Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
༼ཀ༽ །མི་ནག་མགོ་གསུམ་གྱིས་དང་པོ་ཡར་ཞུས་པའི་དོན།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༼ཀ༽ །མི་ནག་མགོ་གསུམ་གྱིས་དང་པོ་ཡར་ཞུས་པའི་དོན།next

༼ཀ༽ །མི་ནག་མགོ་གསུམ་གྱིས་དང་པོ་ཡར་ཞུས་པའི་དོན།


CMR041_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀ༽ །མི་ནག་མགོ་གསུམ་གྱིས་དང་པོ་ཡར་ཞུས་པའི་དོན་བཞུགས་སོ།། ཡར་ཞུས་དང་པོའོ། །ཀྱཻ། སྔགས་འཆང་བདག་པོའི་ཞལ་ན་རེ། །ཀོང་ཙེ་འཕྲུལ་རྒྱལ་ཕྱིར་གསོན་དང་། །དེ་རིང་དགོས་དོན་ཞུ་བ་ཚིག་གསུམ་བྱེད། །དེ་རིང་གཏོ་བཟློག་གོང་འདི་རུ། །འཕགས་པ་འཇམ་དཔལ་བཀའ་སྩལ་པ། །མི་ནག་མགོ་གསུམ་མདོས་བཅས་ནས། །སྲུང་ཟློག་བསད་གསུམ་ལས་བྱས་པས། །མགོ་བོ་གསུམ་པའི་ཆོ་འབྲང་ལ། །འདི་སུ་དང་སུ་ཡི་རིགས་ལ་ཆད། །ཕ་དང་མེས་པོ་གང་འདྲ་ཡིན། །ལྷ་ཀླུ་གཟའ་དང་གང་ལ་ཆད། །ངེས་པར་བདག་ལ་བཀའ་སྩོལ་ཅིག །ཡར་ཞུས་གཉིས་པ། །ཀྱཻ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་སྙན་གསོན་དང་། །ཐུགས་ཀྱིས་དགོངས་ལ་སྤྱན་གྱིས་གཟིགས། །མི་ནག་མགོ་གསུམ་འདི་ཀུན་གྱིས། །སྐུ་མདོག་སྨུག་ལ་ནག་པ་ཅི་ཡི་དོན། །།ལག་པ་བྱ་སྡེར་འདུག་པ་ཅི་ཡི་དོན། །གླང་སྟག་ཕག་ཞལ་ཡོད་པ་ཅི་ཡི་དོན། །ཕྱག་དྲུག་དང་པོ་ཁྲམ་ཤིང་ཅི་ཡི་དོན། །བར་མ་ཐལ་མོ་བརྡབ་པ་ཅི་ཡི་དོན། །འོག་མ་ཕྱག་རྒྱ་གླུད་ལེན་ཅི་ཡི་དོན། །མཚན་མ་སྦལ་མགོར་འདུག་པ་ཅི་ཡི་


CMR041_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །མཇུག་མ་སྦྲུལ་དུ་འདུག་པ་ཅི་ཡི་དོན། །བ་སྤུ་ཁབས་སུ་འདུག་པ་ཅི་ཡི་དོན། །ངེས་པར་བདག་ལ་བཀའ་སྩོལ་ཅིག །ཡེར་ཞུས་གསུམ་པ། །ཀྱཻ། ཀོང་ཙེ་རྒྱལ་པོ་བདག་ལ་གསོན། །མི་ནག་མགོ་གསུམ་མཐུ་ཆེན་ལ། །སྤར་ཁ་བརྒྱད་ཀྱི་བསྐོར་བ་ཅི་ཡི་དོན། །སྨེ་བ་ལོ་སྐོར་བསྐོར་བ་ཅི་ཡི་དོན། །མི་དམར་ཤང་ཤང་སྔོན་དུ་འགྲོ་བ་ཅི་ཡི་དོན། །མ་མོ་རྔ་ཞོན་རྒྱབ་ནས་འདེད་པ་ཅི་ཡི་དོན། །བལ་མོ་ཆུ་སྲིན་མགོ་ཅན་གྱིས། གཏོར་ཟོར་ཐོད་ཟོར་བསྣམས་པ་ཅི་ཡི་དོན། །ཤང་ཤང་བྲ་མཆུ་ལས་མཁན་ཅི་ཡི་དོན། །མགོ་གསུམ་སྤྲུལ་པ་བརྒྱད་ཀྱིས་བསྐོར་བ་ཅི་ཡི་དོན། །ཡ་ཐན་མ་ཐན་བར་ཐན་གསུམ། །ཐན་རིགས་དགུ་ཡིས་བསྐོར་བ་ཅི་ཡི་དོན། །གླང་ཆེན་རོལ་དུ་ཁྲིད་པ་ཅི་ཡི་དོན། །ངར་མི་ཚངས་བུའི་བསྐོར་བ་ཅི་ཡི་དོན། །ངེས་པར་བདག་ལ་བཀའ་སྩོལ་ཅིག །ཡར་ཞུས་བཞི་པ། །ཀྱཻ། ཀོང་ཙེ་གཏོ་མཁན་ཕྱིར་གསོན་དང་། །མི་ནག་མགོ་གསུམ་འཁོར་བཅས་ལ། །ཤ་ཁྲག་གཏོར་མས་བསྐོར་བ་ཅི་ཡི་དོན། །བྷ་ལིང་གཏོར་མས་བསྐོར་བ་ཅི་ཡི་དོན། །མདའ་བཀྲ་བཅུ་གསུམ་བསྐོར་བ་ཅི་ཡི་དོན། །འཕང་


CMR041_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་བཅུ་གསུམ་བསྐོར་བ་ཅི་ཡི་དོན། །རྒྱང་བུ་བཅུ་གསུམ་བསྐོར་བ་ཅི་ཡི་དོན། །ཤུག་ཏི་བཅུ་གསུམ་བསྐོར་བ་ཅི་ཡི་དོན། །ཕོ་ཐོང་མོ་ཐོང་བཙུགས་པ་ཅི་ཡི་དོན། །ནམ་མཁའ་བཅུ་གསུམ་བཙུགས་པ་ཅི་ཡི་དོན། །ཅུང་དམར་ཉེར་གཅིག་བཙུགས་པ་ཅི་ཡི་དོན། །དགྲ་འདྲེ་ལིངྒ་ཞལ་དུ་བསྟབ་པ་ཅི་ཡི་དོན། །མི་གླུད་ཆས་ལྡན་རྟ་ནོར་ར་ལུག་གི །གླུད་ཡས་སྣ་ཚོགས་མདོས་སྔོན་དུ། །བཤམས་པ་ཅི་དོན་ངེས་པར་བཀའ་སྩོལ་ཅིག །ཡར་ཞུས་ལྔ་པའོ། །ཀྱཻ། ཀོང་ཙེ་ཡེ་མཁྱེན་བདག་ལ་གསོན། །ད་རུང་ཊཾ་དགོས་དོན་ཞུ་བ་འདི་ལྟར་ལགས། །མི་ནག་མགོ་གསུམ་འཁོར་བཅས་ཀྱིས། །ཡིན་ལུགས་བདེན་ཚིག་བཤད་ལགས་ཀྱང་། །ད་རུང་རྫོངས་འདེབས་མདོས་འདི་མི་བསྔོ་ན། །ངས་ཀྱང་ཅི་བྱེད་ཆ་ཡང་མེད། །བཟློག་བསྒྱུར་སྒྲུང་གི་མི་བརྗོད་ན། །ཅི་ཡི་ཅི་བཟློག་ངས་མི་ཤེས། །ཡས་ཀྱི་གོ་རིམ་མ་ཕྱེས་ན། །གང་གི་གང་འགྱེད་ཆ་ཡང་མེད། །སྐག།ས་ཁྲམ་ཁ་མ་བཟློག་ན། །ཅི་ཡི་ཅི་བཟློག་ངས་མི་ཤེས། །བདུད་བཙན་ལྷ་འདྲེའི་དལ་ཁ་མ་བཟློག་ན། །ལྷ་འདྲེའི་དལ་ཁ་ཡམས་ཁོ་སུ་ཡིས་བཟློག །ལྷ་འདྲེའི་ཟ་ཁ་མ་


CMR041_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ན། །ལྷ་འདྲེའི་ཟ་ཁ་ཅི་ཡི་བཙང་། །མདོས་ལམ་ཡས་ལམ་མ་བསྟན་ན། །མདོས་འགྲོ་ཡས་འགྲོ་གང་དུ་འགྲོ། །མདོས་རྫོངས་ཡས་རྫོངས་མ་བྱས་ན། །མདོས་ལ་རྫོངས་ཤིག་སུ་ཡིས་བཏབ། །ངར་མི་ཡས་བསྔོ་མ་བྱས་ན། །གླུད་བསྔོ་ཡས་བསྔོ་སུ་ཡིས་བྱེད། །མདོས་ལ་རྫོངས་ཤིག་མ་བཏབ་ན། །གང་འགྲོ་གང་ཁྱེར་ཆ་ཡང་མེད། །དེ་ནས་མདོས་ལ་རྫོངས་ཡས་ཐོབ། །དེ་བས་མདོས་ལ་ལམ་ཞིག་སྟོན། །དེ་བས་མདོས་ཀྱི་ཟ་ཁ་བསྟན་དུ་གསོལ། །མདོས་སྒྲུབ་སྔགས་དང་ཟོར་གྱིས་ཆོད། །ད་ནི་མི་འདུག་ད་ནི་འགྲོ། །དགྲ་བགེགས་སྟེང་དུ་དམག་ལ་ཆས། །ཡེ་མཁྱེན་དེ་ལྟར་ཞུ་བ་ལགས། །སྤྱིར་བོད་ཁམས་བཀྲ་ཤིས་བདེ་ལེགས་ཤོག །འདིར་ཚོགས་ཡོན་མཆོད་བཀྲ་ཤིས་ཤོག །མདོས་སྒབ་ཡང་ནི་བདེ་ལེགས་ཤོག །སྨོན་ལམ་ཐམས་ཅད་བསྟན་པར་ཤོག །རྒྱ་ནག་རི་བོ་རྩེ་ལྔ་ནས། འཕགས་པ་འཇམ་དཔལ་གྱིས། །ཀོང་ཙེ་འཕྲུལ་རྒྱལ་ལ་གསུངས། །དེས་ཝང་སྟེ་འཕྲུལ་རྒྱལ་ལ་གསུངས། དེས་རྒྱ་བཟའ་ཨོང་ཆུང་ལ་གསུངས་ཤིང་དར་བར་མཛད་པའོ། །སརྦ་མངྒ་ལཾ། །


previous༼ཀ༽ །མི་ནག་མགོ་གསུམ་གྱིས་དང་པོ་ཡར་ཞུས་པའི་དོན།next