Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
༼ག༽ མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། སྤྱན་འདྲེན་གཏོ་འབོད་གསང་བ་ལྷ་འབོད་ཚངས་པ་ལྷ་ཡི་གནམ་སྒོ།
   
   
   
   
   
   
   
   
   
   


 
previous༼ག༽ མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། སྤྱན་འདྲེན་གཏོ་འབོད་གསང་བ་ལྷ་འབོད་ཚངས་པ་ལྷ་ཡི་གནམ་སྒོ།next

༼ག༽ མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། སྤྱན་འདྲེན་གཏོ་འབོད་གསང་བ་ལྷ་འབོད་ཚངས་པ་ལྷ་ཡི་གནམ་སྒོ།


CMR041_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༼ག༽ མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། སྤྱན་འདྲེན་གཏོ་འབོད་གསང་བ་ལྷ་འབོད་ཚངས་པ་ལྷ་ཡི་གནམ་སྒོ་ཞེས་བྱ་བ་བཞུགས་སོ།།


CMR041_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མི་ནག་མགོ་བོ་གསུམ་པ་འཁོར་དང་བཅས་པ་སྤྱན་འདྲེན་པ་ནི། མདུན་དུ་ནས་སྡེར་དང་ཇ་ཕུད་གསེར་སྐྱེམས་བདར་བ་མདོས་ནང་དུ་མཆོད། མདའ་དར་ནག་པོ་གཡབ་ལ་འདི་སྐད་དོ།། །ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །ཕྱི་སྣོད་འཇིག་རྟེན་གཞལ་ཡས་ལས།ནང་བཅུད་སྣང་ཞིང་སྟོང་པ་ལས། །གནམ་ས་གཉིས་ཀྱི་བར་ཤེད་ན། །སྲིད་པའི་ཕ་མ་རྒན་རྒོན་སྲིད། །དུག་གསུམ་ཁྲོས་པའི་ངོ་བོ་ནི། །ས་བདག་ཧ་ས་གརྒྷ་ཏེ། །མི་ནག་མགོ་བོ་གསུམ་པ་ནི། །གླང་ཆེན་སྟག་དང་ཕག་གི་མགོ །ཕྱག་དྲུག་ཕྱག་མཚན་བརྒྱན་དང་ལྡན། །


CMR041_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་ཕྲག་དོག་ཞེ་སྡང་ཆེ། །འཕགས་པ་འཇམ་དཔལ་བཀའ་བྱུང་གིས། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ། །གསེར་སྐྱེམས་སེར་མོའི་ཆས་ཇ་འདྲེན། །སྔགས་འཆང་བདག་དང་ཡོན་བདག་གི །ནད་ཡམས་རིམས་གསུམ་བཟློག་པར་མཛོད། །ཀྱཻ། ནུབ་བྱང་མཚམས་ནས་སྤྱན་འདྲེན་པ། །ནམ་མཁའ་


CMR041_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་དཀྱིལ་འཁོར་ནས། །ས་བདག་ཁེན་པ་རྒན་པོ་ནི། །ཤེལ་མི་དུང་གི་ཐོར་ཚུགས་ཅན། །དྲུག་དཀར་ཡབ་ལྷ་བདལ་དྲུག་ནི། །མི་དཀར་སེང་གེ་དཀར་པོ་ཆིབས། །ལོ་བདག་མི་ལུས་ཁྱི་མགོ་ཅན། །ས་བདག་ཧོ་བན་ཆེན་པོ་ནི། །ཤྭ་བ་གཡག་དང་རྟོལ་པོའི་མགོ །དེ་ཉིད་ལྷུམས་སུ་ཞུགས་པའི་སྲས། །གཡག་དང་ཤ་བ་རྟོལ་པོའི་མགོ །ཡབ་སྲས་བཀའ་འཁོར་བཅས་པ་རྣམས། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ཚུནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ། །གསེར་སྐྱེམས་སེར་མོའི་


CMR041_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མི་ལུས་ལུག་གི་མགོ །ལྷོ་ནུབ་ས་བདག་སེ་ཤར་ནི། །པིར་དང་སྦྲུལ་དང་ཉ་ཡི་མགོ །དེ་ཉིད་ལྷུམས་སུ་ཞུགས་པའི་སྲས། །ཉ་དང་དུག་སྦྲུལ་པིར་གྱི་མགོ །ཡབ་སྲས་བཀའ་འཁོར་བཅས་པ་རྣམས། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ། །གསེར་སྐྱེམས་སེར་མོའི་ཆེས་ཇ་འདྲེན། །སྔགས་འཆང་བདག་དང་ཡོན་བདག་གི །ནད་ཡམས་རིམས་གསུམ་བཟློག་པར་མཛོད། །ཀྱཻ། བྱང་ཤར་མཚམས་ནས་སྤྱན་འདྲེན་པ། །རི་བོ་རྩེ་རྒྱལ་ཕོ་བྲང་ནས། །ས་བདག་བུ་ཆེན་གིན་རི་དང་། །བརྒྱད་དཀར་དགྲ་བླ་གླང་ཆེན་ཆིབས། །ལོ་བདག་མི་ལུས་གླང་གི་ལོ། །བྱང་ཤར་ས་བདག་བིཊྚི་ནི། །གཟིག་དང་སྤྱང་ཀའི་བྱི་ལའི་མགོ །དེ་ཉིད་ལྷུམས་སུ་ཞུགས་པའི་སྲས། །བྱི་ལ་གཟིག་དང་སྤྱང་ཀིའི་མགོ །ཡབ་སྲས་བཀའ་འཁོར་བཅས་པ་རྣམས། །མ་ཐོགས་གནས་འདིར་སྤྱན་


CMR041_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ། །གསེར་སྐྱེམས་སེར་མོའི་ཆས་ཇ་འདྲེན། །སྔགས་འཆང་བདག་དང་ཡོན་བདག་གི །ནད་ཡམས་རིམས་གསུམ་བཟློག་པར་མཛོད། །ཀྱཻ། ཤར་ལྷོ་མཚམས་ནས་སྤྱན་འདྲེན་པ། །འབྱུང་བ་རླུང་གི་འཁོར་ལོ་ནས། །ས་བདག་བུ་མོ་ཟོན་རླུང་དང་། །བཞི་ལྗང་ཀླུ་རྒྱལ་ཆུ་སྲིན་ཆིབས། །ལོ་བདག་མི་ལུས་འབྲུག་གི་མགོ །ཤར་ལྷོ་ས་བདག་འབྲུག་ལྷ་སེ་ཝ་ནི། །ཀཾ་ཀ་འུག་པ་ཆུ་བྱའི་མགོ །དེ་ཉིད་ལྷུམས་སུ་ཞུགས་པའི་སྲས། །ཀང་ཀ་རྨ་བྱ་འུག་པའི་མགོ །ཡས་སྲས་བཀའ་འཁོར་བཅས་པ་རྣམས། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ། །གསེར་སྐྱེམས་སེར་


CMR041_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཆས་ཇ་འདྲེན། །སྔགས་འཆང་བདག་དང་ཡོན་བདག་གི །ནད་ཡམས་རིམས་གསུམ་བཟློག་པར་མཛོད། །ཀྱཻ། ཤར་གྱི་ཕྱོགས་ནས་སྤྱན་འདྲེན་པ། །དཔག་བསམ་ཤིང་གི་བསིལ་གྲིབ་ནས། །བུ་མོ་ཟིན་ཤིང་སྟག་ལྤགས་གསོལ། །གསུམ་མཐིང་བསེན་མོ་བོང་བུ་ཆིབས། །ལོ་བདག་སྟག་དང་ཡོས་བུའི་ལོ། །ཤར་ཕྱོགས་ས་བདག་ཐེ་སེ་ནི། །ཕག་དང་སེང་གེ་གླང་ཆེན་མགོ །དེ་ཉིད་ལྷུམས་སུ་ཞུགས་པའི་སྲས། །སེང་གེ་གླང་ཆེན་ཕག་གི་མགོ །ཡབ་སྲས་བཀའ་འཁོར་བཅས་པ་རྣམས། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ། །གསེར་སྐྱེམས་སེར་མོའི་ཆས་ཇ་འདྲེན། །སྔགས་འཆང་བདག་དང་ཡོན་བདག་གི །ནད་ཡམས་རིམས་གསུམ་བཟློག་པར་མཛོད། །ཀྱཻ། ལྷོ་ཡི་ཕྱོགས་ནས་སྤྱན་འདྲེན་པ། །འབྱུང་བ་མེ་རི་འབར་བ་ནས། །ས་བདག་བུ་མོ་ལི་མེ་དང་། །


CMR041_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་དམར་མ་མོ་དྲེལ་ལ་ཞོན། །ལོ་བདག་རྟ་དང་སྦྲུལ་གྱི་ལོ། །ལྷོ་ཕྱོགས་ས་བདག་ཙང་ཀུན་ནི། །ཁྱུང་དང་སྡིག་པ་རུས་སྦལ་མགོ །དེ་ཉིད་ལྷུམས་སུ་ཞུགས་པའི་སྲས། །ཕག་དང་བྱ་རྒོད་སྤྲེལ་གྱི་མགོ །ཡབ་སྲས་བཀའ་འཁོར་བཅས་པ་ནི། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ། །གསེར་སྐྱེམས་སེར་མོའི་ཆས་ཇ་འདྲེན། །སྔགས་འཆང་བདག་དང་ཡོན་བདག་གི །ནད་ཡམས་རིམས་གསུམ་བཟློག་པར་མཛོད། །ཀྱཻ། ནུབ་ཀྱི་ཕྱོགས་ནས་སྤྱན་འདྲེན་པ། །འབྱུང་བ་ལྕགས་ཀྱི་མཁར་ནང་ནས། །ས་བདག་དབུ་ཆེན་དྭ་ལྕགས་དང་། །བདུན་དམར་བྲག་བཙན་རྟ་དམར་ཆིབས། །ལོ་བདག་བྱ་དང་སྤྲེལ་གྱི་ལོ། །ནུབ་ཕྱོགས་ས་བདག་ཐེ་ཁྱིམ་ནི། །སྟག་དང་རྔ་མོང་འབྲུག་གི་མགོ །དེ་ཉིད་ལྷུམས་སུ་ཞུགས་པའི་སྲས། །རྟ་སྦྲུལ་སྟག་གི་མགོ་བོ་ཅན། །ཡབ་སྲས་བཀའ་འཁོར་བཅས་པ་


CMR041_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ། །གསེར་སྐྱེམས་སེར་མོའི་ཆས་ཇ་འདྲེན། །སྔགས་འཆང་བདག་དང་ཡོན་བདག་གི །ནད་ཡམས་རིམས་གསུམ་བཟློག་པར་མཛོད། །ཀྱཻ། བྱང་གི་ཕྱོགས་ནས་སྤྱན་འདྲེན་པ། །འབྱུང་བ་ཆུ་ཡི་རྦ་ཀློང་ནས། །ས་བདག་བུ་འབྲིང་ཁམ་ཆུ་དང་། །གཅིག་དཀར་བརྟན་མ་དུང་ཕག་ཆིབས། །ལོ་བདག་ཕག་དང་བྱི་བའི་མགོ །བྱང་ཕྱོགས་ས་བདག་བེལ་སྣ་ནི། །ཕག་དང་སྟག་དང་དྲེད་ཀྱི་མགོ །དེ་ཉིད་ལྷུམས་སུ་ཞུགས་པའི་སྲས། །ཆུ་སྲིན་དོམ་དང་དྲེད་ཀྱི་མགོ །ཡབ་སྲས་བཀའ་འཁོར་བཅས་པ་རྣམས། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་


CMR041_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ། །གསེར་སྐྱེམས་སེར་མོའི་ཆས་ཇ་འདྲེན། །སྔགས་འཆང་བདག་དང་ཡོན་བདག་གི །ནད་ཡམས་རིམས་གསུམ་བཟློག་པར་མཛོད། །ཀྱཻ། དབུས་ཀྱི་ཕྱོགས་ནས་སྤྱན་འདྲེན་པ། །ཡར་ཡུལ་དེ་ནི་སོ་ཀ་ན། །མི་དམར་མགོ་གསུམ་སྣ་ཁྲིད་ནི། །དབུ་གསུམ་འཇིགས་བྱེད་ཁྲོ་གཏུམ་ཅན། །གཡས་ནི་ང་རྒྱལ་གླང་ཆེན་མགོ །གཡོན་ནི་ཞེ་སྡང་སྦྲུལ་གྱི་མགོ །དབུས་ཕྱོགས་གཏི་མུག་ཕག་གི་མགོ །ཕྱག་གཉིས་མདའ་གཞུ་དགྲ་ལ་འགེངས། །འདོད་ཆགས་བྱ་ཡི་གཤོག་པ་ཅན། །ཞེ་སྡང་སྦྲུལ་གྱི་མཇུག་མ་རྡེབས། །སྣ་ཁྲིད་དམར་པོ་མགོ་གསུམ་ཁྱོད། །ཕོ་ཉ་གཡོག་འཁོར་བཅས་པ་རྣམས། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ། །གསེར་སྐྱེམས་སེར་མོའི་ཆས་ཇ་འདྲེན། །སྔགས་འཆང་བདག་དང་ཡོན་བདག་གི །ནད་ཡམས་རིམས་གསུམ་


CMR041_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པར་མཛོད། །ཀྱཻ། རུ་འདྲེན་སྡེ་བཞི་འཁོར་བཅས་ནི། །གཡས་ཀྱི་རུ་འདྲེན་བདུད་པོ་བཀྲག་མེད་དང་། །གཡོན་གྱི་རུ་འདྲེན་བཙན་རྗེ་ཡམ་ཤུད་དང་། །མདུན་གྱི་རུ་འདྲེན་ཤང་ཤང་སེར་པོ་ནི། །རྒྱབ་ཀྱི་རུ་འདྲེན་མ་མོ་རྔ་ཞོན་དང་། །མི་ཁ་བ་རུ་བྲ་མཆུ་དང་། །བུད་མེད་ཁ་དགུ་ལྕེ་བཅུ་དང་། །མ་མོ་དྲེལ་ཞོན་ལ་སོགས་རྣམས། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ། །གསེར་སྐྱེམས་སེར་མོའི་ཆས་ཇ་འདྲེན། །སྔགས་འཆང་བདག་དང་ཡོན་བདག་གི །ནད་ཡམས་རིམས་གསུམ་བཟློག་པར་མཛོད། །ཀྱཻ། སྐོར་ཆེན་དྲུག་ཅུ་ཐམ་པ་དང་། །ཚངས་པ་བརྒྱ་བྱིན་ཕྱོགས་སྐྱོང་བཅུ། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གཉན་ཆེན་བརྒྱད། །རྒྱུ་སྐར་ཉེར་བརྒྱད་རྒྱལ་ཆེན་བཞི། །ལོ་ཟླ་ཞག་དུས་ས་བདག་ཚོགས། །རུ་འདྲེན་སྡེ་བཞི་གཏོ་


CMR041_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་བཞི། །སྒོ་སྲུང་སྡེ་བཞི་བཅས་པ་རྣམས། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་དྲིལ་གསང་བ་སྐད་ཀྱིས་འབོད། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་པ། །སྐག་བདུད་བཟློག་ཕྱིར་བཞུགས་སུ་གསོལ།། །གསེར་སྐྱེམས་སེར་མོའི་ཆས་ཇ་འདྲེན། །སྔགས་འཆང་བདག་དང་ཡོན་བདག་གི །ནད་ཡམས་རིམས་གསུམ་བཟློག་པར་མཛོད། །ཨོཾ་ཡ་མཱནྟ་ཀ་ཡ་མཱ་ར་ཙ་ཕེ་ཤ་ནག་པོ་ཛཿཧཱུྃ་བཾ་ཧོ༔ ས་མཱ་ཡ་ཛ་ཛཿ ཞེས་པ་སྦུར་མ་རླུང་གིས་བསྡུས་པ་ལྟར་མདུན་བསྐྱེད་ལ་གཉིས་སུ་མེད་པར་བསྟིམ་པར་བྱའོ། །དེ་ལྟར་མི་ནག་མགོ་གསུམ་གྱི་མདོས་འདི་ཤིན་ཏུ་གཉན་པས། ཐན་ངན་འཚེར་རྩུབ་ངན་པ་ཟློག་པ་དང་། མི་གཅིག་དགུ་མིག་ཐོག་ཏུ་ཕྱིན་ནམ། སྤར་ཁ་དུར་མིག་ཏུ་ཕྱིན་པའམ་ཕོ་མོ་དགྲ་གཤེད་བལྟམ་པའམ། མོ་རྨིས་ངན་པའམ། སྐག་པོ་ཆེ་ལི་ཐོགས་སུ་ཕྱིན་པའམ། བྱད་དགྲ་ཐན་གསུམ་ཟུག་པའམ། གཞན་གྱིས་མ་འགྱུར་ན་འདི་དགོས་པ་ཡིན། ཤིན་ཏུ་གསང་ཞིང་བཀའ་རྒྱ་དམ་དུ་བྱའོ། །ལོགས་སུ་དབུ་བརྒྱན་ཚུལ་དུ་ནི། རིགས་གསུམ་མགོན་པོའི་ཙཀ་ལི་བཙུགས། །ཟིལ་གནོན་སྔགས་རྣམས་བཟླས་པ་ན། །རང་ལ་མི་ལྡོག་ལས་ལ་མྱུར། །དཀར་པོ་མགོ་གསུམ་ཡོན་མཆོད་བསྲུང་


CMR041_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆེ། །དམར་པོ་མགོ་གསུམ་བསད་པའི་ལས་ལ་མྱུར། །ནག་པོ་མགོ་གསུམ་ཟློག་པའི་མཐུ་བོ་ཆེ། །དེ་གསུམ་མགོ་གསུམ་གཞུང་ཆེན་གསུམ་དུ་གྲགས། །དེ་མན་རྒྱས་བསྡུས་གང་རུང་བྱས་ཀྱང་རུང་། །འཁོར་མང་རྒྱས་པ་མཆོག་ཏུ་ཟབ་པའི་ཕྱིར། །སྔོན་གྱི་གཏོ་མཁན་མཁས་པ་ཐམས་ཅད་ཀྱིས། །བཅའ་ཚོགས་འདོན་ཆོག་རྒྱས་པ་རྒྱུན་དུ་མཛད། །དེ་ཕྱིར་འཁོར་མང་རྒྱས་པའི་ལུགས་ལྟར་བྱས། །སྔོན་གྱི་སློབ་དཔོན་ལུང་རྒྱུན་ཆད་པ་ལ། །ལུང་རྒྱུན་གསོ་ཕྱིར་འཇམ་དབྱངས་དམར་པོར་སྤྲུལ། །གནམ་ཆོས་ཧ་ས་གརྒྷའི་ལྷན་ཐབས་གསུངས། །དེ་ཕྱིར་འདི་ཡི་མགོ་མཐའ་བར་གསུམ་དུ། །གནམ་ཆོས་གཞུང་ལྟར་གསུངས་པ་ལུང་རྒྱུན་གསོ། །གཞན་ལས་ཟབ་ལ་བརྒྱུད་པ་ཉེ་བ་དང་། །འཇམ་དབྱངས་གསུང་ཕྱིར་བྱིན་རླབས་ནུས་པ་ཆེ། །དེ་ཕྱིར་མ་ནོར་ལམ་འདིར་ཞུགས་ན་ལེགས། །བཀྲ་ཤིས་བདེ་ལེགས་རྣོ་ནུས་ཟབ་ཁྱད་ཆེ། །དེ་ལྟར་ལུགས་བཞིན་སྐྱོངས་ཤིག་ཕྱི་རབས་རྣམས། །བར་ཆད་རྐྱེན་ཞི་གཏོ་ཡས་གནས་སུ་ཐེངས། །ཕྱག་ལེན་འཇུག་བདེ་འདོན་ཆོག་ལེའུ་ཁ་ཚང་། །དེ་ཕྱིར་ཡོན་བདག་རྣམས་ལ་ཕན་ཐོགས་ཆེ། །འདོན་ཆོག་ལེའུ་ཁ་ཀ་ཐེམ་རྣམས་སུ་བཞུགས། །ཚིག་ཉུང་དོན་འདུས་ཕྱག་ལེན་ཤིན་ཏུ་བདེ། །དེ་བཞིན་ཉམས་སུ་ལོངས་ཤིག་གཏོ་མཁན་རྣམས། །ཞེས་པ་རྣམས་ནི་ཀ་ཐེམ་བསྟན་པའོ། །དེ་ནས་མདོས་འཕྱང་རྒྱས་འབུལ་ལ་འཇུག་གོ །ཨ་རཱ་གས་སོ། །མངྒ་ལཾ།། །།


previous༼ག༽ མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། སྤྱན་འདྲེན་གཏོ་འབོད་གསང་བ་ལྷ་འབོད་ཚངས་པ་ལྷ་ཡི་གནམ་སྒོ།next