་དགྲ་ལ་ཟོར། །ཨོཾ་བཛྲ་ཙཎྜ་སརྦ་དུཏྟཾ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཡང་ཐལ་མོ་བརྡབ་པའི་བར་ཤེད་ནས། །སྨུག་ནག་གླང་གི་མགོ་བོ་ཅན། །བདུད་བཙན་རྭ་དམར་ཟངས་སེ་ཟང་། །སྡང་བའི་དགྲ་ལ་རུ་གཡུག་འདེབས། །རྭ་བར་བདུད་མགོ་སྦྲུལ་ནག་ཟ། །སྡང་བའི་དགྲ་བོའི་གཟུགས་ཕུང་བཅིངས། །དེ་སྟེང་བདུད་པོ་མིག་གཅིག་པོ། །སྡང་བྱེད་དགྲ་བོའི་གཟུགས་ཕུང་ཆིངས། །དགྲ་བོའི་གཟུགས་ཕུང་སྙིང་ཁྲག་འཐུངས། །དར་གྱི་ཅོད་པན་མགོ་ལ་བཅིངས། །སྡང་བའི་དགྲ་ལ་འཁོར་ལོ་བསྐོར། །ཕྱག་ན་ཤེལ་གྱི་ཕུར་པ་འདྲིལ། །སྡང་བ་དགྲ་ཡི་སྙིང་


CMR041_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདེབས། །ལྟེ་བ་ཟུར་གསུམ་ཧོམ་ཁུང་ནང་། །དགྲ་བགེགས་བཀུག་ཅིང་གསོད་པར་བྱེད། །མཇུག་མ་ཞེ་སྡང་སྦྲུལ་དུ་འཁྱུགས། །སྡང་བའི་དགྲ་ལ་་ལྕེབ་གྲི་ཐོངས། །ཁ་ནས་མི་ཁའི་དམོད་མོ་དྲོངས། །མ་ཧཱ་བ་ལ་བདུད་ཀྱི་བུ། །ཐལ་མོ་བརྡབས་པས་དགྲ་རྣམས་ཕུང་། །ཕུར་པས་དགྲ་བགེགས་སྙིང་ལ་གཟིར། །མི་ཁ་དམོད་བྱེད་དགྲ་ལ་དྲོངས། །བྱུར་གྱི་ཐག་པས་དགྲ་བོ་ཆིངས། །ལྟས་ངན་སྣ་ཚོགས་དགྲ་ལ་རྒྱོ། །མི་ཁའི་དམག་ཚོགས་དགྲ་ལ་ཆོས། །དགྲ་བགེགས་བྱུར་རྣམས་ཐལ་བར་རློགས། །དགྲ་བགེགས་འབྱུང་པོ་ཕུར་པས་ཐོབ། །བདུད་བཙན་ཇག་པ་དགྲ་ལ་རྒྱུགས། །གནམ་གྱི་བྱ་བླུག་དགྲ་ལ་གྱིས། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ཨོ་ཤག་རྦད་དྷེ་ཝ་མཱ་ར་ཡ་སོད་སོད། ཡང་ཐལ་མོ་བརྡབ་པའི་བར་ཤེད་ནས། །གླང་ཆེན་ལུས་ལ་འགྱིང་བག་ཅན། །རྭ་དམར་གནམ་དུ་ཟངས་སེ་ཟང་། །རྨིག་བཞི་ས་ལ་བཤེད་དེ་བཤེད། །དགྲ་འདྲེ་བྱུར་གསུམ་ཐལ་བར་རློགས། །གནམ་སའི་ལྷ་འདྲེ་འབུམ་དང་བཅས། །མི་ཁའི་ཀུ་སྒྲ་ཏི་རི་རི། །འབྱུང་པོའི་བསོ་སྒྲ་ཆ་ལ་ལ། །མི་ཁའི་བསྲོ་སྒྲ་དགྲ་


CMR041_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྲོངས། །བྱུར་གྱི་བསྲོ་སྒྲ་དགྲ་ལ་གྱིས། །གོད་ཁའི་ཆར་སྒྲ་དགྲ་ལ་ཐོངས། །ཐན་གྱི་རུ་དར་དགྲ་ལ་ཕྱོར། །གོད་ཀྱི་རྨང་གཞི་དགྲ་ལ་ཐོབ། །བྱུར་གྱི་འདྲེ་དམག་དགྲ་ལ་དྲོངས། །ཐན་ལྟས་སྣ་ཚོགས་དགྲ་ལ་རྒྱུགས། །དགྲ་བོའི་རྐེ་ཆོད་ཚེ་ཕུར་ཕུད། །དགྲ་བོའི་སེམས་ཀྱི་མར་མེ་སོད། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ༀ་བཛྲ་མ་ཧཱ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཨ་ར་པ་ཙིཏྟ་ནི་ཏྲི་ཏི་མ་ཨན་བྷ་ཧ་ནན་ཧ། ཧ་ར་ཎ་དུར་ལོང་ཧ་ཧི། དགྲ་འདྲེ་བྱུར་རྣམས་མཱ་ར་ཡ་སོད་སོད་སྭཱ་ཧཱ། ཡང་ཐལ་མོ་བརྡབ་པའི་བར་ཤེད་ན། །དུང་གི་བུད་མེད་འཇིགས་པ་ལ། །རྩལ་ཆེན་སེང་གེ་ཆིབས་སུ་བཅིབས། །རལ་པ་ཁམ་ནག་ས་ལ་དྲུད། དགྲ་བགེགས་ཐམས་ཅད་ཕུང་བར་བྱེད། །ཕྱག་གཡས་གསེར་གྱི་རལ་གྲི་ཕྱར། །དགྲ་སྲོག་རྩད་ནས་གཅོད་པར་བྱེད། །གཡོན་པས་ལྕགས་སྤྱང་ཕོ་ཉར་འགྱེད། །དགྲ་བགེགས་འབྱུང་པོ་ཐལ་བར་རློགས། །གཅེར་བུ་རྒྱན་མེད་དགྲ་བགེགས་འཇོམས། །ཁ་ནས་དམོད་མོ་ངན་སྔགས་ཟློག །མི་ཁའི་མཚོན་ཆ་དགྲ་ལ་ཟློག །དགྲ་སྣ་གྱོད་སྣ་གོད་སྣ་སྒྱུར། །གཅིན་སྣ་ལྟས་ངན་ཡུལ་སྡིག་སྒྱུར། །མི་ཁའི་མཚོན་སྣ་དགྲ་


CMR041_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྱུར། །མི་ཁའི་རྒྱང་མིག་དགྲ་ལ་གྱིས། །མི་ཁའི་སྙིང་སྟོང་དགྲ་ལ་སྒྱུར། །རྒྱ་འདྲེ་སྟོང་སྣ་དགྲ་ལ་སྒྱུར། །འཁོན་ལྟས་ངན་པ་དགྲ་ལ་སྒྱུར། །དགྲ། བགེགས་ཐལ་བ་རྡུལ་དུ་རློགས། །ཨོ་ཨ་ལ་གུབ་ན་རི་ཏ་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཡང་ཐལ་མོ་བརྡབས་པའི་བར་ཤེད་ནས། །ལྕགས་ཀྱི་སྒོ་ང་ཧྲེ་ལི་ལི། །ལྕགས་སྤྱང་སྔོན་མོ་ཀྱུ་རུ་རུ། །བྱ་ནག་མང་པོ་སྤུངས་སེ་སྤུང་། །མོན་པ་ཕོ་མོ་རུབས་སེ་རུབ། །སྒོ་ང་མ་རྡོལ་རང་དུ་སྨྲས། །ལྟས་ངན་བཟློག་ཅིང་དགྲ་བགེགས་ཞི། །སྒོ་ངས་ཕར་ལ་དགྲ་བགེགས་ཟློག །ལྕགས་ཀྱི་སྒོང་དགུ་ཧྲི་ལི་ལི། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ལྟས་ངན་སྣ་དགུ་དགྲ་ལ་སྒྱུར། །དགྲ་བོའི་སྐྱེ་རྒྱུད་རྩད་ནས་ཆོད། །མི་ཁའི་འགོང་དགུ་དགྲ་ལ་སྒྱུར། །བྱུར་གྱི་ཞགས་དགུའི་དགྲ་བོ་ཆིངས། །ནད་ཀྱི་རྐྱལ་དགུ་དགྲྭ་ལ་ཕྱེས། །རིམས་ཀྱི་ནད་དགུ་དགྲ་ལ་ཐོངས། །བདུད་ཀྱི་ཞགས་དགུ་དགྲ་ལ་ཐོངས། །གིང་གི་གཤེད་དགུ་དགྲ་ལ་ཐོངས། །བཙན་གྱི་མདུང་དགུ་དགྲ་ལ་ཐོངས། །ལྷ་ཡི་ཆད་དགུ་དགྲ་ལ་ཆོད། །ཀླུ་ཡི་བྱད་དགུ་དགྲ་ལ་ཐོངས། །མ་མོའི་ཁྲམ་དགུ་


CMR041_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་ཐོངས། །རྒྱལ་པོའི་སྨྱོ་འབོག་དགྲ་ལ་ཐོངས། །ཐེའུ་རང་སྤུན་དགུ་དགྲ་ལ་རྒྱུགས། །ཨོ་དུར་ན་མ་ཏྲི་པ་ཏྲི་ས་དུ་ན་ལྟས་ངན་མི་ཁ་ཐམས་ཅད་བྷྱོཿ དགྲ་བགེགས་འབྱུང་པོ་མཱ་ར་ཡ་རྦད་སྭཱ་ཧཱ། ཡང་ཐལ་མོ་བརྡབས་པའི་བར་ཤེད་ནས། །སྲེ་མོང་གར་བྱེད་ཁྱུགས་སེ་ཁྱུག །ཨ་འགྲང་རྟ་རྒྱུག་ཤ་ར་ར། །སྲེ་མོང་ཁ་མེད་མཚལ་གྱི་ཁ། །སྲེ་མོང་མིག་མེད་རཾ་གྱི་མིག །སྲེ་མོང་ལག་མེད་རྫུ་འཕྲུལ་ལག །མིག་གིས་ཁམས་གསུམ་རྒྱང་མིག་ལྟ། །ཁ་ནས་དགྲ་ལ་མི་ཁ་བསྒྲུང་། །ལག་པས་ཐན་ལྟས་སྣ་ཚོགས་གཏོང་། །རྫུ་འཕྲུལ་སྣ་ཚོགས་དགྲ་ལ་རྒྱུགས། །སྲེ་མོང་ཐན་གྱི་རྟ་ལ་ཞོན། །སྲེ་མོང་ཐན་ལྟས་དགྲ་ལ་རྒྱུགས། །མི་ཁ་བྲ་མཆུ་དགྲ་ལ་སྒྱུར། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ཨོ་ཨུ་ཨེ་ས་མ་ཡ་ཐན་བྷྱོཿ བྱད་བྷྱོ༔བྷུར་བྷྱོཿ ཧྲི་ལི་ལི། ཤ་ར་ར། ཏིར་ནན། ཡུར་མ་དུར་ན་སེ་ཏྲེ་ཤ་སརྦ་ས་རྦད་སྭཱ་ཧཱ། ཡང་ཐལ་མོ་ཐང་གཅིག་བརྡབས་པ་ཡིས། །རྒྱུ་གྲོག་དམར་པོ་ཆ་ལ་ལ། །རྒྱུ་གྲོག་དམར་ནག་དགྲ་ལ་སྒྱུར། །ཡང་ཐལ་མོ་ཐང་གཉིས་བརྡབས་པ་ཡིས། །མ་ཧེ་སྔོ་སྐྱ་ཕྱུ་རུ་རུ། །ཐལ་མོ་ཐང་གསུམ་


CMR041_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བརྡབས་པ་ཡིས། །རྔམ་བྱེད་སེང་གེ་རྦད་དེ་ཆད། །ཐལ་མོ་ཐང་བཞི་བརྡབས་པ་ཡིས། །སྤྲེལ་དམར་གར་བྱེད་ཁྱུགས་སེ་ཁྱུག །ཐལ་མོ་ཐང་ལྔ་བརྡབས་པ་ཡིས། །དྲེད་མོང་རལ་པ་སིགས་སེ་སིག །ཐལ་མོ་ཐང་དྲུག་བརྡབས་པ་ཡིས། །གླང་ཆེན་སྣ་ལྗགས་ཡུགས་སེ་ཡུག །ཐལ་མོ་ཐང་བདུན་བརྡབས་པ་ཡིས། །བོང་བུ་སྔོ་སྐྱ་ཐ་ར་ར། །ཐལ་མོ་ཐང་བརྒྱུད་བརྡབས་པ་ཡིས། །བྱ་རོག་ནག་པོ་ཐིབས་སེ་ཐིབ། །ཐལ་མོ་ཐང་དགུ་བརྡབས་པ་ཡིས། །ལྟས་ངན་སྣ་ཚོགས་ཆ་ལ་ལ། །དེ་ལྟར་སྤྲུལ་པ་སྣ་ཚོགས་ཀྱིས། །ཕྱོགས་ཀྱི་དགྲ་བགེགས་ཐལ་བར་རློགས། །འདྲེ་སྲིན་བྱུར་གསུམ་ཐམས་ཅད་ཟློག །ཨོཾ་ཨུ་ཤ་ཏྲ་ཙ་ཏྲི་ཙི་རྩང་སྟེང་ཙི་ལོ་ཀ་ཀི་ལོ་ག་ཉ་ར་ཏྲ་མ་ན་ཏྲ་ཙན་ཛུར་ན་ཡང་ཁྲི༔ ས་ན་ཀི་ན་ཙ་ར་སརྦ་བིག་ནན། ཙི་དྷ་ཙི་དྷ་བྷི་དྷ་བྷི་དྷ་ཀུ་རུ་ཀུ་རུ་མུ་རུ་མུ་རུ་ཙུ་རུ་ཙུ་རུ་ཧ་ན་ཧ་ན་ད་ཧ་ད་ཧ་ཡ་ཀཾ་པ་ཀཾ་པ། ས་མ་ཡ། བྷེ་ཙུཎཱ་ཡ་ཨུརྱ་ཤ་ཡ། དགྲ་བགེགས་འབྱུང་པོ་མཱ་ར་ཡ་སོད་སོད་སྭཱ་ཧཱ། ཡང་ཐལ་མོ་ཐང་བཅུ་བརྡབས་པ་ཡིས། །ཕྱོགས་བཅུའི་མི་ཁ་དགྲ་ལ་སྒྱུར། །ཕྱོགས་བཅུའི་དགྲ་བགེགས་རྡུལ་དུ་རློགས། །


CMR041_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་དགྲ་གྱོད་བྱུར་གསུམ་ཟློག །མི་ནད་ནོར་ནད་གོད་ཡམས་ཟློག །མོ་རྨིས་ལྟས་ངན་ཐམས་ཅད་ཟློག །ཨོཾ་ཤི་རི་མི་རི་མ་ཤི་རི་ཧུ་ལུ་ཧུ་ལུ་ཡ། སརྦ་ཤ་ཏྲོ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། བྷྱོ་བྷྱོ་ཟློག་ཟློག་སྒྱུར་སྒྱུར། མི་ནག་མགོ་གསུམ་གྱི་ཐལ་མོ་བརྡབ་ཆོག་རྫོགས་སོ། །འདི་ཤིན་ཏུ་གཉན་པས་གར་ཐོད་ཐོད་དུ་མི་བྱའོ། །སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ།། །། ཧཱུྃ༔ དཀོན་མཆོག་གསུམ་པོ་དགོངས་སུ་གསོལ། །འཕགས་པ་འཇམ་དཔལ་དགོངས་སུ་གསོལ། །མི་ནག་མགོ་གསུམ་དགོངས་སུ་གསོལ། །ཆོས་སྐྱོང་སྲུང་མ་དགོངས་སུ་གསོལ། །ཧཱུྃ། དཀོན་མཆོག་གསུམ་པོ་གཟུ་དང་དཔང་། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་། །འཕགས་པ་འཇམ་དཔལ་གཟུ་དང་དཔང་། །ཆོས་སྐྱོང་སྲུང་མ་གཟུ་དང་དཔང་། །བསྟན་པ་གཉན་ལ་དགྲ་བྱུང་ན། །དཀོན་མཆོག་གསུམ་པོ་ར་མདར་ལོག །རྣལ་འབྱོར་བདག་ལ་དགྲ་བྱུང་ན། །འཕགས་པ་འཇམ་དཔལ་ར་མདར་ལོག །ཡོན་བདག་འདི་ལ་དགྲ་བྱུང་ན། །མི་ནག་མགོ་གསུམ་ར་མདར་ལྡོག །ཤ་ཁྲག་དམར་གྱི་གཏོར་མ་འབུལ། །གཙང་མ་གསེར་སྐྱེམས་ཕུད་ཀྱིས་མཆོད། །དམ་ཉམས་དགྲ་བོའི་


CMR041_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ག་འབུལ། །ཞལ་བསྟབ་བྱ་བ་ནི། བསྟབ་བོ་བསྟབ་བོ་ཞལ་དུ་བསྟབ། །ཡ་མ་རཱ་ཛའི་ཞལ་དུ་བསྟབ། །རྒྱ་གཱི་ཝའི་ཞལ་དུ་བསྟབ། །ཧ་རྒྱལ་བཞེད་པའི་ཞལ་དུ་བསྟབ། །བཛྲ་པཱ་ཎིའི་ཞལ་དུ་བསྟབ། །ཕ་གཅིག་དྲག་པོའི་ཞལ་དུ་བསྟབ། །ཧཱུཾ། དགྲ་བོའི་ཤ་འདི་ཟན་བས་ཞིམ། །ཤ་ཡི་རང་བཞིན་གཏི་མུག་ཆེ། །གཏི་མུག་མཆོད་པ་འདི་བཞེས་ལ། །བདག་ལ་སྐུ་ཡི་དངོས་གྲུབ་སྩོལ། །དགྲ་བོའི་ཁྲག་འདི་ཆང་བས་ཞིམ། །ཁྲག་གི་རང་བཞིན་འདོད་ཆགས་ཆེ། །འདོད་ཆགས་མཆོད་པ་འདི་བཞེས་ལ། །བདག་ལ་གསུང་གི་དངོས་གྲུབ་སྩོལ། །དགྲ་བོའི་རུས་འདི་མར་བས་སྣུམ། །རུས་པའི་རང་བཞིན་ཞེ་སྡང་ཆེ། །ཞེ་སྡང་མཆོད་པ་འདི་བཞེས་ལ། །བདག་ལ་ཐུགས་ཀྱི་དངོས་གྲུབ་སྩོལ། །དུག་གསུམ་མཆོད་པ་འདི་བཞེས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །དམ་ཉམས་དགྲ་བོ་ལས་ངན་འདི། །རི་རབ་རྩེ་ནས་རྒྱ་མཚོའི་གཏིང་། །རང་དབང་མེད་པར་ཁུག་ལ་ཤོག །སླ་ངའི་ནང་དུ་བསྐོར་ལ་ཤོག །མགོ་གསུམ་ནང་དུ་ཁུག་ལ་ཤོག །ལིངྒ་འདི་ལ་ཐིམ་པར་གྱིས། །དམ་ཉམས་ལས་ངན་སྡིག་


CMR041_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འདི། །གྱེན་དུ་བསྡད་ན་ཐུར་དུ་དྲུད། །ཆུ་དང་རྒྱ་མཚོའི་སྟེང་དུ་སྐུར། །བྲག་ཆེན་གཡང་ས་རྦབ་ལ་སྒྲིལ། །མདའ་རྩེ་མདུང་རྩེ་རྒྱོབ་ལ་སོད། །དགྲ་བོའི་ཁོང་ཁྲག་ས་ལ་ཕོས། །དགྲ་འདྲེ་བྱད་མ་དམ་ཉམས་ཚོགས། །ཧ་ས་གརྒྷ་ཁྱོད་ལ་གཏད། །ཅེས་ལིངྒ་འབུལ། དམོད་བཅོལ་བྱ་བ་ནི། ཧཱུྃ། ད་ནི་བཟློག་བསྒྱུར་དུས་ལ་བབ། །ལི་ཁོན་རོ་སྣ་དགྲ་ལ་སྒྱུར། །གིན་ཟིན་ས་སྒོ་དགྲ་ལ་སྒྱུར། །གཤེད་ལམ་ནག་པོ་དགྲ་ལ་སྒྱུར། །བགེགས་ཀྱི་སྟ་རེ་དགྲ་ལ་རྒྱོབས། །མུ་སྟེགས་ངན་སྔགས་དགྲ་ལ་ཕོབ། །དགྲ་བོའི་ཆ་གནམ་གྱི་འཇུ་ཐག་ཆོད། །དགྲ་བོའི་ས་ཡི་བརྟན་ཕུར་ཕུད། །ཕོ་བདུད་མོ་སྲི་དགྲ་ལ་ཐོབ། །ཆུང་སྲི་བུ་ཟན་དགྲ་ལ་སྦྱོ། །གོད་འདྲེ་ཤ་ཟན་དགྲ་ཤ་ཟོ། །ཕྱུག་པོ་ནོར་སྒོ་བྱེ་བ་སྒྱུར། །རྨང་པོའི་སྲི་ཁུང་སྟོང་པ་སྒྱུར། །དམ་ཉམས་དགྲ་བོ་ལས་ངན་འདི། །གཟུགས་ཕུང་སྟེང་ནས་ད་ཕྱུངས་ཤིག །བདུད་བཙན་རྒྱལ་པོས་ཆད་པ་ཆོད། །དགྲ་བོ་ཕ་མྱེས་དུར་འདྲེ་སྟོང་། །དགྲ་བོའི་བཙན་མཁར་རྨིང་ནས་བསྐྱེལ། །ཀླུ་ནད་སྣ་ཚོགས་ལུས་ལ་ཐོངས། །བཙན་པོའི་ཁ་ཡོག་དགྲ་ལ་ཕོབ། །དབང་ཐང་བུ་ནོར་བྱེད་དུ་ཆུག །ཉེ་


CMR041_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགྲ་སྣ་ཕོག་ཏུ་ཆུག །སྲིད་སྡེ་སྲོག་གཅོད་བྱེད་དུ་ཆུག །མི་ཆག་རོ་ཁུར་དགྲ་ལ་ཕོབ། །དགྲ་བོ་བདུན་རྒྱུད་རྩད་ནས་ཆོད། །དགྲ་ཁམས་ཐམས་ཅད་རྡུལ་དུ་རློགས། །དགྲ་བོ་རྗེས་ཤུལ་མེད་པར་ཐོངས། །ཀྱཻ། མི་ནག་མགོ་གསུམ་ཐུགས་དམ་ཅན། །ཤ་ཁྲག་ལིངྒ་འདི་བཞེས་ལ། །དམ་ཉམས་དགྲ་བོའི་ཕུང་པོ་ཤིག །ཤ་ཁྲག་རུས་གསུམ་གཏོར་མར་འབུལ། །རླག་བྱེད་ཚོགས་ཀྱི་ཤ་ལ་ཡ། །ཁྲག་བྱེད་རུས་ལ་མི་ནག་ཡ། །རྨུག་བྱེད་དབུགས་ལ་མི་ནག་ཡ། །གཅོད་བྱེད་ཤ་ལ་མི་ནག་ཡ། །རྣམ་ཤེས་བརྒྱད་ལ་མི་ནག་ཡ། །ཚིགས་ཆེན་བརྒྱད་ལ་མི་ནག་ཡ། །དབང་པོ་ལྔ་ལ་མི་ནག་ཡ། །སྐྱེ་མཆེད་བརྒྱད་ལ་མི་ནག་ཡ། །བྷྱོ༔བྷྱོ༔སྡང་བའི་དགྲ་ལ་བྷྱོ༔ །མི་ནག་མགོ་གསུམ་དགྲ་ལ་བྷྱོ༔ །བདུད་ཀྱི་དམག་ཚོགས་དགྲ་ལ་བྷྱོ༔ །བཙན་གྱི་དམག་ཚོགས་དགྲ་ལ་བྷྱོ༔ །སྨེ་བ་ལིང་དགུ་དགྲ་ལ་བྷྱོ༔ །སྤར་ཁ་བརྒྱད་པོ་དགྲ་ལ་བྷྱོ༔ །ལོ་སྐོར་བཅུ་གཉིས་དགྲ་ལ་བྷྱོ༔ །ལོ་རྒན་དྲུག་ཅུ་དགྲ་ལ་བྷྱོ༔ །གཏོ་མཁན་བཞི་པོ་དགྲ་ལ་བྷྱོ༔ །འཁྲུག་འདྲེ་བཅོ་བརྒྱད་དགྲ་ལ་བྷྱོ༔ །རུ་འདྲེན་སྡེ་བཞི་


CMR041_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་བྷྱོ༔ །ཐན་སྐྱ་ཉི་ཤུ་དགྲ་ལ་བྷྱོ༔ །གཟའ་ཆེན་བརྒྱད་པོ་དགྲ་ལ་བྷྱོ༔ །རྒྱུ་སྐར་ཉེར་བརྒྱད་དགྲ་ལ་བྷྱོ༔ །ལོ་ཟླའི་ཚོགས་རྣམས་དགྲ་ལ་བྷྱོ༔ །མ་མོ་ནག་མོ་དགྲ་ལ་བྷྱོ༔ །དམར་པོ་མགོ་གསུམ་དགྲ་ལ་བྷྱོ༔ །ཤང་ཤང་སེར་པོ་དགྲ་ལ་བྷྱོ༔ །ཡུལ་ལྷ་གཞི་བདག་དགྲ་ལ་བྷྱ། །སྡང་དགྲ་གནོད་བྱེད་ཐམས་ཅད་དང་། །དམ་ཉམས་སྡིག་ཆེན་འཁོར་བཅས་ལ། །ཤར་གྱི་ཕྱོགས་ནས་རལ་གྲི་རྒྱོབས། །ལྷོ་ཡི་ཕྱོགས་ནས་ཆུ་སྣ་སྒྱུར། །ནུབ་ཀྱི་ཕྱོགས་ནས་མེ་མདའ་རྒྱོབས། །བྱང་གི་ཕྱོགས་ནས་རི་ཆེན་བསྙིལ། །མཚམས་བཞི་ཕྱོགས་ནས་ཤིང་གིས་བྲོབ། །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །བསྐལ་པའི་མུན་པས་མདུན་ནས་བསུས། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་མགུལ་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། །དྲིལ་བུ་ཅན་གྱིས་མྱོས་པར་གྱིས། །ཐོ་བ་ཅན་གྱིས་སྤྱི་ནས་ཆོམས། །སླ་ངའི་ནང་དུ་ཁུག་ལ་ཤོག །མགོ་གསུམ་ཞལ་དུ་ཆུག་ལ་ཤོག །ཡི་གེ་ཛཡིས་མཐའ་བཞི་བསྐོར། །གནམ་ལྕགས་ཕུར་པས་སྙིང་ལ་གཟིར། །དྲག་པོའི་ཡུངས་ཀར་ཐུན་ཆར་


CMR041_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཕོབ། །མཱ་ར་ཡ་ཡི་ཁ་ཕྲུ་ཐོབ། །བཙན་དུག་ནག་པོས་མྱོས་སུ་ཆུག །གཤིན་རྗེ་ནག་པོས་ཁ་རུ་ཆུག །ཡ་མཱནྟ་ཀས་དམ་ལ་ཐོགས། །ཁ་རུ་ཆུག་ལ་ཞབས་སུ་ཕྱུངས། །ལས་ཀྱི་རྣམ་སྨིན་འདི་ལ་ཕོབ། །དཀར་ཕྱོགས་ལྷ་ཡིས་ནག་ཕྱོགས་ཐུལ། །བན་དེའི་ཆོས་སྐྱོང་བྱིན་རླབས་ཆེ། །བོན་པོའི་སྲུང་མ་མཐུ་རྩལ་ཅན། །སྐྱེ་བོའི་དགྲ་ལྷ་དྲག་རྩལ་ཅན། །རྣལ་འབྱོར་སྲུང་མ་དམ་ཚིག་ཅན། །བསྟན་པའི་ལྷ་སྲུང་གཉེན་པོ་རྣམས། །མ་གཡེལ་མ་གཡེལ་ཐུགས་དམ་ཅན། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །དགྲ་གདོན་ལིངྒ་འདི་བཞེས་ལ། །ལྷ་སྲུང་གཉེན་པོའི་མཐུ་སྟོབས་ཀྱིས། །རྣལ་འབྱོར་བདག་ལ་བྱིན་གྱིས་རློབས། །གཏོར་མ་འདི་ལ་བཅུད་ཅིག་ཕོབ། །ཕུར་པ་འདི་ལ་དབལ་སོ་ཐོན། །མཚོན་ཆ་འདི་ལ་ངར་ཅིག་ཐོན། །སྔགས་རྒོད་འདི་ལ་གཟེར་ཅིག་ཐོན། །ཕྲིན་ལས་འདི་ལ་ཟིལ་ཅིག་ཐོབ། །ལྷ་སྲིན་སྡེ་བརྒྱད་དམོད་བྱེད་མཐུས། །དམ་ཉམས་དགྲ་ལ་ཆོ་འཕྲུལ་ཐོངས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་ཁཾ་ཧཱུྃ་ཕཊ༔ ཅེས་ལིངྒ་བསྒྲལ་ལོ།། ༈ མགོ་གསུམ་མདོས་ཀྱི་གཏོར་རྫོང་ནི། །ཀྱཻ། མ་ས་བདག་གདུག་པ་


CMR041_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །མགོ་བོ་གསུམ་ལ་ལག་དྲུག་པ། །འཇམ་དཔལ་བཀའ་ཉན་གསུང་སྡོད་པ། །མ་རུངས་གདུག་པ་ལྟོ་འཕྱེའི་གཟུགས། །འགྲན་གྱི་དོ་མེད་ནག་པོའི་གཟུགས། །རིགས་གསུམ་མགོན་པོས་དབང་བསྐུར་བྱིན་གྱིས་རློབས། །འཁོར་ལོ་གསུམ་ལྡན་ནག་པོའི་དུས་ལ་བབ། །དགྲ་བགེགས་ལིང་གའི་མཆོད་པ་འབུལ། །ལིངྒ་བརྒྱ་དང་གཏོར་མ་བརྒྱ། །འཇིགས་བྱེད་ཆེན་པོའི་ཞལ་དུ་བཞེས། །བཞེས་ཤིག་རོལ་ཅིག་ནག་པོའི་ཚོགས། །ཕྲིན་ལས་སྒྲུབས་ཤིག་ནག་པོའི་ཚོགས། །དགྲ་ལ་རྒྱུག་ཅིག་སྟོབས་ལྡན་ཧཱུྃ། གཡས་ཕྱོགས་སྟག་གི་མགོ་བོ་ཡིས། །རྒྱལ་འགོང་སྤུན་དགུ་ཆམ་ལ་ཕོབ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །རྒྱལ་འགོང་དམ་སྲི་དགྲ་ལ་སྒྱུར། །ཧཱུྃ། དབུས་ཕྱོགས་གླང་གི་མགོ་བོ་ཡིས། །གྱོད་དང་ཕུང་སྲི་ཆམ་ལ་ཕོབ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གྱོད་དང་ཕུང་སྲི་དགྲ་ལ་སྒྱུར། །ཧཱུྃ། གཡོན་ཕྱོགས་ཕག་ནག་


CMR041_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྔམས་འཇིགས་ཞལ། །ས་སྲི་དམ་སྲི་ཆམ་ལ་ཕོབ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཕུང་སྲི་ལྟས་ངན་གནོད་པ་ཆོམ། །ཧཱུཾ། ནག་པོ་ཆེན་པོ་མཐུ་སྟོབས་ཅན། །སྐུ་མདོག་ནག་པོ་འཇིགས་པའི་ཚུལ། །ཕ་ཁེན་པ་གནམ་ལས་བྱུང་བའི་བདག །མགོ་གསུམ་ཕྱག་དྲུག་ལྟས་ངན་གཟུགས། །སྟག་པ་དྲིལ་ཤིང་ཕུར་པ་འཛིན། །བྱུར་དང་མི་ཁ་འོག་ཏུ་མནན། །དགྲ་སྲི་ནག་པོ་ཆམ་ལ་ཕོབ། །མདོས་མཆོད་ཤ་ཁྲག་གཏོར་མ་བཞེས། །ཧཱུཾ། འབྱུང་བ་ལྔ་ཡི་གདན་སྟེང་ན། །མ་རུངས་ལོག་འདྲེན་གཏུམ་པོའི་གཟུགས། །འཁོར་དུ་ལོག་འདྲེན་གདུག་པས་བསྐོར། །གཟའ་ཆེན་བརྒྱད་ནི་བྲན་དུ་བཀོལ། །གདུག་བྱེད་ལོག་འདྲེན་ལས་ལ་འགྱེད། །བཀའ་ཡི་གཏོར་མ་འདི་བཞེས་ལ། །སྡང་དགྲ་ལྟས་ངན་ཞལ་དུ་འབུལ། །གླུད་མདོས་ཆེན་པོ་འདི་བཞེས་ལ། །བྱད་ཁ་ཕུར་ཟོར་དགྲ་ལ་སྒྱུར། །སྐག་ཆེན་ཉམ་ང་དགྲ་ལ་སྒྱུར། །དགྲ་ཡི་བླ་གཟུགས་ཞལ་དུ་འབུལ། །ནག་པོ་ཆེན་པོའི་ཚོགས་ལ་འབུལ། །དགྲ་བོ་མི་མཐུན་


CMR041_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཟློག །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །སྤར་ཁ་བརྒྱད་ལ་གྱོད་ལང་བས། །ནམ་ཟླ་དུས་བཞིའི་འབྱུང་བའི་འདྲེ། །ལི་ཁོན་ཁེན་དང་དྭ་དང་བཞི། །ཁམ་དང་གིན་དང་ཟིན་དང་གསུམ། །ཟོན་དང་སྤར་ཁ་བརྒྱད་པོ་རྣམས། །སྤར་ཁ་མི་མཐུན་ལོ་གཤེད་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །སྤར་ཁ་བརྒྱད་ཀྱི་གྱོད་མ་ལང་། །གླུད་མདོས་ཆེན་པོ་འདི་བཞེས་ལ། །སྡང་བའི་དགྲ་བོ་ཆམ་ལ་ཕོབ། །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ཤར་ཕྱོགས་སྟག་དང་ཡོས་བུའི་ལོ། །ཤིང་ཁམས་རྒྱལ་པོ་ཆེན་པོ་སྟེ། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་དང་ཡོན་བདག་འཁོར་བཅས་ལ། །ཤིང་དགྲ་དར་བ་གཏོ་ཡིས་སྒྱུར། །བཟློག་ཅིག་བསྒྱུར་ཅིག་ཆོ་འཕྲུལ་སྒྱུར། །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ལྷོ་ཕྱོགས་སྦྲུལ་དང་ཅང་ཤེས་རྟ། །མེ་ཁམས་རྒྱལ་པོ་ཆེན་པོ་དང་། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་དང་ཡོན་བདག་འཁོར་བཅས་ལ། །མེ་དགྲ་དར་བ་གཏོ་ཡིས་སྒྱུར། །བཟློག་ཅིག་སྐག་དང་ལྟས་ངན་


CMR041_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །ཧཱུཾ། ནག་པོ་ཆེན་པོའི་བཀའ་འཁོར་ནི། སྤྲེལ་དང་ཐན་ཅན་བྱ་ཡི་ཚོགས། །ལྕགས་ཁམས་རྒྱལ་པོ་ཆེན་པོ་སྟེ། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་དང་ཡོན་བདག་འཁོར་བཅས་ལ། །ལྕགས་དགྲ་དར་བ་གཏོ་ཡིས་སྒྱུར། །བཟློག་ཅིག་ལྟས་ངན་རྨིས་ལྟས་སྒྱུར། །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ཕག་དང་བྱི་བ་གདུག་པ་ཅན། །ཆུ་ཁམས་རྒྱལ་པོ་ཆེན་པོ་སྟེ། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་དང་ཡོན་བདག་འཁོར་བཅས་ལ། །ཆུ་ཡི་དགྲ་དར་གཏོ་ཡིས་སྒྱུར། །བཟློག་ཅིག་བརྡ་ཐན་ངན་པ་ཟློག །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །བྱང་ཤར་གསེར་གླང་སེར་པོ་ནི། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་དང་ཡོན་བདག་འཁོར་བཅས་ལ། །གཤེད་དགྲ་ལང་བ་བསྒྱུར་དུ་གསོལ། །ཧཱུྃ། ནག་པོ་ཆེན་པོ་བཀའ་འཁོར་ནི། །ཤར་ལྷོ་གཡུ་འབྲུག་ཟེ་བ་ཅན།། འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་དང་ཡོན་བདག་འཁོར་བཅས་ལ། །ཐོག་བརྫིས་གཤེད་ཁ་བསྒྱུར་དུ་གསོལ། །ཧཱུྃ། ནག་པོ་ཆེན་པོ་བཀའ་འཁོར་


CMR041_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ལྷོ་ནུབ་རྡོ་ལུག་གྲོ་མོ་ནི། །སེར་མདོག་གསེར་གྱི་ངང་ཚུལ་ཅན། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་དང་ཡོན་བདག་འཁོར་བཅས་ལ། །བཟློག་ཅིག་རྡོ་ལུག་གཤེད་འདྲེ་ཟློག །སྐག་དང་ལྟས་ངན་བཟློག་ཏུ་གསོལ། །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ནུབ་བྱང་མི་ལུས་ཁྱི་ཡི་མགོ་བོ་ཅན། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་དང་ཡོན་བདག་འཁོར་བཅས་ལ། །གཤེད་འདྲེ་ངན་པ་བསྒྱུར་དུ་གསོལ། །གཤེད་ཁ་ངན་པའི་སྐག་ཆེན་རྣམས། །སྡང་བའི་དགྲ་ལ་བསྒྱུར་དུ་གསོལ། །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ས་བདག་ཐེ་སེ་རྒྱལ་པོ་ནི། །སྐུ་མདོག་དཀར་ལ་གངས་རི་འདྲ། །འདི་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །བདག་ལ་སྡང་བའི་དགྲ་བོ་སོད། །གནོད་པའི་བྱད་མ་རྦོད་གཏོང་ཟློག །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ས་བདག་ཆེན་པོ་ཙང་ཀུན་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་ལ་སྡང་བའི་དགྲ་བོ་སོད། །གནོད་པའི་ཕུར་ཁ་དྲག་པོ་ཟློག །ཧཱུྃ། ནག་པོ་ཆེན་པོའི་བཀའ་


CMR041_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནི། །ས་བདག་ཆེན་པོ་ཧོ་པན་ནི། །སྐུ་མདོག་སེར་པོ་གསེར་རི་འདྲ། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་ལ་སྡང་བའི་དགྲ་བོ་སོད། །ཕུར་ཟོར་གཏད་མནན་ཐམས་ཅད་ཟློག །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ས་བདག་ཆེན་པོ་ཐེ་ཁྱིམ་ནི། །སྐུ་མདོག་དམར་སེར་མེ་རི་འདྲ། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་ལ་སྡང་བའི་དགྲ་བོ་སོད། །ཕུར་ཟོར་གཏད་མནན་ཐམས་ཅད་ཟློག །བཙན་བདུད་གནོད་པ་འོང་བ་ཟློག །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ས་བདག་ཆེན་པོ་ཧོ་པན་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །ཤ་དང་མཐེབ་སྐྱའི་མཆོད་པ་བཞེས། །བདག་ལ་སྡང་བའི་དགྲ་བོ་སོད། །ཟློག་ཅིག་བཙན་བདུད་འཕེན་ལེན་ཟློག །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ས་བདག་ཆེན་པོ་སྤེན་པ་ནི། །སྐུ་མདོག་ནག་ལ་འོད་ཟེར་འབར། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་ལ་སྡང་བའི་དགྲ་བོ་སོད། །འདིར་གཤེགས་གླུད་འབུལ་སྐག་ཟློག་ཅིག །ཧཱུྃ། ནག་


CMR041_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེན་པོའི་བཀའ་འཁོར་ནི། །ས་བདག་ཆེན་པོ་བིཊྚནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་ལ་སྡང་བའི་དགྲ་བོ་སོད། །བཟློག་ཅིག་བཙན་བདུད་འཕེན་ལེན་ཟློག །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ས་བདག་ཆེན་པོ་སེ་ཤར་ནི། །སྐུ་མདོག་ནག་ལ་འོད་ཟེར་འབར། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་ལ་སྡང་བའི་དགྲ་བོ་སོད། །ལྟས་ངན་ཆོ་འཕྲུལ་དགྲ་ལ་ཟློག །ཧཱུཾ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ས་བདག་བ་དན་ཁྲ་བོ་ནི། །སྐུ་མདོག་སྨུག་ནག་འོད་ཟེར་འབར། །འདིར་གཤེགས་མཐུན་རྫས་གཏོར་མ་བཞེས། །བདག་ལ་སྡང་བའི་དགྲ་བོ་སོད། །འདིར་གཤེགས་གླུད་འབུལ་སྐག་ཟློག །ཅིག་ཁྲོ་བོ་བརྒྱད་ཀྱི་རྫུ་འཕྲུལ་གྱིས། །དྲག་སྔགས་མཐུ་དང་དམོད་ཟོར་ཟློག །གཏོར་མ་ཤ་དང་མཐེབ་སྐྱུ་མཆོད། །སྐག་དང་བདུན་ཟུར་ནད་རྣམས་ཟློག །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ས་བདག་རྒྱལ་པོ་འཁོར་དང་བཅས། །བློན་པོ་དམག་དཔོན་སྡེ་དཔོན་ལ། །གཏོར་མའི་མཆོད་པ་འདི་འབུལ་གྱི། །དགྲ་བགེགས་གདུག་རྩུབ་


CMR041_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་གྱུར་ཅིག །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ས་བདག་དབང་ཆེན་གདུག་པ་ཅན། །ཤར་ཕྱོགས་སྟག་སྐྱ་ཧེ་དུན་དང་། །ལྷོ་ཕྱོགས་འབྲུག་རྗེ་སྔོན་པོ་དང་། །ནུབ་ཕྱོགས་ས་བདག་བྱ་དམར་དང་། །བྱང་ཕྱོགས་ས་བདག་སྦལ་ནག་དང་། །ཤར་ལྷོ་བེལ་སྣ་སེར་པོ་དང་། །ལྷོ་ནུབ་གྱི་ལིང་དཀར་སེར་དང་། །ནུབ་བྱང་གྲུབ་གཉེན་སྔོན་པོ་དང་། །བྱང་ཤར་བིཊྚི་སྔོན་པོ་དང་། །ས་བདག་ཆེན་པོ་འཁོར་བཅས་ལ། །ས་བདག་སྡེ་ཚོགས་འཁོར་དང་བཅས། །བཀའ་ཡི་གཏོར་མ་བརྒྱན་ཅན་འབུལ། །གླུད་འབུལ་དེ་ནི་སྐག་ཟློག་ཅིག །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །གཟའ་ཆེན་བརྒྱད་པོ་འཁོར་བཅས་ལ། །བཀའ་ཡི་གཏོར་མ་འདི་བཞེས་ལོ། །སྡང་དགྲ་དམ་ཉམས་རྡུལ་དུ་རློགས། །གཟའ་ནད་རྒྱུ་གཟེར་སྡང་བའི་དགྲ་ལ་སྒྱུར། །བཟློག་ཅིག་སྐག་དང་ཆོ་འཕྲུལ་ཟློག ། ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །བཀའ་ཉན་སྡེ་བཞི་འཁོར་དང་བཅས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །གཉན་ནད་ལྷོག་རྒོད་དགྲ་ལ་སྒྱུར། །བཟློག་ཅིག་


CMR041_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་དགྲ་ལ་ཟློག །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ལོ་རྒན་དྲུག་ཅུ་འཁོར་དང་བཅས། །དཔའ་བརྗིད་རྔམ་པའི་སྟོབས་དང་ལྡན། །འབྱུང་བ་ལྔ་ཡི་མགོན་གྱུར་ཅིག །སྡང་བའི་དགྲ་ལ་ནད་ཡམས་ཐོངས། །འདིར་གཤེགས་མཐུན་རྫས་གཏོར་མ་བཞེས། །ལོ་འདྲེ་ལོ་བདུད་དགྲ་ལ་ཕོབ། །ཧཱུྃ། ནག་པོ་ཆེན་པོ་བཀའ་འཁོར་ནི། །མ་མོ་ཐན་གྱི་བདག་མོ་ཀུན། །ཐན་དང་ཡམས་ཀྱི་བདག་མོ་ཡིན། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །དམ་ཉམས་སྡང་བའི་དགྲ་བོ་ལ། །ཐན་དང་ལྟས་ཟློངན་ཡམས་ནད་ཐོངས། །བཟློག་ཅིག་མ་མོའི་ཆོ་འཕྲུལ་ཟློག །ཧཱུྃ། ནག་པོ་ཆེན་པོའི་བཀའ་འཁོར་ནི། །ཤར་ཕྱོགས་གཏོ་མཁན་སྟག་མགོ་ཅན། །ཆར་སྤྲིན་སྨུག་པོ་གོས་སུ་གྱོན། །འདིར་གཤེགས་གླུད་དང་གཏོར་མ་བཞེས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི།ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཧཱུྃ། ལྷོ་ཕྱོགས་གཏོ་མཁན་འབྲུག་མགོ་ཅན། །ནུབ་ཕྱོགས་གཏོ་མཁན་ཆུ་སྲིན་མགོ །བྱང་ཕྱོགས་གཏོ་མཁན་རྟ་མགོ་ཅན། །གཏོ་རྣམས་ཡག་པའི་ཞུ་སྐྱེམས་འབུལ། །རྒྱན་པའི་གཏོར་མ་འདི་བཞེས་ལ། །


CMR041_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རྨོངས་སྡུག་དབུལ་གསུམ་འཛོམས་པ་རྣམས། །གླུད་མདོས་དམ་པས་བསྒྱུར་དུ་གསོལ།། །། ༈ རྫོངས་འདེབས་ལྷ་འདྲེའི་ཡས་བསྒྲུང་བཞུགས་སོ།། །ཀྱཻ། མི་ནག་མགོ་བོ་གསུམ་པ་ཡི། །བཀའ་ཉན་མི་ཁ་བྲ་མཆུ་དང་། །མི་ཁའི་བུ་མོ་སྤུན་བདུན་དང་། །སྣང་སྲིད་ལྷ་སྲིན་ཐམས་ཅད་ལ། །ཡས་སྟགས་སྣ་ཚོགས་རྫོངས་སུ་འདེབས། །ནམ་མཁའ་རྒྱང་བུ་ཕོ་ཐོང་དང་། །མདའ་བཀྲ་འཕང་བཀྲ་ཤིང་རིས་རྣམས། །སྣང་སྲིད་ལྷ་འདྲེའི་མཐུན་རྫས་ཡིན། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །སྡེ་བརྒྱད་ཆོ་འཕྲུལ་བསྒྱུར་དུ་གསོལ། །སྟག་གཟིག་རིན་ཆེན་སྣ་ལྔ་ཡང་། །བརྒྱ་བྱིན་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །བརྒྱ་བྱིན་གནོད་པ་བསྒྱུར་དུ་གསོལ། །གོང་སྲག་གླིང་བུ་བལ་ཚོན་གསུམ། །ཡམས་འདྲེ་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །ཡམས་འདྲེ་རི་བྱི་བསྒྱུར་དུ་གསོལ། །འག་པ་སྲིན་བྱ་ལྟུང་ཁྲ་གསུམ། །བྲག་སྲིན་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །བྲག་སྲིན་གནོད་པ་བསྒྱུར་


CMR041_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །ཤ་རུ་དགོ་རུ་གཙོད་རུ་གསུམ། །གྲི་བཙན་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །གྲི་བཙན་གནོད་པ་བསྒྱུར་དུ་གསོལ། །སྦྲུལ་དང་སྦལ་པ་ལྕོང་མོ་གསུམ། །ཀླུ་གདོན་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །ཀླུ་གཉན་གནོད་པ་བསྒྱུར་དུ་གསོལ། །མདའ་ཆག་གཞུ་ཆག་རལ་ཆག་གསུམ། །གྲི་བོ་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །གྲི་བོ་དགུ་རྒྱུད་བསྒྱུར་དུ་གསོལ། །མི་རུས་རྟ་རུས་ཁྱི་རུས་གསུམ། །ཡུལ་འདྲེ་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །ཡུལ་འདྲེ་ཡུལ་གདོན་བསྒྱུར་དུ་གསོལ། །རྩ་དུག་ར་དུག་རིལ་སྒྲོག་གསུམ། །བསེ་རག་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །བསེ་རག་སྤུན་དགུ་བསྒྱུར་དུ་གསོལ། །རྟ་དང་རྔ་མོང་བོང་བུ་གསུམ། །ཕུང་སྲི་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །ཕུང་སྲི་ཕུང་འདྲེ་བསྒྱུར་དུ་གསོལ། །སྤྱང་ཀུ་འཕར་བ་ཤ་ཁྱི་གསུམ། །བཙན་གྱི་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །


CMR041_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་གྲི་བཙན་བདུད་བསྒྱུར་དུ་གསོལ། །མཛོ་དང་དྲེལ་དང་བ་ར་གསུམ། །རབས་ཆད་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །རབས་ཆད་སྒྲོན་འདྲེ་བསྒྱུར་དུ་གསོལ། །ཤྭ་མོང་སྦྲང་མ་རམ་པ་གསུམ། །གྲི་མོ་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །གྲི་མོ་སྨུག་གྲི་བསྒྱུར་དུ་གསོལ། །རྒྱ་གྲོག་སྦ་ར་བྲ་བ་གསུམ། །མི་ཁ་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །མི་ཁ་སྤྱན་དགུ་བསྒྱུར་དུ་གསོལ། །བྱི་ལ་ཁྱི་གུ་སྲེ་མོང་གསུམ། །ཆུང་སྲི་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །ཆུང་སྲི་སྤུན་དགུ་བསྒྱུར་དུ་གསོལ། །རྐྱལ་སྟོང་གྲོད་པ་ཁ་འཕྲོ་གསུམ། །ཁ་འགོང་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །ཁ་འདྲེ་ཁ་འགོང་བསྐྱར་དུ་གསོལ། །གདང་དུམ་ཁེབས་ཐག་སྣ་གཅུ་གསུམ། །གོད་འདྲེ་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །གོད་འདྲེ་གོད་སྲི་བསྒྱུར་དུ་གསོལ། །སྤྲེལ་དང་གྲུམ་པ་བྱ་མ་བྱིལ། །རྨེ་མུག་ནལ་གསུམ་བཀར་བའི་ཡས་ཡིན་པས། །མི་


CMR041_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁྱོད་ལ་རྫོངས་སུ་འདེབས། །རྨེ་མུག་ནལ་གསུམ་བསྒྱུར་དུ་གསོལ། །ངར་གླུད་ལྷམ་ཁྲོད་གོས་རྙིང་གསུམ། །འགགས་འདྲེ་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །འགགས་འདྲེ་འགགས་སྲི་བསྒྱུར་དུ་གསོལ། །ཁྱི་ཐོད་ཕག་ཐོད་གཡག་ཐོད་གསུམ། །དགྲ་སྲི་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །དགྲ་འདྲེ་དགྲ་སྲི་བསྒྱུར་དུ་གསོལ། །འབུ་ལྐོག་སེམས་ཤུན་བྱིལ་ཚང་གསུམ། །སྙིང་སྟོང་བཀར་བའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །གློ་ཉེས་སྙིང་སྟོང་བསྒྱུར་དུ་གསོལ། །ཆངས་བུ་ཤ་ཁྲག་གླུད་མདོས་གསུམ། །ལོ་སྐག་ཟློག་པའི་ཡས་ཡིན་པས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །ལོ་སྐག་ཟླ་སྐག་བཟློག་ཏུ་གསོལ། །བཞི་བརྒྱ་རྩ་བཞིའི་ནད་ཀྱི་བདག །སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས། །བརྒྱད་ཅུ་རྩ་གཅིག་ཐན་ལྟས་ཚོགས། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་རྣམས། །མི་ཁ་ཁྱོད་ལ་རྫོངས་སུ་འདེབས། །སྲིད་པའི་གླང་ཆེན་སྟོབས་ཆེན་ལ། །སྣ་ཚོགས་ཡས་རྣམས་ཁལ་དུ་འགེལ། །མི་མཐུན་ཕྱོགས་རྣམས་བསྒྱུར་དུ་གསོལ། །བྱེད་དང་རྨི་ལམ་ངན་


CMR041_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །རྦད་འདྲེ་དྲོད་གཏོང་ངན་པ་སྒྱུར། །མོ་ལྟས་མཚན་མ་ངན་པ་སྒྱུར། །ཡས་རྣམས་བསགས་པ་སྟོབས་རེ་ཆེ། །དཀོན་མཆོག་བདེན་པ་མཐུ་རེ་བཙན། །ནག་པོ་མགོ་གསུམ་སྟོབས་རེ་ཆེ། །ཤང་ཤང་བྲ་མཆུ་བསྒྱུར་རེ་ཆེ། །སྔགས་འཆང་ཡས་བསྔོ་དོན་རེ་ཆེ། །མི་ཁའི་བུ་མོ་སྤུན་བདུན་དང་། །ལོ་ཟླ་ཞག་གི་ས་བདག་ལ། །ཁལ་དུ་འགེལ་ལ་རྫོངས་སུ་འདེབས། །ཟ་ཁ་སྡང་བའི་དགྲ་ལ་སྟོན། །བསྒྱུར་ཅིག་བཟློག་ཅིག་དུས་ལ་བབ། །ཅེས་གཏོར་མ་མཐེབ་སྐྱུ་འབུལ། ཡུངས་ཀར་ཡུངས་ནག་འབྲུ་སྣ་ཚོགས་ཀྱི་རྫོང་བཏབ། འཇམ་དཔལ་དང་རིགས་གསུམ་མགོན་པོའི་བདེན་སྟོབས་བརྗོད། ལམ་བསྟན་བསྐྱལ་ལོ། །ནག་པོ་མགོ་གསུམ་གྱི་གཏོར་རྫོངས་རྫོགས་སོ། །ཤ་ཁྲག་གི་གཏོར་མའི་ཆ་ཉི་ཤུ་རྩ་གཅིག་བཤམས། འགུགས་གཞུག་བསྒྲལ་ལས་བྱས་ལ་རིམ་པ་བཞིན་དུ་འབུལ་ལོ། །བརྒྱ་རྩ་བརྒྱད་བཤམས། འདིར་ཡབ་ལུགས་ཞུས་ལེན་འཐེན། མཆན། ༈ དམར་པོ་མགོ་གསུམ་རྫོངས་འདེབས་ནི། །ཀྱཻ། དམར་པོ་མགོ་གསུམ་ཚུར་ཉོན་དང་། །མི་ནག་ཁྱོད་ལ་ཁུར་ཅིག་ཁུར། །མི་དམར་ཁྱོད་ལ་རྫོངས་སུ་འདེབས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །མི་མཐུན་པ་ཡི་ལྟས་ངན་དང་། །འགོང་པོ་


CMR041_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་ཐེའུ་རང་དང་། །ཕོ་སྲི་མོ་སྲི་ཆུང་སྲི་དང་། །འདྲེ་སྲིན་བྱུར་གསུམ་བསྡུས་བསྡུས་པ། །མི་དམར་ཁྱོད་ལ་ཁུར་དུ་ཁུར། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དེར་མི་ནག་སོང་། །མི་དམར་ཤ་འདོད་ཤ་ལ་ཟོ། །མི་ནག་ཁྲག་འདོད་ཁྲག་ལ་འཐུང་། །སྲོད་ལ་བྱ་ཕོ་གྲག་པ་དང་། །ནམ་གུང་སྤྱང་མོ་ངུ་བ་དང་། །དུར་ཁྲོད་ཝ་མོ་བརྒྱལ་བ་དང་། །ཐོ་རངས་སྒོ་ཁྱི་ངུ་བ་དང་། །བསེ་ཡི་སྲེ་མོང་དམར་པོ་ཡི། །གཡུ་ཡི་རི་བྱིལ་རིག་པ་དང་། །གནམ་གྱི་བྱ་ཐན་ངན་པ་དང་། །ས་ཡི་བྱི་ཐན་ངན་པ་དང་། །ཐན་དང་ལྟས་ངན་བསྡུས་བསྡུས་པ། །མི་དམར་ཁྱོད་ལ་ཁུར་དུ་ཁུར། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་ལ་ཟོ། །མི་དམར་ཁྲག་འདོད་ཁྲག་ལ་འཐུང་། །མེ་ཉག་སོག་མོ་ངན་པ་དང་། །ཞང་ཞུང་ཇུ་ཐིག་ངན་པ་དང་། །རྒྱ་ཡི་ཆུ་ཞག་ངན་པ་དང་། །འགྲོ་ན་ལ་ཉེ་ངན་པ་དང་། །འདུག་ན་རྨི་ལམ་ངན་པ་དང་། །མོ་ངན་སོག་སྡིག་བསྡུས་བསྡུས་པ། །མི་ནག་ཁྱོད་ལ་ཁུར་དུ་ཁུར། །མི་དམར་ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དུ་མི་


CMR041_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སོང་། །མི་ནག་ཤ་འདོད་ཤ་ལ་ཟོ། །མི་དམར་ཁྲག་འདོད་ཁྲག་ལ་འཐུང་། །རྒྱ་གར་ཆོས་ཀྱི་ངན་སྔགས་དང་། །སྟག་གཟིག་ནོར་གྱི་གོད་འདྲེ་དང་། །གེ་སར་དམག་གི་དཔའ་སྲས་དང་། །རྒྱལ་ཕྲན་བཞི་ཡི་ངན་སྔགས་དང་། །ཞང་ཞུང་སྔགས་དང་བཅས་པ་དང་། །མ་མོའི་ངན་སྔགས་བཏང་བ་དང་། །བནྡེ་རྣམས་ཀྱི་སྔགས་ཟོར་དང་། །བོན་པོ་རྣམས་ཀྱི་ལྟས་ཟོར་དང་། །སྐྱེ་བོ་ཡོངས་ཀྱི་མདའ་ཟོར་དང་། །བྱད་ཟོར་ཆོ་དགུ་བསྡུས་བསྡུས་པ། །མི་ནག་ཁྱོད་ལ་ཁུར་དུ་ཁུར། །མི་དམར་ཁྱོད་ལ་རྫོངས་སུ་འདེབས། །མི་ནག་ཤ་འདོད་ཤ་ལ་ཟོ། །མི་དམར་ཁྲག་འདོད་ཁྲག་ལ་འཐུང་། །མི་ནད་སྣ་དགུ་འཁོར་དང་བཅས། །ཕྱུགས་ནད་གློ་ཧོན་འཁོར་དང་བཅས། །ལུག་ནད་ལྟེ་བ་འཁོར་དང་བཅས། །ཕག་ནད་གེ་རུ་བཁོར་དང་བཅས། །ཁྱི་ནད་གག་པ་འཁོར་དང་བཅས། །ནད་ཡམས་ཐམས་ཅད་བསྡུས་བསྡུས་པ། །མི་ནག་ཁྱོད་ལ་ཁུར་དུ་ཁུར། །མི་དམར་ཁྱོད་ལ་རྫོངས་སུ་འདེབས། །མི་ནག་དགྲ་བོའི་ཡུལ་དུ་སོང་། །མི་དམར་ཤ་འདོད་ཤ་ལ་ཟོ། །མི་ནག་ཁྲག་འདོད་ཁྲག་ལ་འཐུང་། །


CMR041_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མེས་དུར་སྲི་ལང་བ་དང་། །བུ་ཚའི་ཆུང་སྲི་ལང་བ་དང་། །ནོར་གྱི་གོད་སྲི་ལང་བ་དང་། །ཕུང་སྲི་དར་སྲི་ལང་བ་དང་། །ངན་སྲི་མནན་སྲི་ལང་བ་དང་། །སྲི་ངན་ཐམས་ལྟཅད་བསྡུས་བསྡུས་པ། །མི་ནག་ཁྱོད་ལ་ཁུར་དུ་ཁུར། །མི་དམར་ཁྱོད་ལ་རྫོངས་སུ་འདེབས། །མི་ནག་དགྲ་བོའི་ཡུལ་དུ་སོང་། །མི་ནག་ཤ་འདོད་ཤ་ལ་ཟོ། །མི་དམར་ཁྲག་འདོད་ཁྲག་ལ་འཐུང་། །བརྒྱ་ཡི་མི་ཁ་ལྡང་བ་དང་། །སྟོང་གི་བྲ་མཆུ་ལྡང་པ་དང་། །གློ་བུར་ཡེ་འདྲོག་འོང་བ་དང་། །གཏད་ཁྲམ་འཁོར་ལོ་བསྐོར་བ་དང་། །ཕོ་སྐག་ལྟར་ཉིལ་བ་དང་། །མོ་སྐག་བལ་ལྟར་གཡེངས་བ་དང་། །སྐྱེ་བོའི་ཡ་ཁ་བྱེ་བ་དང་། །མི་ཁ་བྲ་མཆུ་བསྡུས་བསྡུས་པ། །མི་ནག་ཁྱོད་ལ་ཁུར་དུ་ཁུར། །མི་དམར་ཁྱོད་ལ་རྫོངས་སུ་འདེབས། །དགྲ་བོའི་ཡུལ་དུ་མི་ནག་སོང་། །མི་ནག་ཤ་འདོད་ཤ་ལ་ཟོ། །མི་དམར་ཁྲག་འདོད་ཁྲག་ཚ་འཐུང་། །བེའུ་ལ་ལྷག་ཆད་བྱུང་བ་དང་། །རྟ་ལ་རོ་ག་ལ་བྱུང་བ་དང་། །མཁའ་ལྡིང་བྱ་ཐན་བྱུང་བ་དང་། །མི་མཐུན་ལྟས་ངན་སྣ་ཚོགས་པ། །མི་ནག་ཁྱོད་ལ་ཁུར་དུ་ཁུར། །མི་དམར་ཁྱོད་ལ་རྫོངས་སུ་འདེབས། །མི་ནག་


CMR041_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོའི་ཡུལ་དུ་སོང་། །མི་ནག་ཤ་འདོད་ཤ་ལ་ཟོ། །མི་དམར་ཁྲག་འདོད་ཁྲག་ལ་འཐུང་། །དགྲ་བོའི་ཡུལ་དུ་སྐྱས་ཆོས་ཤིག །ལྷ་སྲིན་སྡེ་བརྒྱད་འཁོར་དུ་ཁྲིད། །མི་ཁ་གོད་འདྲེའི་སྣ་ལ་སོང་། །ལོ་ཟླ་ཞག་གི་སྐག་ངན་རྣམས། །དགྲ་ཡི་ཡུལ་དུ་སྐྱས་ཆོས་ཤིག །དགྲ་འདྲེ་བྱད་མ་རྡུལ་དུ་རློགས། །ཨོཾ་ཧ་ས་གརྒྷ་རཀཱ་ཏ་ཙི་ཀེ་པ་ར་སྐྱིད་རལ་པ་ཡ། མི་ནག་མགོ་གསུམ་ལྷ་སྲིན་སྡེ་བརྒྱད་དགྲ་བགེགས་བྱད་མའི་སྟེང་དུ་ཆོས་ཆོས་རྒྱུག་རྒྱུག།མགོ་གསུམ་རྫོངས་འདེབས་རྫོགས་སོ།། །། ༈ ནག་པོ་མགོ་གསུམ་གྱི་གླང་ཆེན་ཁལ་འགེལ་བཞུགས་སོ། །དེ་ནས་ནག་པོ་མགོ་གསུམ་གྱི་རོལ་ཁལ་ལ་གླང་ཆེན་སྣ་བསྒྱུར་བྱ་བ་ནི། ཁམས་ས་ལ་གླང་ཆེན་གཅིག་བྱས་ལ། ཚྭ་གཡེར་ལ་སོགས་མི་ཁའི་ཡས་སྣ་ཚོགས་དང་། གོ་ཐལ་བཀལ་ལ་མི་ནག་གཅིག་གིས་ཁྲིད། གཅིག་གིས་དེད། ཁྱི་ཕག་ཐོད་པ་ལ་སོགས་ཟོར་རྡོ་གཅིག་བཞག་ནས་འདི་སྐད་དོ།། །ཀྱཻ། ཀོང་ཙེ་འཕྲུལ་རྒྱལ་གཏོ་ལ་བཞེངས། །འགྲོ་བ་རིགས་དྲུག་སེམས་ཅན་ཀུན། །འབྱུང་བ་ལྔ་ལ་མ་བརྟེན་མེད། །ནམ་མཁའ་འདི་ནི་སྟོང་ལ་གསལ། །དེ་ཡང་འབྱུང་བ་ལྔ་ལ་བརྟེན། །འབྱུང་བ་ལྔ་ནི་ས་ལ་བརྟེན། །དེ་བས་ས་འདི་ཐེག་པ་ཆེ། །མེས་ནི་ཐམས་ཅད་དྲོ་


CMR041_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད། །དེ་བས་དྲོད་ཀྱི་རྒྱལ་མོ་ཞེས་ཀྱང་བྱ། །འབྱུང་བ་ཆུ་འདི་ཀུན་དང་མཐུན། །འབྱུང་བ་རླུང་ལ་སྐྱེ་འགྲོ་བརྟེན། །རྒྱུ་འབྲས་ཐམས་ཅད་བསྐྱེད་པའི་ཕྱིར། །རླུང་གིས་ཐམས་ཅད་སྨིན་པར་བྱེད། །དེ་ལྟར་སེམས་ཅན་སྐྱེ་འགྲོ་ཀུན། །འབྱུང་བ་ལྔ་ལས་བྱས་པ་ཡིན། །འབྱུང་བ་ལྔ་ལ་མ་གྲོལ་སེམས་ཅན་མེད། །ཀུན་ཏུ་འཇིགས་པ་སེང་གེ་ཡིན། །སྒྲ་ཡི་རྒྱལ་པོ་གཡུ་འབྲུག་ཡིན། །ཀུན་གྱི་ཟིལ་གནོན་བྱ་ཁྱུང་ཡིན། །འཇིགས་སྟོབས་ཆེ་བ་ཆུ་སྲིན་ཡིན། །སྟོབས་ཀྱི་རྒྱལ་པོ་གླང་ཆེན་ཡིན། །དེ་ཕྱིར་ཅིར་ཡང་མི་འཇིགས་སོ། །འཇིག་རྟེན་ཁམས་ན་ཐེག་པ་ཆེ། །དྲག་ཤུལ་ཆེན་པོ་ཐོད་རྒལ་ཆེ། །སྣ་བསྒྱུར་གདུག་པ་ཤིན་ཏུ་ཆེ། །གདུག་པ་གང་ཡང་བསྒྱུར་ལ་དྲག །དེ་བས་གླང་ཆེན་སྟོབས་དྲག་འདི། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །ལུས་ངག་ཡིད་གསུམ་གླུད་དུ་བསྔོ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ནད་གྱོད་རྐྱེན་དང་གོད་ཁ་རྣམས། །གླང་ཆེན་་ཁྱོད་ལ་ཁལ་དུ་བཀལ། །དེ་རིང་ནག་པོ་མགོ་གསུམ་རོལ་དུ་འབུལ། །མི་ཁའི་ཡས་རྣམས་ཁལ་དུ་བཀལ། །བཙོག་དང་རྨེ་མནོལ་བྱེད་ཡུགས་རྣམས། །གླང་ཆེན་ཁྱོད་ལ་


CMR041_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཁལ་དུ་བཀལ། །མི་ཁ་གྱོད་སྣ་ཐམས་ཅད་ཀྱང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །ནད་སྣ་ཡམས་སྣ་དལ་སྣ་རྣམས། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །གོད་འདྲེ་རྨང་འདྲེ་སྒབ་འདྲེ་རྣམས། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །མེ་རླུག་ནལ་གསུམ་ཐམས་ཅད་ཀྱང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །རོ་བག་གཤེད་འཁྱམས་སྐྱས་སྣ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །མནའ་དང་བྱད་དང་འཁོན་གསུམ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །ཐབ་འདྲེ་དང་ནི་གཞོབ་འདྲེ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །གྲི་བོ་རབས་ཆད་ཡུགས་ས་གསུམ། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །མྱོས་བྱེད་མཁོན་སྣ་ཐམས་ཅད་ཀྱང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །ཐབ་འདྲེ་གཞོབ་སྲི་ཐམས་ཅད་ཀྱང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །གྲི་སྲི་ཆད་སྲི་ཡུག་སྲི་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །མི་ལ་དང་ནི་བསེ་རག་ཀྱང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །ཐེའུ་རང་དང་ནི་རྨང་འདྲེ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །ཕ་ཁུའི་རྨང་འདྲེ་ལང་བ་ཡང་། །གླིང་


CMR041_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཁྱོད་ལ་ཁལ་དུ་བཀལ། །མ་སྲུའི་བྱུར་འདྲེ་ཐམས་ཅད་ཀྱང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །བུ་སྲིང་བཙོག་འདྲེ་ཐམས་ཅད་ཀྱང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །བན་བོན་བྱེད་ཁ་གཏོང་བ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །བན་བོན་གཏོ་ཡུལ་ཡོང་པ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །ཆུང་སྲི་མངལ་སྲི་ལང་བ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །ཕོ་སྲི་མོ་སྲི་ལང་བ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །གོད་སྲི་ཁ་ཆེན་ལང་བ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །མོ་ངན་སོག་སྡིག་ལང་བ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །ལོ་སྐག་ཟླ་སྐག་ཞག་སྐག་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །སྲོག་ལུས་དབང་ཀླུང་མི་མཐུན་པ། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །ལྷ་ཡི་བསམ་རྟེན་ངན་པ་ཡང་། །གླང་ཆེན་ཁྱོད་ལ་ཁོལ་དུ་བཀལ། །སླབ་ཁའི་ཁ་བརྡའ་ངན་པ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །ཇུ་ཐིག་མདུད་པ་ངན་པ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །གཅུ་ཞག་ལོ་སྐོར་ངན་པ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །སྲིད་


CMR041_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདྲེ་དགུ་ལང་བ་ཡང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །གཙུག་ལག་གདོན་བཅུ་ཐམས་ཅད་ཀྱང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །ཡུལ་དུ་བཟོར་ལ་རྫོངས་སུ་རྫོང་། །སྲིད་པའི་གླང་ཆེན་སྟོབས་ལྡན་ཁྱོད། །རྒྱུ་ནི་འབྱུང་བ་ལྔ་ལས་གྲུབ། །ཁྱད་པར་འཕགས་པའི་རིན་ཆེན་ས། །ཐེག་ཆེན་སྟོབས་ལྡན་གཟུགས་བྱས་ལྷོ། ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །རི་བོའི་རྩེ་ནས་ས་བླངས་ནས། །ལུང་པའི་མདའ་ནས་ཆུ་བླངས་ནས། །སྣ་ཐག་དར་ལ་སྣེའུ་གཅུ་གསེར། །རྨིག་བཞི་སྲ་བརྟན་ལྕགས་ལ་བྱས། །ཁོ་མོ་འབྲོང་གི་སྒྲ་སྟན་གཏེར། །བེ་གར་མཛེས་པའི་སྒ་སྟོད་ནས། །གདུག་བྱེད་མི་ནག་གཅིག་གིས་ཁྲིད། །མི་ནག་གཅིག་གིས་ཐོག་ནས་ཞོན། །མི་ནག་གཅིག་གིས་དེད་ནས་འགྲོ། །འདི་ནི་ཡ་མཚན་ཆས་དང་ལྡན། །འདི་ཡིས་མི་བཟློག་ཅིག་ཀྱང་མེད། །འཆི་བདག་བདུད་ཀྱང་འདི་ཡིས་ཟློག །ཕ་མྱེས་སྒྲེན་འདྲེ་ལང་བ་ཡང་། །གླང་ཆེན་རྣ་མཆོག་གཉིས་ཀྱིས་ཟློག །མ་ཕྱིས་བཙོག་ནལ་ལང་བ་ཡང་། །གླང་ཆེན་ལག་པ་གཉིས་ཀྱིས་ཟློག །བུ་སྲིང་རྒྱུད་ཀྱི་བཙོག་འདྲེ་ཡང་། །གླང་ཆེན་འདི་


CMR041_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྔ་མས་ཟློག །མགྲོན་སྣ་སྐྱས་སྣ་བག་སྣ་ཡང་། །གླང་ཆེན་ཁྱོད་ཀྱི་རྨིག་བཞིས་ཟློག །བག་སྣ་སྐྱས་སྣ་དམག་སྣ་ཡང་། །གླང་ཆེན་འདི་ཡི་སྣ་ཡིས་ཟློག །ནད་དགུ་རིམ་བཅུ་ཁ་འདྲེ་ཡང་། །གླང་ཆེན་འདི་ཡི་སྣ་ཡིས་ཟློག །ནད་འདྲེ་གཅོང་སྲི་ལང་བ་ཡང་། །གླང་ཆེན་འདི་ཡི་སྣ་ཡིས་ཟློག །མ་ཡམས་དལ་ཡམས་ཡུལ་འདྲེ་ཡང་། །གླང་ཆེན་འདི་ཡི་སྣ་ཡིས་ཟློག །ཕོ་སྲི་མོ་སྲི་ལང་བ་ཡང་། །གླང་ཆེན་ཁྱོད་ཀྱི་སྣ་ཡིས་ཟློག །ནད་ཡམས་དལ་ཡམས་སྣ་ཚོགས་ཀྱང་། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །དེ་ལྟར་ཁམས་སའི་གླང་ཆེན་སྟོབས་ལྡན་འདི། །མཐུ་སྟོབས་རྫུ་འཕྲུལ་ཐེག་མཆོག་ལྡན། །ཁྱོད་ནི་ཟློག་བྱེད་ཆེན་པོ་ཡིན། །དེ་རིང་ཟློག་སྒྱུར་ཆེན་པོ་མཛོད། །ཁྱོད་ཀྱི་སྟོབས་དང་སྤྲུལ་པ་ལ། །ཟ་བྱེད་ཆེན་མོ་རྣམས་དང་ནི། །ཁྲོ་བོ་ཆེན་པོ་བཅུ་རུ་སྲིད། །འབྱུང་བ་ལྔ་ཡི་སྙིང་པོ་ལ། །ནམ་མཁའི་ཁྲོ་བོ་ཞལ་བོ་ཆེ། །ཞལ་དུ་སྟོང་ཁམས་མ་ལུས་གསོལ། །ས་གཡོ་རི་བསྙིལ་བདག་པོ་སྟེ། །མཐུ་སྟོབས་དྲག་ཤུལ་ཐེག་པ་ཆེ། །འབྱུང་བ་ས་འདི་དྲག་ཤུལ་ཆེ། །མ་སོགས་ངན་པ་ཐམས་ཅད་ཟློག །འབྱུང་བ་ཆུ་འདི་


CMR041_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེ་བས། །ལྟས་ངན་ཆོ་འཕྲུལ་ཐམས་ཅད་ཟློག །འབྱུང་བ་མེ་འདི་སྟོབས་ཆེ་བས། །མི་ཁ་གྱོད་སྣ་ཐམས་ཅད་ཟློག །འབྱུང་བ་རླུང་འདི་སྟོབས་ཆེ་བས། །འཚེར་རྩུབ་ངན་པ་ཐམས་ཅད་ཟློག །ནམ་མཁའ་སྟོང་པ་མཐུ་སྟོབས་ཅན། །གནམ་བདུད་ས་བདུད་གཟའ་བདུད་དང་། །སད་དང་སེར་བ་ཐམས་ཅད་ཟློག །དེ་ལྟར་འབྱུང་བ་ལྔ་པོ་མཐུ་སྟོབས་ཆེ། །སྟོབས་ཆེན་ལྔ་ལ་གླང་ཆེན་བྱས། །དེ་བས་གླང་ཆེན་སྟོབས་རེ་ཆེ། །གླང་ཆེན་འདི་ལས་སྟོབས་ཆེ་མེད། །གླང་ཆེན་འདི་བས་ཤུགས་ཆེ་མེད། །གླང་ཆེན་ཁྱོད་ཀྱིས་མི་བསྒྱུར་གང་ཡང་མེད། །བསྐལ་པ་མ་འདས་སྔོན་རོལ་ན། །ས་བླའི་མིང་མཚན་སྨོས་པ་ནི། །སྨྲ་མི་དྲན་པ་བྱ་བ་དེ། །གང་གི་ཕུང་འདྲེ་ཆེན་པོ་སྟེ། །རྒྱུད་ཀྱི་རྨང་འདྲེ་ཐམས་ཅད་དང་། །སྣ་འདུས་མང་པོ་གནོད་པ་ལ། །དུས་དང་བསྐལ་པ་དེ་ཙམ་ན། །ཚངས་པ་ཆེན་པོ་བྱ་བ་དེས། །ཀོང་ཙེ་འཕྲུལ་རྒྱལ་བྱ་བ་ལ། །འདི་སྐད་ཞུ་བ་ཕུལ་བ་ལས། །ས་བདག་པོ་སྨྲ་མི་དྲན་པ་དེས། །འདྲེ་སྲིན་མང་པོས་ནོན་པ་དང་། །རྨི་ལམ་ངན་ལ་ལྟས་ཀྱང་སྡིག །མོ་ཡང་ངན་ལ་སོགས་ཀྱང་


CMR041_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྩུབ། །དེ་དག་བསྒྱུར་ཞིང་བཟློག་པའི་ཕྱིར། །རིན་ཆེན་ས་ལ་གླང་ཆེན་སྟོབས་ལྡན་བྱས། །སྣ་དག་དར་ལ་སྣ་གཅུ་གསེར། །སྒ་སྟན་ཆས་དང་ལྡན་པར་བྱེད། །མི་ནག་དཔའ་རྔམ་ཅན་གྱིས་ཆིབས། །ཁམས་སའི་མི་ནག་དཔའ་བོ་ཡི། །སྔོན་རྒྱབ་གཉིས་ནས་དེད་ཁྲིད་བྱེད། །མི་ཁའི་ཡས་རྣམས་སྣ་ཚོགས་བཀལ། །མི་ནག་མགོ་གསུམ་དཀོར་ནོར་ཡིན། །དེ་རིང་ཁྱོད་ལ་དཀོར་དུ་འབུལ། །དེ་ལྟར་སྟོབས་ལྡན་གླང་པོ་དེ། །ནི་ནག་མགོ་གསུམ་ཁལ་དུ་བཀུར། །མི་ཁའི་ཡས་རྣམས་ཁལ་དུ་བཀལ། །ཁྱོད་ཀྱི་རྟེན་གྱི་བསྐོར་དུ་མཛོད། །གྱོད་བྱུར་མི་ཁ་ཁུར་ལ་སོང་། །དེ་ལྟར་གླང་ཆེན་སྟོབས་ལྡན་ལ། །མོ་ངན་ལྟས་ངན་སྟོང་ཡས་བཀལ། །ལུང་གསུམ་མདོ་ཡི་མར་མདོར་བསྐྱལ། །དེ་ནི་སྨྲ་མི་འཚེར་རྩུབ་ཞི། །སྨྲ་མའི་དྲན་པ་སྐག་ལས་ཐར། །སྨྲ་མའི་ཕན་ལ་གཏོ་ཡང་བརྩི། །མོ་སོགས་ངན་པ་ཐམས་ཅད་སྒྱུར། །དེ་རིང་སྔོན་གྱི་དཔེ་བཞིན་ཏུ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་གླུད་སྲོག་སྐྱིན་འཇལ་སླད་དུ། །གདུག་པའི་མི་ནག་མགོ་གསུམ་བཞེངས། །དྲག་པོ་མི་དམར་མགོ་གསུམ་སྣ་ཁྲིད་བྱས། །ནག་མོ་རྔ་ཞོན་གཡས་ན་


CMR041_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྔམ། །གཡོན་ན་མི་ཁ་བྲ་མཆུ་རྒྱུག །སྟོབས་ཆེན་གླང་པོ་རོལ་དུ་ཁྲིད། །སླ་ང་ནག་པོའི་གདན་ལ་བཞག །རེ་བ་ནག་པོའི་གུར་ཡང་ཕུབ། །ནམ་མཁའ་མདའ་འཕང་རྒྱང་བུ་བཤམ། །དེ་ལྟར་ཡས་གླུད་ཚང་བ་འདི། །བདག་དང་ཡོན་བདག་སྐུ་གླུད་འདི། །ཚེ་སྐྱིན་སྲོག་གླུད་བཞེས་སུ་གསོལ། །དེ་རིང་སྣ་ཁྲིད་ཡས་རྣམས་འབུལ། །སྐག་དང་ཀིང་ཀཾ་ཞི་བར་མཛོད། །མོ་ངན་རྨི་ངན་ཐམས་ཅད་སྒྱུར། །ཟློག་སྒྱུར་མཛོད་ཅིག་མགོ་གསུམ་པོ། །མདོས་སྣ་ཁྲིད་ཅིག་གདུག་པ་ཅན། །ཡམས་སྣ་ཁྲིད་ཅིག་རྔ་ཞོན་མ། །ཁྱེད་རྣམས་སྟོབས་ཆེན་ཤུགས་དྲག་པ། །ཀོང་ཙེ་འཕྲུལ་རྒྱལ་བཀའ་བཞིན་ཏུ། །དེ་རིང་ལས་བཅོལ་འགྲུབ་པར་མཛོད། །ཟ་ཁ་འཐུང་ཁ་དགྲ་ལ་སྟོན། །གནས་འདིར་མ་འདུག་མྱུར་དུ་དེང་། །ལས་བཅོལ་གཉེར་གཏད་གཉེར་མ་ཆུང་། །གླང་ཆེན་སྣ་བསྒྱུར་བྱ་བ་ནི་འདི་སྐད་དོ། ན་མོ། འཕགས་པའི་ཚོགས་རྣམས་དགོངས་སུ་གསོལ། །བསྐལ་པ་དང་པོའི་སྔ་རོལ་ན། །སངས་རྒྱས་མཚན་ནི་མར་མེ་མཛད། །བསྐལ་པའི་མིང་ནི་བྲ་བ་བཟང་། །དུས་དང་བསྐལ་པ་དེ་ཙམ་ན། །བདུད་ཀྱི་རྒྱལ་པོའི་


CMR041_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པས་ཁྱབ། །གདུག་པའི་སེམས་དང་མ་བྲལ་ནས། །ལྷ་མི་ཀུན་ལ་གནོད་པ་བྱས། །བདུད་ཀྱི་གླང་པོའི་སྤྲུལ་པས་ཁྱབ། །ལག་ན་གཤིན་རྗེའི་ཁྲམ་ཤིང་བཟུང་། འཇིག་རྟེན་ཁམས་ཀུན་བརླག་ལ་ཁད། །དེ་ཉིད་ལྷ་དབང་བརྒྱ་བྱིན་གྱིས། །བཅོམ་ལྡན་འདས་ལ་ཞུ་བ་ཕུལ། །གནོད་སྦྱིན་ནག་པོ་བྱ་བ་དེས། །སྔོན་ཡང་ལས་ཀྱི་རྣམ་སྨིན་གྱི། །ད་ལྟ་བགེགས་ཀྱི་རྒྱལ་པོར་སྐྱེས། །དེ་ལྟར་གནོད་སྦྱིན་བྱ་བ་དེས། །བཅོམ་ལྡན་འདས་ཀྱི་ཐུགས་རྗེ་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །བདུད་ཀྱི་གླང་ངོ་བཟློག་པའི་ཕྱིར། །གླང་ཆེན་ས་ལ་རབ་བརྟན་སྤྲུལ་པ་བྱས། །འོད་ཟེར་སྤྲུལ་པ་སྟོང་དང་བཅས། །ཡེ་ཤེས་ལྔ་ཡི་དབུ་རྒྱན་ཅན། །མཆེ་བ་བཞི་དང་ཡན་ལག་བཞི། །བདུད་ཁམས་ཟིལ་གྱིས་ནོན་པའི་གླང་། །གླང་ཆེན་རབ་བརྟན་ཐུགས་རྗེའི་སྤྲུལ་པའི་གླང་། །ཁ་དོག་དཀར་ལ་རྒྱས་པའི་གླང་། །གླང་བུ་ནག་བཀྲ་སྲི་ཡི་གླང་། །གླང་བུ་ཁྲ་བོ་དྲི་ཟའི་གླང་། །གླང་བུ་དམར་པོ་བཙན་གྱི་གླང་། །གླང་བུ་སྟག་བྲེ་ཀླུ་ཡི་གླང་། །གླང་བུ་སྔོ་བཀྲ་གཉན་གྱི་གླིང་། །བདེ་བར་གཤེགས་པའི་བྱིན་རླབས་དང་། །གླང་ཆེན་


CMR041_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་བྱིན་རླབས་ཀྱིས། །ཁྲོ་རྒྱལ་བཅུ་ཡི་སྤྲུལ་པ་ལས། །ལས་དང་ཉོན་མོངས་ཐམས་ཅད་སྒྱུར། །ཤར་ཕྱོགས་དྲི་ཟའི་གདོན་རྣམས་སྒྱུར། །ལྷོ་ཕྱོགས་གྲུལ་བུམ་གདོན་རྣམས་སྒྱུར། །ནུབ་ཕྱོགས་ཀླུ་ཡི་གདོན་རྣམས་སྒྱུར། །བྱང་ཕྱོགས་གནོད་སྦྱིན་གདོན་རྣམས་སྒྱུར། །ཤར་ལྷོ་མེ་ལྷའི་གདོན་རྣམས་སྒྱུར། །ལྷོ་ནུབ་སྲིན་པོའི་བྱེད་གདོན་རྣམས་སྒྱུར། །ནུབ་བྱང་རླུང་ལྷའི་གདོན་རྣམས་སྒྱུར། །བྱང་ཤར་དབང་ལྡན་གདོན་རྣམས་སྒྱུར། །སྟེང་ཕྱོགས་གནམ་ཐེལ་གདོན་རྣམས་སྒྱུར། །འོག་ཕྱོགས་ས་ཐེལ་གདོན་རྣམས་སྒྱུར། །གདོན་རིགས་དེ་རྣམས་ཐམས་ཅད་ཀྱང་། །བདུད་གླང་ནག་པོར་བཀལ་བས་སྒྱུར། །བཙན་གླང་དམར་པོར་བཀལ་བས་སྒྱུར། །གཉན་གླིང་སྔོ་བཀྲ་བཀལ་བས་སྒྱུར། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་ཕྱུགས་ཀུན་གྱི་ལྟས་ངན་དང་། །མོ་སོགས་འཚེར་རྩུབ་ངན་པ་ཀུན། །གནོད་སྦྱིན་བདུད་གླང་བཀལ་ནས་སྒྱུར། །ཆུ་ལ་དབང་བྱེད་གླིང་གི་རྒྱལ་པོ་སྟེ། །བག་སྣ་སྐྱེས་སྣ་ངན་པ་རྣམས། །ཀླུ་གླང་ནག་པོ་འདི་ལ་བཀལ་ཏེ་སྒྱུར། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །གདོན་རིགས་


CMR041_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གླང་འདི་བཀལ་ཏེ་སྒྱུར། །ན་མོ་སྔོན་གྱི་འཇིག་རྟེན་ཁམས་དག་ན། །སེམས་ཅན་གདུག་པ་ཅན་ཞེས་བྱ་བ་དེས། །ལྷ་མིའི་ཁམས་ན་གདུག་པ་བསྟེན། །ལྷ་དང་མི་ཡི་ཁམས་ཀུན་བརླག །བདེ་གཤེགས་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བཙན་དང་གནོད་སྦྱིན་རྣམས། །གླང་བུ་སྟག་བྲེ་འདི་ལ་བཀལ་ཏེ་སྒྱུར། །དེ་རིང་ཡོན་བདག་འདི་དག་གི །སྡང་བའི་དགྲ་དང་གནོད་པའི་བགེགས། །མཚེར་རྩུབ་ངན་པ་ཐམས་ཅད་ཀུན། །ས་གླང་འདི་ལ་བཀལ་ཏེ་སྒྱུར། །མོ་ངན་མཚེར་རྩུབ་ངན་པ་ཐམས་ཅད་ཀུན། །གནོད་སྦྱིན་བདུད་གླང་འདི་ལ་བཀལ་ཏེ་སྒྱུར། །བྱ་ལམ་དང་པོ་མཛོ་པོ་སྣ་བཤལ་དང་། །མགྲོན་སྣ་བག་སྣ་སྐྱས་སྣ་དང་། །བཙོན་སྣ་བྱུར་སྡིག་ངན་པ་རྣམས། །གླང་ཆེན་འདི་ལ་བཀལ་ནས་སྒྱུར། །ཡོན་གྱི་བདག་པོ་འདི་དག་གིས། །དགྲ་འདྲེ་གདོན་གསུམ་ཐམས་ཅད་ཀུན། །གླང་ཆེན་འདི་ལ་བཀལ་ཏེ་སྒྱུར། །དབྱར་གྱི་ཟླ་གསུམ་དཀར་གྱི་སྒྲེན་པ་དང་། །དགུན་གྱི་ཟླ་གསུམ་སྐྱ་ལ་བསྒྲེན་པ་དང་། །དཔྱིད་ཟླ་གསུམ་ལ་དམར་ལ་བསྒྲེན་པ་དང་། །སྟོན་ཟླ་གསུམ་ལ་སྐྱུར་བའི་བསྙེན་པ་དང་། །བསྒེན་འདྲེ་


CMR041_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲེན་སྲི་ཐམས་ཅད་ཀུན། །ས་གླང་འདི་ལ་བཀལ་ནས་སྒྱུར། །དབྱར་ཟླ་གསུམ་ལ་དཀར་གྱི་ཐབ། །སྟོན་ཟླ་གསུམ་ལ་སྐྱུར་གྱི་ཐབ། །དཔྱིད་ཟླ་གསུམ་ལ་ཆུ་ཡི་ཐབ། །དགུན་ཟླ་གསུམ་ལ་དམར་གྱི་ཐབ། །ཐབ་དང་སྲི་དང་གཞོབ་འདྲེ་རྣམས། །གླང་ཆེན་འདི་ལ་བཀལ་ཏེ་སྒྱུར། །བན་བོན་ལྷ་འདྲེའི་དམོད་བྱེད་དང་། །ཡུལ་འདྲེ་ཐེའུ་རང་སྤུན་དགུ་རྣམས། །གླང་ཆེན་འདི་ལ་བཀལ་ཏེ་སྒྱུར། །ཐན་ལྟས་མི་ཁ་ངན་པ་དང་། །དགྲ་སྣ་གོད་འདྲེ་གོད་སྲི་རྣམས། །གླང་ཆེན་འདི་ལ་བཀའ་ཏེ་སྒྱུར། །རྨི་ལམ་མཚན་མ་ངན་པ་རྣམས། །གླང་ཆེན་འདི་ལ་བཀལ་ཏེ་སྒྱུར། །ང་ནི་བསྒྱུར་བའི་རྒྱལ་པོ་ཡིན། །ང་ཡི་བཀའ་ལ་མ་འདའ་ཞིག །བདེ་བར་གཤེགས་པའི་བྱིན་རླབས་དང་། །གླང་ཆེན་འདི་ཡི་མཐུ་སྟོབས་ཀྱིས། །སྐྱས་སྣ་བག་སྣ་ངན་པ་རྣམས། །གླང་ཆེན་འདི་ཡིས་བསྒྱུར་ཞིང་ཟློག །ས་མཱ་ཡ་ཟློག་ཟློག །གླང་ཆེན་སྣ་བསྒྱུར་རྫོགས་སོ།། །། ༈ དེ་ནས་གཡང་ལེན་ནི། །ཀྱཻ། མཐོ་སྲིད་པའི་རྩེ་མོ་མན་ཆད་དང་། །དམའ་ན་རག་དམྱལ་ཁམས་ཡན་ཆད་ནས། །ཡེ་ཤེས་ལྷ་ཚོགས་བསམ་མི་ཁྱབ། །ཁྱེད་ཀྱི་ཐུགས་


CMR041_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཀུན་ལ་ཁྱབ། །སྐུ་དང་གསུང་དང་ཐུགས་དང་གསུམ། །རྣལ་འབྱོར་བདག་ལ་བྱིན་གྱིས་རློབས། །བླ་མ་ཡི་དམ་དཀོན་མཆོག་གསུམ། །མདོས་ལ་མི་བརྫོང་གཡང་དུ་ལེན། །གནས་གསུམ་དཔའ་བོ་མཁའ་འགྲོ་རྣམས། །མདོས་ལ་མི་བརྫོང་གཡང་དུ་ལེན། །ཆོས་སྐྱོང་སྲུང་མའི་ལྷ་ཚོགས་རྣམས། །མདོས་ལ་མི་བརྗོ་ང་གཡང་དུ་ལེན། །རྣལ་འབྱོར་བདག་ལ་བྱིན་གྱིས་རློབས། །ཕ་མྱེས་ཀུན་གྱི་སྲུང་མ་དང་། །རང་ལ་འགོ་བའི་ལྷ་སྲུང་རྣམས། །མདོས་ལ་མི་བརྫོང་གཡང་དུ་ལེན། །མ་ལྷ་ཞང་ལྷ་ཡུལ་ལྷ་དང་། །མགོན་སྐྱོབ་བྱེད་པའི་ལྷ་སྲུང་རྣམས། །མདོས་ལ་མི་བརྫོང་གཡང་དུ་ལེན། །དབེན་གནས་གཉན་གྱི་སྲུང་མ་དང་། །མགོན་སྐྱོབ་བྱེད་པའི་ལྷ་སྲུང་རྣམས། །མདོས་ལ་མི་བརྫོང་གཡང་དུ་ལེན། །རྣལ་འབྱོར་བདག་ལ་བྱིན་གྱིས་རློབས། །ཕོ་ལྷ་དགྲ་ལྷ་ཝེར་མ་དང་། །ཡུལ་ལྷ་ཁྱིམ་ལྷ་ནོར་ལྷ་རྣམས། །མདོས་ལ་མི་བརྫོང་གཡང་དུ་ལེན། །བདག་གི་མཐུ་དཔུང་རྒྱབ་རྟེན་མཛོད། །འདོད་ཡོན་རིན་ཆེན་སྣ་ལྔ་དང་། །རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། །བཀྲ་ཤིས་རྟགས་བརྒྱད་ལ་སོགས་རྣམས། །


CMR041_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ལ་མི་བརྫོང་གཡང་དུ་ལེན། །དཔག་བསམ་ཤིང་དང་འདོད་འཇོའི་བ། །མ་རྨོས་པ་ཡི་ལོ་ཏོག་རྣམས། །མདོས་ལ་མི་བརྫོང་གཡང་དུ་ལེན། །འཆི་མེད་ཚེ་དང་བདུད་རྩིའི་སྨན། །རིན་ཆེན་གཏེར་གྱི་ལོངས་སྤྱོད་རྣམས། །མདོས་ལ་མི་བརྫོང་གཡང་དུ་ལེན། །ཚེ་གཡང་ཕྱུག་གཡང་འཕན་གཡང་དང་། །ནོར་གཡང་ལུག་གཡང་ཟས་གཡང་རྣམས། །མདོས་ལ་མི་བརྫོང་གཡང་དུ་ལེན། །བཙན་གཡང་དར་གཡང་ལོངས་སྤྱོད་གཡང་། །མདོས་ལ་མི་བརྫོང་གཡང་དུ་ལེན། །ས་བདག་ལོངས་སྤྱོད་དངོས་གྲུབ་རྣམས། །བཀྲ་ཤིས་གཡང་རྣམས་བརྟན་གྱུར་ཅིག །ཅེས་རིགས་གསུམ་མགོན་པོའི་ཙཀ་ལི་བླངས་ལ་རང་གི་གནས་གསུམ་དུ་གཏུགས། །མདའ་དར་གཡབ་ཅིང་ཕྱེ་མར་ཆང་ཕུད་ཟས་སྣ་གང་ཡོད་རང་དང་ཀེང་ཡོན་བདག་ལ་དངོས་གྲུབ་ཏུ་རོལ། སྦྲ་ཁང་ཀ་བ་ལ་ཕྱེ་མར་བརྒྱན་དཀར་པོ་མགོ་གསུམ་བཅས་ལ་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་ཙཀ་ལི་དང་བཅས་རང་གི་ལུས་ལ་བཅངས་སྤར་བརྡབ་པའི་གཟུགས་ཡོད་ན་དངོས་གྲུབ་ཏུ་རོལ་གཡང་གེལ་ཡོད་ན་ཟས་ཕུད་འབྲུ་སྣའི་ཕུད་ཟན་གྱི་པར་བརྡབ་གཟུགས་འགྲོས་རྣམས་དེར་བཅུག་ཅིང་། ཀ་བ་ལ་བཅིངས། ཕྱི་ནང་མཛོད་ཕུག་གམ་སྒྲོམ་དུ་སྦས། དེ་ནས་མདོས་ནང་དུ་གསེར་སྐྱེམས་གཏོར་ལ་སྒོ་དབྱེ་གཞུང་ལྟར་


CMR041_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ།། །། ༈ ནག་པོ་མགོ་གསུམ་སྒོ་དབྱེ་བཞུགས་སོ།། དེ་ནས་ཤར་གྱི་མར་མེ་གཏམས། གསེར་སྐྱེམས་མཆོད་ལ་འདི་སྐད་དོ།། ཧཱུྃ། ང་ནི་འཕགས་པ་འཇམ་དཔལ་ནག་པོ་ཆེ། །མི་ནག་ཁྱོད་ཀྱི་སྒོ་སྲུང་ནི། །བུད་མེད་མི་བཟད་འཇིགས་པའི་གཟུགས། །ནད་ཀྱི་དྲེལ་རྟ་རྐང་གསུམ་ཞོན། །ཕྱག་ན་ནད་ཀྱི་རྐྱལ་པ་བསྣམས། །གོས་སུ་ནད་གོས་སྣ་ཚོགས་གྱོན། །མི་རོ་བམ་པོ་རྒྱབ་ན་ཁུར། །འཁོར་དུ་མ་ཡམས་འབུམ་གྱིས་བསྐོར། །མགོ་གསུམ་མདོས་སྒོ་ཤར་དུ་དོད། །ཤར་ཕྱོགས་ཤིང་སྒོ་ལྗང་ཁུ་སྟེ། །འབྱུང་བ་ཤིང་སྒོ་ཤར་དུ་ཕྱེས། །གླུད་འགྲོ་ཤར་དུ་འགྲོ་བར་གྱིས། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །མདོས་སྒོ་ཤར་དུ་དབྱེ་དུ་གསོལ། །ཡང་ལྷོ་ཕྱོགས་མར་མེ་གསེར་སྐྱེམས་བཏང་ལ། །མི་ནག་ཁྱོད་ཀྱི་སྒོ་སྲུང་ནི། །མི་དམར་མགོ་གསུམ་འཇིགས་པའི་གཟུགས། །ཕྱག་ན་སྐྱེར་པའི་མདའ་གཞུ་བསྣམས། །འཁོར་དུ་མི་དམར་འབུམ་གྱིས་བསྐོར། །སེམས་ཅན་རྣམས་ཀྱི་དྲོད་མདངས་འཕྲོག །མགོ་གསུམ་མདོས་སྒོ་ལྷོ་རུ་དོད། །ལྷོ་ཕྱོགས་མེ་སྒོ་དམར་པོ་སྟེ། །འབྱུང་བ་མེ་སྒོ་ལྷོ་རུ་ཕྱེས། །གླུད་འགྲོ་ལྷོ་རུ་འགྲོ་བར་


CMR041_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །མདོས་སྒོ་ལྷོ་རུ་འབྱེད་དུ་གསོལ། །ཡང་ནུབ་ཀྱི་མར་མེ་སྦར་ཞིང་། གསེར་སྐྱེམས་བཏང་ལ། ཧཱུྃ། མི་ནག་ཁྱོད་ཀྱི་སྒོ་སྲུང་ནི། །མི་ནག་འཇིགས་པའི་ཆ་བྱད་ཅན། །བདུད་རྟ་ནག་པོ་འོག་ན་ཆིབས། །ཕྱག་ན་མདུང་དར་ནག་པོ་བསྣམས། །འཁོར་དུ་བདུད་དམག་འབུམ་གྱིས་བསྐོར། །བློ་མགོ་གསུམ་མདོས་སྒོ་ནུབ་ཏུ་དོད། །ནུབ་ཕྱོགས་ལྕགས་སྒོ་དཀར་པོ་སྟེ། །འབྱུང་བ་ལྕགས་སྒོ་ནུབ་ཏུ་ཕྱེས། །གླུད་འགྲོ་ནུབ་ཏུ་འགྲོ་བར་གྱིས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མདོས་སྒོ་ནུབ་ཏུ་འབྱེད་དུ་གསོལ། །ཡང་གསེར་སྐྱེམས་བཏང་ཞིང་། བྱང་གི་མར་མེ་གཏམས་ལ། ཧཱུྃ། མི་ནག་ཁྱོད་ཀྱི་སྒོ་སྲུང་ནི། །མི་ཁའི་རྒྱལ་མོ་བྲ་མཆུ་མ། །མགོ་བོ་འཇིགས་བྱེད་བྲ་བའི་དབུ། །འདབ་མ་བྱུར་གྱི་གཤོག་བརྡབས་པས། །སྟོང་གསུམ་མི་ཁ་ཐམས་ཅད་སྡུད། །མི་ཁའི་བུ་མོ་འབུམ་གྱིས་བསྐོར། །མགོ་གསུམ་མདོས་སྒོ་བྱང་དུ་དོད། །བྱང་ཕྱོགས་ཆུ་སྒོ་སྔོན་མོ་སྟེ། །འབྱུང་བ་ཆུ་སྒོ་བྱང་དུ་ཕྱེས། །གླུད་འགྲོ་བྱང་དུ་འགྲོ་བར་གྱིས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མདོས་སྒོ་བྱང་དུ་


CMR041_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་དུ་གསོལ། །ཅེས་གསེར་སྐྱེམས་ཕྱོགས་བཞིར་གཏོར། མདོད་སྒོ་དབྱེ་བའོ།། སྒོ་དབྱེ་འདོན། དེ་ནས་མགོ་གསུམ་གྱི་ལམ་བསྟན་པ་ནི། མདོས་ཞལ་ཕྱིར་གྱུ་ལ། །ཀྱཻ། སྲིད་པའི་ས་བདག་མཐུ་བོ་ཆེ། ཞེས་པ་ནས་འདོན་པར་སྔར་རིག་འཛིན་གོང་མའི་ཕྱག་ལེན་ལྟར་བྱའོ། ། ༈ །དེ་ནས་ཕྱི་ནས་གསེར་སྐྱེམས་མཆོད་ལ་སྒོ་དབྱེ་ལམ་བསྟན་པ་ནི། །ཀྱཻ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིས། །གཏོ་ཡས་གླད་ཀྱིས་ཐམས་ཅད་བཅོས། །ངན་དགུ་དུག་བཅུ་ཐམས་ཅད་སྒྱུར། །གཏོ་དང་ཡས་ཀྱིས་ཐམས་ཅད་ཚིམ། །མགུ་ཞིང་རྒྱས་པར་སྨོན་ལམ་འདེབས། །འདོད་པའི་ལོངས་སྤྱོད་ཡ་མཚན་བསྐོར། །གླུད་དུ་བསྔོས་པའི་ཡས་སྟགས་རྣམས། །ད་ནི་ཐ་མ་སྒོ་དབྱེ་འཚལ། །ཀྱཻ། ཕྱོགས་བཞི་སྒོ་བཞི་མ་ཕྱེས་ན། །གཏོ་ཡས་བསགས་པ་གང་དུ་གཏོང་། །ད་ནི་གཏོ་སྒོ་ཤར་དུ་ཕྱེས། །གཏོ་ཡི་ལམ་བསྟན་ཤར་དུ་བསྟན། །ཤར་ཕྱོགས་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་། །ཕྲག་མ་དོག་ལ་རུ་མ་ང་། །ས་བདག་སྟག་སྐྱ་ཞེ་སྡང་ཆེ། །གདུག་པ་མ་སྟོན་ཞེ་སྡང་མ་བྱེད་ཅིག །གཏོ་ཡས་གླུད་ཀྱི་སྣ་ལ་བསྐྱིལ། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །གདུག་པའི་


CMR041_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་རྒོད་མ་འཕེན་ཞིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གསེར་སྐྱེམས་མཆོད། ཤར་གྱི་རྩང་གཅིག་ཤབ། གཏོ་ཡི་ལམ་བསྟན་ལྷོ་རུ་བསྟན། །གཏོ་ཡི་སྒོ་དབྱེ་ལྷོ་རུ་དབྱེ། །ལྷོ་ཕྱོགས་གཤིན་རྗེ་འཕགས་སྐྱེས་པོ། །ཕྲག་མ་དོག་ལ་རུ་མ་ང་། །ས་བདག་འབྲུག་སྔོན་ང་རྒྱལ་ཅན། །གདུག་པའི་ཕྲག་དོག་མ་བྱེད་ཅིག །གཏོ་ཡས་གླུད་ཀྱི་སྣ་ལ་བསྐྱིལ། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བོདག་དང་ཡོན་བདག་འཁོར་བཅས་ལ། །ང་རྒྱལ་གདུག་པ་མ་སྟོན་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གསེར་སྐྱེམས་མཆོད། ལྷོ་ཡི་ཆུང་གཅིག་ཤབ། གཏོ་ཡི་ལམ་བསྟན་ནུབ་ཏུ་བསྟན། །གླུད་ཀྱི་སྒོ་ཕྱེ་ནུབ་ཏུ་ཕྱེ། །ནུབ་ཕྱོགས་ཀླུ་གདོན་སྤྱན་མི་བཟང་། །ཕྲག་མ་དོག་ལ་རུ་མ་ང་། །ས་བདག་བྱ་དམར་འདོད་ཆགས་ཆེ། །གདུག་པའི་འདོད་ཆགས་དུག་མ་སྦྱོར། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །གཏོ་ཡས་གླུད་ཀྱི་སྣ་ལ་བསྐྱིལ། །བདག་དང་ཡོན་བདག་འཁོར་བཅས་ལ། །འདོད་ཆགས་མེ་ཆེན་མ་སྦར་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གསེར་སྐྱེམས་མཆོད། ནུབ་ཀྱི་རྩང་གཅིག་


CMR041_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཤབ། གཏོ་ཡི་ལམ་བསྟན་བྱང་དུ་བསྟན། །གཏོ་གླུད་སྒོ་དབྱེ་བྱང་དུ་དབྱེ། །བྱང་ཕྱོགས་གནོད་སྦྱིན་རྣམ་ཐོས་སྲས། །ཕྲོག་མ་དོག་ལ་རུ་མ་ང་། །ས་བདག་རུས་སྦལ་གདུག་པ་ཅན། །གདུག་པའི་ཐོག་སེར་མ་འབེབས་ཤིག །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །གཏོ་ཡས་གླུད་ཀྱི་སྣ་ལ་བསྐྱིལ། །བདག་དང་ཡོན་བདག་འཁོར་བཅས་ལ། །གཏི་མུག་ཁྲོས་པའི་ཞེ་མ་ནག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གསེར་སྐྱེམས་མཆོད། བྱང་གི་རྩང་གཅིག་ཤབ། གཏོ་ཡི་ལམ་བསྟན་མཚམས་བཞིར་བསྟན། །གཏོ་གླུད་སྒོ་དབྱེ་མཚམས་བཞིར་དབྱེ། །མཚམས་བཞི་བསྲུང་བའི་དབང་ལྡན་ལྷ། །མེ་སྲིན་རླུང་ལྷ་རྫུ་འཕྲུལ་ཅན། །ས་བདག་རྒྱལ་བློན་འབངས་དང་བཅས། །ཕྲག་མ་དོག་ལ་རུ་མ་ང་། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །གཏོ་ཡས་གླུད་འཕྲང་མ་དགག་ཅིག །བདག་དང་ཡོན་བདག་འཁོར་བཅས་ལ། །ཕྲག་དོག་རུ་ང་མ་མཛད་ཅིག ། གཏོ་ཡི་ལམ་བསྟན་སྟེང་དུ་བསྟན། །གནམ་རིམ་པ་བཅུ་གསུམ་ཡང་རྩེ་ནས། །གནམ་ཁྱི་གངས་རྒྱལ་འོ་དོད་འབོད། །དགུ་ཚིགས་གཞུང་རིང་མདོས་ལམ་བསྟན། །གཏོ་གླུད་


CMR041_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ཡར་གཤེགས་ལ། །གནམ་བདུད་སྡེ་བརྒྱད་ཁ་ཁོག་ཅིག །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །གླུད་མདོས་ལམ་བསྟན་འོག་ཏུ་བསྟན། །རྒྱ་མཚོ་མཐའ་མེད་གཏིང་རུམ་ནས། །ཀླུ་སྲིན་གདུག་པ་འོ་དོད་འབོད། །གཏོ་གླུད་གཉེན་པོ་དེར་གཤེགས་ཤིག །ཀླུ་སྲིན་གདུག་པའི་ཁ་ཁོག་ཅིག །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རི་རབ་གླིང་བཞིའི་ཕ་རོལ་ན། །ལྕགས་རི་ནག་པོའི་ཁྱུད་འཁོར་ན། །གནོད་སྦྱིན་ཀུན་ཏུ་རྒྱལ་བ་བཞུགས། །ཉི་ཟླའི་འོད་ནི་མི་ཤར་ཏེ། །རྟག་ཏུ་མུན་པ་འཐིབ་པ་དེར། །གཏོ་གླུད་ལམ་བསྟན་དེ་རུ་བསྟན། །ལྕགས་གྱི་རྔ་མོང་ལ་བསྐྱོན་ནས། །ལྕགས་རི་ནག་པོའི་མ་མཐར་བསྐྱལ། །སྐད་ཅིག་ཡུད་ཙམ་དེ་རུ་བྱོན། །མི་དང་གླུད་གཉིས་རྗེ་བ་དེར། །སྐུ་གླུད་ཁྱོད་ལ་བཏང་བར་བྱ། །ལྕགས་རི་ནག་པོའི་ཐ་མ་ན། །མུན་ནག་འཐིབས་པའི་གཞལ་ཡས་ན། །སྦལ་པས་རྟ་སྐད་འཚེར་བ་ཡོད། །ལྕོང་མོས་འབྲི་སྐད་ངུར་བ་ཡོད། །སྡིག་པས་གཡག་སྐད་ངར་བ་ཡོད། །སྟག་གི་ངར་སྐད་དེ་ན་ཡོད། །སྦྲུལ་ཆེན་མི་ལྟར་ལངས་པ་ཡོད། །དྲེགས་པ་ཁྲོམ་ལྟར་འཚོགས་པ་


CMR041_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །གཏོ་གླུད་གཉེན་པོ་དེར་གཤེགས་ཤིག །ཆག་ཆེན་ཉམ་ང་ཐམས་ཅད་ཟློག །ལམ་བསྟན་སྒོ་དབྱེ་རྫོགས་སོ།། །། ༈ དེ་ནས་མདོས་ཁ་ཕྱིར་བསྒྱུར་ཏེ། ལམ་བསྟན་ནི། །ཀྱཻ། སྲིད་པའི་ས་བདག་མཐུ་བོ་ཆེ། །འབྱུང་བ་ལྔ་ཡི་ས་བདག་དང་། །མི་ནག་མགོ་གསུམ་འཁོར་བཅས་ཁྱོད། །ཤར་གྱི་ཕྱོགས་སུ་ལམ་བསྟན་ནོ། །ཤར་གྱི་ཕྱོགས་ན་བཞུགས་པ་ཡི། །བདུད་བཙན་ལྷ་འདྲེ་ཐམས་ཅད་ཀྱིས། །ཁྱོད་གར་འགྲོ་སུས་བཏང་ཟེར་བ་ན། །ཁྱོད་ཀྱིས་འདི་སྐད་ལན་ཐོབ་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་གི །སྐུ་གླུད་རིན་ཚབ་ཡིན་ནོ་གྱིས། །ཤར་གྱི་ཕྱོགས་ན་གནས་པ་ཡི། །བདུད་བཙན་ལྷ་འདྲེའི་ཁ་ཁོག་ཅིག །ཤར་ཕྱོགས་བདུད་བཙན་ངོ་ལོངས་ཤིག །ཤར་ཕྱོགས་ལྷ་འདྲེ་བཟློག་ཏུ་གསོལ། །ཀྱཻ། སྲིད་པའི་ས་བདག་མཐུ་བོ་ཆེ། །འབྱུང་བ་ལྔ་ཡི་ས་བདག་དང་། །མི་ནག་མགོ་གསུམ་འཁོར་བཅས་ཁྱོད། །ལྷོ་ཡི་ཕྱོགས་སུ་ལམ་བསྟན་ནོ། །ལྷོ་ཡི་ཕྱོགས་ན་བཞུགས་པ་ཡི། །བདུད་བཙན་ལྷ་འདྲེ་ཐམས་ཅད་ཀྱིས། །ཁྱོད་གར་འགྲོ་སུས་བཏང་ཟེར་བ་ན། །ཁྱོད་ཀྱིས་འདི་སྐད་ལན་ཐོབ་ཅིག །བདག་དང་རྒྱུ་སྦྱོར་ཡོན་


CMR041_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི །ཀླུ་གླུད་རིན་ཚབ་ཡིན་ནོ་གྱིས། །ལྷོ་ཡི་ཕྱོགས་ན་གནས་པ་ཡི། །བདུད་བཙན་ལྷ་འདྲེའི་ཁ་ཁོག་ཅིག །ལྷོ་ཕྱོགས་བདུད་བཙན་ངོ་ལོངས་ཤིག །ལྷོ་ཕྱོགས་དགྲ་འདྲེ་བཟློག་ཏུ་གསོལ། །ཀྱཻ། སྲིད་པའི་ས་བདག་མཐུ་བོ་ཆེ། །འབྱུང་བ་ལྔ་ཡི་ས་བདག་དང་། །མི་ནག་མགོ་གསུམ་འཁོར་བཅས་ཁྱོད། །ནུབ་ཀྱི་ཕྱོགས་སུ་ལམ་བསྟན་ནོ། །ནུབ་ཀྱི་ཕྱོགས་ན་བཞུགས་པ་ཡི། །བདུད་བཙན་ལྷ་འདྲེ་ཐམས་ཅད་ཀྱིས། །ཁྱོད་གར་འགྲོ་སུས་བཏང་ཟེར་བ་ན། །ཁྱོད་ཀྱིས་འདི་སྐད་ལན་ཐོབ་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་གི །སྐུ་གླུད་རིན་ཚབ་ཡིན་ནོ་གྱིས། །ནུབ་གྱི་ཕྱོགས་ན་གནས་པ་ཡི། །བདུད་བཙན་ལྷ་འདྲེའི་ཁ་ཁོག་ཅིག །ནུབ་ཕྱོགས་བདུད་བཙན་ངོ་ལོངས་ཤིག །ནུབ་ཕྱོགས་དགྲ་འདྲེ་བཟློག་ཏུ་གསོལ།། །ཀྱཻ། སྲིད་པའི་ས་བདག་མཐུ་བོ་ཆེ། །འབྱུང་བ་ལྔ་ཡི་ས་བདག་དང་། །མི་ནག་མགོ་གསུམ་འཁོར་བཅས་ཁྱོད། །བྱང་གི་ཕྱོགས་སུ་ལམ་བསྟན་ནོ། །བྱང་གི་ཕྱོགས་ན་བཞུགས་པ་ཡི། །བདུད་བཙན་ལྷ་འདྲེ་ཐམས་ཅད་ཀྱིས། །ཁྱོད་གར་འགྲོ་སུས་བཏང་ཟེར་བ་ན། །ཁྱོད་


CMR041_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདི་སྐད་ལན་ཐོབ་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་གི །སྐུ་གླུད་རིན་ཚབ་ཡིན་ནོ་གྱིས། །བྱང་གི་ཕྱོགས་ན་བཞུགས་པ་ཡི། །བདུད་བཙན་ལྷ་འདྲེའི་ཁ་ཁོག་ཅིག །བྱང་ཕྱོགས་བདུད་བཙན་ངོ་ལོངས་ཤིག །བྱང་ཕྱོགས་དགྲ་འདྲེ་བཟློག་ཏུ་གསོལ། །ཀྱཻ། སྲིད་པའི་ས་བདག་མཐུ་བོ་ཆེ། །འབྱུང་བ་ལྔ་ཡི་ས་བདག་དང་། །མི་ནག་མགོ་གསུམ་འཁོར་བཅས་ཀྱིས། །ལུང་གསུམ་མདོ་ན་ལམ་བསྟན་ནོ། །ཁྱོད་འདི་ནས་ལུང་གསུམ་མདོ་ན་སོང་། །ལུང་གསུམ་མདོ་ཡི་མར་མདའ་ན། །མ་བདུད་རྒྱལ་མོ་བྱ་བ་ཡོད། །ཁྱོད་སུ་ཡིན་གར་འགྲོ་ཟེར་བ་ན། །ཁྱོད་ཀྱིས་འདི་སྐད་ལན་ཐོབ་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་གི །སྐུ་གླུད་རིན་ཚབ་ཡིན་ནོ་གྱིས། །མ་བདུད་སྲིན་མོ་ཁ་ཁོག་ཅིག །འདྲེ་སྲིན་བྱུར་གསུམ་ངོ་ལོངས་ཤིག །དགྲ་འདྲེ་ཐམས་ཅད་ཐུར་དུ་སྒྱུར། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི །ལྷ་འདྲེས་རྒྱུག་འདུར་བྱེད་པ་ལ། །ཤག་ཐོབ་ངོ་ལོང་ཁ་ཁོག་ཅིག །གནོད་བྱེད་འབྱུང་པོ་ཁ་ཁོག་ཅིག །ལྷ་འདྲེ་ཡོངས་ཀྱི་ངོ་ལོངས་ཤིག །དགྲ་བོ་སོད་ལ་བགེགས་དཔུང་ཐུལ། །འཚེར་རྩུབ་སྒྱུར་ལ་སྐག་ངན་


CMR041_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །ཚེ་དུས་ཆོད་ལ་བརྒྱ་བཞི་སྤུང་། །བྱད་ཁ་ཟློག་ལ་ཡམས་ཁ་སྒྱུར། །རིམས་ནད་ཚད་གཟེར་ཐམས་ཅད་ཟློག །ཡེལ་ཟོར་དགྲ་བགེགས་སྟེང་དུ་ཟློག །མི་མཐུན་ལོ་ཟླ་ཞག་དུས་སྐག །བསམ་ངན་སྦྱོར་བ་ངན་པ་དང་། །བན་བྱེད་བོན་བྱད་དམོད་བྱད་དང་། །རྐུ་ཤོར་ཇག་ཤོམ་མཚོན་སྡང་དང་། །མི་མཐུན་མི་རུང་ཐམས་ཅད་ཀུན། །སྡང་བྱེད་དགྲ་ཡི་སྟེང་དུ་བྷྱོ༔ །གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ༔ །ཁ་འཇམ་སྙིང་ངན་སྟེང་དུ་བྷྱོ༔ །ས་མཱ་ཡ་བྷྱོབྷྱོཿ ཟློག་ཟློག ༈ །ཀྱཻ། མི་ལ་ནད་ལང་མདོས་ལ་སྤྲོས། །མི་ལ་འཁོན་ལང་མདོས་ལ་སྤོས། །མི་ལ་གྲིབ་ལང་མདོས་ལ་སྤོས། །མི་ལ་བྱུར་ལང་མདོས་ལ་སྤོས། །མི་ལ་འདྲེ་ལོང་མདོས་ལ་སྤོས། །མི་ལ་གྱོད་ལང་མདོས་ལ་སྤོས། །མི་ལ་དབུལ་ལང་མདོས་ལ་སྤོས། །མི་ལ་སྡིག་ལང་མདོས་ལ་སྤྲོས། །ཕྱུགས་ལ་གོད་ཁ་མདོས་ལ་སྤོས། །རྟ་ལ་ནད་ལང་མདོས་ལ་སྤོས། །ལུག་ལ་ཊྛནད་ལང་མདོས་ལ་སྤོས། །མོ་ལ་བཙོག་ལང་མདོས་ལ་སྤོས། །ཆུང་ལ་སྲི་ལང་མདོས་ལ་སྤོས། །དེ་རིང་མདོས་ལ་མི་སྤོ་རྒྱུ། །མདོས་བཅའ་དེ་ནི་ཡས་སུ་བཅའ། །མདོས་


CMR041_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་དེ་ནི་རྒྱན་དུ་བཅའ། །འདི་མ་བཏོན་ཀྱང་རང་གཞན་གྱི་རྐྱེན་ངན་ཐམས་ཅད་མདོས་ལ་བསྟིམ། ༈ དེ་ནས་མདོས་ལ་དབང་བསྐུར་བ་ནི། །ཀྱཻ། དེ་རིང་སྲིད་པའི་གཏོ་གང་ལ། །།འབྱུང་བ་ལྔ་ཡི་མདོས་ཆེན་འདི། །མཐོ་བ་གནམ་ལ་དཔེ་བླངས་ནས། །དབང་པོ་རྣམ་ལྔ་མདོས་ལ་ཚང་། །མཐོ་བའི་མགོ་ལ་གླུད་འཇལ་ལོ། །བདེ་གཤེགས་རིགས་ལྔས་གཙོར་བྱས་པའི། །སངས་རྒྱས་ཤཱཀྱ་ཐུབ་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །མདོས་ཆེན་འདི་ལ་དབང་བསྐུར་རོ། །ཞི་བ་གསང་འདུས་འཇམ་དབྱངས་དང་། །བྱམས་པ་མི་ཕམ་སྤྱན་རས་གཟིགས། །མཐུ་སྟོབས་ཕྱག་ན་རྡོ་རྗེ་ཡིས། །མདོས་ཆེན་འདི་ལ་དབང་བསྐུར་རོ། །མདོས་སྣ་ཚུར་ལ་མ་འགྱུར་ཅིག །ལྷ་ཆེན་བརྒྱད་ཀྱིས་དཔང་པོ་མཛོད། །བར་སྣང་ཁམས་ན་གནས་པ་ཡི། །ཚངས་པ་ལ་སོགས་ལྷ་ཆེན་བརྒྱད། །སྤྱན་མིག་གཡས་དང་གཡོན་གཉིས་ལ། །ཉི་ཟླ་གཉིས་ཀྱིས་དབང་བསྐུར་རོ། །དཔྲལ་བར་སྤྲིན་དང་འཇའ་ཚོན་བཞིན། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །ཡེ་ཤེས་དྲུག་


CMR041_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བདེན་མདོས་འདི། །མདོས་སྣ་ཚུར་ལ་མི་འགྱུར་བའི། །དྲག་པོ་སྔགས་ཀྱིས་དབང་བསྐུར་རོ། །སྔོན་སྲིད་པའི་བདག་པོ་འདི་ཀུན་གྱིས། །ཡུངས་ཀར་རྒྱལ་པོ་འདི་དག་ཀྱང་། །དྲག་པོའི་མདོས་ལ་དབང་བསྐུར་རོ། །མདོས་སྣ་ཚུར་ལ་མི་འགྱུར་བའི། །ཅིས་ཀྱང་མི་ཚུགས་དབང་བསྐུར་རོ། །མདོས་སྣ་ཚུར་ལ་མ་ལོག་ཅིག །ཁྲོ་ཆེན་རྣམས་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་འགྱུར་ཅིག །དཔའ་བོ་གོ་ཁྲབ་ཅན་དང་འཕྲད་དང་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་འགྱུར་ཅིག །བན་ཆེན་བོན་ཆེན་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་འགྱུར་ཅིག །སྔགས་པ་ནུས་ཅན་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་འགྱུར་ཅིག །དཔའ་བོའི་ཚོགས་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་འགྱུར་ཅིག །དཔའ་མོའི་ཚོགས་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་འགྱུར་ཅིག །ཆོས་སྐྱོང་ཚོགས་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་འགྱུར་ཅིག །མདོས་སྣ་སྡང་བའི་དགྲ་ལ་སྟོན། །ཁར་སང་ཁར་གྱི་ཉི་མ་ལ། །ཐན་དང་ལྟས་ངན་ལང་བ་དང་། །སྤར་ཁའི་བདུན་ཟུར་ཐུག་པ་དང་། །མོ་ངན་


CMR041_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་ལང་བ་དང་། །རྨི་ལམ་ངན་པའི་བརྡའ་ཐན་དང་། །མི་རུང་མི་མཐུན་ཐམས་ཅད་ཀུན། །མདོས་ཆེན་འདི་ཡི་སྣ་ལ་སོང་། །འཇམ་དཔལ་བཀའ་ལ་མ་འདའ་བར། །གཏོ་མཁན་བདེན་ཚིག་ཆུད་མ་ཟ། །ཡོན་བདག་རྒྱུ་རྐྱེན་ཆུད་མ་ཟ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ངེས་དོན་ལམ་བསྟན་གྲུབ་ནས་འདི་སྐད་དོ།། །ཀྱཻ། བྱང་གཡག་བཀལ་བ་མདོས་ཀྱི་ཁལ། །རུ་ཆེན་གཡས་ལ་ཕོ་མདོས་བཀལ། །རུ་ཆེན་གཡོན་ལ་མོ་མདོས་བཀལ། །སྤྱི་བོའི་གཙུག་ཏུ་ལྷ་མདོས་བཀལ། །སྤྱན་མིག་གཡས་ལ་གཟའ་མདོས་བཀལ། །ལྟག་གི་འགྱིང་ལ་སྟག་མདོས་བཀལ། །གཟུགས་སོགས་གོང་ལ་སྤྱི་མདོས་བཀལ། །བྱང་གཡག་བཀལ་པ་སྟོབས་རེ་ཆེ། །རིན་ཆེན་མདོས་ཀྱི་ཁལ་བཀལ་བས། །སྔགས་འཆང་དངོས་གྲུབ་ཐོབ་པར་ཤོག །ཡོན་བདག་ཚེ་སྲོག་བརྟན་པར་ཤོག །ལོང་བས་མ་མཐོང་མ་ཟེར་ཅིག །ཞ་བོའི་མ་ཕྱིན་མ་ཟེར་ཅིག །ལྐུགས་པས་མ་གོ་མ་ཟེར་ཅིག །འོན་པས་མ་གོ་མ་ཟེར་ཅིག །ཧཱུྃ། སྟོང་གསུམ་མི་རྟག་འཁོར་བའི་རྒྱུ། །ནམ་མཁའ་སྟོང་པ་མི་འགྱུར་བའི། །འབྱུང་བ་རྣམ་ལྔ་མི་རྟག་སྐད་ཅིག་མ། །


CMR041_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་ཡེ་ནས་མི་འགྱུར་ཏེ། །འབྱུང་བའི་ལུས་པོ་མི་རྟག་སྐད་ཅིག་མ། །ཆོས་ཉིད་ཡེ་ནས་མི་འགྱུར་ཏེ། །ཚིག་དང་ཡི་གེ་མི་རྟག་སྐད་ཅིག་མ། །བྱ་བ་ཚེ་འདི་ལ་རྟག་ཅིང་གནས་པ་གང་ཡང་མེད། །དེ་བས་མདོས་འདི་མི་རྟག་སྒྱུ་མ་ཡིན། །ཞིག་རལ་ཆག་གྲུག་བྱུང་ཡང་ཕྲག་དོག་མེད། །སྒོ་ཐེམ་སྐྱ་མོ་བརྒལ་བ་ཕྱིན་ཆད་ནས། །འདིར་བཞག་ཟེར་བའི་ས་མཚམས་མེད། །དབུགས་དང་རླུང་གཉིས་དབྱེར་མེད་པས། །རླུང་གིས་བཤིགས་ཀྱང་ཕྲག་དོག་མེད། །ཁྲག་དང་ཆུ་གཉིས་དབྱེར་མེད་པས། །ཆུ་སཡིས་བཤིགས་ཀྱང་ཕྲག་དོག་མེད། །དྲོད་དང་མེ་གཉིས་དབྱེར་མེད་པས། །མེ་ཡིས་བཤིགས་ཀྱང་ཕྲག་དོག་མེད། །སྐྲ་དང་ཤིང་གཉིས་དབྱེར་མེད་པས། །རྩི་ཤིང་བཤིགས་ཀྱང་ཕྲག་དོག་མེད། །རུས་པ་རྡོ་གཉིས་དབྱེར་མེད་པས། །རྡོ་ཡིས་བཤིགས་ཀྱང་ཕྲག་དོག་མེད། །བྱ་གཅན་ཁྱི་ཕག་ཐམས་ཅད་ཀུན། །ཕྲ་མེན་ལན་ཆགས་མགྲོན་ཡིན་པས། །གང་གིས་བཤིགས་ཀྱང་ཕྲག་དོག་མེད། །འབྱུང་བ་རང་ས་རང་གནས་ཐིམ། །མི་དང་བྱོལ་སོང་སུས་བཤིགས་ཀྱང་། །མི་རྟག་པ་ཡི་སྒྱུ་མ་ཡིན། །སུ་ཡིས་


CMR041_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བཤིགས་ཀྱང་ཕྲག་དོག་མེད། །སྒོ་ཐེམ་བརྒལ་བ་ཕྱིན་ཆད་ནས། །ཞིག་རལ་བྱུང་ཡང་གྲུབ་གནས་ཡིན། །ཐམས་ཅད་མི་རྟག་སྒྱུ་མ་ཡིན། །ཨཿཨཿཨཿ མངྒ་ལཾ།། ༈ གཏོ་ནག་མཚན་མའི་དགྲ་ཟོར་བཞུགས་སོ།། ཧཱུྃ། བཅོམ་ལྡན་འཕགས་པ་འཇམ་དཔལ་གྱིས། །གཏོ་དཔྱད་འདི་ཡི་མཐུ་དཔུང་མཛོད། །འཇམ་དཔལ་སྤྲུལ་པ་འབྱུང་བ་ཆེ། །མ་ཧཱ་རུས་སྦལ་སེར་པོ་ཡིན། །གཏོ་དཔྱད་འདི་ཡི་དཔུང་ཕུལ་མཛོད། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིས། །གཏོ་དཔྱད་འདི་ཡི་དཔུང་ཕུལ་མཛོད། །མཚེ་མ་དགའ་ལྡན་ལྷ་རྣམས་ཀྱིས། །གཏོ་དཔྱད་འདི་ཡི་དཔུང་ཕུལ་མཛོད། །རིག་འཛིན་བརྒྱུད་པའི་ལྷ་བསྲུང་གིས། །གཏོ་དཔྱད་འདི་ཡི་ཕྲིན་ལས་མཛོད། །ལྷ་ཀླུ་གཟའ་དང་གནོད་སྦྱིན་ཚོགས། །རྒྱལ་ཆེན་བཞི་དང་རྒྱུ་སྐར་ཚོགས། །གཏོ་དཔྱད་འདི་ཡི་ཕྲིན་ལས་མཛོད། །ཕྱོགས་སྐྱོང་བཅུ་དང་དཔལ་མགོན་ཚོགས། །གླུད་མདོས་མཆོད་པ་འདི་བཞེས་ལ། །ཟློག་སྒྱུར་བྱེད་པའི་ཕྲིན་ལས་མཛོད། །ཕུ་རི་ཕུ་བདག་རི་རྒྱུད་བྲག་གི་བདག །མདའ་རི་མདའ་གཉན་མ་སྤང་མཚོ་ཡི་ཀླུ། །གངས་རི་གངས་རྒྱུད་གངས་སྨན་ཀ་རའི་གཉན། །སྲིབ་རི་


CMR041_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྲིབ་བཙན་གཡའ་རི་ནགས་ཀྱི་སྨན། །གཡན་ཁམས་སུམ་ཅུ་ཀླུ་དང་ཁམས་ཀྱི་བདག །ལྷ་སྲིན་སྡེ་བརྒྱད་ཤ་ཁྲག་དམར་གྱི་བདག །བགེགས་རིགས་སྟོང་ཕྲག་ལན་ཆགས་གླུད་ལ་དབང་། །ཐམས་ཅད་འབྱུང་བའི་གཏོ་ནག་འདི་ཡིས་སྒྱུར། །བསྟན་པ་གཉན་གྱི་སྤྱི་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་དང་། །སྦྱོར་བ་ངན་དང་མཚན་མ་རྩུབ། །མོ་ངན་རྨི་ལམ་ངན་པ་དང་། །སྔ་དགྲ་ལག་གིས་བྱེད་པ་དང་། །ཕྱི་དགྲ་ཡིད་ལ་སེམས་པ་དང་། །ཁ་ངན་ཚིག་རྩུབ་བརྗོད་པ་དང་། །དཀོན་མཆོག་བདེན་པའི་བཀའ་བཅག་རྣམས། །སྲིད་པའི་གཏོ་ནག་འདི་ཡིས་ནོན། །གཏོ་ནག་མཚན་མའི་དགྲ་ཟོར་འདི། །རི་ལ་བརྒྱབ་ན་རི་ཡང་ཉིལ། །མཚོ་ལ་བརྒྱབ་ན་མཚོ་ཡང་སྐེམ། །བྲག་ལ་བརྒྱབ་ན་བྲག་ཀྱང་བཤིག །ཆུ་ལ་བརྒྱབ་ན་ཆུ་ཡང་འཆད། །ཤིང་ལ་བརྒྱབ་ན་ཤིང་ཡང་ཆག །ལྕགས་ལ་བརྒྱབ་ན་ལྕགས་ཀྱང་ཞུ། །གདོན་དང་འཕྲད་ན་རླག་པར་བྱེད། །གཏོ་འདི་དགྲ་འདྲེའི་སྟེང་དུ་བྷྱོ༔ །གཏོ་ནག་མཚན་མའི་དགྲ་ཟོར་འདི། །ཡོན་བདག་སྐུ་གླུད་བརྗེ་བའི་གཏོ། །བན་དང་འཕྲད་ན་བན་དང་བརྗེས། །


CMR041_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བོན་དང་འཕྲད་ན་བོན་དང་བརྗེས། །ཕོ་དང་འཕྲད་ན་ཕོ་དང་བརྗེས། །མོ་དང་འཕྲད་ན་མོ་དང་བརྗེས། །ན་མཉམ་ཚེ་མཉམ་དེ་དང་བརྗེས། །མིང་འདྲ་ལོ་འདྲ་དེ་དང་བརྗེས། །གཟུགས་འདྲ་མཁན་འདྲ་དེ་དང་བརྗེས། །དྲང་སྲོང་བདེན་པའི་གཏོ་ནག་འདིས། །ཕ་ཚན་རྒྱབ་འདྲེ་ཐམས་ཅད་ཟློག །མ་ཚན་ཕུ་ནུའི་བྱོལ་ཁ་ཟློག །མཚན་མ་བྱུར་སྐག་ཐམས་ཅད་ཟློག །ཐན་ལྟས་རྨི་ལམ་ངན་པ་རྣམས། །སྡང་བའི་དགྲ་ཡི་སྟེང་དུ་བྷྱོ༔ །གོང་གི་རྗེ་དང་དཔོན་ལ་བྱོཝ། །རང་སྐག་བདུན་ཟུར་ཐམས་ཅད་ཀྱང་། །ན་མཉམ་ཚེ་མཉམ་སྟེང་དུ་བྷྱོ༔ །ཤ་ཡི་སྐག་རྣམས་ས་ལ་སོང་། །ཁྲག་གི་སྐག་རྣམས་ཆུ་ལ་སོང་། །དྲོད་ཀྱི་སྐག་རྣམས་མེ་ལ་སོང་། །རུས་པའི་སྐག་རྣམས་རྡོ་ལ་སོང་། །བ་སྤུའི་སྐག་རྣམས་རྩ་ལ་སོང་། །རྩ་རྒྱུས་སྐག་རྣམས་ཤིང་ལ་སོང་། །སེམས་ཀྱི་སྐག་རྣམས་མཁའ་ལ་སོང་། །གཟུགས་ཀྱི་སྐག་རྣམས་རོ་ལ་སོང་། །ཀྱཻ། སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན། །མཉམ་གཉིས་བརྗེ་བའི་གླུད་དུ་འབུལ། །ཕོ་མོ་བན་བོན་རྗེ་དང་བྲན། །རྨིག་ཆགས་སྡེར་ཆགས་དུད་འགྲོའི་ཚོགས། །སུ་དང་འཕྲད་པ་དེ་དང་བརྗེ། །


CMR041_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ལྷ་འདྲེ་བདུད་བཙན་རྣམས། །གཏོ་ནག་ཡས་སྟགས་འདི་ཡིས་སྒྱུར། །ཆོ་འཕྲུལ་སྣ་ཚོགས་འདི་ཡིས་ཤིགས། །ཁྲམ་ཁ་མི་ཁ་ཟོར་ཁ་ཟློག །བདག་དང་ཡོན་གྱི་བདག་པོ་ཡི། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྦྱར། །ཐན་ལྟས་ལ་ཉེ་ངན་པ་སྦྱར། །བྱུར་དང་གོད་ཁ་ཁ་འགོང་རྣམས། །ཐམས་ཅད་ཟློག་པའི་དུས་ལ་བབ། །ས་མ་ཡཱ་བྷྱོ་བྷྱོཟློག་ཟློག །ཅེས་གཏོ་ནག་མཚན་མ་དགྲ་ཟོར་འཕེན་པ་རྫོགས་སོ།། །།དེ་ནས་ཕྱོགས་གཙང་སར་ཁྱེར་ལ་ཕྱག་ལེན་ལྟར་ཕུལ། དེ་ནས་མདོས་གདན་སོགས་གཏོར་སྣོད་སྒྲུབ་ལ། རྟ་བྲོ་ཡི་དམ་གང་རུང་ལྟར་བརྡུང་། སྔགས་པས་སྟེང་ནས་མནན་ལ་ཕྱི་མིག་མི་ལྟ་བར་ལོག །ནང་དུ་ཕྱིན་ནས་བཀྲ་ཤིས་སོགས་སྤྱི་ལྟར་བྱ། ཞེས་པའི་འགྲིག་ཆགས་སྔགས་འཆང་༧ རཱ་ག་ཨ་སྱས་བསྒྲིགས་པ་འདི་མགོ་གསུམ་འབྲིང་པོའི་ལུགས་ཡིན་ཞིང་མ་ཚང་བ་མེད་པས། ཕྱིན་ཆད་དཔེ་གང་རྙེད་ཀྱང་མ་བསྣན། བསྡུས་པ་འདོད་ན་གནམ་ཆོས་ལུགས་སོ། །འདི་ཡི་དབང་ལུང་གི་རྒྱུན་སྔར་ནས་མི་འདུག་ཀྱང་། གནམ་ཆོས་ལས་བྱུང་བའི་དབང་ལུང་ཐོབ་ན་འདིའི་གོ་ཆོད། །འདི་བསྒྲིག་པའི་ཡི་གེ་པ་ནི་བསྐུལ་བ་པོ་སྔགས་འཆང་ཨོ་རྒྱན་བཀྲ་ཤིས་རང་གིས་བྲིས། འདི་བྲིས་ཉེས་འགལ་གང་མཆིས་འཇམ་དཔལ་དང་ཧ་ས་གརྦྷ་ཉིད་ལ་


CMR041_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ཤིང་། དགེ་བས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་རྐང་གཉིས་ཀྱི་མི་རྣམས་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousནག་པོ་མགོ་གསུམ་འབུལ་ཁའི་འདོན་འགྲིགས་ཤིན་ཏུ་ཟབ་པ་སྲས་ལུགས་སུ་བཀོད་པ།next