Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
༼ཁ༽ །དང་པོ་གུར་ཁང་བསྒོམ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༼ཁ༽ །དང་པོ་གུར་ཁང་བསྒོམ།next

༼ཁ༽ །དང་པོ་གུར་ཁང་བསྒོམ།


CMR041_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

༼ཁ༽ །དང་པོ་གུར་ཁང་བསྒོམ། བདག་ལྷར་གསལ་གདབ་གཟི་བརྗིད་བསྐྱེད་ལ་འདི་སྐད་བརྗོད། བཀའ་ལན་གཅིག་པའོ། །ཀྱཻ། མི་ནག་མགོ་གསུམ་ཚུར་ཉོན་དང་། །ཀོང་ཙེ་ཀུན་མཁྱེན་བཀའ་ན་རེ། །ང་ནི་སྔགས་འཆང་བདག་ཉིད་ཀྱིས། །བདེན་པའི་བཀའ་བཤད་གོ་རིམ་འབྱེད། །དེ་རིང་མདོས་བཟློག་གནས་འདི་རུ། །མི་ནག་མགོ་གསུམ་དཔོན་གཡོག་ནི། །འདིར་འཚོགས་ཀུན་གྱི་མེས་པོ་དེ། །རྒྱལ་པོ་འཕགས་པ་ཁྲི་རྗེ་ཡིན། །ཡང་མེས་པོ་ལྷ་མོ་བརྟན་མ་ཡིན། །མེས་པོ་ཧ་ས་གརྒྷ་ཡིན། །ཕྱི་མོ་རུ་སྦལ་རྒྱ་བོ་ཡིན། །ཕ་དེ་ཁེན་པ་རྒན་པོ་ཡིན། །མ་དེ་ཁོན་མ་རྒན་མོ་ཡིན། །སྐག་ཟླ་ཡབ་སྲས་བཅུ་དྲུག་ཡིན། །བློན་པོ་ཁྱབ་འཇུག་ཆེན་པོ་ཡིན། །གོང་ནོན་མི་དཀར་མགོ་གསུམ་ཡིན། །བསད་མཁན་མི་དམར་མགོ་གསུམ་ཡིན། །གཟའ་བདུད་ས་བདག་ཀླུ་ཡི་བུ། །དེ་ལྟར་ཁྱོད་ཀྱི་ཤེས་པར་གྱིས། །ཕྱིར་གསུང་གཉིས་པ། །ཀྱཻ། མདོས་གླུད་བདག་པོ་ཚུར་ཉོན་དང་། །མིག་གི་དབང་པོས་མཐོང་བར་ལྟོས། །རྣ་བའི་དབང་པོས་ཉན་པར་གྱིས། །ཡིད་ཀྱི་དབང་པོས་དྲན་པར་གྱིས། །ཟློག་བྱེད་མི་ནག་མགོ་གསུམ་ནི། །སྐུ་


CMR041_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྨུག་ནག་འདུག་པ་ནི། །དུག་ལྔ་རྩོད་ནས་གཅོད་པ་ཡིན། །ཞལ་གསུམ་ཕྱག་དྲུག་བདེན་པ་ནི། །རྒྱུ་དྲུག་རྩད་ནས་གཅོད་པའི་རྟགས། །གཡས་སྟག་ཞལ་དམར་པོ་ཁྲོས་པ་ནི། །གཟའ་སྤེན་པ་ལྷུམས་སུ་ཞུགས་པའི་བུ། །དབུས་གླང་ཞལ་སེར་ནག་ཁྲོས་པ་ནི། །ཕུར་བུ་ལྷུམས་སུ་ཞུགས་པའི་བུ། །གཡོན་ཕག་ཞལ་ནག་པོ་རྔམས་པ་ནི། །ཟླ་བ་ལྷུམས་སུ་ཞུགས་པའི་བུ། །སེན་མོ་ལྕགས་ཀྱུ་བཀུག་པ་ནི། །དགྲ་བགེགས་སྲོག་རྩ་གཅོད་པ་ཡིན། །ཕྱག་དང་པོས་ཁྲམ་ཤིང་བསྣམས་པ་ནི། །གཤིན་རྗེའི་བྱོལ་ཁ་བཟློག་པ་ཡིན། །བར་མས་ཐལ་མོ་བརྡབ་པ་ནི། །བྱེད་ཁ་མི་ཁ་བཟློག་པ་ཡིན། །ཐ་མས་གླུད་ལེན་ཕྱག་རྒྱ་ནི། །ཡོན་བདག་སྐག་བཟློག་གླུད་ལེན་ཡིན། །ཕོ་རྟགས་སྦལ་མགོར་འདུག་པ་ནི། །ས་བདག་རྒྱལ་པོའི་བུ་ཡིན་རྟགས། །མཇུག་མ་སྦྲུལ་དུ་འདུག་པ་ནི། །ཀླུ་བདུད་ནག་པོའི་བུ་ཡིན་རྟགས། །བ་སྤུ་ཁབ་ཏུ་འདུག་པ་ནི། །གནོད་བྱེད་སྙིང་ལ་གཟིར་བའི་རྟགས། །ཁྱོད་མི་ནག་གྲོལ་ཕུག་སྐྱེས་རྒྱུད་ལགས། །ཕྱིར་གསུང་གསུམ་པ། །ཀྱཻ། ཀོང་ཙེ་ལྷ་ཡི་བཀའ་ན་རེ། །ཁྱོད་མདོས་ཀྱི་བདག་པོ་ཚུར་ཉོན་དང་། །


CMR041_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་ཁྱོད་ལ་བདག་གིས་བཤད། །མི་ནག་མགོ་བོ་གསུམ་པ་ལ། །སྤར་ཁ་བརྒྱད་ཀྱིས་བསྐོར་བ་དེ། །སྤཆའི་བཀག་གཉན་བཟློག་པ་ཡིན། །ལོ་སྐོར། བཅུ་གཉིས་བསྐོར་བ་དེ། །ལོ་ཟླ་ཞག་དུས་སྐག་བཟློག་རྟགས། །མི་དམར་སྔོན་དུ་ཆས་པ་ནི། །བཟློག་པའི་ལས་རྣམས་འགྲུབ་པ་ཡིན། །མ་མོས་རྒྱབ་ནས་དེད་པ་ནི། །མདོས་སྒབ་མ་མོས་བཅད་པ་ཡིན། །ཆུ་སྲིན་མགོ་ཅན་ཐོད་ཟོར་བསྣམས། །དགྲ་ལ་ཁྲག་ཟོར་འཕེན་པ་ཡིན། །ཤང་ཤང་བྲ་མཆུའི་ལས་བྱེད་པ། །མི་ཁ་དགྲ་ལ་བཟློག་པ་ཡིན། །ཡབ་སྲས་བཅུ་དྲུག་བསྐོར་བ་དེ། །སྐག་དང་ཆགས་ཆེན་བཟློག་པའི་རྟགས། །སྨེ་བ་འཁོར་དུ་བསྐོར་བ་ནི། །ཀིང་ཀང་མོ་ངན་བཟློག་པའི་རྟགས། །གླང་ཆེན་རོལ་དུ་ཁྲིད་པ་ནི། །གོད་འདྲེ་བསེ་རག་བཟློག་པ་ཡིན། །ཐན་སྐྱ་ཐན་གཟུགས་མང་པོས་བསྐོར། །ཐན་ལྟས་དགྲ་ལ་བསྒྱུར་བ་ཡིན། །ངར་མི་གླུད་སྣས་བསྐོར་བ་ནི། །ལན་ཆགས་བུ་ལོན་བྱང་བ་ཡིན། །དེ་ལྟར་ཁྱོད་ཀྱི་གོ་བར་གྱིས། །ཕྱིར་གསུང་བཞི་པའོ། །ཀྱཻ། ཀོང་ཙེ་འཕྲུལ་རྒྱལ་ཞལ་ན་རེ། །ཁྱོད་མདོས་གླུད་བདག་པོ་ཡར་ཉོན་དང་། །


CMR041_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཚིག་སྨྱུང་ཚིག་འདི་ལྟར་བཤད། །མི་ནག་མགོ་གསུམ་འཁོར་བཅས་ལ། །ཤ་ཁྲག་གཏོར་མས་བསྐོར་བ་ནི། །དགྲ་བགེགས་ཐམས་ཅད་བཟློག་པའི་རྟགས། །དམ་རྫས་བྷ་ལིང་ལིངྒ་འབུལ། །གནོད་བྱེད་ཟས་སུ་ཟ་བའི་རྟགས། །མདའ་བཀྲ་བཅུ་གསུམ་ཕོ་ཡི་གླུད། །འཕང་བཀྲ་བཅུ་གསུམ་མོ་ཡི་གླུད། །རྒྱང་བུ་བཅུ་གསུམ་སེམས་ཀྱི་གླུད། །ཤུལ་དིལ་བཅུ་གསུམ་བཙུགས་པ་དེ། །བུ་ཚ་བུ་མོ་ཀུན་གྱི་གླུད། །ཕོ་ཐོང་བཅུ་གསུམ་ཕོ་རིགས་ཀུན་གྱི་གླུད། །ནམ་མཁའ་བཅུ་གསུམ་བཙུགས་པ་དེ། །སྐུ་གསུང་ཐུགས་ཀྱི་རྟེན་ཡིན་ནོ། །རྩང་དམར་ཉེར་གཅིག་བཙུགས་པ་དེ། །དགྲ་བགེགས་མཚོན་གྱི་ཁ་ལ་བསད། །ལིངྒ་ཞལ་དུ་གསོལ་བ་ནི། །གནོད་བྱེད་ཞལ་དུ་གསོལ་བའི་རྟགས། །གླང་ཆེན་གླུད་ཡས་བཀལ་བ་ནི། །སྐག་རིགས་གནོད་བྱེད་ཁྱེར་བའི་རྟགས། །ངར་མི་ཆས་ཅན་ཕུལ་བ་ནི། །ཆགས་ཆེན་ཉམ་ང་བཟློག་པའི་རྟགས། །དེ་དོན་ཁྱོད་ཀྱི་ཤེས་པར་གྱིས། །ཕྱིར་གསུང་པའི་ལེན་ལྔ་པའོ། །ཀྱཻ། གཏོ་མཁན་བདག་གི་ཞལ་ན་རེ། །ཁྱོད་གླུད་བདག་མདོས་བདག་རྫོ་ངས་རེ་རན། །བྷྱོ་མི་ནག་མགོ་གསུམ་ད་ཆོས་


CMR041_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །མགོ་གསུམ་ཡབ་སྲས་ད་ཆོས་ཤིག །སྐག་དང་ཀིང་ཀང་བཟློག་བསྒྱུར་ཅིག །སྤར་ཁ་བརྒྱད་པོ་བློན་པོར་རྫོངས། །སྤར་ཁའི་སྐག་ངན་ཐམས་ཅད་ཟློག །ལོ་སྐོར་བཅུ་གཉིས་འཁོར་དུ་རྣོ་ངས། །ལོ་ཟླ་ཞག་གི་སྐག་འཁྲུགས་ཟློག །སྨེ་བ་སྤྱན་དགུ་རོལ་དུ་རྫོ་ངས། །སྨེ་བ་དབུས་ཚུད་མི་མཐུན་ཟློག །ཤང་ཤང་བྲ་མཆུ་ལོ་ལར་རྫོངས། །ཁ་མཆུ་མི་ཁ་དགྲ་ལོ་སྒྱུར། །མི་དམར་མགོ་གསུམ་ཕོ་ཉར་རྫོ་ངས། །དགྲ་བགེགས་བྱད་མར་ལྕགས་མདའ་རྒྱོབས། །གཟའ་དང་གདོང་མོས་སྣ་ཁྲིད་གྱིས། །གནོད་བྱེད་ཐམས་ཅད་ཐལ་བར་རློགས། །མི་ཁ་སྤུན་དགུ་གཡོག་ཏུ་ཁྲིད། །མི་ཁ་སྣ་ཚོགས་དགྲ་ལ་ཕོབ། །གླང་ཆེན་སྟོབས་ལྡན་རོལ་དུ་ཁྲིད། །སྲིད་པའི་འདྲེ་དགུ་གདོན་སྟོང་ཕྲག །ནད་རིགས་ཡེ་འདྲོགས་ཁལ་དུ་བཀལ། །གོད་ཁ་བསེ་རག་དབུལ་འདྲེ་དང་། །ནད་ཡམས་ཇག་རྐུན་སྣ་ཚོགས་དང་། །མི་ཁ་མོ་རྨིས་ཁལ་དུ་བཀལ། །ནམ་མཁའ་མདའ་འཕང་རྒྱང་བུ་དང་། །ཕོ་ཐོང་མོ་ཐོང་ཤུག་དིལ་དང་། །ཐམས་ཅད་གླུད་དུ་ཁྱོད་ལ་བཀལ། །གླང་ཆེན་སུ་ཀ་སྟོབས་ཆེན་ཁྱོད། །ཡས་གདོན་གནོད་བྱེད་ཁུར་ལ་


CMR041_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། །མི་ནག་དཔོན་གཡོག་ཐམས་ཅད་ཀྱིས། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །ཆུང་བདུད་དལ་ཁ་ཐད་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །སྐག་རིགས་མོ་རྨིས་ལྟས་ངན་རྣམས། །སྡང་དགྲ་གནོད་བྱད་སྟེང་དུ་སྒྱུར། །ཕུང་འདྲེ་དམ་ཉམས་སྟེང་དུ་སྒྱུར། །བྱད་མ་མཱ་ར་ཡ་སོད་སོད་བྷྱོ་བྷྱོ་ཟློག་སྒྱུར་ཅིག །དེ་ནས་རྫོངས་བཏབ་པ་གསེར་སྐྱེམས་སྒོ་དབྱེ་བཟློག་བསྒྱུར་དམོད་མོ་རྣམས་བྱའོ། །སརྦ་མངྒ་ལཾ། །དགེའོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previous༼ཁ༽ །དང་པོ་གུར་ཁང་བསྒོམ།next