Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
མི་ནག་མགོ་གསུམ་གྱིས་འཇམ་དཔལ་ལ་ཡར་ཞུས་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousམི་ནག་མགོ་གསུམ་གྱིས་འཇམ་དཔལ་ལ་ཡར་ཞུས་པ།next

མི་ནག་མགོ་གསུམ་གྱིས་འཇམ་དཔལ་ལ་ཡར་ཞུས་པ།


CMR041_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནག་མགོ་གསུམ་གྱིས་འཇམ་དཔལ་ལ་ཡར་ཞུས་པའི་དབུ་ཕྱོགས་ལགས་སོ།


CMR041_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །སྔོན་དྲོད་ཀྱི་སྣ་ལ་བྱུང་བ་ཡི། །མི་ཁ་ཤང་ཤང་བྲ་མཆུ་དང་། །མི་ཁའི་བུ་མོ་བ་རུ་ཡིས། །འཇམ་དཔལ་ཁྱེད་ལ་ཞུ་བ་ལགས། །སྔོན་གྱི་བཀའ་བཞིན་ཁས་བླངས་པའི། དགོས་ན། །བ་ཚྭ་བུལ་ཐོག་སྒོག་པ་དང་། །ཚྭ་དང་གཡེར་མ་སྐག་དང་རམ། །མི་ཁ་ལྟས་ངན་བསྒྱུར་དགོས་ན། །བ་ཚྭ་བུལ་ཐོག་སྒོག་པ་དང་། །རམ་པ་རུག་པ་ལ་སོགས་པ། །མི་ཁའི་ཡས་རྣམས་གནང་བར་ཞུ། །དེ་ཙམ་ཁྱེད་ལ་ཞུ་བ་ལགས། ༼ཁ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །མིང་པོ་ཤང་ཤང་བྲ་མཆུ་དང་། །


CMR041_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་མི་ཁའི་བ་རུ་སྤྱན་རྣམས་ལ། །ཁྲ་བོ་མིན་ཏེ་ཟུར་གསུམ་པོ། །ལྕམ་པ་མིན་ཏེ་ངོ་གཉིས་པོ། །སྒོག་པ་མིན་ཏེ་དྲི་མི་ཞིམ། །ངན་དགུ་སྡིག་བཅུ་ང་ཡིས་ཐུབ། །ཁྱེད་ཀྱིས་ངེད་ལ་ཡས་རྣམས་བསྔོས། །ངས་ཀྱང་མི་ཁ་བྲ་མཆུ་བཟློག་ནས་འགྲོ། །དེ་སྐད་ཁྱེད་ལ་ཞུ་བ་འབུལ། ག༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །མི་དམར་མགོ་གསུམ་ཞུ་བ་འབུལ། །སྐྱེ་བ་འདི་ཡི་སྔ་མ་ལ། །འཇིགས་པའི་མི་ནག་མགོ་གསུམ་དང་། །གདུག་པའི་མི་དམར་མགོ་གསུམ་རྣམས། །མི་དང་ཕྱུགས་ཀྱི་གཤེད་མ་སྟེ། །ཁྱེད་


CMR041_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ཐུགས་རྗེ་ཡིས། །བཀའ་ནན་དྲག་པོ་བྱུང་བ་ཡིན། །ངེད་རྣམས་བཟློག་བསྒྱུར་རྒྱལ་པོར་བསྐོས། །དམ་རྫས་དམ་ཚིག་ཕོག་ནས་ཀྱང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཐན་དང་ལྟས་ངན་བཟློག་པ་ཡི། །དགོས་པའི་ཡས་སྟགས་ཅི་བཞིན་ཡོད། །ཤ་ཁྲག་གཏོར་མ་གང་ཡང་ཡོད། །དགོས་པའི་གཏོར་མ་ཕྲིན་ལས་གང་ལ་འཇུག །ཁྱེད་ཀྱི་ལེགས་པར་གསུང་ཁྲོལ་ལ། །ངེད་ཀྱིས་དེ་ཙམ་ཁྱེད་ལ་ཞུ། ༼ང༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ངེད་མི་དམར་མགོ་གསུམ་ཞུ་བ་འབུལ། །འབྲུ་ལ་བཞེངས་པའི་ངར་གཟུགས་དང་། །ཤ་ཁྲག་དམར་གྱི་གཏོར་མ་དང་། །མི་ཁའི་རྐན་མར་བརྟེན་བཅས་ནས། །ཡོན་བདག་རྐྱེན་ངན་བཟློག་ལ་སོགས། །མི་གླུད་ནོར་གླུད་དམ་རྫས་དང་། །དཔུང་བཟློག་མཐུ་དཔུང་རྒྱབ་རྟེན་དང་། །དགོས་པའི་ཡས་སྟགས་སྣ་ཚོགས་དགོས། །དེ་མིན་རྐྱེན་ངན་ཅི་ཡིས་ཟློག །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ༼ཅ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །།ངེད་མི་དམར་མགོ་གསུམ་ཞུ་བ་ལ། །སྔོན་གྱི་ཇི་ལྟར་བཀའ་བཞིན་དུ། །ཁྱེད་རྒྱུ་


CMR041_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཡོན་གྱི་བདག་པོ་ལ། །རྐྱེན་ངན་བར་ཆད་བཟློག་པ་དང་། །ལྟས་ངན་ཆོ་འཕྲུལ་མི་ཁ་བཟློག་ཏུ་འགྲོ། །སྐག་རིགས་ཐམས་ཅད་བསྒྱུར་དུ་འགྲོ། །དགྲ་སྣ་ཡམས་སྣ་རྐུན་སྣ་དང་། །མི་ཁ་བྲ་མཆུ་བཟློག་ཏུ་འགྲོ། །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ༼ཆ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ངེད་མི་ནག་མགོ་གསུམ་ཞུ་བ་ལ། །སེམས་ཅན་ཀུན་གྱི་སྲོག་བདག་ཡིན། །བར་དུ་ཁེན་ཁོན་གཉིས་ལས་སྐྱེས། །ཁྱེད་དཔའ་བོ་ཆེན་པོའི་བཀའ་ཉན་གྱིས། །བཀའ་དང་དམ་ལ་གནས་པར་བྱས། །ཀྱེ་མ་སེམས་ཅན་ཐམས་ཅད་ལ། །སྙིགས་མ་ལྔ་ཡི་དུས་ཚོད་ལ། །ངན་དགུ་སྡིག་བཅུ་བཟློག་པ་དང་། །སྐག་པོ་ཆེ་རྣམས་བསྒྱུར་བའི་ཕྱིར། །ང་མི་ནག་མགོ་གསུམ་བསྐོས་པ་ལ། །ང་ཡིས་མི་ཐུབ་གང་ཡང་མེད། །ང་ཡིས་མི་བཟློག་གང་ཡང་མེད། །ང་ཡིས་མི་འགྱུར་གང་ཡང་མེད། །དེ་ཕྱིར་མི་ནག་ཆས་པ་ལ། །གཏོར་མ་མཐེབ་སྐུ་བཅུ་གསུམ་དང་། །ཤ་ཕུད་རཀྟ་གཙང་མ་དགོས། །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ཇ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ངེད་མི་ནག་མགོ་


CMR041_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཞུ་བ་ལ། །ང་འཇིགས་པའི་མི་ནག་མགོ་གསུམ་དང་།། །མི་ཁའི་དམག་དཔོན་ཐམས་ཅད་ལ། །བླ་མེད་རྟེན་ལ་འཁོར་ནས་ཀྱང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །སྔོན་གྱི་ལས་ངན་རྐྱེན་བཟློག་ན། །དམ་རྫས་བདུད་རྩི་སྣ་ཚོགས་དང་། །ལན་ཆགས་གླུད་བདག་རྣམས་ལ་བསྔོས། །ངེད་མི་ནག་སྤུན་ལ་ཕྲིན་ལས་བཅོལ། །གཟུགས་དང་རྟེན་ལ་ཆད་ཅིག་ཕྱུངས། །དེ་འདྲ་ཅིས་ཀྱང་ལྟས་ངན་ཟློག །ཁྱེད་ལ་དེ་ཙམ་ཞུ་བ་འབུལ། ༼ཉ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ངེད་མི་ནག་མགོ་གསུམ་ཞུ་བ་འབུལ། །སྐག་དང་ལྟས་ངན་བཟློག་པ་ལ། །དམ་རྫས་འདོད་ཡོན་མདོས་ལེན་ནས། །སྔོན་གྱི་བཀའ་ལས་མི་འདའ་ནས། །རྐྱེན་དང་བར་ཆད་ཟློག་པར་བྱེད། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །ཆུང་བདུད་དལ་ཁ་འོག་ཏུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་ཟློག །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ཏི༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ངེད་མ་མོ་རྣམས་ཀྱི་ཞུ་བ་འབུལ། །འཇམ་དཔལ་ཁྱེད་ཀྱི་བཀའ་བྱུང་ནས། །དམ་ཉམས་དགྲ་ལ་


CMR041_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་ཙམ་ན། །ཧཱུྃ་དང་བྷྱོ་སྒྲའི་སྒྲ་སྒྲོག་ཅིང་། །འཇིག་རྟེན་ཀུན་ཀྱང་འདར་ཞིང་བསྔངས། །རལ་པ་འཇོལ་བེར་ས་ལ་བཤལ། །ལུས་ལ་ནད་ཀྱི་རླངས་པ་འཐུལ། །ཁྲག་གི་ཆར་པ་སི་ལི་ལི། །སྤྱན་གསུམ་སྡང་མིག་བསྒྲད་པ་ཡིས། །དམ་ཉམས་དགྲ་བོ་བརྒྱལ་བར་བྱེད། །རལ་པ་ཁམ་ནག་དཀྲུགས་པ་ཡིས། །ལྷ་སྲིན་སྡེ་བརྒྱད་གདུག་པ་ཟློག །ལྗགས་ནི་གློག་འོད་དམར་པོ་འགྱུ། །མ་མོའི་གདུག་པ་དགྲ་ལ་ཟློག །རྐན་སྒྲས་ལྷ་འདྲེའི་གདུག་པ་ཟློག །ཡོན་གྱི་བདག་པོའི་རྐྱེན་རྣམས་ཟློག ། མདོས་དང་གཏོར་མ་ཚུར་ལ་སྔོས། །མདོས་ལ་ཁྱེད་ཀྱིས་བྱིན་གྱིས་རློབས། །དེ་སྐད་ཁྱེད་ལ་ཞུ་བ་འབུལ། ༼ཐ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །འབྱུང་བ་ལོ་སྐོར་བཅུ་གཉིས་པོ། །སྔོན་བྱུང་ཁྱེད་ཀྱིས་བཀའ་བྱུང་ནས། །ས་ས་སོ་སོར་འགྲོ་ཕྱོགས་སུ། །རྐྱེན་ངན་བར་ཆད་བཟློག་དགོས་ན། །དགོས་པའི་གླུད་ཡས་རྩིས་མཛོད་ལ། །ཐུབ་ཚོད་དབང་ཚོད་ད་ཚུར་སྔོས། །ཕྲིན་ལས་བཀའ་བསྒོ་ཁ་ཁར་མཛོད། །ལམ་དང་བཞུགས་ཡུལ་སོ་སོར་སྟོན། །ངེད་རྣམས་ཁྱེད་ཀྱི་བཀའ་ལ་ཉན། །


CMR041_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྐོར་བཅུ་གཉིས་དེ་སྐད་ཞུ། ༼ད༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ངེད་མི་ནག་མགོ་གསུམ་ཞུ་བ་འབུལ། །འབྱུང་བ་ལོ་སྐོར་བཅུ་གཉིས་ཀྱི། ། སྐག་རིགས་ཐམས་ཅད་བཟློག་པ་དང་། །མོ་ངན་ལྟས་ངན་བསྒྱུར་བ་དང་། །དགྲ་ཇག་རྐུན་གསུམ་བསྒྱུར་བ་དང་། །མདོས་གླུད་བསྔོ་ཞིང་སྐྱེལ་མ་དགོས། །སོ་སོར་ཕྲིན་ལས་གང་དགོས་ཕོབ། །རང་རང་གླུད་ཡས་ངོ་བསྔོ་དགོས། དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ༼ན༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ཡོན་བདག་འདི་ཡི་དོན་ཆེད་དུ། །མི་ནག་མགོ་གསུམ་དཔོན་གཡོག་རྣམས། །ཉི་མ་ཤར་དུ་འགྲོ་དགོས་ན། །ཤར་གྱི་ཕྱོགས་སུ་ལམ་བསྟན་འཚལ། །ཡས་དང་གླུད་རྣམས་ངོ་བསྔོས་ལ། །སྔོན་གྱི་བསུ་བ་རྒྱབ་ཀྱི་སྐྱེལ་མ་མཛོད། །ལམ་བསྟན་རྫོངས་འདེབས་དྲག་པོ་མཛོད། །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ༼པ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ཡོན་བདག་འདི་ཡི་དོན་ད་ཆེད་དུ། །ངེད་མི་ནག་མགོ་གསུམ་འཁོར་བཅས་ཀུན། །ཉི་མ་ལྷོ་རུ་འགྲོ་དགོས་ན། །ལྷོ་ཡི་ཕྱོགས་སུ་ལམ་བསྟན་འཚལ། །ཡས་དང་


CMR041_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་རྣམས་ངོ་བསྔོས་མཛོད། །སྔོན་བསུ་རྒྱབ་ཀྱི་སྐྱེལ་མ་མཛོད། །ཡས་དང་གླུད་ཀྱི་བརྫོང་བ་གྱིས། །ངེད་མི་ནག་འཁོར་བཅས་མི་འདུག་འགྲོ་བ་ཡིན། །ལྷོ་ཕྱོགས་འཇང་གི་མི་ཁ་ཟློག་པར་བྱེད། །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ༼ཕ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ཡོན་བདག་འདི་ཡི་དོན་ཆེད་དུ། ། མི་ནག་མགོ་གསུམ་དཔོན་གཡོག་འཁོར་བཅས་རྣམས། །ཉི་མ་ནུབ་ཏུ་འགྲོ་དགོས་ན། །ནུབ་ཀྱི་ཕྱོགས་སུ་ལམ་བསྟན་འཚལ། །སྔོན་བསུ་རྒྱབ་སྐྱེལ་དྲང་པོར་མཛོད། །ཕྲིན་ལས་བཀའ་བསྒོ་དྲང་པོར་མཛོད། །ངེད་ཀྱང་མི་འདུག་འགྲོ་བ་ཡིན། །ནུབ་ཕྱོགས་མོན་གྱི་མི་ཁ་ཟློག་པར་བྱེད། །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ༼བ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ཡོན་བདག་རྐྱེན་ངན་བར་ཆད་ཟློག །ངེད་བྱང་གི་ཕྱོགས་སུ་འགྲོ་དགོས་ན། །སྔོན་བསུ་རྒྱབ་སྐྱེལ་དྲང་པོ་མཛོད། །ཡས་ཀྱི་གླུད་ཀྱི་ལམ་བསྟན་མཛོད། །བྱང་ཕྱོགས་ཧོར་གྱི་མི་ཁ་བཟློག་ཏུ་འགྲོ། །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ༼མ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ཡོན་བདག་འདི་


CMR041_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དོན་ཆེད་དུ། །མི་ནག་མགོ་གསུམ་དཔོན་གཡོག་འཁོར་བཅས་ཀུན། །འོག་གི་ཕྱོགས་སུ་འགྲོ་དགོས་ན། །སྔོན་བསུ་རྒྱབ་སྐྱེལ་རྫོངས་བཏབ་མཛོད། །འོག་ཕྱོགས་ས་བདག་ཀླུ་གཉན་གདུག་པ་ཟློག་པར་བྱེད། །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ༼ཙ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ཡོན་བདག་འདི་ཡི་དོན་ཆེད་དུ། །མི་ནག་མགོ་གསུམ་དཔོན་གཡོག་རྣམས། །སྟེང་གི་ཕྱོགས་སུ་འགྲོ་དགོས་ན། །སྔོན་བསུ་རྒྱབ་སྐྱེལ་རྫོངས་བཏབ་མཛོད། །ཡས་དང་སོ་སོར་ལམ་བསྟན་མཛོད། །སྟེང་ཕྱོགས་གཟའ་དང་རྒྱུ་སྐར་གདུག་པ་ཟློག །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ༼ཚ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །ངེད་མི་ནག་མགོ་གསུམ་དཔོན་གཡོག་ལ། །གྲ་ཁལ་ཅི་ཡོད་ངོ་བསྔོ་མཛོད། །འདྲེ་མོ་སྤུན་དགུ་ལ་སོགས་པ། །ཟུར་དང་བསེ་རག་ཐམས་ཅད་ལ། །ཡས་གླུད་ཅི་ཡོད་ངོ་བསྔོ་མཛོད། །ཡོན་བདག་རྣམས་ལ་མི་གནོད་པའི། །གླུད་དང་ཡས་སྟགས་ཅི་ཡོད་དང་། །སྒོ་ཡི་ནོར་ལ་མི་གནོད་པའི། །ནོར་གླུད་གང་ཡོད་ངོ་ཚུར་སྔོས། །སྣང་སྲིད་ལྷ་འདྲེ་མཉེས་པ་ཡི། །ཤ་ཁྲག་གཏོར་མ་ངོ་


CMR041_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་སྔོས། །ངེད་ཀྱིས་བར་ཆད་བཟློག་ཏུ་འགྲོ། །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ༼ཛ་༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཡས་གླུད་ངེད་ཀྱིས་ཁྱེར་ནས་འགྲོ། །ད་ནི་ཁྱེད་ཀྱིས་ངོ་བསྔོས་མཛོད། །ད་ནི་ངེད་ལ་དབང་གཅིག་བསྐུར། །ད་ནི་ངེད་ལ་རྫོངས་ཤིག་ཐོབ། །ད་ནི་ངེད་ཀྱི་སྒོ་དབྱེ་མཛོད། །སྔགས་འཆང་ཁྱེད་ཀྱི་བདག་ལ་སྐྱེལ་མ་མཛོད། །དེ་ཙམ་ཁྱེད་ལ་ཞུ་བ་འབུལ། ༼ཝ༽ །ཀྱཻ། འཕགས་པ་འཇམ་དཔལ་སྙན་གསོན་ཨ་དང་། །མི་ནག་མགོ་གསུམ་དཔོན་གཡོག་རྣམས། །སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །གླུད་ཡས་དམ་པ་ངོ་ཚུར་སྔོས། །མཐོ་སྲིད་པའི་རྩེ་མོ་མན་ཆད་དང་། །དམའ་ན་རག་གཙང་པོ་ཡན་ཆད་ཀྱི། །སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །ཚུར་མི་ལོག་པའི་བཀའ་བསྒོ་མཛོད། །ས་མཚམས་སྔགས་འཆང་ཁྱེད་ལ་བསྒོ། །ངེད་མི་ནག་དཔོན་གཡོག་དམག་ལ་ཆས། །ད་ནི་དགྲ་བགེགས་སྟེང་དུ་ཆས། །མི་ཁ་བྲ་མཆུ་བཟློག་ཏུ་ཆས། །ཐན་དང་ལྟས་སྡིག་བསྒྱུར་དུ་ཆས། །ཡོན་བདག་བར་ཆད་བསྒྱུར་དུ་ཆས། །སྔགས་འཆང་སྐུ་


CMR041_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བསྲིང་དུ་ཆས། །སངས་རྒྱས་བསྟན་པ་སྲུང་དུ་ཆས། །ལོ་སྐག་ཟླ་སྐག་ཞག་སྐག་དང་། །ཟ་མའི་སྐག་རྣམས་བསྒྱུར་དུ་ཆས། །ཁྱེད་ཀྱི་ཕྲིན་ལས་དྲག་པོ་བསྒྲུབ། །རྫོགས་སོ། །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམི་ནག་མགོ་གསུམ་གྱིས་འཇམ་དཔལ་ལ་ཡར་ཞུས་པ།next