Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
༼ང༽ །མི་ནག་མགོ་བོ་གསུམ་པའི་མདོས་ཆེན་གཞུང་ལས། ཤིང་རིས་གཟུགས་འགྲོས་མདོས་ཆས་སྣ་ཚོགས་རྒྱས་འབུལ།
   
   
   
   
   
   
   
   
   


 
previous༼ང༽ །མི་ནག་མགོ་བོ་གསུམ་པའི་མདོས་ཆེན་གཞུང་ལས། ཤིང་རིས་གཟུགས་འགྲོས་མདོས་ཆས་སྣ་ཚོགས་རྒྱས་འབུལ།next

༼ང༽ །མི་ནག་མགོ་བོ་གསུམ་པའི་མདོས་ཆེན་གཞུང་ལས། ཤིང་རིས་གཟུགས་འགྲོས་མདོས་ཆས་སྣ་ཚོགས་རྒྱས་འབུལ།


CMR041_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

༼ང༽ །མི་ནག་མགོ་བོ་གསུམ་པའི་མདོས་ཆེན་གཞུང་ལས། ཤིང་རིས་གཟུགས་འགྲོས་མདོས་ཆས་སྣ་ཚོགས་རྒྱས་འབུལ་བཞུགས་སོ།།


CMR041_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། ནམ་མཁའ་དར་ཚོན་ཤིང་རིས་རྣམས་འབུལ་བ་ནི། འདི་སྐད་དོ། ཀྱི་བསྐལ་པ་ཆེན་པོ་མཐའ་དེར་ཡངས། །འབྱུང་བ་ཆེན་པོ་ཁོད་རེ་སྙོམས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་སྲོག་གི་གླུད་དུ་ནི། །ནམ་མཁའ་ཤིང་རིས་དར་ཚོན་འབུལ། །བར་ཆད་ངན་པ་ཞི་བར་མཛོད། །དེ་ནས་དར་གདུགས་འབུལ་བ་ནི། ཧཱུྃ། མགོ་གསུམ་རྩ་བའི་གདུགས་ཆེན་འདི། །ལོངས་སྤྱོད་ཐོབ་པའི་མཚན་ལྟས་ཚང་། །རིན་ཆེན་འབར་བའི་ཏོག་བཙུགས་པ། །དགོས་འདོད་རེ་བ་


CMR041_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་འགྲུབ། །ཉི་ཟླ་ཟུང་གཅིག་འོད་འཕྲོས་པ། །འགྲོ་བའི་མུན་པ་སེལ་བར་བྱེད། །དར་ཚོན་སྣ་ལྔའི་འཕན་བཏགས་པ། །དབང་པོ་སྒོ་ལྔའི་སྒྲིབ་སྐྱོན་སེལ། །འཁོར་ལོ་རྩིབས་བརྒྱུད་བཀོད་པ་འདི། །རྣམ་ཐར་བརྒྱད་ཀྱི་དོན་དང་ལྡན། །མཐའ་མ་ཟླུམ་པོས་བསྐོར་བ་འདི། །ཞི་བ་ཆགས་བྲལ་བདེ་བ་རྙེད། །བཀྲ་ཤིས་བརྒྱད་ཀྱིས་འཕན་དར་འདིས། །མི་མཐུན་ཕྱོགས་རྣམས་མཐུན་པར་བྱེད། །བལ་ཚོན་སྣ་ལྔའི་ཤམ་བུ་འདིས། །འཁོར་དང་བྲན་གཡོག་འདུ་བར་བྱེད། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །མི་ནག་


CMR041_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་གསུམ་འཁོར་བཅས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ལུས་ངག་ཡིད་གསུམ་གླུད་དུ་འབུལ། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །དེ་ནས་ཞལ་བསྣམས་སྣ་ཚོགས་འབུལ་བ་ནི། ཧཱུྃ། ཞལ་བསྣམས་སྣ་ཚོགས་བཤམས་པ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་འདི། །མི་ནག་མགོ་གསུམ་ཁྱོད་ལ་འབུལ། །འཁུ་ལྡོག་ཐམས་ཅད་མདོས་ཀྱིས་ཟློག །ནམ་མཁའ་ལྗང་གུ་རིན་ཆེན་རིས། །ཤར་ཕྱོགས་ཤིང་གི་ས་བདག་དང་། །ཟིན་དང་སྟག་ཡོས་གསུམ་མཐིང་རྣམས་ལ་འབུལ། །ལོ་སྐག་ངན་པ་མདོས་ཀྱིས་ཟློག །ནམ་མཁའ་དམར་པོ་རིན་ཆེན་རིགས། །ལྷོ་ཕྱོགས་མེ་ཡི་ས་བདག་དང་། །ལི་དང་རྟ་སྦྲུལ་དགུ་དམར་རྣམས་ལ་འབུལ། །ལོ་སྐག་ངན་པ་མདོས་ཀྱིས་ཟློག །ནམ་མཁའ་དཀར་པོ་རིན་ཆེན་རིས། །ནུབ་ཕྱོགས་ལྕགས་ཀྱི་ས་བདག་དང་། །དྭ་དང་བྱ་སྤྲེལ་བདུན་དམར་རྣམས་ལ་འབུལ། །ལོ་སྐག་ངན་པ་མདོས་ཀྱིས་ཟློག ནམ་མཁའ་ནག་པོ་རིན་ཆེན་རིས། །བྱང་ཕྱོགས་ཆུ་ཡི་ས་བདག་དང་། ཁམས་དང་བྱི་ཕག་གཅིག་དཀར་རྣམས་ལ་འབུལ། །ལོ་སྐག་ངན་པ་མདོས་ཀྱིས་ཟློག །


CMR041_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་སེར་པོ་རིན་ཆེན་རིས། །ནུབ་བྱང་ནམ་མཁའི་ས་བདག་དང་། །ཁེན་དང་ཁྱི་དང་དྲུག་དཀར་རྣམས་ལ་འབུལ། །གནམ་ནད་ཐོག་སེར་མདོས་ཀྱིས་ཟློག །ནམ་མཁའ་སེར་ནག་འབྱུང་ལྔ་རིས། །ས་གཞི་ཁམས་ཀྱི་ས་བདག་དང་། །ཁོན་དང་ལུག་དང་གཉིས་ནག་རྣམས་ལ་འབུལ། །མི་མཐུན་ལོ་གཤེད་མདོས་ཀྱིས་ཟློག །ནམ་མཁའ་སེར་ལྗང་འབྱུང་ལྔས་བྲན། །བར་སྣང་ཁམས་ཀྱི་ས་བདག་དང་། །ཟོན་དང་འབྲུག་དང་བཞི་ལྗང་རྣམས་ལ་འབུལ། །མི་མཐུན་ལོ་གཤེད་མདོས་ཀྱིས་ཟློག །ནམ་མཁའ་སེར་པོ་རིན་ཆེན་རིས། །རི་བདུན་གནས་པའི་ས་བདག་དང་། །གིན་དང་གླེང་དང་བརྒྱད་དཀར་རྣམས་ལ་འབུལ། །ལོ་གཤེད་ངན་པ་མདོས་ཀྱིས་ཟློག །ནམ་མཁའ་ལྗང་གུ་རྒྱུན་ལྡན་འདི། །བདག་ཅག་པགས་པའི་གླུད་དུ་འབུལ། །ཕ་ཁུའི་སྒེན་འདྲེ་མདོས་ཀྱིས་ཟློག །ནམ་མཁའ་དམར་པོ་ལེ་བརྒན་རིས། །བདག་ཅག་སྙིང་གི་གླུད་དུ་འབུལ། །མ་བུའི་བྱུར་འདྲེ་མདོས་ཀྱིས་ཟློག །ནམ་མཁའ་དཀར་པོ་རྒྱན་ལྡན་འདི། །བདག་ཅག་རུས་པའི་གླུད་དུ་འབུལ། །ནོར་ཕྱུགས་གོད་འདྲེ་མདོས་ཀྱིས་ཟློག །ནམ་


CMR041_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྔོ་ནག་མདངས་ལྡན་འདི། །བདག་ཅག་ཁྲོག་གི་གླུད་དུ་འབུལ། །ཁྲག་ནད་བཤལ་རིམས་མདོས་ཀྱིས་ཟློག །ནམ་མཁའ་སེར་པོ་རིན་ཆེན་རིས། །བདག་ཅག་སེམས་ཀྱི་གླུད་དུ་འབུལ། །སྙིང་ནད་འདར་བུ་མདོས་ཀྱིས་ཟློག །ནམ་མཁའ་སེར་ནག་མཛེས་པ་འདི། །བདག་ཅག་ཤ་ཡི་གླུད་དུ་འབུལ། །ས་ནད་ལྷོག་པ་མདོས་ཀྱིས་ཟློག །ནམ་མཁའ་སེར་ལྗང་རིན་ཆེན་རིས། །བདག་ཅག་དབུགས་ཀྱི་གླུད་དུ་འབུལ། །གློ་བུར་ཧུར་ཐུམ་མདོས་ཀྱིས་ཟློག །ནམ་མཁའི་སེར་པོ་གསེར་འོད་འབར། །བདག་ཅག་སྐྱ་དང་སོ་སེན་གླད་དུ་འབུལ། །རིམས་ནད་དལ་ཡམས་མདོས་ཀྱིས་ཟློག །ནམ་མཁའ་གསེར་འོད་རྒྱན་ལྡན་འདི། །ལྔ་སེར་ས་བདག་རྒྱལ་པོ་དང་། །དབུས་ཀྱི་ས་བདག་རྣམས་ལ་འབུལ། །མི་མཐུན་ནད་རྣམས་མདོས་ཀྱིས་ཟློག །ཚ་བ་རིམས་ནད་མདོས་ཀྱིས་ཟློག །ས་ནད་ལྡོག་པ་མདོས་ཀྱིས་ཟློག །ལྟས་ངན་ཐམས་ཅད་མདོས་ཀྱིས་ཟློག །དེ་ནས་རྒྱང་བུ་སྣ་ཚོགས་འབུལ་བ་ནི། །ཀྱཻ། རིན་ཆེན་རྒྱང་བུ་ཁྲ་བོ་འདི། །སྟོང་གསུམ་ལྷ་འདྲེ་རྣམས་ལ་འབུལ། །དམག་སྣ་གྱོད་སྣ་མདོས་ཀྱིས་ཟློག །ནམ་མཁའི་རྒྱང་བུ་ཕུབ་


CMR041_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འདི། །ཡོན་བདག་སེམས་ཀྱི་གླུད་དུ་འབུལ། །སེམས་འཁྲུགས་ལང་བ་མདོས་ཀྱིས་ཟློག །རླུང་གི་རྒྱང་བུ་བན་བུན་འདི། །བདག་ཅག་དབུགས་ཀྱི་གླུད་དུ་འབུལ། །འཕྱོ་བ་རླུང་ནག་མདོས་ཀྱིས་ཟློག །མེ་ཡི་རྒྱང་བུ་སེར་མང་འདི། །ཡོན་བདག་དྲོད་ཀྱི་གླུད་དུ་འབུལ། །ཚད་པ་མཁྲིས་ནད་མདོས་ཀྱིས་ཟློག །ཆུ་ཡི་རྒྱང་བུ་རྒྱུན་རིང་འདི། །ཡོན་བདག་ཁྲག་གི་གླུད་དུ་འབུལ། །སྐྲན་དང་དམུ་ཆུ་མདོས་ཀྱིས་ཟློག །ས་ཡི་རྒྱང་བུ་གྱལ་གྱིལ་འདི། །ཡོན་བདག་ཤ་ཡི་གླུད་དུ་འབུལ། །བད་ཀན་འཇུ་སྐེམ་མདོས་ཀྱིས་ཟློག །ཤིང་གི་རྒྱང་བུ་སུམ་ཁུག་འདི། །ཡོན་བདག་སྐྲ་སེན་གླུད་དུ་འབུལ། །མཛེ་ནད་ལས་འཁོར་མདོས་ཀྱིས་ཟློག །ལྕགས་ཀྱི་རྒྱང་བུ་གདུག་པ་འདི། །བདག་ཅག་རུས་པའི་གླུད་དུ་འབུལ། །རུས་ནད་གྲུམ་བུ་མདོས་ཀྱིས་ཟློག །དེ་ནས་ཤིང་རིས་སྣ་ཚོགས་འབུལ་བ་ནི། །ཀྱཻ། གདུག་རྩུབ་ལྡན་པའི་ཤིང་དག་ལ། །མཛེས་པའི་གཟུགས་འགྲོས་མང་པོ་བྲིས། །ཁེན་གྱི་ཕྱག་རྒྱ་བྲིས་པ་འདིས། །གནམ་ནད་ཐོག་སེར་མདོས་ཀྱིས་ཟློག །ཁོན་གྱི་ཕྱག་རྒྱ་བྲིས་པ་འདིས། །ས་འཁྲུལ་ངན་པ་མདོས་ཀྱིས་


CMR041_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །གིན་གྱི་ཕྱག་རྒྱ་བྲིས་པ་འདིས། །རྒྱལ་པོའི་དམག་གཡོས་མདོས་ཀྱིས་ཟློག །ལི་ཡི་ཕྱག་རྒྱ་བྲིས་པ་འདིས། །བཙན་གྱི་ཡེ་འདྲོག་མདོས་ཀྱིས་ཟློག །ཁམ་གྱི་ཕྱག་རྒྱ་བྲིས་པ་འདིས། །ཀླུ་ཡི་དལ་གཟེར་མདོས་ཀྱིས་ཟློག །དྭ་ཡི་ཕྱག་རྒྱ་བྲིས་པ་འདིས། །མ་མོའི་དལ་ཡམས་མདོས་ཀྱིས་ཟློག །ཟིན་གྱི་ཕྱག་རྒྱ་བྲིས་པ་འདིས། །གཉན་ནད་ལྷོག་པ་མདོས་ཀྱིས་ཟློག །ཟོན་གྱི་ཕྱག་རྒྱ་བྲིས་པ་འདིས། །སྨྱོ་འབོག་བརྒྱལ་ནད་མདོས་ཀྱིས་ཟློག །དེ་ནས་སྨེ་བ་དགུ་ལ། །ཀྱཻ། གཅིག་དཀར་རིས་སུ་བྲིས་པ་ཡིས། །སོ་ནད་སྲིན་བུ་མདོས་ཀྱིས་ཟློག །གཉིས་ནག་རིས་སུ་བྲིས་པ་ཡིས། །མིག་ནད་ལིང་ཐོག་མདོས་ཀྱིས་ཟློག །གསུམ་མཐིང་རིས་སུ་བྲིས་པ་ཡིས། །སྣ་ནད་ཤངས་འཚུབ་མདོས་ཀྱིས་ཟློག །བཞི་ལྗང་རིས་སུ་བྲིས་པ་ཡིས། །རྣ་བ་འོན་འཐིབས་མདོས་ཀྱིས་ཟློག །ལྔ་སེར་རིས་སུ་བྲིས་པ་ཡིས། །མཁྲིས་ནད་ཤ་སེར་མདོས་ཀྱིས་ཟློག །དྲུག་དཀར་རིས་སུ་བྲིས་པ་ཡིས། །ལྕེ་ནད་ལྐུགས་པ་མདོས་ཀྱིས་ཟློག །བདུན་དམར་རིས་སུ་བྲིས་པ་ཡིས། །ཤ་ནད་སྐངས་ཤུ་མདོས་ཀྱིས་ཟློག །བརྒྱད་དཀར་རིས་སུ་བྲིས་པ་ཡིས། །


CMR041_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་པ་རུས་ནད་མདོས་ཀྱིས་ཟློག །དགུ་དམར་རིས་སུ་བྲིས་པ་ཡིས། །སྙིང་ནད་འདར་བུ་མདོས་ཀྱིས་ཟློག །དེ་ནས་ལོ་སྐོར་བཅུ་གཉིས་ལ། །ཀྱཻ། བྱི་ལོ་པ་ཡི་གཟུགས་བྲིས་པས། །བྱི་བའི་གྲང་ནད་མདོས་ཀྱིས་ཟློག །ཐེག་ཆེན་གླང་གི་གཟུགས་བྲིས་པས། །གླང་གི་ཕུང་གྱོད་མདོས་ཀྱིས་ཟློག །སྟག་ཆེན་རིས་སུ་བྲིས་པ་ཡིས། །སྟག་གི་རབས་ཆད་མདོས་ཀྱིས་ཟློག །ཡོས་བུ་རིས་སུ་བྲིས་པ་ཡིས། །ཡོས་ཀྱི་ནལ་འཛིང་མདོས་ཀྱིས་ཟློག །འབྲུག་གི་རིས་སུ་བྲིས་པ་ཡིས། །འབྲུག་གི་ངུ་འབོད་མདོས་ཀྱིས་ཟློག །སྦྲུལ་ཆེན་རིས་སུ་བྲིས་པ་ཡིས། །སྦྲུལ་གྱི་འགགས་གྲི་མདོས་ཀྱིས་ཟློག །མགྱོགས་པ་རྟ་ཡི་གཟུགས་བྲིས་པས། །རྟ་ཡི་དོ་མ་མདོས་ཀྱིས་ཟློག །གཡང་ཆེན་ལུག་གི་གཟུགས་བྲིས་པས། །ལུག་གི་གཤེད་ཁ་མདོས་ཀྱིས་ཟློག །གཤེད་བཞི་སྤྲེལ་གྱི་གཟུགས་བྲིས་པས། །སྤྲེལ་གྱི་སྣེ་འདྲེ་མདོས་ཀྱིས་ཟློག །འདབ་ཆགས་བྱ་ཡི་གཟུགས་བྲིས་པས། །བྱ་ཡི་ཕུང་གཤེད་མདོས་ཀྱིས་ཟློག །ཟ་བྱེད་ཁྱི་ཡི་གཟུགས་བྲིས་པས། །ཁྱི་ཡི་ངུ་ཟུག་མདོས་ཀྱིས་ཟློག །ངུར་མོ་ཕག་གི་གཟུགས་བྲིས་པས། །དུར་


CMR041_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་ཁྲ་བོ་མདོས་ཀྱིས་ཟློག །དེ་ནས་ས་བདག་ལ། །ཀྱཻ། ལོ་ཟླ་ཞག་དུས་ས་བདག་ཀྱི། །གཟུགས་བརྙན་ཕྱག་རྒྱ་བྲིས་པ་ཡིས། །ལོ་སྐག་ཟླ་སྐག་ཞག་སྐག་དང་། །དུས་ཚོད་སྐག་རྣམས་མདོས་ཀྱིས་ཟློག །གཟའ་དང་སྐར་མའི་གཟུགས་བྲིས་པས། །གཟའ་བདུད་སྐར་བདུད་མདོས་ཀྱིས་ཟློག །ཕོ་ཏོང་མོ་ཏོང་ལ། །ཀྱཻ། ཕོ་ཏོང་རིས་སུ་བྲིས་པ་ཡིས། །ཕོ་བདུད་གཡོས་པ་མདོས་ཀྱིས་ཟློག །མོ་ཏོང་རིས་སུ་བྲིས་པ་ཡིས། །མོ་ཡི་བདུད་གཡོས་མདོས་ཀྱིས་ཟློག །བུ་ཏོང་རིས་སུ་བྲིས་པ་ཡིས། །བུ་ཡི་ཆུང་སྲི་མདོས་ཀྱིས་ཟློག །མདའ་བཀྲ་ལ། །ཀྱཻ། མདའ་བཀྲ་འཕན་བཟང་ཉི་མ་རིས། །གསེར་སྟོང་སེར་མོ་གཡུ་ཡིས་སྤྲས། །ཁ་དོག་རྣམ་པ་ལྔ་རུ་བྲིས། །འདབ་ཆགས་འགྱུར་བའི་སྒོ་ཡིས་སྒྲོན། །བ་བུམ་ལྕགས་མདེལ་རྣོ་ངར་ཅན། །དར་ཚོན་སྣ་ལྔ་མགུལ་དུ་བཏགས། །སྔགས་འཆང་ཏིང་འཛིན་བྱིན་བརླབས་པས། །སྐྱེས་བུ་གཞོན་ནུ་བྱིན་རླབས་ལྡན། །ཡང་ན་མདའ་བཟང་སྐུ་ཡི་མཁར། །བཙན་པའི་རྫོང་ལ་བརྟེན་པའི་མཁར། །དེ་ལྟར་ཡོན་ཏན་ཀུན་ལྡན་འདི། །མདའ་མོ་ལྟོང་བཟང་འདི་དག་ནི། །མི་ནག་འཁོར་དང་བཅས་


CMR041_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབུལ། །ཕོ་ཡི་དར་སྲི་མདོས་ཀྱིས་ཟློག །འཕང་བཀྲ་ལ། །ཀྱཻ། གསེར་འཕོང་སེར་པོ་ཟ་འོག་རིས། །གཡུ་ཡི་འཕང་ལོ་པདྨ་འཁྱིལ། །རིན་ཆེན་དུང་གི་རྣ་བ་བཏགས། །མཐིང་གིས་སྣལ་མ་འཇའ་ལྟར་འཁྱིལ། །སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །བཟང་སྡུག་མོ་བཙུན་གཞོན་ནུ་སྣང་། །དར་ཟབ་དཀྲིས་གསེར་གཡུ་ཡིས་རྒྱན། །ཡང་ན་དཔག་བསམ་ལྗོན་པའི་ཤིང་། །ལོ་མ་གོས་དང་སྡོང་བུ་བརྒྱན། །འདི་འདྲ་དཔག་མེད་མོ་འཕང་རྣམས། །མགོ་གསུམ་འཁོར་དང་བཅས་ལ་འབུལ། །མོ་ཡི་དར་སྲི་མདོས་ཀྱིས་ཟློག །དེ་ནས་ཕྱག་ཆ་ཤིང་རིས་སྣ་ཚོགས་ནི། །ཀྱཻ། མི་ནག་འཁོར་དང་བཅས་པ་ལ། །ཤིང་རིས་ཕྱག་མཚན་སྣ་ཚོགས་འབུལ། །གདུག་རྩུབ་ལྡན་པའི་ཤིང་དག་ལ། །ཕུར་བུ་བརྒྱད་ཅུ་གྱ་གཅིག་གིས། །བོན་གྱི་བྱེད་ཁ་མདོས་ཀྱིས་ཟློག །རྡོ་རྗེ་བརྒྱད་ཅུ་གྱ་གཅིག་གིས། །བན་གྱི་ཕུར་ཁ་མདོས་ཀྱིས་ཟློག །རལ་གྲི་བརྒྱད་ཅུ་གྱ་གཅིག་གིས། །སྐྱེ་བོའི་མདའ་སྣ་མདོས་ཀྱིས་ཟློག །མདའ་ཆེན་བརྒྱད་ཅུ་གྱ་གཅིག་གིས། །མུ་སྟེགས་ཐན་སྣ་མདོས་ཀྱིས་ཟློག །གཞུ་ཆེན་བརྒྱད་ཅུ་གྱ་གཅིག་གིས། །ལྷ་


CMR041_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེའི་ཟ་ཁ་བྱེ་བ་མདོས་ཀྱིས་ཟློག །ཐོ་བ་ཐོ་ལུམ་གྱ་གཅིག་གིས། །གནམ་ནད་ཐོག་སེར་མདོས་ཀྱིས་ཟློག །གདུག་པའི་རྩང་དམར་གྱ་གཅིག་གིས། །རིམས་ནད་དལ་ཡམས་མདོས་ཀྱིས་ཟློག །སྔོ་དམར་ཐག་པས་དཀྲིས་པ་ཡིས། །བྱེད་དང་རིག་སྔགས་མདོས་ཀྱིས་ཟློག །དེ་ནས་གཟུགས་འགྲོས་སྣ་ཚོགས་ནི། །ཀྱཻ། མི་ནག་མགོ་གསུམ་འཁོར་བཅས་ལ། །གཏོར་མ་གཟུགས་འགྲོས་སྣ་ཚོགས་འབུལ། །སྐག་དང་ལྟས་ངན་མདོས་ཀྱིས་ཟློག །དམར་གཏོར་རྒྱན་ལྡན་གྱ་གཅིག་འདི། །འདོད་པའི་རྫས་དང་ཡས་སུ་འབུལ། །མཐེབ་སྐྱུ་འབྲང་རྒྱས་གྱ་གཅིག་འདི། །ལོངས་སྤྱོད་གསོ་བའི་ཟས་སུ་འབུལ། །མུ་གེ་སྐལ་ངན་མདོས་ཀྱིས་ཟློག །མི་ནག་འཁོར་དང་བཅས་པ་ཡི། །རང་རང་གཟུགས་རྣམས་བཀོད་པ་ཡིས། །རང་རང་གནོད་པ་སྣ་ཚོགས་མདོས་ཀྱིས་ཟློག །བྱ་རིགས་སྣ་ཚོགས་གཟུགས་བརྙན་གྱིས། །འདབ་ཆགས་ཐན་ངན་མདོས་ཀྱིས་ཟློག གཅན་གཟན་སྣ་ཚོགས་གཟུགས་བརྙན་གྱིས། །གཅན་གཟན་ཐན་ངན་མདོས་ཀྱིས་ཟློག །རི་དྭགས་སྣ་ཚོགས་གཟུགས་བརྙན་གྱིས། །རི་དྭགས་ཐན་ངན་མདོས་ཀྱིས་ཟློག །


CMR041_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་དྭགས་སྣ་ཚོགས་གཟུགས་འགྲོས་ཀྱིས། །གཡུང་དྭགས་ཐན་ངན་མདོས་ཀྱིས་ཟློག །ས་ལ་འཛུལ་བའི་གཟུགས་འགྲོས་ཀྱིས། །ས་ཡི་ལྟས་ངན་མདོས་ཀྱིས་ཟློག །ཆུ་ལ་གནས་པའི་གཟུགས་འགྲོས་ཀྱིས། །ཆུ་ཡི་ཐན་ངན་མདོས་ཀྱི་ཟློག །བྱ་རིགས་ཁལ་བཀལ་གྱ་གཅིག་འདི། །ནམ་མཁའི་ལྷ་འདྲེའི་ཁམས་སུ་འབུལ། །གནམ་ནད་དལ་གཟེར་མདོས་ཀྱིས་ཟློག །རྟ་ལ་ཁལ་བཀལ་གྱ་གཅིག་འདི། །ས་བདག་དབང་ཆེན་རྣམས་ལ་འབུལ། །ས་སྲིན་གདུག་པ་མདོས་ཀྱིས་ཟློག །དེ་ལྟར་མི་ནག་འཁོར་བཅས་ལ། །མདོས་ཆས་རྣམ་པ་སྣ་ཚོགས་འདི། །འདོད་པའི་ལོངས་སྤྱོད་བྱིན་བརླབས་ནས། །མཁོ་བའི་ཡོ་བྱད་རྣམས་སུ་འབུལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །མི་ནོར་ལོངས་སྤྱོད་འཕེལ་བར་མཛོད། །ལོ་ལེགས་འབྲུ་འཕེལ་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ཤེལ་ཚིགས་འབུལ་བ་ནི། ཧཱུྃ། ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །འཇམ་དཔལ་དབྱངས་ཀྱིས་བཀའ་གནང་ཞིང་། །ཏིང་ངེ་འཛིན་གྱིས་བྱིན་བརླབས་


CMR041_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རྟ་དང་གླང་པོ་མ་ཧེ་དང་། །འབྲི་གཡག་མཛོ་དང་མཛོ་མོ་དང་། །ར་ལུག་བ་གླང་བོང་བུ་དང་། །རྔ་མོང་དྲེལ་ལ་སོགས་པ་ཡི། །དཀོར་ནོར་བརྒྱའམ་སྟོང་ཁྲིར་སྤྲུལ། །ཧ་ས་གརྒྷ་འཁོར་བཅས་དང་། །གཙང་རིགས་དཔལ་མགོན་བདུན་ཅུ་དང་། །སྲིད་པའི་ས་བདག་ཀླུ་གཉན་ཚོགས། །མ་ལུས་འཁོར་དང་བཅས་ལ་འབུལ། །ས་བདག་དཀོར་ནོར་ཕྱུག་གྱུར་ནས། །བདག་དང་ཡོན་བདག་འཁོར་བཅས་ལ། །ལོ་ལེགས་ཕྱུགས་རྣམས་འཕེལ་བར་མཛོད། །བར་ཆད་རྐྱེན་ངན་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མདོས་ནང་དུ་ཤེལ་ཚིགས་འབྲུ་སྣ་བཏབ་བོ། །དེ་ནས་མཆོད་འབུལ་འདོད་ཡོན་ཆར་འབེབས་ལ་འཇུག ༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previous༼ང༽ །མི་ནག་མགོ་བོ་གསུམ་པའི་མདོས་ཆེན་གཞུང་ལས། ཤིང་རིས་གཟུགས་འགྲོས་མདོས་ཆས་སྣ་ཚོགས་རྒྱས་འབུལ།next