Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
མགོ་གསུམ་གྱི་གསེར་མཛོད་ཤོག་དྲིལ།
   
   
   
   
   
   
   
   
   
   
   
   
   


 
previousམགོ་གསུམ་གྱི་གསེར་མཛོད་ཤོག་དྲིལ།next

མགོ་གསུམ་གྱི་གསེར་མཛོད་ཤོག་དྲིལ།


CMR041_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་གསུམ་གྱི་གསེར་མཛོད་ཤོག་དྲིལ་བཞུགས་པའི་དབུ་ཕྱོགས་ལེགས་པར་ཡོད། །


CMR041_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་རབ་ཀྱི་མངའ་བདག་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བཀག་མདོས་སྙིང་ཐིག་མན་ངག་གསེར་མཛོད་ཅེས་བྱ་བ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །དགེ་འདུན་ནང་རྨོ་བྱེད་པའི་དུས། །ནད་ཡམས་འགོ་ལོ་རྒོད་པ་དང་། །ཕྱོགས་བཞིར་དགྲ་བཞི་དར་བ་ལ། །བཟློག་པའི་ཐབས་ནི་འདི་ལྟར་རོ། །འཕགས་པ་འཇམ་དཔལ་གྱིས་སེམས་ཅན་གྱི་དོན་དུ་བཀག་མདོས་ཆེན་པོ་འདིས་ནད་ཡམས་བཅད་པ་དང་། དགྲ་སྣ་བསྒྱུར་བ་དང་། གོད་ཁ་བཅད་པ་དང་། ཐན་སྣ་བསྒྱུར་བ་དང་། སེར་བ་བཀག་པ་དང་། མགོ་གསུམ་འདི་ཡིས་མི་ཐུབ་པ་གང་ཡང་མེད། གནད་ཀྱི་ཤོག་དྲིལ་འདི་མེད་ན། རང་ལ་ལྡོག་ཉེན་ཡོད་པས་གཟབ་པར་བྱའོ། །དབུ་གསུམ་ལ་སྐུ་གསུང་ཐུགས་ཀྱི་ཤོག་དྲིལ་བཙུགས་པར་


CMR041_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། ༈ །མགོ་གསུམ་བཅའ་ཐབས་ལ། གཡས་སྟག་མགོ། གཡོན་ཕག་མགོ། དབུས་གླང་མགོ་ཤིན་ཏུ་བརྗིད་པ། མིག་བསྒྲད་པ། མཆེ་བ་གཙིགས་པ། དཔྲལ་བར་ཁྲོ་གཉེར་གསུམ་གཙིགས་ཡོད་པར་བྱས། སྙིང་ཁ་ཁྲག་མཚོ་འཁྱིལ་བ། ཕྱག་གཡས་དགྲ་སྟ་བསྣམས་པ། ལས་ཀ་གང་བྱེད་གཞུང་ལས་ཤེས་སོ། །མི་ཁའི་ཡས་རྣམས་སྙིང་ཁར་བཅུག་གོ །གཡོན་བདུད་ཀྱི་ཁྲམ་ཤིང་ལ། རྩེ་ལ་ཟློག་བྱ་བ་བྲིས་ལ་བཟུང་བཅུག །དབུས་གླང་མགོའི་སྟེང་ན། བདུད་ནག་པོ་གཅིག་གིས་དགྲ་བོའི་གློ་སྙིང་དྲོངས་ཤིག་བྱས་ལ་བཙུགས། །མདུན་དུ་སྣ་ཁྲིད་ཤང་ཤང་སེར་པོ་བྱས་ལ་དགྲ་བོ་ཟས་སུ་ཟ་བ་དང་། གཤོག་པ་དམར་པོ། དེའི་མཆེད་དུ་མི་མགོ་གསུམ། དབུས་ཕག་མགོ །གཡས་བྱ་མགོ །གཡོན་སྦྲུལ་མགོ །ཕྱག་


CMR041_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བཙན་ཞགས་གཡོན་མདའ་གཞུ་འཛིན་པ། དེའི་མཆན་དུ་སྦྲུལ་ལ་ཞོན་པ་གཅིག་གི་གཡས་ན་དགྲའི་མིང་བྱང་བྲིས་པའི་ལིངྒ་གཅིག་དང་། ཁྲམ་ཤིང་སྦྲུག་ལ་བཟུང་བཅུག །གཡོན་ཁྲག་ཟོར་དམར་པོ་བཟུང་བར་བྱས། རྗེས་སུ་མ་མོ་རྔ་ཞོན་མ་ཕྱིན་ཅི་ལོག་ལ་ཞོན་ནས་ནད་ཀྱི་གྲུ་གུ་རྐང་གཅིག་བྱས། ལོ་བཅུ་གཉིས་ཀྱིས་བསྐོར་ལ་བཞག །ཤང་ཤང་བརྒྱད། བྲ་བ་བརྒྱད། ཤོ་ཕྲུག་བརྒྱད། སྤར་ཁ་བརྒྱད་ཀྱི་ཤིང་རིས་བཙུགས་སོ། །མ་མོ་སེང་ཞོན། སྟག་ཞོན། དྲེལ་ཞོན། སྤྱང་ཞོན། རྔ་མོང་ལ་ཞོན་པ་ཅན་བཞག་གོ །གཡོག་མོ་ཆུ་སྲིན་གདོང་ཅན་བྱས། ནམ་མཁའ་བཅུ་གཉིས་མདའ་བཀྲ་འཕང་བཀྲ་རྒྱང་བུ་བཅུ་གཉིས་རེ་བཙུགས། དེ་རྒྱབ་རྩང་ཉེར་བརྒྱད་སྲིན་མོ་འགྲོས་སུ་བཙུགས། མི་ཁའི་ཐུན་རྫས་ཀྱིས་བྲབ། གཏོར་མ་མཐེབ་སྐྱུ་དགྲ་བོའི་ཤ་དུམ་དམིགས་ལ་འབུལ། འདི་རྣམས་སླ་ང་ནག་པོའི་ནང་དུ་བཤམས། བཀག་མདོས་ལོ་བདུད་ཕྱོགས་སུ་བསྐྱལ། སྤྱི་རྒྱུན་གྱི་བཅས་དཀའ་ལག་ལེན་དང་བཅས་པ་འདི། བྱད་མ་ལྷ་སྲུང་དང་བཅས་པ་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་བསམ། དམིགས་བྱ་ཡོད་ན་བཀུག་གཞུག་བྱ། ༈ བྱད་ཟློག་བྱེད་པར་འདོད་ན། འཇམ་དཔལ་གཤིན་རྗེ་གཤེད་དུ་བསྒོམ་ལ་འགུག་གཞུག་བྱས་ལ་མདོས་ལ་བསྟིམ། བྷྱོ་མ་ཧཱ་དྷེ་ཝ་བྷྱོ་ཟློག །མ་ཧཱ་དྷེ་ཝ་དགྲ་བོའི་སྲོག་ལ་རྨི་མཱ་ར་ཡ་ཆོད་ཆོད། མ་ཧཱ་དྷེ་ཝ་ཨུ་མ་དྷེ་ཝས་དགྲ་བོའི་སྲོག་སྙིང་ཕྱུངས་ཕྱུངས། མ་ཧཱ་དྷེ་ཝ་ས་མཱ་ཡ་དགྲ་


CMR041_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱུག་རྒྱུག །བྱད་མ་སོད་སོད། བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་རྦད་རྦད། རྨི་ལོང་སྲོག་ཆོད་ཆོད་ས་མ་ཡ་བྷྱོ་བྷྱོཿ ཞེས་ཐུན་གྱིས་བྲབ། པོ་ནག་ལ་བྲིས་ལ་ཁོག་པར་གཞུག ༈ འདི་ཡི་བཅའ་ཐབས་ལ་མགོ་གསུམ་པ་གཅིག་བྱས་ལ། ཕྱག་དྲུག་གཡས་དང་པོ་རལ་གྲི། བར་མ་ཐོ་བ། འོག་མ་དགྲ་སྟ། གཡོན་དང་པོ་ཁྲམ་ཤིང་། གཉིས་པར་སྦྲུལ་ཞགས། འོག་མར་ཀོང་ཟོར་བཟུང་བར་བྱས། བཅའ་ཐབས་གོང་དང་འདྲ། མགོ་གསུམ་སྡེར་མོ་ལ་ལིངྒ་མི་ཁའི་ཡས་དང་སྦྲག་ལ་བཙུགས། རྩང་ཉེར་བརྒྱད་ཀྱིས་བསྐོར། རྩེ་ལ་མི་ཁ་བཟློག་ཅེས་བྱ་བའི་སྔགས་བྲིས་ལ། ཤ་དུམ་སྤེལ་ཚིག་དང་བཅས་པ་བྲིས་ལ་ཁོག་པར་བཅུག། ༈ །སྐག་བསྒྱུར་བར་འདོད་ན། རང་ཉིད་འཇམ་དཔལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི། གཡོན་པོ་ཏི་འཛིན་པ་གཅིག་བསྒོམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མགོ་གསུམ་སྤྱན་དྲངས་ལ་མདོས་ལ་བསྟིམ་མོ། །ལོ་སྐག་བསྒྱུར་བར་བསམ་ལ་དེའི་སྔགས་ལ། མ་ཧཱ་དྷེ་ཝ་བློ་ཟློག །མ་ཧཱ་དྷེ་ཝ་ས་མ་ཡ། ཨོཾ་མ་ཧཱ་ཙིག་པ་ར་ཏ་པ་ར་ལ་ཡ་ཡ། དགྲ་ལ་བྷྱོ་བྷྱོ་ཟློག་ཟློག །རྦད་ཆོད་སྐག་སྒྱུར། མ་ཧཱ་དྷེ་ཝ། ཨུ་མ་དྷེ་ཝ་མས་དགྲ་བོའི་སྲོག་ལ་ཡ་ཡ་བྷྱོ་བྷྱོ་ཟློག་ཟློག །སྐག་རིགས་སུམ་བརྒྱ་དྲུག་ཅུ་སྒྱུར་ཅིག །ཅེས་ཐུན་གྱིས་བྲབ། ༈ འདི་ཡི་བཅའ་ཐབས་ལ། མདོས་


CMR041_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལེགས་པ་གཅིག་གི་སྟེང་དུ། མ་ཧཱ་གསེར་གྱི་རུ་སྦལ། དེའི་སྟེང་མགོ་གསུམ་ཕྱག་དྲུག་པ། ཤིན་ཏུ་འཇིགས་པ། གཡས་དང་པོས་ཁྲམ་ཤིང་། གཉིས་པར་མདའ་གཞུ། འོག་མས་ལྕགས་ཀྱུ། གཡོན་དང་པོས་ཁྲམ་བམ། བར་མས་དམར་གཏོར། འོག་མས་མི་ལྤགས་ཀྱི་གཡང་གཞི་ཐུར་དུ་བཟུང་བར་བྱས། དེའི་གཡས་སུ་མི་དམར། གཡོན་དུ་བུད་མེད་དོམ་ཞོན། མདུན་དུ་ཤང་ཤང་སེར་པོ། ལོ་རྒན་དྲུག་ཅུ། ཕྱི་རྟེན་ནང་རྟེན། ལོ་སྐོར་བཅུ་གཉིས། སྤར་ཁ་བརྒྱད་མདའ་བཀྲ་འཕང་བཀྲ། ནམ་མཁའ་རྒྱང་བུ་བཅུ་གཉིས་རེ་བཙུགས། དེ་རྒྱབ་རྩང་ཉེར་བརྒྱད་ཀྱིས་བསྐོར། བཟློག་བྱང་སྐག་སྒྱུར་བྱ་བའི་སྤེལ་ཚིག་བྱས། ལོ་བདུད་ཕྱོགས་སུ་བསྐྱལ། ཕྱི་མཚམས་བཅད། བདག་བསྲུང་བའི་གུར་ཁང་བསྒོམ། རང་བསྲུང་བའི་སྔགས་འདི་བཟླས། ཨོཾ་ཝ་གི་ཤྭ་རི་མཱི། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ༈ ཐན་བསྒྱུར་བར་འདོད་ན། མགོ་གསུམ་གཡས་གླང་མགོ་གཡོན་ཕག །དབུས་སྟག །གཡས་དང་པོས་རྡོ་རྗེ་གྲི་གུག །ཁྲག་ཟོར། ལྕགས་ཀྱུ། །གཡོན་དང་པོས་ཐོད་ཁྲག །ཐན་རྐྱལ་དགྲ་ལ་བྱོ་བའི་ཚུལ། འོག་མས་ཐན་སྤྲེལ་གླ་བ་དགྲ་ལ་འགྱེད་ཚུལ་བྱས། སྤྱི་བོར་བདུད་བྱ་ལྡིང་བ། ལུས་ལྟས་ངན་བྱ་ནག་གི་གཤོག་པ། མཇུག་མ་སྦྲུལ། ལུས་པོ་མིག་གིས་གང་བ། བཅའ་ཐབས་གཞན་དང་མཐུན། ༈ རང་ཉིད་དབང་ཕྱུག་ཆེན་པོ་དཀར་པོ། ཕྱག་གཡས་ཙནྡན་གྱི་བེང་ཕྱར་བ། གཡོན་སྡིགས་མཛུབ་རྩེ་


CMR041_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྕགས་ཀྱི་སྡིག་པ་ནག་པོ་མགོ་དགུ་མིག་དགུ་པ་བསྣམས་པ། སྤྱན་བསྒྲད་མཆེ་བ་གཙིགས་པ་ཞལ་གདང་བ་ལྗགས་བརྐྱངས་བ་བསྒོམ། དེའི་དབུ་ཐོག་ཏུ་འཇམ་དཔལ་བསྒོམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མགོ་གསུམ་སྤྱན་འདྲེན་ལ་མདོས་ལ་བསྟིམ། མི་ཁའི་ཡས་ཀྱི་ཐུན་གྱིས་བྲབ་བོ། །གཏོར་མ་མཐེབ་སྐྱུ་སྦྱིན། ལྟས་ངན་སྒྱུར་བའི་ལིངྒ་རྣམས། སྔགས་ཀྱིས་བསྐོར་ལ་མགོ་གསུམ་ཁོག་པར་བཅུག །མ་ཧཱ་དྷེ་ཝ་བྷྱོ་བྷྱོ་ཨུ་མ་དྷེ་ཝ་བློ་བྷྱོཿ ལྟས་ངན་དགྲ་ལ་སྒྱུར་སྒྱུར། ཨོཾ་མ་ཧཱ་ས་རྩིག་པ་ར་ཏ་ཡར་ཡ་ལ་ལ། དམ་ཉམས་དགྲ་ལ་ལྟས་ངན་ཆར་ལྟར་ཕོབ། མི་ཁ་རྒྱལ་པོ་དགྲའི་གཟུགས། དགྲའི་སྲོག་རྩ་ཆོད་ཆོད། རྦད་རྦད་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་ཐུན་གྱིས་བྲབ། ལྟས་ངན་བསྒྱུར་བའི་ཤོག་དྲིལ་རྫོགས་སོ། ༈ །།གོད་ཀ་གཅོད་པར་འདོད་ན། བཅའ་ཐབས་འདི་ལྟར་བྱས། མགོ་གསུམ་ཕྱག་དྲུག་པ། གཡས་དང་པོ་གོད་ཁ་དང་མི་ཁ་བྲིས་པའི་ཁྲམ་ཤིང་ཐོད་ཁྲག་སྦྲུལ་ཞགས། གཡོན་དང་པོས་ཕྱར་དར་ཕྱར་བ། ཕུར་པ། ནད་རྐྱལ་བཟུང་བ། གོད་འདྲེའི་རུས་པ་མིང་བྱང་བྲིས་ལ་ཁོག་པར་བཅུག་གོ །རྩང་ཉེར་བརྒྱད་བཙུགས། བཅའ་ཐབས་གཞུང་བཞིན་དང་མཐུན། ཨོཾ་མ་ཧཱ་དྷེ་ཝ་ས་མ་ཡ། ཨུ་མ་དྷེ་མ་ས་མ་ཡཱ། གོད་འདྲེའི་རྩ་རྒྱུད་ཕྱུངས་ཤིག སྲོག་རྩ་ཆོད་ཆོད། སྙིང་


CMR041_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་ཅིག མ་ཧཱ་དྷེ་ཝ་གོད་འདྲེའི་སྲོག་ལ་རྦད་རྦད། །ཨུ་མ་དྷེ་མ་གོད་འདྲེའི་སྙིང་ལ་རྒྱུག་ཅིག །ཅེས་གཞུང་སྔགས་སྤེལ་ཚིག་བྱེད་ལ་ཐུན་གྱིས་བྲབ་བོ། །ལིངྒ་བྲག་ལ་མནན། མདོས་ལ་གཟའ་སྐར་གཟབ་པ་ཤེས་ཞེས། རང་ཉིད་ཕྱི་མཚམས་བཅད། གོད་འདྲེའི་ཟ་ཁ་དགྲ་ལ་བསྟན་པར་བསམས་ལ། གར་ཐོད་ཐོད་དུ་མི་བྱའོ། །རང་ལ་བཟློག་ཉེས་ཡོད། གོད་ཀ་གཅོད་པའི་ཤོག་འདྲིལ་རྫོགས་སོ།། ༈ །།ནད་ཡམས་གཅོད་པར་འདོད་ན། སླ་ངའི་ནང་དུ་མགོ་གསུམ་ཤིན་ཏུ་བརྗིད་པ་གཅིག་བྱས་ལ། །ཕྱག་གཡས་ཁྲམ་ཤིང་། གཡོན་གཏོར་ཟོར་བཟུང་བ། མགོ་ལ་སྦྲུལ་གྱིས་བརྒྱན་པ། དབུ་བརྒྱན་དང་སྐེ་རགས་ཀྱིས་བརྒྱན་པ་གཅིག་བྱས་ལ། སྙིང་གར་ཁྲག་ཐིགས་བླུགས། སྔོན་དུ་བུད་མེད་དྲེལ་ཞོན་ནད་ཀྱི་རྐྱལ་པ་བཟུང་བ་གཅིག་བྱས་ལ་བཞག །རྒྱབ་ཏུ་མི་ཁྲོ་བོའི་ཆ་བྱད་ཅན་ཤིན་ཏུ་འཇིགས་པ་གཅིག་གི་ཕྱག་གཡས་རལ་གྲི། གཡོན་པས་བ་དན་གྱིས་རྒྱབ་ནས་དེད་པར་བསམ། བུད་མེད་ནད་ཀྱི་བདག་མོ་བཞི། རེ་བའི་བ་དན་བཞི་གཡོན་དུ་བཟུང་བ། ལྟས་ངན་རྔ་མོང་ལ་ཞོན་པ། ཆུ་སྲིན་ལ་ཞོན་པ།


CMR041_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དྲེལ་ལ་ཞོན་པ། བོང་བུ་ལ་ཞོན་པ་བྱས་ལ་བཞག་གོ །སྤར་ཁ་བརྒྱད། ལོ་སྐོར་བཅུ་གཉིས། ཤ་དུམ། ཚངས་བུ། མཐེབ་སྐྱུ། གཏོར་མ། འབྲུ་ཟན། ནས་ཀྱི་ངར་མི་རྣམས་ཉེར་གཅིག་བྱས་ལ་ཡས་ལ་བསྔོས། ཨོཾ་མ་ཧཱ་ས་རྩིག་པ་ར་ཏ་ཡ་ལ་དགྲ་བོ་ལ་བྷྱོ་བྷྱོཿ ན་མ་ཙུ་ཏུ་བྷིར་ཧ་བས་ཤ་ར་སྭཱ་ཧཱ། ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོཿ བྷི་ཤྭ་མུ་ཁེ་བྷྱཱ། སརྦ་ཏཱ་ཨུཏྟ་སྟེ། སྤུ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་ཆགས་ཡི་དྭགས་ལ་བསྔོའོ། །དམིགས་པ་གོང་དང་མཐུན། ནད་ཡམས་དགྲ་བོའི་སྟེང་དུ་བསྒྱུར་བར་བསམ། མཚམས་གཅོད་བྱས། མཚན་བརྗོད་འདོན། ནད་ཡམས་གཅོད་པའི་ཤོག་དྲིལ་རྫོགས་སོ།། ༈ །།མི་ཁ་བསྒྱུར་བའི་ལྡོག་འདྲིལ་བྱེད་པས་འདོད་པས། རང་ཉིད་གསེར་གྱི་རྡོ་རྗེ་རྩེ་དགུ་པ་གཅིག་བསྒོམ། དེ་ཡོངས་སུ་གྱུར་པ་ལས། འཕགས་པ་འཇམ་དཔལ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཕྱག་གཡས་པས་ཤེས་རབ་རལ་གྲི། གཡོན་ན་གསེར་གྱི་པད་སྡོང་སྟེང་གསེར་གྱི་པོ་ཏི། ཞལ་འཛུམ་བག་ཅན། དེའི་ཐུགས་ཀ་ནས་འོད་ཟེར་གཅིག་བྱུང་བས་མདུན་གྱི་ནམ་མཁར་བྱང་ཆུབ་


CMR041_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་བྱིན་རླབས་ཀྱིས། དབང་ཕྱུག་ཆེན་པོ་སྐུ་མདོག་མཐིང་ནག །ཤིན་ཏུ་བརྗིད་པའི་འགྱིང་བག་དང་ལྡན་པ། ཕྱག་གཡས་རྡོ་རྗེའི་ཐོ་བ། །ལྷགཡོན་སྡིགས་མཛུབ་མེའི་ཚྭ་ཚྭ་འཕྲོ་བ་འཕགས་པ་འཇམ་དཔལ་གྱི་བཀའ་ཉན་གསུང་སྡོད་པར་བསྒོམ། དེ་ལྟར་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དབང་ཕྱུག་ཆེན་པོ་ལ་ཕོག །ཐུགས་དམ་གྱི་བརྒྱུད་བསྐུལ་ནས། ལྟས་ངན་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་སྤྲུལ་པ་ནག་པོ་མགོ་གསུམ་པ་རང་དབང་མེད་པར་བཀུག་ལ་རང་གི་མདུན་དུ་བསམ། དེས་དམ་བཅས་ཁས་བླངས་པར་བསམ། གཏོར་མ་མཐེབ་ཀྱུ་ཁྱོད་ལ་སྦྱིན། མི་ཁ་ལྟས་ངན་དགྲ་ལ་བསྒྱུར་བའི་གཉེར་གཏད། མགོ་གསུམ་གྱིས་ཀྱང་བདག་གི་བཀའ་ཉན་གསུང་སྡོད་པར་བསམ། བྷྱོ་མ་ཧཱ་དྷེ་ཝ་བྷྱོ་བྷྱོ་ཟློག་ཟློག །མ་ཧཱ་དྷེ་ཝ་ས་མ་ཡཱ། ཨུ་མ་དྷེ་མ་དགྲ་བོའི་རྨི་མཱ་ར་ཡ་ཆོད་ཆོད། ཨུ་མ་དྷེ་མ་དགྲ་བགེགས་སྲོག་ལ་ས་མ་ཡ་ཛ་ཛཿ མི་ཁ་ཧུར་ཐུམ་རྦད་རྦད། དྲིལ་དྲིལ། ཐུམ་ཐུམ། ཤིག་ཤིག་བྷྱོ་བྷྱོ་ཟློག་ཟློག །ཅེས་དྲག་ཏུ་བཟླས། པོ་ནག་ལ་བྲིས་ལ་མི་ནག་ཁོག་པར་བཅུག །དགྲ་བོའི་མིང་བྱང་སྤེལ་ཚིག་ཡང་


CMR041_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། ༈ །འདིའི་བཅའ་ཐབས་ལ་མི་ནག་མགོ་གསུམ། གཡས་ཁྲམ་ཤིང་རྡོ་ཟོར། གཡོན་དགྲ་བོའི་ཙིཏྟ་དམར་པོ་ཞལ་དུ་གསོལ་བ། སྦྲུལ་གྱི་པགས་པས་བརྒྱན་པ། བརྗིད་པ། སྐུ་གསུང་ཐུགས་མོན་པའི་འཁོར་ལོ་གསུམ་དབུས་སུ་བཞག སྙིང་གར་བྲུབ་ཁུང་གྲུ་གསུམ་ལ། དགྲ་བོའི་མིང་བྱང་མི་ཁའི་ཡས་རྣམས་བླུག །མདུན་དུ་ཐོད་པ་ཁྲག་བཀང་བཞག །མ་མོ་གསུམ་བཙུགས། སྟེང་ན་བྱ་ནག་ལྡིང་ཚུལ་སྙིང་བཙུགས། མདུན་དུ་མི་དམར་ཤང་ཤང་། གཡས་སུ་བུད་མེད་རྔ་ཞོན། རྒྱབ་ཏུ་བུད་མེད་དྲེལ་ཞོན་ཁྲོ་ཆས་ཅན། སྤར་ཁ་བརྒྱད། ལོ་སྐོར་བཅུ་གཉིས། མི་ཁའི་ཡས་སྟགས་ཚང་བར་བཞག །རྔ་མོང་དང་གླང་གཉིས་ལ་མི་ཁའི་ཡས་འགེལ། བྲ་བ་ཤང་ཤང་ཆོ་ལོ་མིག་མང་རྣམས་བཞི་ནག་པོའི་སྟེང་དུ་བཞག་ལ། རྒྱང་བུ་ཉེར་གཅིག །ས་ཀོང་། ཟོར་བརྒྱད་བཞག །མདའ་འཕང་ཉེར་གཉིས་རེ། དེ་རྒྱབ་ཆུང་ཉེར་གཉིས་ལ་ཉ་བོ་ཤ་དུམ་སྦུག་ལ་བཞག །ཤིང་ཕ་དགུའི་ཕོ་ཐོང་བཙུགས། བཟློག་བྱང་སྤེལ་ཚིག་དང་བཅས་པ་བཙུགས། མདོས་དགྲ་ཕྱོགས་སུ་བསྐྱལ། རང་ཉིད་ཏིང་ངེ་འཛིན་གསལ་བ་གལ་ཆེ། མཚམས་བཅད་དོ། །སྔགས་བཟླས་ནས་རྨི་ལམ་འོང་། ཟབ་བོ། ༈ །མི་ཁ་ཟློག་དྲིལ་བྱེད་པར་འདོད་ན། རང་ཉིད་འཕགས་པ་འཇམ་དཔལ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཡི། འཇམ་དཔལ་སྤྲུལ་པ། སྐག་པོ་ཆེ་རྣམས་བཟློག་པའི་མི་ནག་མགོ་གསུམ་བཀུག་གཞུག་


CMR041_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། གཏོར་མ་མཐེབ་སྐྱ། མི་ཁའི་ཡས་སྣ་ཚོགས་མགོ་གསུམ་ཞལ་དུ་བསྟབ་བོ། །དམ་ཉམས་དགྲ་དང་འབྱུང་པོ་ལྟས་ངན་ཐམས་ཅད་མགོ་གསུམ་ཞལ་དུ་གསོལ་བར་བསམ། མི་ཁའི་ཡས་སྣ་ཚོགས། བྱ་རོག །ཅོ་ག །སྲེག་པ། རི་བོང་། གླ་བ། ར་གསོབ། ཕུག་ཤུད། ཚྭ་སྒོག་རམ་གསུམ། ཀེ་ཚེ། བཙོད་མཚུར། །སྐག །དེ་རྣམས་ཞིབ་པར་བྱས་ལ། གོང་གི་སྔགས་པཾ་ནག་ལ་བྲིས་ལ་ཕྱེ་མ་བསྲེས་ལ་ཆངས་བུ་རེ་བླུག །ཤཱ་ཆོ་ལོ་བྲ་བ་བཅུ། ཤང་ཤང་ལྔ། བྱང་བུ་ལ་བཅུག་གོ །དྲག་པོ་ལ་དམར་ནག་གི་ས་བརླང་ལ་བསྲེས། དེ་ནས་སྐུད་པས་ཕྱིར་གྱིས་དགུ་བསྒྲིལ་ལ། རང་གི་ཉལ་སའི་ཞབས་སུ་བཞག །དེ་ནས་རང་ཉིད་དབང་ཕྱུག་ཆེན་པོ་སྐུ་མདོག་མཐིང་ནག །རལ་པ་ཁམ་ནག་ཏུ་འདུག་པ། སྲིད་པ་གསུམ་གྱི་ལྷ་འདྲེ་ལ་དབང་ཐོབ་པ། སྣང་སྲིད་ཐམས་ཅད་བཀའ་ཉན་གསུང་སྡོད་པར་བསྒོམ། དེ་ཐམས་ཅད་དམ་ཉམས་དགྲ་བོ་བྱད་མ་གནོད་བྱེད་གྱུར་མི་ཁ་ཉེས་ལེན་པ་གང་ཡིན་པ་ཐམས་ཅད་རང་དབང་མེད་པར་བཀུག་ནས། མདུན་གྱི་ཡས་སྟགས་དང་ལིང་ག་རྣམས་ལ་བསྟིམ། ༈ དེ་ནས་རང་ཉིད་ཀྱི་


CMR041_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཡས་པ་གནམ། གཡོན་པ་ས་ལ་བསྒོམ། གནམ་ས་གཉིས་ཀྱི་བར་དུ་བསྒྲིམ་པར་བསམ། རང་གི་ཕྱག་གཡས་གནམ། གཡོན་པ་ས། དེ་གཉིས་ཀྱི་བར་དུ་གནོད་པ་བྱེད་པ་གང་ཡིན་པ་དེའི་རྣམ་པར་ཤེས་པ་མར་མེ་གཅིག་ལ་བསྒོམ། ཐལ་མོ་བརྡབས་པས་གནམ་ས་གཉིས་ཀྱི་བར་དུ་ནག་ཀམས་ཀམས་རྣམ་ཤེས་བསད་པར་བསྒོམ། ཡང་དམ་ཉམས་དགྲ་བོའི་རྣམ་པར་ཤེས་པ་སྒོ་ང་ཅིག་བསམ། དེ་ལ་དམོད་པ་བྱས་ནས་ཐལ་མོ་བརྡབས་པས། ནག་ཀམ་གྱིས་བཏང་བར་བསམ། རྨི་ལམ་བྱུང་ན་རྒྱ་གྲམ་ལམ་དུ་མནན་པར་བྱས། ཡང་དགྲ་ཕྱོགས་སུ་མནན། བྷྱོ་མ་ཧཱ་དྷེ་ཝ་བློ་ཟློག་ཟློག །དྲིལ་དྲིལ་ཨུ་མ་དྷེ་ཝ་བྷྱོ་སྦྱོ་ཟློག་ཟློག །མི་ཁ་དགྲ་ལ་སྒྱུར། མི་ཁ་ཧུར་ཐུམ་རྦད་རྦད། དྲིལ་དྲིལ། ཐུམ་ཐུམ། རི་ལི་ལི་རྦད་རྦད། དྲིལ་དྲིལ་ཐུམ་ཐུམ། ཤིག་ཤིག་བྷྱོ་སྦྱོ་ཟློག་ཟློག །བརྒྱ་ཡི་མི་ཁ་སྒྱུར། སྟོང་གི་བྲ་མཆུ་སྒྱུར། ཞེས་སྤེལ་ཚིག་བྱས་ལ། བྷྱོ་བྷྱོ་ཟློག་ཟློག་གི་གདབ་བོ། །སྐག་མདོས་ཀྱི་ཤོག་དྲིལ། གཞན་ལ་མ་བསྟན་ཕལ་ལ་མེད། གསང་ཚིག་གོ །མི་ཁ་ཚངས་ཕུང་གི་བཅའ་ཐབས་ལག་ལེན་ཚང་བ་རྫོགས་སོ།། ༈ །།འཕགས་པ་


CMR041_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ལ་ཕྱག་འཚལ་ལོ། །མི་ཁ་དགྲ་བོ་གསོད་པར་འདོད་ན། ས་ཡི་བྲ་བ་ཁོང་སེང་བྱས། ནང་དུ་ཡས་དང་མཐུན་རྫ་ས་བླུག །དེ་ནས་ཞག་གསུམ་ལ་སྔགས་ལ། །བྲ་བ་དེ་མི་ཁའི་བུ་མོ་ལྕེ་རྣོན་མ་གཅིག་གིས་འཁོན་འཐབ་དང་། ཁ་མཆུ་བྱེད་པ་ལ་དགའ་བ་གཅིག་ཏུ་དམིགས་ལ། རང་ཉིད་རྡོ་རྗེ་འཇིགས་བྱེད་དབུ་དགུ་པ། དབུས་མ་ཧེའི་གདོང་པ་ཅན་གཅིག་ཏུ་བསྒོམ། དེ་ནས་མི་ཁའི་བུ་མོ་སྤུན་དགུ་ཡོད་པ་དེ། བྲ་བ་དགུ་རུ་སྤྲུལ་ནས། དགྲ་བོའི་ཁང་ཁྱིམ་དུ་ཚང་བཅས་ནས། །ཕུགས་ཀྱི་ལྷ་དང་ཕྱེས། སྒོ་ཡི་ནོར་དང་ཕྱེས། མཆན་གྱི་བུ་དང་ཕྱེས། འོག་གི་ཆུང་མ་ཕྱེས། འོག་རྟ་དང་ཕྱེས། ཁང་ཞིང་དང་ཕྱེས། ཁྱིམ་ཕུག་ཏུ་ཞུགས་པར་བསྒོམ། ༈ བྲ་བ་དེ་ཁ་བསྒྱུར་ལ། དགྲ་བོའི་ཁང་རྙིང་དུ་རྒྱ་གྲོག་གི་ཚང་དང་བཅས་པ་བཞག །ཕར་ལ་དམོད་པ་བྱས་ལ། དམ་ཉམས་དགྲ་བོ་འདི་མི་ཁའི་རྒྱལ་མོ་ཁྱོད་ལ་གཏད་དོ། །མ་ཤོར་ཅིག །ཚང་ཆོས་ཤིག །ཁྱོད་ཀྱི་ཟ་བསྐལ་གྱིས། གཉེར་དུ་གཏད་དོ། །བྷྱོ་མ་ཧཱ་དྷེ་ཝ་དགྲ་ལ་བྷྱོཿ མི་ཁ་ཧུར་ཐུམ་རྦད་རྦད། དྲིལ་དྲིལ། ཐུམ་ཐུམ་ཤིག་ཤིག །བྷྱོ་བྷྱོཿ ཟློག་


CMR041_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །སྒྱུར་སྒྱུར། བརྒྱ་ཡི་མི་ཁ་དགྲ་ལ་སྒྱུར། སྟོང་གི་བྲ་མཆུ་དགྲ་ལ་སྒྱུར། དམ་ཉམས་དགྲ་བོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། །རྣལ་འབྱོར་སྐུ་ལ་བསྡོས། སྟོང་གསུམ་རྔ་ཐོག་གི་བསྐོར་ལ་བསྙབས། དེ་བས་སྡིག་ཅན་སྡང་བའི་དགྲ་བོ་འདི། མི་ཁའི་བུ་མོ་སྤུན་དགུ་ལ་གཏད། བཙན་གྱི་ཇག་པ་རྐང་མང་ཁྱོད་ལ་གཏད། བདུད་ཀྱི་ཇག་པ་རྐང་མང་ཁྱོད་ལ་གཏད། གཤིན་རྗེའི་ཇག་པ་རྐང་མང་ཁྱོད་ལ་གཏད་དོ། །མ་མོའི་ཇག་པ་རྐང་མང་ཁྱོད་ལ་གཏད་དོ། །སྲིན་པོའི་ཇག་པ་རྐང་མང་ཁྱོད་ལ་གཏད་དོ། །མི་ཁའི་ཇག་པ་རྐང་མང་ཁྱོད་ལ་གཏད་དོ། །མི་ཁའི་བུ་མོ་ལྕེ་རྣོན་མ་ཁྱོད་ལ་གཏད་དོ། ཞེས་དམོད་མོ་གང་ཤེས་བྱས་སོ། །ཐལ་མོ་བརྡབ་བོ། །མི་ཁའི་ཚང་སྤྲོས་འདི། བྱུར་མདོས་དང་སྦྲག་ཅིང་བྱས་ན། རང་གི་བསོད་ནམས་ལ་ཕན་ནོ། །རྫོགས་སོ། །རྒྱ་ཡི་གཏོ་ནག་གསང་བའི་མན་ངག་གསེར་མཛོད་ཀྱི་ཤོག་དྲིལ་གནད་ཟབ་མོ་རྫོགས་སོ། །དགེའོ། །བཀྲ་ཤིས་པར་ཤོག །ཞལ་དྲོ། སརྦ་མངྒ་ལཾ། ས་བདག་གཏོ་ཕུག། །། ༧ འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousམགོ་གསུམ་གྱི་གསེར་མཛོད་ཤོག་དྲིལ།next