Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
༼ཆ༽ །མི་ནག་མགོ་བོ་གསུམ་པའི་མདོས་ཀྱི་གཞུང་ཆེན་ལས། སྤར་ཁ་སྨེ་བ་ལོ་ཟླ་ཞག་དུས་ཀྱི་སྐག་ཟློག་བསྒྱུར་ཆོས་ཆེན་པོ།
   
   
   
   
   
   
   


 
previous༼ཆ༽ །མི་ནག་མགོ་བོ་གསུམ་པའི་མདོས་ཀྱི་གཞུང་ཆེན་ལས། སྤར་ཁ་སྨེ་བ་ལོ་ཟླ་ཞག་དུས་ཀྱི་སྐག་ཟློག་བསྒྱུར་ཆོས་ཆེན་པོ།next

༼ཆ༽ །མི་ནག་མགོ་བོ་གསུམ་པའི་མདོས་ཀྱི་གཞུང་ཆེན་ལས། སྤར་ཁ་སྨེ་བ་ལོ་ཟླ་ཞག་དུས་ཀྱི་སྐག་ཟློག་བསྒྱུར་ཆོས་ཆེན་པོ།


CMR041_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

༼ཆ༽ །མི་ནག་མགོ་བོ་གསུམ་པའི་མདོས་ཀྱི་གཞུང་ཆེན་ལས། སྤར་ཁ་སྨེ་བ་ལོ་ཟླ་ཞག་དུས་ཀྱི་སྐག་ཟློག་བསྒྱུར་ཆོས་ཆེན་པོ་བཞུགས་སོ།།


CMR041_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མི་ནག་མགོ་བོ་གསུམ་པའི་མདོས་ལ་བརྟེན་ནས། སྤར་སྨེ་ལོ་ཟླ་ཞག་དུས་ཀྱི་སྐག་བཟློག་བྱ་བ་ནི། གཏོ་མདོས་གསོ་བྲན་བྱས་ལ་འབྲུ་སྣ་ཤེལ་ཚིགས་བཏབ་ལ་འདི་སྐད་དོ། །ཧཱུྃ། འཇམ་དཔལ་སྤྲུལ་པའི་མཐུ་བོ་ཆེ། །ཟློག་བྱེད་ནག་པོ་མགོ་བོ་གསུམ། །ཁྱོད་ཀྱི་བཀའ་ཉན་ལས་བྱེད་ཚོགས། །སྤར་སྨེ་ལོ་ཟླ་ཞག་དུས་ལྷ། །དཔལ་མགོན་བདུན་ཅུའི་ཚོགས་བཅས་རྣམས། །མདོས་དང་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །སྲུང་སྐྱོབ་ཁ་འཛིན་མཐུ་དཔུང་མཛོད། །མི་མཐུན་བར་ཆད་རྐྱེན་ངན་དང་། །


CMR041_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་རིགས་སུམ་བརྒྱ་དྲུག་ཅུ་དང་། །མི་ཁ་བྲ་མཆུ་དགྲ་གྱོད་འཁོན། །ཐན་ལྟས་ངན་པ་ཐམས་ཅད་ཟློག །སྔགས་འཆང་བདག་དང་ཡོན་བདག་རྣམས། །ཚེ་སྲིང་དཔལ་བསྐྱེད་ལོངས་སྤྱོད་སྤེལ། །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །འཆི་བར་གྱུར་པའི་མི་ཡོད་ཀྱང་། །ལོ་གསུམ་བར་དུ་བཤོལ་ཐོབས་ལ། །བར་ཆད་ཐམས་ཅད་བཟློག་པར་མཛོད། །ཚེ་དང་བསོད་ནམས་དངོས་གྲུབ་སྩོལ། །དེ་ནས་སྤར་ཁ་བརྒྱད་ཀྱི་སྐག་ཟློག་བསྒྱུར་ཆོས་ནི། །ཀྱཻ། གནམ་རིམ་པ་བཅུ་གསུམ་ཡང་སྟེང་ན། །ཕ་ཁེན་པ་རྒན་པོ་བྱ་བ་དེ། །ཤེལ་གྱི་མི་རྒན་མགོ་སྐྱ་


CMR041_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བ། །གཉེར་མ་བརྒྱད་ཅུ་རྩ་གཅིག་བསྒྲངས། །དབྱར་དགུན་གཉིས་ནི་ཐང་མར་གདལ། །སྟོན་དཔྱིད་གཉིས་ནི་གོས་སུ་གྱོན། །གནམ་ཐིལ་དཀར་པོ་ཕོ་ཉར་འགྱེད། །གནམ་ནད་ཐོག་སེར་བདག་པོ་སྟེ། །གཏོ་ཆེན་མཆོད་གཏོར་འདི་བཞེས་ལ། །ཡར་གྱི་གནམ་སྒོ་བྱེ་བ་ཆོད། །གནམ་ནད་གནམ་ཐེལ་སྨོད་པ་ཟློག །ཐོག་སེར་གནམ་སྒོའི་བྱ་ཐན་སྒྱུར། །རྒན་པ་རྣམས་ཀྱི་ཚེ་སྲིངས་ལ། །སྟེང་གི་ཕོ་སྐག་བཟློག་ཏུ་གསོལ། །ས་རིམ་པ་དགུ་ཡི་མར་ཞབས་ནས། །མ་ཁོན་མ་རྒན་མོ་བྱ་བ་དེ། །གསེར་གྱི་བུད་མེད་མགོ་སེ་མ། །གཉེར་མ་བརྒྱད་ཅུ་ཐམ་པ་བགྲང་། །ལག་ན་འཇོར་དང་གཡག་པ་ཐོགས། །ས་བདག་ལག་ཆེན་ཕོ་ཉར་འགྱེད། །གཏོ་ཆེན་མཆོད་གཏོར་འདི་བཞེས་ལ། །མར་གྱི་ས་སྒོ་བྱེ་བ་ཆོད། །ས་ནད་ས་བདག་གདུག་པ་ཟློག །ས་རྡོ་རི་བྲག་ཉིལ་བ་ཟློག །ཡུལ་ཤོར་ས་མི་ཟིན་པ་ཟློག །ལོ་ཉེས་ས་བཅུད་ཉམས་པ་སྒྱུར། །རྒན་རྒོན་དེ་གཉིས་འཚོས་པ་ལས། །བུ་ཚ་མིང་སྲིང་བཞི་རུ་བྱུང་། །བུ་ཆེན་གིན་རི་བྱ་བ་དེ། །བནྡེ་སེར་པོ་འཇོལ་བེར་ཅན། ལག་ན་ཤེལ་གྱི་ཕྲེང་བ་ཐོགས། །ཀླུ་གླང་དམར་པོ་རྟ་རུ་


CMR041_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན། །ས་ཐེལ་ནག་པོ་ཕོ་ཉར་འགྱེད། །ཁྱོད་ནི་དལ་ཡམས་ཀུན་གྱི་བདག །གཏོ་ཆེན་མཆོད་གཏོར་འདི་བཞེས་ལ། །དལ་ཁ་ཆོད་ལ་ཡམས་ཁ་སྒྱུར། །ས་ཐིལ་དམོད་པ་གདུག་རྩུབ་ཟློག །རི་ཉིལ་མཁར་ཁང་ཞིག་རལ་ཟློག །བུ་ཚའི་སྐག་རྣམས་བསྒྱུར་དུ་གསོལ། །དེ་མི་ཆུང་བ་དྭ་ལྕགས་དེ། །སྐྱེས་ཕྲན་གཞོན་ནུའི་ཆ་བྱད་ཅན། །ལག་ན་རལ་གྲི་ཕུབ་ཆུང་ཐོགས། །ཆིབས་སུ་དྲེལ་རྟ་ཁ་དཀར་ཆིབས། །གྲི་བཙན་ཁ་དམར་ཕོ་ཉ་འགྱེད། །འཁྲུག་རྩོད་སྐག་གི་སྣ་ཡང་འདྲེན། །གཏོ་ཆེན་མཆོད་གཏོར་འདི་བཞེས་ལ། །གཟེར་ནད་གྲི་འཁྲུག་བཟློག་ཏུ་གསོལ། །དགྲ་གྱོད་སྣེ་འདྲེ་ལག་དམར་ཟློག །གྲི་སྲི་ཕུར་ཁ་ཟུག་པ་སྒྱུར། །བུ་མོ་ཟོན་རླུང་བྱ་བ་ནི། །རི་བོང་རྣ་རིང་ལྤགས་པ་གྱོན། །འོག་ཏུ་མཛོ་དང་རྟོལ་པོ་ཆིབས། །ལག་ན་རླུང་གི་ཞགས་པ་ཐོགས། །བང་ནི་གློག་དང་རླུང་བས་མགྱོགས། །སྨྱོ་འབོག་རླུང་ནད་བདག་མོ་སྟེ། །རྒྱལ་བསེན་མང་པོ་ཕོ་ཉར་འགྱེད། །གཏོ་ཆེན་མཆོད་གཏོར་འདི་བཞེས་ལ། །སྨྱོ་འབོག་རྒྱལ་ནད་སྙིང་གཟེར་ཟློག །རླུང་འཚུབ་རླུང་ནད་སྨྱོ་འདྲེ་ཟློག །སྐག་དང་ལྟས་ངན་


CMR041_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཟློག །དེ་ཡི་བུ་མོ་ལི་མེ་དེ། །བུད་མེད་དམར་མོ་རྟ་དམར་ཞོན། །ལུས་ལ་མེ་ཡི་ཚྭ་ཚྭ་འཕྲོ། །ལག་ནས་ཐོག་གི་མདའ་མོ་འཕེན། །དལ་ཡམས་རིམས་ནད་ཁྲག་གཟེར་བདག །མ་མོ་ནག་མོ་ཕོ་ཉར་འགྱེད། །ཐེའུ་རང་བྱུར་གྱི་སྣ་ཡང་འདྲེན། །གཏོ་ཆེན་མཆོད་གཏོར་འདི་བཞེས་ལ། །རིམས་ཡམས་དལ་ཁ་བཟློག་ཏུ་གསོལ། །རྨ་ནད་ཁྲག་ནད་བཟློག་ཏུ་གསོལ། །ཚད་ནད་གག་ལྷོག་གཟེར་གསུམ་ཟློག །མགོ་ཆག་མེ་ནད་མེ་དགྲ་ཟློག །ཐེའུ་རང་བསྒྲོན་འདྲེ་བསྒྱུར་དུ་གསོལ། །མིང་སྲིང་ཆེ་གཉིས་འཚོས་པ་ལས། །བུ་ཚ་མིང་སྲིང་གཉིས་སུ་སྲིད། །མིང་པོ་ཁམ་ཆུ་བྱ་བ་དེ། །མི་ནག་གཅེར་བུ་རལ་པ་ཅན། །སྐྱ་འདང་རྨ་འདང་གོས་སུ་གྱོན། །ལག་ན་བདུད་ཀྱི་ཐ་རམ་ཐོགས། །གྲང་ནད་ཀླུ་རྫིང་དམུ་ཡི་བདག །ཀླུ་སྲིན་མང་པོ་ཕོ་ཉར་འགྱེད། །གཏོ་ཆེན་མཆོད་གཏོར་འདི་བཞེས་ལ། །གྲང་ན་མཛེ་ནད་དམུ་ཆུ་ཟློག །ཆུ་གཡོས་ཆུ་དགྲ་འགུལ་བ་ཟློག །ཆུ་འདྲེ་ཆུ་སྲི་གྲང་ནད་ཟློག །སྐྱས་ནག་གཏོ་འདྲེ་ནལ་ཡུགས་ཟློག །གཤའ་ཕུད་ཆུ་འདྲེ་བསྒྱུར་དུ་གསོལ། །སྲིང་མོ་ཟིན་ཤིང་བྱ་བ་དེ། །གྲི་ཤིང་སྟག་པ་


CMR041_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་ཐོགས། །མདའ་ཆགས་གཞུ་ཆག་སྐེད་ལ་བཅུག །འགགས་གྲི་ཤིང་གྲི་རལ་ཆེན་བདག །གྲི་སྲི་གཉེན་བདུད་ཕོ་ཉར་འགྱེད། །གཏོ་ཆེན་མཆོད་གཏོར་འདི་བཞེས་ལ། །རྨང་འདྲེ་རྨང་སྲི་བཟློག་ཏུ་གསོལ། །འགགས་གྲི་ངན་པ་སྒྱུར་དུ་གསོལ། །མདའ་མཚོན་ཤིང་རྩེ་ཟུག་པ་ཟློག །བླ་ཤིང་ཆག་དང་སྐམ་པ་སྒྱུར། །སྐག་ངན་ཐན་ངན་བསྒྱུར་དུ་གསོལ། །ཀྱེ། སྤར་ཁ་ལོ་ཟླ་ཞག་དུས་ལ་འཁོར་བའི། །སྐག་རིགས་ཐམས་ཅད་བཟློག་ཅིང་བསྒྱུར་དུ་གསོལ། །སྤར་ཁ་རང་ཐོག་དགྲ་ཐོག་དུར་མིག་དང་། །ན་ས་འཆི་བའི་སྐག་རྣམས་ཐམས་ཅད་ཟློག །ནམ་ཟླའི་སྐག་བརྒྱད་གནོད་པའི་འདྲེ་བརྒྱད་ཟློག །མི་རུང་ནོར་བརྒྱད་དུར་ཟས་བརྒྱད་པོ་ཟློག །སྒྲེན་པའི་མི་བརྒྱད་ནད་ངོ་ཐམས་ཅད་ཟློག །ཨོཾ་ཁ་ལ་ཤན་ཟློག །ཨོཾ་ཁ་ཏ་ལ་ཟློག །ཨོ་དྲི་བུ་ཤའུ་ཟློག །ཨོཾ་ཁ་ཏི་ནམ་ཟློག །ཨོཾ་ཤ་དྷ་ཡ་ཟློག །ཨོ་ར་གྷ་ཡ་ཟློག །ཨོཾ་ཤི་ཡ་ཟློག །ཨོ་མ་མོ་ཤར་ཡ་ཟློག །དེ་ནས་སྨེ་བ་དགུ་ཡི་བསྒྱུར་ཆོས་ནི། །ཀྱཻ། གཅིག་དཀར་ལྷ་མོ་བརྟན་མ་ནི། །སྐུ་ལ་དར་དཀར་ན་བཟའ་གསོལ། །ཕྱག་ན་བདུད་རྩིའི་བུམ་པ་


CMR041_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །ཆིབས་སུ་དུང་ཕག་གསེར་མགོ་ཆིབས། །འཁོར་དུ་ས་བདག་འབུམ་གྱིས་བསྐོར། །མདོས་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །བཟློག་ཅིག་བར་ཆད་འབྱུང་པོ་ཟློག །ཟས་སུ་དགྲ་འདྲེ་བྱུར་གསུམ་ཟོ། །ཐེའུ་རང་འགོང་པོ་དགྲ་ལ་སྒྱུར། །ཀྱཻ། གཉིས་ནག་བདུད་པོ་བཀྲག་མེད་ནི། །སྐུ་ལ་དར་ནག་འཇོལ་བེར་གསོལ། །ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །འཁོར་དུ་བདུད་དམག་འབུམ་གྱིས་བསྐོར། །མདོས་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །བཟློག་ཅིག་བར་ཆད་འབྱུང་པོ་ཟློག །ཟས་སུ་དགྲ་འདྲེ་བྱུར་གསུམ་ཟོ། །མྱ་ངན་འཆི་མ་བསྒྱུར་དུ་གསོལ། །ཀྱཻ། གསུམ་མཐིང་མ་ཡམས་བསེན་མོ་ནི། །ཆིབས་སུ་ཁྱི་མོ་རྣ་རིང་ཞོན། །སྐུ་ལ་དར་སྔོན་རལ་ག་གསོལ། །ཕྱག་ན་ནད་ཀྱི་རྐྱལ་པ་བསྣམས། །འཁོར་དུ་བསེན་མོ་འབུམ་གྱིས་བསྐོར། །མདོས་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །བཟློག་ཅིག་བར་ཆད་འབྱུང་པོ་ཟློག།ཟས་སུ་དགྲ་འདྲེ་བྱུར་གསུམ་ཟོ། །བྱེ་བྲལ་རླུང་འཚུབ་བསྒྱུར་


CMR041_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །ཀྱཻ། བཞི་ལྗང་ཀླུ་ཡི་རྒྱལ་པོ་ནི། །ཆིབས་སུ་ཆུ་སྲིན་རྒྱལ་པོ་ཆིབས། སྐུ་ལ་དར་ལྗང་ན་བཟའ་གསོལ། །ཕྱག་ན་ཆུ་སྦྲུལ་ཞགས་པ་བསྣམས། །ཀླུ་མོ་འབུམ་གྱི་འཁོར་གྱིས་བསྐོར། །མདོས་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །བཟློག་ཅིག་བར་ཆད་འབྱུང་པོ་ཟློག །ཟས་སུ་དགྲ་འདྲེ་བྱུར་གསུམ་ཟོ། །ཀླུ་ནད་མཛེ་ཤུ་བསྒྱུར་དུ་གསོལ། །ཀྱཻ། ལྔ་སེར་ས་བདག་ཙང་ཀུན་ནི། །སྐུ་མདོག་སེར་པོ་འོད་ཟེར་འབར། །ཆིབས་སུ་དུང་ཤ་དཀར་པོ་ཆིབས། །ཕྱག་ན་ཁ་ཊཾ་རྩེ་གསུམ་བསྣམས། །འཁོར་དུ་ས་བདག་འབུམ་གྱིས་བསྐོར། །མདོས་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །བཟློག་ཅིག་བར་ཆད་འབྱུང་པོ་ཟློག །ཟས་སུ་དགྲ་འདྲེ་བྱུར་གསུམ་ཟོ། །ལྡི་འཐིབ་ནད་རྣམས་བསྒྱུར་དུ་གསོལ། །ཀྱཻ། དྲུག་དཀར་དགྲ་བླའི་རྒྱལ་པོ་ནི། སྐུ་མདོག་དཀར་པོ་དུང་འོད་འབར། །ཆིབས་སུ་སེང་གེ་དཀར་པོ་ཆིབས། །ཕྱག་ན་བ་དན་དཀར་པོ་བསྣམས། །དགྲ་བླའི་རྒྱལ་པོ་འབུམ་གྱིས་བསྐོར། །མདོས་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་


CMR041_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་ཆོས། །བཟློག་ཅིག་བར་ཆད་འབྱུང་པོ་ཟློག །ཟས་སུ་དགྲ་འདྲེ་བྱུར་གསུམ་ཟོ། །རྒྱལ་འགོང་སྤུན་དགུ་དགྲ་ལ་སྒྱུར། །ཀྱཻ། བདུན་དམར་ཡམ་ཤུད་དམར་པོ་ནི། །མི་དམར་རྟ་དམར་དར་དམར་གསོལ། །ཕྱག་ན་བཙན་ཞགས་ཤོ་རྡེལ་བསྣམས། །འཁོར་དུ་བཙན་དམག་འབུམ་གྱིས་བསྐོར། །མདོས་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །བཟློག་ཅིག་བར་ཆད་འབྱུང་པོ་ཟློག །ཟས་སུ་དགྲ་འདྲེ་བྱུར་གསུམ་ཟོ། །ཤན་པའི་གྲི་བདར་དགྲ་ལ་སྒྱུར། །ཀྱཻ། བརྒྱད་དཀར་ལྷ་ཆེན་དབང་ཕྱུག་ནི། །སྐུ་མདོག་དཀར་པོ་རྒྱན་དང་ལྡན། །གླང་ཆེན་འཁུག་པའི་སྟེང་ན་བཞུགས། །ཕྱག་ན་ཁ་ཊཾ་ཕྱར་དར་བསྣམས། །འཁོར་དུ་ལྷ་དམག་འབུམ་གྱིས་བསྐོར། །མདོས་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །བཟློག་ཅིག་བར་ཆད་འབྱུང་པོ་ཟློག །ཟས་སུ་དགྲ་འདྲེ་བྱུར་གསུམ་ཟོ། །ལྷ་ནད་དལ་ཡམས་དགྲ་ལ་སྒྱུར། །ཀྱཻ། དགུ་དམར་མ་མོ་ཆེན་མོ་ནི། །དབང་སྨེ་དགུ་དམར་ཙ་མུན་ཏྲི། །ཆིབས་སུ་དྲེའུ་དམར་ནག་ཆིབས། །ཕྱག་ན་མཚོན་གྱི་གྲུ་གུ་བསྣམས། །འཁོར་དུ་མ་མོ་


CMR041_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱིས་བསྐོར། །མདོས་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །བཟློག་ཅིག་བར་ཆད་འབྱུང་པོ་ཟློག །ཟས་སུ་དགྲ་འདྲེ་བྱུར་གསུམ་ཟོ། །ནད་ཡམས་རིམས་འཁྲུག་བསྒྱུར་དུ་གསོལ། །སྨེ་བ་དབུས་ཚུད་རིང་ཐོག་གཅོད་འདྲལ་ཟློག །སྨེ་བ་ཞག་དང་དུས་ཚོད་ལ་འཁོར་བའི། །སྨེ་བའི་སྐག་ཕྲན་ཐམས་ཅད་དགྲ་ལ་ཟློག །སྨེ་བའི་དུར་ངོ་ན་ངོ་དགྲ་ལ་ཟློག །ཨོཾ་ཏ་པ་ཡ་ཟློག །ཨོཾ་མར་ཤ་ཡེ་ཟློག །ཨོ་ནན་ས་ལ་ཟློག །ཨོཾ་ཤི་ཡ་ན་ཟློག །ཨོཾ་མ་ཧཱ་ཀ་ལི་ཡ་ཟློག ། ཨོ་མ་ཤ་ཡི་ཟློག །ཨོ་ཏི་རུ་བུ་ན་ཟློག །ཨོཾ་ཧ་ཕྲན་ཤ་ཡེ་ཟློག །ཨོཾ་ཁ་ལ་ཧི་ཟློག །དེ་ནས་ལོ་སྐོར་བཅུ་གཉིས་སྐག་ཟློག་ནི། །ཀྱཻ། ལོ་ཡི་རྒྱལ་པོ་བྱི་བའི་ལོ། །སྣ་ཚོགས་ཆུ་ལས་གྲུབ་པའི་གཟུགས། །མི་ལུས་བྱི་བའི་མགོ་བོ་ཅན། །ལག་ན་ཆུ་ཡི་རྒྱལ་མཚན་བསྣམས། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །བྱི་བ་ལོ་པའི་མི་ཡོད་ན། །དེ་ཡི་སྐག་ཆེན་བསྒྱུར་དུ་གསོལ། །ལྷ་བདུད་བྱི་ཤོར་དགྲ་ལ་སྒྱུར། །ཆུང་སྲིའི་གདུག་པ་བཟློག་ཏུ་གསོལ། །ཀྱཻ། མི་ལུས་གླང་གི་མགོ་བོ་ཅན། །རིན་


CMR041_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གསེར་ལས་གྲུབ་པའི་མདོག །ཕྱག་ན་གསེར་གྱི་འཁོར་ལོ་བསྣམས། །བྱང་ཤར་གིན་ལ་གནས་པའི་བདག །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གླང་ལོ་པ་ཡི་མི་ཡོད་ན། །དེ་ཡི་སྐག་ཆེན་བསྒྱུར་དུ་གསོལ། །ཐན་དང་ལྟས་ངན་དགྲ་ལ་སྒྱུར། །ཕུང་གྱོད་ངན་པ་བསྒྱུར་དུ་གསོལ། །ཀྱཻ། མི་ལུས་སྟག་གི་མགོ་བོ་ཅན། །ཤིང་ལོ་ལྗང་གུའི་མདོག་ལས་གྲུབ། །ཤར་སྟོད་ཤིང་གི་གདན་ལ་བཞུགས། །རི་མོ་ཐམས་ཅད་ལུས་ལ་བཀྲ། །ཕྱག་ན་ལྗོན་ཤིང་ཏ་ལ་བསྣམས། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །སྟག་ལོ་པ་ཡི་མི་ཡོད་ན། །དེ་ཡི་སྐག་ཆེན་བསྒྱུར་དུ་གསོལ། །མི་མཐུན་རྐྱེན་དགུ་དགྲ་ལ་སྒྱུར། །བརྒྱ་བྱིན་འོད་ཆེན་གཏོ་ཡིས་སྒྱུར། །ཀྱཻ། མི་ལུས་ཡོས་བུའི་མགོ་བོ་ཅན། །རྣམ་པ་མི་འགྱུར་ཤིང་ལ་བསྟེན། །ཤིང་ལོ་ལྗང་ཁུའི་མདངས་ལས་གྲུབ། །ཕྱག་ན་ལྗོན་ཤིང་མེ་ཏོག་བསྣམས། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཡོས་ལོ་པ་ཡི་མི་ཡོད་ན། །དེ་ཡི་སྐག་ཆེན་བསྐྱར་དུ་གསོལ། །ལོ་ཉེས་རྗེས་ལོག་དགྲ་


CMR041_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྱུར། །ཡུལ་བུད་རྗེས་མེད་བསྒྱུར་དུ་གསོལ། །ཀྱཻ། མི་ལུས་འབྲུག་གི་མགོ་བོ་ཅན། །གསེར་གྱི་མདོག་ལས་གྲུབ་པའི་གཟུགས། །ས་རིམ་པ་དགུ་ཡི་མངའ་བདག་མཛད། །ཕྱག་ན་གསེར་གྱི་སྡོང་བུ་བསྣམས། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །འབྲུག་ལོ་པ་ཡི་མི་ཡོད་ན། །དེ་ཡི་སྐག་ཆེན་བསྒྱུར་དུ་གསོལ། །དུར་ཉེས་ཡུགས་མམ་དགྲ་ལ་སྒྱུར། །དུར་གཤེད་དུར་བདུད་བསྒྱུར་དུ་གསོལ། །ཀྱཻ། མི་ལུས་སྦྲུལ་གྱི་མགོ་བོ་ཅན། །མེ་ཡི་མདངས་ལས་གྲུབ་པའི་མདོག །ཕྱག་ན་སྲེག་བྱེད་མེ་དཔུང་བསྣམས། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །སྦྲུལ་ལོ་པ་ཡི་མི་ཡོད་ན། །དེ་ཡི་སྐག་ཆེན་བསྒྱུར་དུ་གསོལ། །མི་མཐུན་ཐན་སྤྲུལ་དགྲ་ལ་བསྒྱུར། །འགགས་གྲི་ལྕེ་གྲི་གཏོ་ཡིས་བསྒྱུར། །ཀྱཻ། མི་ལུས་རྟ་ཡི་མགོ་བོ་ཅན། །འབར་བ་མེ་ཡི་ན་བཟའ་གསོལ། །ཕྱག་ན་གསལ་བྱེད་མེ་དཔུང་བསྣམས། །བྱི་བའི་ལོ་བདུད་དགྲ་གཤེད་ཡིན། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །རྟ་ལོ་པ་ཡི་མི་ཡོད་ན། །དེ་ཡི་


CMR041_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་ཆེན་བསྒྱུར་དུ་གསོལ། །བྱང་རྟ་རྔོག་ཆད་དགྲ་ལ་སྒྱུར། །རྨང་པོ་གྲི་ཁུར་གཏོ་ཡིས་སྒྱུར། །ཀྱཻ། མི་ལུས་ལུག་གི་མགོ་བོ་ཅན། །སྐུ་ལ་གསེར་གྱི་པགས་པ་གསོལ། །ཕྱག་ན་གསེར་གྱི་སྒྲོམ་བུ་བསྣམས། །ལྷོ་ནུབ་ཁོན་མའི་ས་སྒོ་སྲུངས། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ལུག་ལོ་པ་ཡི་མི་ཡོད་ན། །དེ་ཡི་སྐག་ཆེན་བསྒྱུར་དུ་གསོལ། །ཚེར་ཤིང་ས་བསྐྲལ་དགྲ་ལ་བསྒྱུར། །མགོ་དགུ་བཤལ་ནད་བསྒྱུར་དུ་གསོལ། །ཀྱཻ། མི་ལུས་སྤྲེལ་གྱི་མགོ་བོ་ཅན། །སྐུ་མདོག་གངས་རི་ཤེལ་དང་འདྲ། །ཕྱག་ན་གཅོད་བྱེད་རྣོ་མཚོན་བསྣམས། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །སྤྲེལ་ལོ་པ་ཡི་མི་ཡོད་ན། །དེ་ཡི་སྐག་ཆེན་བསྒྱུར་དུ་གསོལ། །སྤྲེལ་དམར་མེ་ཆེན་དགྲ་ལ་སྒྱུར། །ནག་པོ་ཐང་འགྱེད་བསྒྱུར་དུ་གསོལ། །ཀྱཻ། མི་ལུས་བྱ་ཡི་མགོ་བོ་ཅན། །མདོག་དཀར་ལྕགས་ལས་གྲུབ་པའི་གཟུགས། །ཕྱག་ན་གཅོད་བྱེད་རལ་གྲི་བསྣམས། །སྲ་མཁྲེགས་ལྕགས་ཀྱི་གདན་ལ་བཞུགས། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །བྱ་


CMR041_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་པ་ཡི་མི་ཡོད་ན། །དེ་ཡི་སྐག་ཆེན་བསྒྱུར་དུ་གསོལ། །ཚེ་ཤིང་ཀུན་སྡིག་དགྲ་ལ་སྒྱུར། །བྱེ་བྲལ་གྱོད་སྟོང་བསྒྱུར་དུ་གསོལ། །ཀྱཻ། མི་ལུས་ཁྱི་ཡི་མགོ་བོ་ཅན། །ས་བདག་སེར་པོའི་རྒྱུ་ལས་གྲུབ། །གསེར་ས་སེར་པོའི་གདན་ལ་བཞུགས། །རིན་ཆེན་གསེར་གྱི་ན་བཟའ་གསོལ། །ཕྱག་ན་གསེར་གྱི་རུ་དར་བསྣམས། །ནུབ་བྱང་ཁེན་གྱི་གནམ་སྒོ་སྲུངས། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཁྱི་ལོ་པ་ཡི་མི་ཡོད་ན། །དེ་ཡི་སྐག་ཆེན་བསྒྱུར་དུ་གསོལ། །བཙན་གྱི་དགྲ་སྣ་དགྲ་ལ་སྒྱུར། །བག་མའི་སྣ་འདྲེ་བསྒྱུར་དུ་གསོལ། །ཀྱཻ། མི་ལུས་ཕག་གི་མགོ་བོ་ཅན། །འཁྲུག་བྱེད་ཆུ་ཡི་ན་བཟའ་གསོལ། །ཕྱག་ན་བུམ་པ་ཆུས་བཀང་བསྣམས། །ས་བདག་ཆེན་པོ་ཆུ་ལ་བསྐྱོན། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཕག་ལོ་པ་ཡི་མི་ཡོད་ན། །དེ་ཡི་སྐག་ཆེན་བཟློག་ཏུ་གསོལ། །དུར་ཕག་རོ་འཁུན་དགྲ་ལ་སྒྱུར། །བསྒྲེན་འདྲེ་ངན་པ་བསྒྱུར་དུ་གསོལ། །ཀྱཻ། ལོ་ཡི་རྒྱལ་པོ་བཅུ་གཉིས་ལ། །ཟླ་བ་བློན་པོ་བཅུ་གཉིས་དང་། །ཞག་གྲངས་


CMR041_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྒྱ་དྲུག་ཅུ་དང་། །ཟ་མ་བདུན་བརྒྱ་ཉི་ཤུས་བསྐོར། །དེ་ལ་དབང་བྱེད་ས་བདག་ཚོགས། །གཏོ་ཆེན་མཆོད་པ་འདི་བཞེས་ལ། །ལོ་སྐག་ཟློག་ལ་ཟླ་སྐག་སྒྱུར། །ཞག་སྐག་ཟ་སྐག་བཟློག་ཏུ་གསོལ། །ལོ་ཡི་རྒྱལ་པོའི་ངན་བཤམས་ཟློག །ཟླ་བ་བློན་པོས་གྲོས་བྱས་ཟློག །ཞག་མ་དམག་མིའི་དམག་བཤམས་ཟློག །དུས་ཚོད་མཚོན་ཆས་བཏབ་པ་ཟློག །རང་སྐག་བཞི་གཤེད་དྲུག་འགྲམ་ཟློག །བདུན་ཟུར་དགྲ་སྐག་ན་ཤི་དུར་ཞུགས་ཟློག །བདག་ཅིག་འཁོར་དང་བཅས་པ་ལ། །ལོ་གཤེད་མ་འབེབས་ལོ་ལྷ་མཛོད། །མི་མཐུན་རྐྱེན་ངན་བཟློག་ཏུ་གསོལ། །ཨོཾ་དྷི་པ་ཆར་ཡམ་དུ་སྭཱ་ཧཱ་ཟློག །ཨོ་ཡ་རན་ཏ་སྭཱ་ཧྭ་ཟློག །ཨོཾ་བྷ་ཏི་ཡ་སྭཱ་ཧཱ་ཟློག །ཨོ་ཤ་ཀ་ཡ་སྭཱ་ཧཱ་ཟློག །ཨོ་ཙི་ཤེ་པ་ཡེ་སྭཱ་ཧཱ་ཟློག །ཨོཾ་རུ་ལཱ་ལ་སྭཱ་ཧཱ་ཟློག །ཨོཾ་ཤ་ར་མ་ཏ་སྭཱ་ཧྭ་ཟློག །ཨོཾ་ཤ་ལ་ལུག་ན་སྭཱ་ཧཱ་ཟློག །ཨོ་བེ་ཏ་ཡེ་སྭཱ་ཧཱ་ཟློག །ཨོ་བྷ་བྱ་ར་ཡ་སྭཱ་ཧཱ་ཟློག །ཨོཾ་ཤུ་རན་བྷེ་རུ་སྭཱ་ཧཱ་ཟློག ཨོ་ཛ་ལུ་ཤ་སྭཱ་ཧུ་ཟློག །དེ་ནས་ཟླ་བ་བཅུ་གཉིས་ཀྱི་སྐག་ཟློག་ནི། །ཀྱཻ། སྟག་དང་ཡོས་བུ་ལས་བྱུང་བའི། །དཔྱིད་ཟླ་ར་འབྲིང་ས་བདག་ནི། །མི་ལུས་སྟག་གི་མགོ་བོ་


CMR041_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །བུད་མེད་ནག་མོ་རི་ཝང་རྣ་བ་ཅན། །མཆོད་པ་དམ་པ་འདི་བཞེས་ལ། །དཔྱིད་ཟླ་ར་འབྲིང་སྐག་བཟློག་ཅིག །ཀྱཻ། རྟ་དང་སྦྲུལ་ལས་བྱུང་བ་ཡི། །དབྱར་ཟླ་ར་འབྲིང་ས་བདག་ནི། །མི་ལུས་རྟ་ཡི་མགོ་བོ་ཅན། །བུད་མེད་སྦྲེལ་གྱི་མགོ་བོ་ཅན། །མཆོད་པ་དམ་པ་འདི་བཞེས་ལ། །དབྱར་ཟླ་ར་འབྲིང་སྐག་བཟློག་ཅིག །ཀྱཻ། བྱ་དང་སྤྲེལ་ལས་བྱུང་བ་ཡི། །སྟོན་ཟླ་ར་འབྲིང་ས་བདག་ནི། །མི་ལུས་སྤྲེལ་གྱི་མགོ་བོ་ཅན། །བུད་མེད་བྱ་ཡི་མགོ་བོ་ཅན། །མཆོད་པ་དམ་པ་འདི་བཞེས་ལ། །སྟོན་ཟླ་ར་འབྲིང་སྐག་བཟློག་ཅིག །ཀྱཻ། ཕག་དང་བྱི་བ་ལས་བྱུང་བའི། །དགུན་ཟླ་ར་འབྲིང་ས་བདག་ནི། །མི་ལུས་ཕག་གི་མགོ་བོ་ཅན། །བུད་མེད་བྱི་བའི་མགོ་བོ་ཅན། །མཆོད་པ་དམ་པ་འདི་བཞེས་ལ། །དགུན་ཟླ་ར་འབྲིང་སྐག་བཟློག་ཅིག །ཀྱཻ། ཁྱི་འབྲུག་གླང་ལུག་བཞི་ལས་བྱུང་བ་ཡི། །ཐ་ཆུང་བཞི་ཡི་ས་བདག་སྟེ། །མི་ལུས་འབྲུག་གི་མགོ་བོ་ཅན། །བུད་མེད་ལུག་གི་མགོ་བོ་ཅན། །མི་ལུས་ཁྱི་ཡི་མགོ་བོ་ཅན། །བུད་མེད་གླང་གི་མགོ་བོ་ཅན། །མཆོད་པ་དམ་པ་འདི་བཞེས་ལ། །ཐ་ཆུང་


CMR041_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡི་སྐག་ཟློག་ཅིག །ཟླ་སྐག་ཞག་སྐག་ཟ་མའི་སྐག །མི་མཐུན་བར་ཆད་ཟློག་ཏུ་གསོལ། །དེ་ནས་ལོ་རྒན་དྲུག་ཅུའི་བསྒྱུར་ཆོས་བྱ་བ་ནི། །ཀྱཻ། ཤར་ཕྱོགས་ཤིང་གི་ནགས་ཚལ་ནས། །།ཤིང་ལ་མངའ་མཛད་སྟག་གི་ལོ། །སྟག་གི་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་ལོངས་ལ། །བརྒྱལ་ནད་སྨྱོ་འབོག་བཟློག་ཏུ་གསོལ། །རོ་བདུད་རོ་སྐག་བབ་པ་ཟློག །ཀྱཻ། ཤར་སྨད་ཤིང་གི་བསིལ་གྲིབ་ནས། །ཤིང་ལ་མངའ་མཛད་ཡོས་བུ་ལོ། །ཡོས་བུ་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་བཞེས་ལ། །བཙོག་ནལ་རོ་འཁྱམ་འབྱུང་བ་ཟློག།མྱ་ངན་ངུ་འབོད་བསྒྱུར་དུ་གསོལ། །ཀྱཻ། ཤར་ལྷོ་རླུང་ནག་འཚུབ་ནང་ནས། །རླུང་ལ་མངའ་མཛད་འབྲུག་གི་ལོ། །འབྲུག་གི་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་ལོངས་ལ། །དུར་བདུད་གཤིན་ལག་བརྫིས་པ་ཟློག །དུ་སྐད་ང་རོ་བསྒྱུར་དུ་གསོལ། །ཀྱཻ། ལྷོ་ཕྱོགས་མེ་ཡི་དཀྱིལ་འཁོར་ནས། །མེ་ལ་དབང་བསྒྱུར་སྦྲུལ་གྱི་ལོ། །སྦྲུལ་གྱི་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་ལོངས་ལ། །ལྟས་ངན་ཆོ་འཕྲུལ་འདྲེ་སྲིན་ཟློག །གཉན་སྲིན་ཚད་


CMR041_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ནད་བསྒྱུར་དུ་གསོལ། །ཀྱཻ། ལྷོ་སྨད་མེ་ཡི་བསྐལ་པ་ནས། །མེ་ལ་མངའ་མཛད་རྟ་ཡི་ལོ། །རྟ་ཡི་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་ལོངས་ལ། །རྟ་གོད་རྨ་ངོ་ཁྲག་ནད་ཟློག །བྱུར་འགོང་གོད་ཁ་བསྒྱུར་དུ་གསོལ། །ཀྱཻ། ལྷོ་ནུབ་ས་ཡི་དཀྱིལ་འཁོར་ནས། །ས་ལ་དབང་བསྒྱུར་ལུག་གི་ལོ། །ལུག་གི་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་ལོངས་ལ། །ས་བདག་དུར་སྲི་ལང་བ་ཟློག །མི་ཆོད་རོ་དངོས་བསྒྱུར་དུ་གསོལ། །ཀྱཻ། ནུབ་ཕྱོགས་ལྕགས་ཀྱི་མཁར་རྩེ་ནས། །ལྕགས་ལ་དབང་བསྒྱུར་སྤྲེལ་གྱི་ལོ། །སྤྲེལ་གྱི་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་ལོངས་ལ། །ལྕགས་འཁྲུག་གློ་བུར་ཡེ་འདྲོགས་ཟློག །རུས་ནད་འབྲས་སྲིན་བསྒྱུར་དུ་གསོལ། །ཀྱཻ། ནུབ་སྨད་ལྕགས་བྲག་རྩེ་རྒྱལ་ནས། །ལྕགས་ལ་མངའ་མཛད་བྱ་ཡི་ལོ། །བྱ་ཡི་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་ལོངས་ལ། །མདའ་གྲི་མཚོན་རྩེ་ཟུག་པ་ཟློག །འཁྲུག་རྩོད་དམག་སྣ་བསྒྱུར་དུ་གསོལ། །ཀྱཻ། ནུབ་བྱང་ས་ཡི་དཀྱིལ་འཁོར་ནས། །གནམ་ལ་མངའ་མཛད་ཁྱི་ཡི་


CMR041_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཁྱི་ཡི་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་ལོངས་ལ། །ཐོག་སེར་བག་མའི་སྣ་འདྲེན་ཟློག །ཐེའུ་རང་ཐན་སྣ་བསྒྱུར་དུ་གསོལ། །ཀྱཻ། བྱང་ཕྱོགས་ཆུ་ཡི་དཀྱིལ་འཁོར་ནས། །ཆུ་ལ་དབང་བསྒྱུར་ཕག་གི་ལོ། །ཕག་གི་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་ལོངས་ལ། །ལོ་བདུད་དགྲ་འདྲེ་བྱད་གསུམ་ཟློག །ཕུང་སྣ་གྱོད་སྣ་བསྒྱུར་དུ་གསོལ། །ཀྱཻ། བྱང་སྨད་ཆུ་ཡི་འཁོར་ལོ་ནས། །ཆུ་ལ་མངའ་མཛད་བྱི་བའི་ལོ། །བྱི་བའི་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་ལོངས་ལ། །གྲང་ནད་དམུ་ཆུ་སྐྲན་ནད་ཟློག །གཤའ་བུད་གྱོད་བྱུར་བསྒྱུར་དུ་གསོལ། །ཀྱཻ། བྱང་ཤར་གསེར་རི་རྩེ་དགུ་ནས། །གསེར་ལ་མངའ་མཛད་གླང་གི་ལོ། །གླང་གི་འཁོར་ཚོགས་འབྱུང་བ་ལྔ། །གཏོ་ཆེན་དམ་པ་འདི་ལོངས་ལ། །ལོ་བདུད་ཟླ་དུས་ཐུག་པ་ཟློག །རོ་ཡི་སྣ་འདྲེན་བསྒྱུར་དུ་གསོལ། །དགྲ་བགེགས་སྟེང་དུ་གཏོ་སྣ་དྲོངས། །གནོད་བྱེད་འབྱུང་པོའི་སྟེང་དུ་སྒྱུར། །དགྲ་ཡི་གདུག་རྩུབ་སྟོན་པ་དང་། །འདྲེ་ཡི་ཆོ་འཕྲུལ་སྟོན་པ་རྣམས། གཏོ་ཆེན་དམ་པ་འདི་ཡིས་སྒྱུར། བཟློག་ཅིང་


CMR041_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བའི་ཕྲིན་ལས་མཛོད། །ཀྱཻ། ལོ་ཆེན་བཅུ་གཉིས་དྲུག་ཅུའི་ཚོགས། །འབྱུང་བ་ལྔ་ལ་དབང་བསྒྱུར་ཞིང་། །ཟླ་བ་བཅུ་གཉིས་རྟ་རུ་ཞོན། །ས་བདག་བཅུ་གཉིས་རོལ་དུ་ཁྲིད། །ལུས་ཀྱི་འབྱུང་བ་གདན་དུ་བཏིང་། །དབང་ཐང་སྣ་ཚོགས་གསོ་སུ་གྱོན། །སྲུང་རྟའི་མགོ་བོ་ཁ་ན་ཁྱེར། །བླ་གཟའ་ཕྲག་པའི་གོང་ན་ཁྱེར།ལས་ནི་ཕན་གནོད་སྣ་ཚོགས་བྱེད། །གནམ་སའི་མི་ཆེན་ཐམས་ཅད་ལ། །མདོས་དང་གཏོར་མའི་མཆོད་པ་འབུལ། །དྲུག་ཅུ་ལོ་ཡི་སྐག་ཆེན་དང་། །ལོག་མེན་གནམ་སྒོ་བྱེ་བ་ཟློག །བྱེ་བྲལ་བྱུང་དང་གདན་ས་ཞིག །སོ་ཐུབ་དབལ་ཁ་ཆད་པ་ཟློག །ཕུང་གྱོད་ལང་དང་ནོར་སྒོ་བྱེ། །དབང་ཐང་སེ་ཞིག་ནོར་བ་ཟློག །ཁ་ཡན་ཁང་སྟོང་ལོ་བདུད་བབ། །ཟླ་བདུད་ཞག་རྩིས་ངན་པ་ཟློག །ལོ་སྐག་རྟ་ལྟར་རྒྱུག་པ་དང་། །ཟླ་སྐག་ཁྱི་ལྟར་ཟུག་པ་ཟློག །ཞག་སྐག་ཆར་ལྟར་བབ་པ་དང་། །དུས་ཚོད་མཚོན་རྩེ་ཟུག་པ་ཟློག །ས་གཞི་དུར་ས་ཁོང་བུག་དང་། །རང་ལོ་རང་གི་བཀག་པ་ཟློག །གཤེད་ཕྲས་གནམ་ལོ་གཅོད་པ་དང་། །ལྕགས་བཞི་མེ་རུ་ལང་བ་ཟློག །རྨེ་ཁྲི་གྲི་རུ་


CMR041_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འགུལ་བ་དང་། །མེ་བཞི་གཞོབ་ལ་སྡོད་པ་ཟློག །ཐབ་གཞོབ་ལྷ་དུག་སྦྱོར་བ་དང་། །ཆུ་སྐྱེས་འདྲེ་རུ་འགུལ་བ་ཟློག །དགྲ་འདྲེ་གཅོད་དང་འཕྲད་པ་དང་། །ཤིང་བཞི་འགག་གྲི་ལང་བ་ཟློག །གཡོ་དང་བུག་པ་ཐན་སྡིག་དང་། །ངན་པའི་སྐྱོན་དང་གདུག་རྩུབ་ཟློག །རབས་ཆད་གནམ་སྒོ་བྱེ་བ་དང་། །དུར་སྲིན་ནག་པོའི་ཀུས་འདེབས་ཟློག །རོ་ཁལ་བབ་དང་དོ་མ་འགུལ། །ལོ་བདུད་རང་ལོ་ལང་བ་ཟློག །སྙིང་སྟོང་ནོར་གནག་ཞིག་པ་དང་། །ངན་པའི་སྐྱོན་དང་ལོག་པའི་འདྲེ། །སྡང་བར་བྱེད་པའི་དགྲ་ལ་བྷྱོ༔ །གནོད་པ་བྱེད་པའི་བགེགས་ལ་བྷྱོ༔ །བཟློག་ཅིག་ལྷ་འདྲེའི་ཆོ་འཕྲུལ་ཟློག །བསྒྱུར་ཅིག་རྐྱེན་ངན་བར་ཆད་སྒྱུར། །གཏོ་ཆེན་དྲག་པོ་འདི་ཡིས་ཟློག །དཔྱད་ཆེན་འོདྲག་པོ་འདི་ཡིས་སྒྱུར། །བཟློག་བསྒྱུར་བྱེད་པའི་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཝ་གི་ཤྭ་རི་ཡ་མན་ཏ་ཀ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཨོཾ་ཙ་ཀི་ས་པ་ར་ཏ་ར་པ་ལ་ཡ་དགྲ་ལ་བྷྱོ་བྷྱོཿ ན་མོ་ཙ་དུ་བྷི་དུ། ན་ལ་ཧ་ལ། ཧ་རི་རུ་པ་སྭཱ་ཧཱ། དེ་ནས་དཔལ་མགོན་བདུན་ཅུའི་བསྒྱུར་ཆོས་བྱ་བ་ནི། །ཀྱཻ། སྟོང་གསུམ་འཇིག་རྟེན་མངའ་བདག་ཚངས་པ་


CMR041_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སྐུ་མདོག་དཀར་སེར་ཕྱག་ན་སྤྱི་བླུགས་འཛིན། །བདེར་གཤེགས་སངས་རྒྱས་བསྟན་པ་སྲུང་མཛད་པ། །ཁྱོད་ནི་ལྷ་ཡི་རྒྱལ་པོ་ཆེན་པོ་སྟེ། །མདོས་དང་གསེར་སྐྱེམས་གཏོར་མའི་མཆོད་པ་བཞེས། །སྔགས་འཆང་བདག་དང་ཡོན་བདག་འཁོར་བཅས་ལ། །སྟེང་ཕྱོགས་ལྷ་ཡི་གདོན་ཚོགས་གདུག་པ་ཟློག །ཀྱཻ། གླང་ཆེན་སྟེང་ལྷཞོན་ཕྱག་ན་རྡོ་རྗེ་ཐོགས། །མདོག་དཀར་བསྟན་པ་སྲུང་མཛད་དྲི་ཟའི་རྒྱལ། །མདོས་དང་གསེར་སྐྱེམས་གཏོར་མའི་མཆོད་པ་བཞེས། །སྔགས་འཆང་བདག་དང་ཡོན་བདག་འཁོར་བཅས་ལ། །ཤར་ཕྱོགས་དྲི་ཟའི་གདོན་ཚོགས་གདུག་པ་ཟློག །ཀྱཻ། ར་སྐྱེས་སྟེང་བཞུགས་ལག་ན་བགྲང་ཕྲེང་འཛིན། །མདོག་དམར་བསྟན་པ་སྲུང་མཛད་མེ་ལྷའི་རྒྱལ། །མདོས་དང་གསེར་སྐྱེམས་གཏོར་མའི་མཆོད་པ་བཞེས། །སྔགས་འཆང་བདག་དང་ཡོན་བདག་འཁོར་བཅས་ལ། །ཤར་ལྷོ་མེ་ལྷའི་གདོན་ཚོགས་གདུག་པ་ཟློག །ཀྱཻ། མ་ཧེའི་སྟེང་ཞོན་ལག་ན་ཐོད་དབྱུག་ཐོགས། །མདོག་ནག་བསྟན་པ་སྲུང་མཛད་གཤིན་རྗེའི་རྒྱལ། །མདོས་དང་གསེར་སྐྱེམས་གཏོར་མའི་མཆོད་པ་བཞེས། །སྔགས་འཆང་བདག་དང་


CMR041_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་བདག་འཁོར་བཅས་ལ། །ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་གདུག་པ་ཟློག །ཀྱཻ། མི་རོའི་སྟེང་བཞུགས་ཕྱག་ན་རལ་གྲི་ཕྱར། །མདོག་སྔོ་བསྟན་པ་སྲུང་མཛད་སྲིན་པོའི་རྒྱལ། །མདོས་དང་གསེར་སྐྱེམས་གཏོར་མའི་མཆོད་པ་བཞེས། །སྔགས་འཆང་བདག་དང་ཡོན་བདག་འཁོར་བཅས་ལ། །ལྷོ་ནུབ་སྲིན་པོའི་གདོན་ཚོགས་གདུག་པ་ཟློག །ཀྱཻ། ཆུ་སྲིན་སྟེང་ཞོན་ལག་ན་སྦྲུལ་ཞགས་ཐོགས། །མདོག་དཀར་བསྟན་པ་སྲུང་མཛད་ཀླུ་ཡི་རྒྱལ། །མདོས་དང་གསེར་སྐྱེམས་གཏོར་མའི་མཆོད་པ་བཞེས། །སྔགས་འཆང་བདག་དང་ཡོན་བདག་འཁོར་བཅས་ལ། །ནུབ་ཕྱོགས་ཀླུ་ཡི་གདོན་ཚོགས་གདུག་པ་ཟློག །ཀྱཻ། ཤ་བ་ལ་ཞོན་ལག་ན་བ་དན་ཕྱར། །དུང་མདོག་བསྟན་པ་སྲུང་མཛད་རླུང་ལྷའི་་རྒྱལ། །མདོས་དང་གསེར་སྐྱེམས་གཏོར་མའི་མཆོད་པ་བཞེས། །སྔགས་འཆང་བདག་དང་ཡོན་བདག་འཁོར་བཅས་ལ། །ནུབ་བྱང་རླུང་ལྷའི་གདོན་ཚོགས་གདུག་པ་ཟློག །ཀྱཻ། སེང་གེའི་སྟེང་བཞུགས་ལག་ན་ནོར་རྐྱལ་འཛིན། །མདོག་ལྗང་བསྟན་པ་སྲུང་མཛད་ནོར་ལྷའི་རྒྱལ། །མདོས་དང་གསེར་སྐྱེམས་གཏོར་མའི་མཆོད་པ་བཞེས། །སྔགས་


CMR041_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བདག་དང་ཡོན་བདག་འཁོར་བཅས་ལ། །བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་གདུག་པ་ཟློག །ཀྱཻ། གླང་ཆེན་སྟེང་བཞུགས་ལག་ན་ཁ་ཊཾ་ཕྱར། །དམར་ལྗང་བསྟན་པ་སྲུང་མཛད་དབང་ལྡན་རྒྱལ། །མདོས་དང་གསེར་སྐྱེམས་གཏོར་མའི་མཆོད་པ་བཞེས། །སྔགས་འཆང་བདག་དང་ཡོན་བདག་འཁོར་བཅས་ལ། །བྱང་ཤར་དབང་ལྡན་གདོན་ཚོགས་གདུག་པ་ཟློག །ཀྱཻ། པདྨའི་སྟེང་བཞུགས་ཕྱག་ན་བུམ་པ་འཛིན། །མདོག་སེར་བསྟན་པ་སྲུང་མཛད་ལྷ་མོ་བརྟན། །མདོས་དང་གསེར་སྐྱེམས་གཏོར་མའི་མཆོད་པ་བཞེས། །སྔགས་འཆང་བདག་དང་ཡོན་བདག་འཁོར་བཅས་ལ། །འོག་ཕྱོགས་ས་བདག་གདོན་ཚོགས་གདུག་པ་ཟློག །ཀྱཻ། ལྷ་ཆེན་ཚངས་པ་བརྒྱ་བྱིན་དང་། །དབང་ཕྱུག་ཆེན་པོ་ཚོགས་ཀྱི་བདག །ཁྱབ་འཇུག་འདོད་པའི་དབང་ཕྱུག་དང་། །བྷིངྒི་རི་དྷི་གཞོན་གདོང་དྲུག །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །མདོས་དང་གསེར་སྐྱེམས་མཆོད་པ་བཞེས། །ལྷ་ཡི་ཕྲག་དོག་ཞི་བར་མཛོད། །ལྷ་ཡི་དལ་ཡམས་སྐག་བཟློག་ཅིག །ཀྱཻ། མཐའ་ཡས་འཇོག་པོ་སྟོབས་རྒྱུ་དང་། །རིགས་ལྡན་ནོར་རྒྱལ་དུང་སྐྱོང་


CMR041_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །པདྨ་ཆུ་ལྷ་ཀླུ་ཆེན་བརྒྱད། །དཀར་གསུམ་ཀླུ་སྨན་མཆོད་གཏོར་བཞེས། །ཀླུ་ནད་མཛེ་ཤུ་གག་ལྷོག་དང་། །ཀླུ་ཡི་གདུག་རྩུབ་སྐག་ཆེན་ཟློག །ཆར་ཆུ་དུས་སུ་འབབ་པ་དང་། །ལོ་ལེགས་འབྲུ་འཕེལ་དངོས་གྲུབ་སྩོལ། །ཀྱཻ། གཡུ་འབྲུག་གསེར་སྦལ་དུང་སེང་དང་། །མཆོང་ཉ་གསེར་སྤྲེལ་གཟིག་གི་མཇུག །ཟངས་གླིང་རྡོ་ལུག་ར་གན་འབྲུག །ཤེལ་གྱི་བྱ་ཁྱུང་དཀར་པོ་སོགས། །སྲིད་པའི་གཉན་ཆེན་བརྒྱད་རྣམས་ལ། །མངར་གསུམ་གཏོར་མའི་མཆོད་པ་འབུལ། །གཉོན་རིགས་ནད་གདོན་གདུག་པ་ཟློག །ཀྱཻ། ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །བཙུན་མོ་སྲས་དང་གཡོག་འཁོར་བཅས། །མདོས་དང་མཆོད་པ་འདི་བཞེས་ལ། །དྲི་ཟའི་ཆད་པ་གཤིན་རྗེའི་ཁྲམ། །ཀླུ་ནད་གནོད་སྦྱིན་གདུག་པ་ཟློག །ཀྱཻ། ཉི་མ་ཟླ་བ་མིག་དམར་དང་། །ལྷག་པ་ཕུར་བུ་པ་ཝ་སངེས། །སྤེན་པ་རཱ་ཧུ་གཟའ་ཆེན་བརྒྱད། །མདོས་དང་གཏོར་མ་འདི་བཞེས་ལ། །གཟའ་ཡི་གདུག་པ་ནད་གདོན་ཟློག །བཙའ་


CMR041_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སད་སེར་གསུམ་ཞི་བ་དང་། །གཟའ་ནད་དུག་ཟོར་དགྲ་ལ་སྒྱུར། །ཀྱཻ། སྨིན་དྲུག་སྣར་མ་མགོ་དང་ལག །ནབས་སོ་རྒྱལ་དང་སྐག་མཆུ་དང་། །གྲེ་དང་དབོ་དང་མེ་བཞི་ནག །ས་རི་ས་ག་ལྷ་མཚམས་དང་། །སྣོན་དང་སྒྲུབས་དང་ཆུ་སྟོད་སྨད། །གྲོ་བཞིན་བྱི་བཞིན་མོན་གྲེ་དང་། །མོན་གྲུ་ཁྲུམས་སྟོད་ཁྲུམས་སྨད་དང་། །ནམ་གྲུ་བྲ་ཉེ་དབྱུ་གུ་སྟེ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། །མདོས་དང་གཏོར་མའི་མཆོད་པ་འབུལ། །སྐར་ངན་སྐར་ཐན་སྐར་མདའ་ཟློག །མཁར་ལས་བག་མ་རོ་ཁྱེར་དང་། །ན་ཤི་དུར་བཏབ་བགྲོད་འགྲོས་སོགས། །རྒྱུ་སྐར་དག་ལ་མི་རུང་བ། །བྱས་པའི་ཉེས་སྐྱོན་བསྒྱུར་དུ་གསོལ། །ཀྱཻ། དཔལ་མགོན་བདུན་ཅུ་རྩ་བརྒྱད་པོ། །རང་རང་འཁོར་ཚོགས་སྡེ་འཁོར་བཅས། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་ཡོན་བདག་འཁོར་བཅས་ལ། །ཕོ་སྐག་ཟློག་ལ་མོ་སྐག་སྒྱུར། །སྐག་རིགས་སུམ་བརྒྱ་དྲུག་ཅུ་ཟློག །ཕྱོགས་ངན་སྐར་ངན་ཐན་ངན་དང་། །མོ་རྩིས་ངན་པ་བསྒྱུར་དུ་གསོལ། །སྡང་དགྲ་གནོད་བྱེད་བར་ཆད་རྐྱེན། །དེ་དག་ཐམས་ཅད་བཟློག་ཏུ་གསོལ། བཅོལ་བའི་


CMR041_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་སུརྱ་ཡེ་སྭཱ་ཧཱ་ཟློག །ཨོཾ་ཙཎཱ་ཡེ་སྭཱ་ཧཱ་ཟློག །ཨོཾ་ཀ་ཡཾ་ཡེ་སྭཱ་ཧཱ་ཟློག །ཨོཾ་ཏྲི་པ་ཏ་ཡེ་སྭཱ་ཧཱ་ཟློག །ཨོཾ་སཾ་ན་ཕྱ་ནི་སྭཱ་ཧཱ་ཟློག །ཨོཾ་བུ་མ་ས་་ཀ་སྭཱ་ཧཱ་ཟློག །ཨོཾ་སུ་བྷ་ཏ་ཡེ་སྭཱ་ཧཱ་ཟློག །ཨོཾ་པ་ཀེ་ཡེ་སྭཱ་ཧཱ་ཟློག །ཅེས་པ་གཟའ་བརྒྱད་ཀྱི་བཟློག་པའོ། །ཨོ་འགྲིག་ཏེ་ཀ་ཡ་སྭཱ་ཧཱ་ཟློག །ཨོ་ཆར་ཆུར་སྭཱ་ཧཱ་ཟློག །ཨོ་ཧཱ་ཤཱ་སྭཱ་ཧཱ། ཟློག །ཨོ་ས་ལ་ཀ་སྭཱ་ཧཱ་ཟློག །ཨོཾ་ཤུ་རན་བྷ་ཤུ་སྭཱ་ཧ་ཟློག །ཨོཾ་ཛ་ཡུ་ཡུ་ཤ་སྭཱ་ཧཱ་ཟློག །ཨོཾ་ཨ་རད་པོ་ཏི་སཱ་ཧ་ཟློག །ཨོཾ་ཨ་རན་པ་ཏི་སྭཱ་ཧཱ་ཟློག །ཨོཾ་ཧ་ཧོ་ས་ཧ་ཡ་སྭཱ་ཧཱ་ཟློག་་ཨོཾ་རུ་རུ་ཏི་སྭཱ་ཧཱ་ཟློག །ཨོ་པ་ཧི་སྭཱ་ཧཱ་ཟློག །ཨོ་ན་དྭ་ཤ་སྭཱ་ཧཱ་ཟློག །ཨོཾ་ཤ་རུ་ལ་སྭཱ་ཧཱ་ཟློག །ཨོཾ་སུ་གྲིལ་སྭཱ་ཧཱ་ཟློག །ཨོཾ་བྷུ་དྷ་ར་སྭཱ་ཧཱ་ཟློག །ཨོཾ་བཛྲ་ཏེ་ན་ཡེ།སྭཱ་ཧཱ་ཟློག །ཨོ་གྲི་ས་ལ་སྭཱ་ཧཱ་ཟློག །ཨོ་བ་ལུ་མུ་སྭཱ་ཧཱ་ཟློག །ཨོ་ཛ་ནི་ད་ར་སཱ་ཧཱ་ཟློག །ཨོ་ཧྲི་སྟོད་ཏ་ཡེ་སྭཱ་ཧཱ་ཟློག །ཨོ་སུག་པ་ལ་སྭཱ་ཧཱ་ཟློག །ཨོ་ཡ་ཡུ་ན་སྭཱ་ཧཱ་ཟློག །ཨོ་མ་ཏི་སྭཱ་ཧཱ་ཟློག །ཨོཾ་ན་ས་ཡིང་པ་སྭཱ་ཧ་ཟློག །ཨོཾ་ངར་རྩ་ཏི་སྭཱ་ཧ་ཟློག །ཨོ་ནར་མ་པྲ་དུ་སཱ་ཧ་ཟློག །ཨོཾ་བར་བར་སཱ་ཧཱ་ཟློག །ཨོཾ་མ་ཧཱ་ཏི་སྭཱ་ཧ་ཟློག །ཅེས་པ་རྒྱུ་སྐར་ཉེར་


CMR041_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་བཟློག་པའོ། ༈ དེ་ནས་ས་བདག་གི་བསྒྱུར་ཆོས་བྱ་བ་ནི། །ཀྱཻ། ཤར་ཕྱོགས་ས་བདག་ཐེ་སེ་ནི། །ཟ་འོག་སྔོ་བཀྲའི་རི་མོ་ཅན། །ཕྱག་ན་རུ་མཚོན་སྔོན་པོ་ཕྱར། །ལྕགས་ཀྱི་བྱི་བ་སྔོན་པོ་ཞོན། །འབྲུ་སྣ་ཤེལ་ཚིགས་མཆོད་གཏོར་བཞེས། །ས་བདག་གནོད་པ་དགྲ་ལ་སྒྱུར། །ཀྱཻ། ལྷོ་ཕྱོགས་ས་བདག་ཙང་ཀུན་ནི། །ཆུ་དར་སྔོན་པོའི་ན་བཟའ་གསོལ། །ཆུ་སྲིན་རྒྱལ་མཚན་ཕྱག་ཏུ་བསྣམས། །གཡུ་འབྲུག་སྔོན་མོ་རྟ་རུ་ཞོན། །འབྲུ་སྣ་ཤེལ་ཚིགས་མཆོད་གཏོར་བཞེས། །ས་བདག་གནོད་པ་དག་ལ་སྒྱུར། །ཀྱི་ནུབ་ཕྱོགས་ས་བདག་ཧལ་ཁྱི་ནི། །འཇོ་བེལ་དཀར་པོ་སྐུ་ལ་གསོལ། །གསེར་གྱི་སྟ་རེ་ལག་ན་ཐོགས། །བྱ་ཁྱུང་རྒྱལ་པོའི་གདན་ལ་བཞུགས། །འབྲུ་སྣ་ཤེལ་ཚིགས་མཆོད་གཏོར་བཞེས། །ས་བདག་གནོད་པ་དགྲ་ལ་སྒྱུར། །ཀྱཻ། བྱང་ཕྱོགས་ས་བདག་བེལ་སྣ་ནི། །གཟིག་གི་རྒྱལ་པོའི་གདན་ལ་བཞུགས། །ཕྱག་ན་གཟིག་གི་རྒྱལ་མཚན་བསྣམས། །འབྲུ་སྣ་ཤེལ་ཚིགས་མཆོད་གཏོར་བཞེས། །ས་བདག་གནོད་པ་དགྲ་ལ་སྒྱུར། །ཀྱཻ། དབུས་ཕྱོགས་ས་བདག་ཧོ་བན་ནི། །སྤྲེའུ་ལུས་ལ་མི་ཡི་དབུ། །


CMR041_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རླུང་གི་ཆ་ལང་བསྣམས། །འོག་ན་གཡུ་འབྲུག་སྔོན་མོ་ཆིབས། །འབྲུ་སྣ་ཤེལ་ཚིགས་མཆོད་གཏོར་བཞེས། །ས་བདག་གནོད་པ་དགྲ་ལ་སྒྱུར། །ཀྱེ། ཤར་ལྷོ་་འབྲུག་ལ་ལྷོ་ནུབ་པི་ལིང་དང་། །ནུབ་བྱང་གྲུབ་གཉེན་བྱང་ཤར་ཀིང་ཀང་རྣམས། །འབྲུ་སྣ་ཤེལ་ཚིགས་མཆོད་གཏོར་བཞེས། །ས་བདག་གནོད་པ་དགྲ་ལ་སྒྱུར། །ཀྱཻ། ལོ་ལ་འཁོར་ཞིང་དབང་བྱེད་པ། །ས་བདག་རྒྱལ་བློན་འཁོར་དང་བཅས། །རྒྱལ་པོ་བཙུན་མོ་མ་སྲིང་དང་། །བློན་པོ་བླ་མཁྱེན་ས་སྲུང་དང་། །གདན་གདིང་རྟ་ཁྲིད་བྱ་ར་བ། །ནོར་སྲུང་དུས་འཛིན་སྒོ་ཁྱི་དང་། །བླ་མཁྱེན་བུ་མོ་མག་པ་དང་། །བྱི་བ་རྟ་བདུད་བདུད་སླེབ་དང་། །ནད་བདུད་མགོ་གཅོད་ནད་ཀྱི་བདག །ནག་པོ་རོ་ཟན་རྒྱལ་པོ་མཚོན་ཐོགས་དང་། །ནག་མོ་ཁྱོ་མེད་ལ་སོགས་འཁོར་བཅས་ལ། །མདོས་དང་འབྲུ་སྣ་གཟུགས་འགྲོས་མཆོད་གཏོར་འབུལ། །ལོ་སྐག་ས་བདག་ཀོ་ལོང་གདུག་རྩུབ་སྒྱུར། །ཀྱཻ། ཟླ་བར་འཁོར་ཞིང་དབང་བྱེད་པ། །ས་བདག་འབྲུག་ལྷ་ག་པ་དང་། །ཐེ་སེ་གྲུམ་བུ་ཟླ་འགྲོས་དང་། །ཟླ་རླུང་ས་དངོས་ས་རྒྱལ་དང་། །ས་བདག་ལྷ་མོ་བརྟན་མ་དང་། །ས་


CMR041_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒན་རྒོན་ནང་ལྷ་དང་། །རྔ་ཟོར་པི་ལིང་སྔོན་མོ་དང་། །འཕར་བ་མགོ་དགུ་ལྟོ་འཕྱེ་དང་། །གནམ་ཁྱི་ནག་པོ་ལ་སོགས་རྣམས། །མདོས་དང་འབྲུ་སྣ་གཟུགས་འགྲོས་མཆོད་གཏོར་འབུལ། །ཟླ་སྐག་ས་བདག་གདུག་རྩུབ་ཟློག །ཀྱཻ། ཞག་དང་དུས་ཚོད་ལ་འཁོར་བའི། །གསེར་མཛོད་སེར་མོ་གཡུ་མཛོད་དང་། །ཉུ་ལེ་བཅུ་གཉིས་ལ་སོགས་རྣམས། །མདོས་དང་འབྲུ་སྣ་གཟུགས་འགྲོས་མཆོད་གཏོར་འབུལ། །ཞག་སྐག་ས་བདག་གདུག་རྩུབ་ཟློག །ལོ་ཟླའི་ཕྱོགས་ནི་མི་གཙང་བར། །ཀོ་ལོང་བསྡོམས་པའི་ལས་བྱས་པའི། །ཉེས་སྐྱོན་ཐམས་ཅད་མེད་པར་མཛོད། །ལོ་ཡི་ལོ་སྐག་བསྒྱུར་དུ་གསོལ། །ཟླ་བའི་ཟླ་སྐག་བསྒྱུར་དུ་གསོལ། །ཞག་གི་ཞག་སྐག་བསྒྱུར་དུ་གསོལ། །དུས་ཚོད་དུས་སྐག་བསྒྱུར་དུ་གསོལ། །འབྱུང་བའི་བསྒྲེན་འདྲེ་བསྒྱུར་དུ་གསོལ། །ཁམ་གྱི་རོ་འཛིན་བསྒྱུར་དུ་གསོལ། །སྤར་ཁའི་བདུད་གཅོད་བསྒྱུར་དུ་གསོལ། །དར་རྒུད་དུར་ཞུགས་བསྒྱུར་དུ་གསོལ། །གཟའ་ཡི་ཀིང་ཀང་བསྒྱུར་དུ་གསོལ། །སྐར་མའི་དབལ་སྒྲོ་བསྒྱུར་དུ་གསོལ། །སྐྱེས་པ་ཕོ་ཡི་སྐག་འདྲེ་ཟློག །ཟ་མ་མོ་ཡི་འབག་འདྲེ་


CMR041_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །ཕ་མྱེས་བསྒྲེན་འདྲེ་ལང་བ་ཟློག །བཟློག་ཅིག་བསྒྱུར་བའི་དུས་ལ་བབ། །དེ་ནས་གཤེད་བཟློག་བྱ་བ་ནི། །ཀྱཻ། ཤར་ཕྱོགས་ཤིང་ལས་བྱུང་བ་ཡི། །འབྱུང་བ་ཤིང་གི་མཁར་ནང་ནས། །མི་དཀོར་སྟག་གི་མགོ་བོ་ཅན། །བུད་མེད་སྔོན་མོ་རི་བོང་རྣ་བ་ཅན། །ལོ་ཡང་སྟག་དང་ཡོས་བུའི་ལོ། །གཤེད་ཀྱང་སྟག་དང་ཡོས་བུའི་གཤེད། །གླུད་ཆེན་དམ་པ་འདི་ལོངས་ལ། །སྟག་དང་ཡོས་བུའི་གཤེད་བཟློག་ཅིག །ཀྱཻ། ལྷོ་ཕྱོགས་མེ་ལས་གྲུབ་པ་ཡི། །འབྱུང་བ་མེ་ཡི་མཁར་ནང་ན། །མི་དམར་རྟ་ཡི་མགོ་བོ་ཅན། །བུད་མེད་དམར་མོ་སྦྲུལ་གྱི་མགོ །ལོ་ཡང་རྟ་དང་སྦྲུལ་གྱི་ལོ། །གཤེད་ཀྱང་རྟ་དང་སྦྲུལ་གྱི་གཤེད། །གླུད་ཆེན་དམ་པ་འདི་ལོངས་ལ། །རྟ་སྦྲུལ་ལོ་པའི་གཤེད་བཟློག་ཅིག །ཀྱཻ། ནུབ་ཕྱོགས་ལྕགས་ལས་གྲུབ་པ་ཡི། །འབྱུང་བ་ལྕགས་ཀྱི་མཁར་ནང་ནས། །མི་དཀར་སྤྲེལ་གྱི་མགོ་བོ་ཅན། །བུད་མེད་བྱ་ཡི་མགོ་བོ་ཅན། །ལོ་ཡང་སྤྲེལ་དང་བྱ་ཡི་ལོ། །གཤེད་ཀྱང་སྤྲེལ་དང་བྱ་ཡི་གཤེད། །གླུད་ཆེན་དམ་པ་འདི་ལོངས་ལ། །བྱ་སྤྲེལ་ལོ་པའི་གཤེད་བཟློག་ཅིག །ཀྱཻ། བྱང་ཕྱོགས་ཆུ་ལས་གྲུབ་པ་


CMR041_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །འབྱུང་བ་ཆུ་ཡི་མཁར་ནང་ནས། །མི་སྔོན་བྱི་བའི་མགོ་བོ་ཅན། །བུད་མེད་ཕག་གི་མགོ་བོ་ཅན། །ལོ་ཡང་ཕག་དང་བྱི་བའི་ལོ། །གཤེད་ཀྱང་ཕག་དང་བྱི་བའི་གཤེད། །གླུད་ཆེན་དམ་པ་འདི་ལོངས་ལ། །བྱི་ཕག་ལོ་པའི་གཤེད་བཟློག་ཅིག །ཀྱཻ། མཚམས་ན་གནས་པའི་གཤེད་བཞི་ནི། །ཁེན་ཁོན་གིན་ཟོན་ལས་བྱུང་བའི། །མི་སེར་ཁྱི་འབྲུག་མགོ་བོ་ཅན། །བུད་མེད་གླང་ལུག་མགོ་བོ་ཅན། །ལོ་ཡང་ཁྱི་འབྲུག་གླང་ལུག་ལོ། །གཤེད་ཀྱང་ཁྱི་འབྲུག་གླང་ལུག་གཤེད། །གླུད་ཆེན་དམ་པ་འདི་ལོངས་ལ། །ཁྱི་འབྲུག་གླང་ལུག་གཤེད་བཟློག་ཅིག །ལོ་གཤེད་ལོ་བདུད་བསྒྱུར་དུ་གསོལ། །ཟླ་གཤེད་ཟླ་བདུད་བསྒྱུར་དུ་གསོལ། །ཞག་གཤེད་ཞག་བདུད་བསྒྱུར་དུ་གསོལ། །དེ་ནས་རུ་འདྲེན་སྡེ་བཞི་ནི། །ཀྱཻ། གཡས་ཀྱི་རུ་འདྲེན་རྡོ་རྗེ་ལེགས་པ་ནི། །དར་དམར་བེར་གསོལ་རྡོ་རྗེ་ཕུར་པ་ཐོགས། །སེང་གེ་ལ་ཞོན་ཕུར་ཐོགས་བརྒྱ་ཡིས་བསྐོར། །མདོས་དང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་བོའི་སྟེང་དུ་གཏོ་སྣ་དྲོངས། །ཀྱཻ། གཡོན་གྱི་རུ་འདྲེན་རྒྱལ་པོ་པེ་ཧར་ནི། །སྐུ་ལ་ཆོས་གོས་


CMR041_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཞིང་འཁར་གསིལ་ཐོགས། །གླང་ཆེན་སྟེང་ཞོན་ཉན་ཐོས་བརྒྱ་ཡིས་བསྐོར། །མདོས་དང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་བོའི་སྟེང་དུ་གཏོ་སྣ་དྲོངས། །ཀྱཻ། མདུན་གྱི་རུ་འདྲེན་དུད་སོལ་ལྷ་མོ་ནི། །གཅེར་བུ་དྲེལ་ཞོན་ཤག་ཏི་ཐོད་ཁྲག་འཛིན། །དྲེའུ་ལ་ཞོན་བུད་མེད་བརྒྱ་ཡིས་བསྐོར། །མདོས་དང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་བོའི་སྟེང་དུ་གཏོ་སྣ་དྲོངས། །ཀྱཻ། རྒྱབ་ཀྱི་རུ་འདྲེན་ཀླུ་བདུད་ནག་པོ་ནི། །མི་ལུས་སྦྲུལ་མཇུག་རལ་གྲི་སྦྲུལ་ཞགས་འཛིན། །ཆུ་རྟ་ལ་ཞོན་ཕུབ་ཐོགས་བརྒྱ་ཡིས་བསྐོར། །མདོས་དང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་བོའི་སྟེང་དུ་གཏོ་སྣ་དྲོངས། །གཏོ་ནག་མཚན་མའི་ཁྲག་ཟོར་འདི། དགྲ་འདྲེ་བྱད་གསུམ་སྙིང་ལ་རྒྱོབས། །ཐལ་བ་རྡུལ་ཕྲན་བཞིན་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་གཏོ་མཁན་རིགས་བཞི་ནི། །ཤར་ཕྱོགས་གཏོ་མཁན་སྟག་མགོ་ཅན། །ཆར་སྤྲིན་ནག་པོ་གོས་སུ་གྱོན། །འཇའ་ཚོན་ཁྲ་བོའི་དབུ་ཞྭ་ཅན། །ཕྱག་ན་དྲངས་ཤིང་དཀར་པོ་བསྣམས། །མདོས་དང་མཆོད་པ་འདི་བཞེས་ལ། །ནད་


CMR041_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོས་པའི་གཏོ་མཁན་མཛོད། །ཀྱཻ། ལྷོ་ཕྱོགས་གཏོ་མཁན་འབྲུག་མགོ་ཅན། །འཇོལ་བེར་དམར་པོ་སྐུ་ལ་གསོལ། །ཕྱག་ན་འཕྲུལ་གྱི་སྣང་གསལ་བསྣམས། །མདོས་དང་མཆོད་པ་འདི་བཞེས་ལ། །སྲིའུ་སོས་པའི་གཏོ་མཁན་མཛོད། །ཀྱཻ། ནུབ་ཕྱོགས་གཏོ་མཁན་ཆུ་སྲིན་མགོ །སྐུ་ལ་ཟ་འོག་སྟག་ལྤགས་ཕྱག་ན་འཕྲུལ་གྱི་ཞགས་པ་བསྣམས། །མདོས་དང་མཆོད་པ་འདི་བཞེས་ལ། །ཤི་ཁ་གཅོད་པའི་གཏོ་མཁན་མཛོད། །ཀྱཻ། བྱང་ཕྱོགས་གཏོ་མཁན་རྟ་ཡི་མགོ །ལུས་ལ་འཕྲུལ་ཐག་ན་བཟའ་གསོལ། །ལག་ན་བདུད་རྩིའི་ཕྲེང་བ་ཐོགས། །མདོས་དང་མཆོད་པ་འདི་བཞེས་ལ། །མཛེ་འཕྲོ་གཅོད་པའི་གཏོ་མཁན་མཛོད། །གཏོ་ཡས་གནས་སུ་ཐེངས་བར་མཛོད། །དེ་རིང་བཟློག་བསྒྱུར་དུས་ལ་བབ། །དགྲ་བོའི་སྙིང་ལ་གཏོར་ཟོར་རྒྱོབ། །བཟློག་ཅིག་བསྒྱུར་ཅིག་སྐག་ཆེན་ཟློག །དེ་ནས་སྒོ་སྲུང་བཞི་པོ་ནི། །ཀྱཻ། ཤར་ནས་སྟག་སྐྱ་དུང་གི་མཆེ་བ་ཅན། །ལྷོ་ནས་གཡུ་འབྲུག་རླུང་གི་གཤོག་པ་ཅན། །ནུབ་ནས་བྱ་དམར་མེ་ཡི་ཟེ་བ་ཅན། །བྱང་ནས་རུ་སྦལ་གཡུ་ཡི་འགྲམ་བུ་ཅན། །སྒོ་བསྲུང་


CMR041_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ཆེན་སྡེ་བཞི་ལ། །ཤེལ་ཚིགས་འབྲུ་སྣ་གཏོར་མ་འབུལ། །ཕྱོགས་བཞི་སྲུང་བཞི་དཔལ་གཞི་བསྐྱེད། །འགྱུར་མེད་སྲ་བརྟན་དངོས་གྲུབ་སྩོལ། །ཀྱཻ། གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ཡུལ་ལྷ་གཞི་དགེ་བསྙེན་གནས་བདག་དང་། །ཀླུ་གཉན་གཞི་བདག་ཐམས་ཅད་ལ། །དཀར་གསུམ་གཏོར་མ་གཟུགས་འགྲོས་དང་། །འབྲུ་སྣ་གསེར་སྐྱེམས་མཆོད་པ་འབུལ། །ཕྲག་དོག་འཁོན་འགྲས་ཞི་གྱུར་ནས། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །ཀྱཻ། གཞན་ཡང་སྔོན་གྱི་ལན་ཆགས་གིས། །གནོད་པའི་བགེགས་དང་འབྱུང་པོའི་ཚོགས། །འཁྲུགས་འདྲེ་བཅོ་བརྒྱད་འབྱུང་པོ་དང་། །བྲག་བསེན་ས་བསེན་ས་སྲིན་དང་། །ཕོ་གདོན་མོ་གདོན་གནོད་བྱེད་དང་། །ཡུལ་འདྲེ་བཙན་བདུད་འདྲེ་ངན་དང་། །གནོད་པའི་བགེགས་རིགས་སྟོང་ཕྲག་ཚོགས། །ཡས་དང་གླུད་ལ་དབང་བ་རྣམས། །ལན་ཆགས་གླུད་གཏོར་རྒྱ་ཆེན་དང་། །ངར་མི་ཏིང་ལོ་ཤ་ཁྲག་རུས། །བདག་དང་ཡོན་བདག་དྲི་གླུད་འབུལ། །ལན་ཆགས་བུ་ལོན་བྱང་འགྱུར་ནས། །གནོད་ཅིང་འཚེ་བར་མི་བྱེད་པར། །དགའ་མགུ་ཡི་རང་ལྡན་གྱུར་ནས། །སོ་སོ་


CMR041_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་གནས་སུ་དེངས། །ཕྱིན་ཆད་མི་གནོད་དམ་ཆོས་ལ། །བྱམས་པའི་སེམས་དང་ལྡན་པར་མཛོད། །དེ་ནས་སྐག་ཟློག་གཞན་དང་ལྟས་ངན་ཟློག་པ་གཞན་ཡོད་ན་འདིར་སྦྱར་རུང་། མེད་ཀྱང་གཞུང་རང་ཉིད་བྱ་བ་ལེགས། དེ་ནས་སྔགས་འཆང་བདག་གིས་བསྒྱུར་ཆོས་བྱ་བ་ནི། ཧཱུཾ། སྔགས་འཆང་རྣལ་འབྱོར་བདག་ཅག་གིས། །མི་ནག་མགོ་གསུམ་མདོས་བཤམས་ནས། །དྭ་ནི་སྲིད་པའི་བློ་ཟློག་བྱེད། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །སྡང་བར་བྱེད་པའི་དགྲ་བོ་ཟློག །གནོད་པར་བྱེད་པའི་བགེགས་རྣམས་ཟློག །བར་ཆད་བྱེད་པའི་རྐྱེན་རྣམས་ཟློག །སྤར་ཁ་མི་མཐུན་དགྲ་གཤེད་ཟློག །གཅོད་འདྲལ་བདུད་གཅོད་ཉེས་པ་ཟློག །རུས་བཞི་གདུང་མ་ཆག་པ་ཟློག །སྤར་ཁའི་ཨ་ཐང་ཆད་པ་ཟློག །འདྲེ་ལྔ་ཚང་ནང་སྡོད་པ་ཟློག །ནག་མོ་ཅིག་ཆར་ཐུག་པ་ཟློག །སྤར་ཁའི་སྐྱ་མདའ་ཐུག་པ་ཟློག །ས་བདག་སྤྱང་ཀི་ངུ་བ་ཟློག །གྲི་བྱ་རོག་པོ་ལྡིང་བ་ཟློག །དུར་སྒོ་གཤེད་སྒོ་ཕྱིན་པ་ཟློག །དགྲ་ཐོག་གྱོད་བྱུར་ཚུད་པ་ཟློག །ས་གཞི་འགུལ་བའི་ལྟས་ངན་ཟློག །ཚ་གྲང་ནད་ཀྱིས་ཟིན་པ་ཟློག །ཕུང་གསུམ་གྱོད་


CMR041_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུར་ཚུད་ཟློག །ཇི་གང་གཉེན་སྦྱོར་ཉེས་པ་ཟློག །བཙན་བདུད་ལྷ་འདྲེ་ལང་བ་ཟློག །གཟའ་སྐར་ཐན་ངན་བབ་པ་ཟློག །ཀླུ་གཉན་གཟེར་ནད་བབ་པ་ཟློག །ས་བདེག་ནད་ཁ་ཤོར་བ་ཟློག །མི་མཐུན་རྐྱེན་དགུ་ལང་བ་ཟློག །རྒྱལ་འགོང་འགྲིམ་སྡོད་བྱེད་པ་ཟློག །ཅིག་སྐྱེས་རྩད་ནས་འཆད་པ་ཟློག །མི་གྲངས་མགོ་ནས་ཤི་བ་ཟློག །ར་བར་སྒོ་ནོར་གཏོང་བ་ཟློག །རྒྱལ་ནད་སྨྱོ་འབོག་བྱེད་པ་ཟློག །མཛེ་ནད་ཕོལ་མིག་ལང་བ་ཟློག །འོན་ལོང་ཞ་གྲུམ་འོང་བ་ཟློག །སྐྲན་དང་དམུ་ཆུས་ཟིན་པ་ཟློག །བྱུར་གྱིས་ཐག་པས་བཅིངས་བ་ཟློག །གྱོད་ཀྱི་དྲ་བར་ཚུད་པར་ཟློག །སྲུང་རྟའི་གནམ་སྒོ་བྱེ་བ་ཟློག །འོག་ཁུང་ས་སྒོ་བྱེ་བ་ཟློག །བྱེ་བྲལ་འཁོར་ལོ་ཞིག་པ་ཟློག །ཅི་བྱེད་གྱོད་དུ་ཐལ་བ་ཟློག །ན་ཞིང་ཚ་བར་བྱེད་པ་ཟློག །ཤི་ཞིང་ཀླན་ཀ་འོང་བ་ཟློག །ཁྱིམ་མཚེས་རྐུ་ཤོམས་བྱེད་པ་ཟློག །ཡུལ་མི་དགྲ་རུ་ལང་བ་ཟློག །ཉེ་བས་འཁོན་ཐབས་ཚོལ་བ་ཟློག །སྔགས་པས་ཕུར་ཁ་གནོད་པ་ཟློག །བོན་པོས་བོན་ཟོར་འཕེན་པ་ཟློག །སྐྱེ་བོའི་མདའ་ཟོར་འཕེན་པ་ཟློག །བུད་མེད་དམོད་ཟོར་འཕེན་པ་ཟློག །ཡུངས་


CMR041_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་དབབ་ལྟར་འདྲིལ་བ་ཟློག །ཁྲག་ཟོར་གློག་ལྟར་འཁྱུག་པ་ཟློག །གནམ་གྱི་ཀ་བ་རྡེབ་པ་ཟློག །ས་ཡི་གདུང་མ་སྐེད་ཆག་ཟློག །སྲིད་ཀྱི་མཚོ་མོ་སྐམ་པ་ཟློག །དཔལ་གྱི་རི་བོ་འགྱེལ་བ་ཟློག །བསྐལ་པའི་མུན་ནག་འཐིབ་པ་ཟློག །ལས་ཀྱི་རླུང་དམར་ལང་བ་ཟློག །ནད་ཡམས་མུ་གེའི་ཚང་བཅས་ཟློག །བླ་ཤིང་སྟ་རེས་བཅད་པ་ཟློག །ལྕགས་ཀྱུ་སྲིན་ཟོར་འདེབས་པ་ཟློག །ཕ་ཁུའི་བྱུར་སྲི་ལང་བ་ཟློག །གནམ་གྱི་དལ་ཁ་བབ་པ་ཟློག །བདུད་ཀྱི་འཚུབ་མ་དམར་ནག་ཟློག །བཙན་གྱི་ཤྭ་རྡེལ་བཀྲམ་པ་ཟློག །མ་མོའི་དལ་ཡམས་བབ་པ་ཟློག །རྒྱལ་པོའི་འོད་མདའ་འཕེན་པ་ཟློག །གནོད་སྦྱིན་མཚོན་ཆ་ཟུག་པ་ཟློག །ཐེའུ་རང་སྲིད་ལ་རྐུ་བ་ཟློག །ཁྲག་མཚོ་གྲི་རུ་འཆི་བ་ཟློག །ཐབ་འདྲེ་གཞོབ་འདྲེ་གནོད་པ་ཟློག །ཕ་མྱེས་ཤི་སྲི་གནོད་པ་ཟློག །མ་ཕྱི་སྲི་སྐམ་སྒབ་འདྲེ་ཟློག །ཚེ་ཟད་སྐག་ལ་བབ་པ་ཟློག །མཉམ་གཉིས་འགྲམ་འཁྲུག་བྱེད་པ་ཟློག །སྐྱི་སེར་དུ་འབོད་བྱེད་པ་ཟློག །སྐྱེ་བོ་འོག་ཏུ་བྱེད་པ་ཟློག །གནམ་གྱི་གདུང་མ་གྲུམ་པ་ཟློག །སྡུལ་བསྔལ་སྐག་ལ་བབ་པ་ཟློག །ཉོན་མོངས་བདུད་


CMR041_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལང་བ་ཟློག །སྤར་ཁ་ཤི་མིག་ཚུད་པ་ཟློག །དུར་དུ་རོ་ཁལ་འགུལ་བ་ཟློག །ཕོ་བྲང་གྱོད་མལ་ལང་བ་ཟློག །གཉིས་ནག་བྱད་དུ་ཆུད་པ་ཟློག །ཤི་ལག་གསོན་ལ་སྦྲེལ་པ་ཟློག་།ཤི་མིག་གསོན་ལ་བསྒྲད་པ་ཟློག །དགྲ་སྣ་གྱོད་སྣ་ཟུག་པ་ཟློག །མྱ་ངན་མདུན་ཞུ་གྱོན་པ་ཟློག་་་་་ལྟག་པའི་གྲི་ཤིང་སྒོ་འདྲེ་ཟློག་།ཤི་འདྲེ་སྒྲུབ་འདྲེས་གནོད་པ་ཟློག །བཙན་དང་རྒྱལ་པོའི་གནོད་པ་ཟློག །ས་བདག་ཀླུ་གཉན་གནོད་པ་ཟློག །ཕུར་ཁ་དྲག་པོའི་གནོད་པ་ཟློག །ཡུངས་ཀར་མདའ་ཟོར་འཕེན་པ་ཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་ཟློག །མ་མོས་ཁྲག་ཟོར་འཕེན་པ་ཟློག །ཀླུ་ཡིས་མཛེ་ནད་གཏོང་བ་ཟློག །ཆུ་མིག་ངོས་ནས་བལྟས་པ་ཟློག །ཆུ་སྲི་སྤང་ལ་ཉལ་བ་ཟློག །ཤ་རུ་དམར་ནག་འགུལ་བ་ཟློག །དྲི་བདུད་ནག་པོ་རྒྱུག་པ་ཟློག །གྱོད་བྱུར་འཕྲང་ལ་འགུལ་བ་ཟློག །མདའ་མདུང་མཚོན་རྩེ་སྟོན་པ་ཟློག །རྨ་ངོ་ཁྲག་ངོ་ཡོད་པ་ཟློག །བྲང་ལ་ཁུ་ཚུར་རྒྱབ་པ་ཟློག །གདོང་ལ་མཆི་མ་འཛག་པ་ཟློག །མྱ་ངན་ངུ་འབོད་བྱེད་པ་ཟློག །རོ་བསྲེགས་ཐལ་བ་འདེབས་པ་ཟློག །མི་ཆོད་རོ་དོང་རྐོ་བ་ཟློག །མི་ཁྱག་རོ་ཁུར་བྱེད་པ་


CMR041_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །མི་ཞིམ་སྡུག་ཟན་ཟ་བ་ཟློག །གློ་བུར་ཤི་ཆད་འོང་བ་ཟློག །ཡུལ་ཤོར་སྤོ་འཇུག་འོང་བ་ཟློག །ཕུ་ཡི་ཤ་བ་རུ་འཛིངས་ཟློག །མདའ་ཡི་ཉ་མོ་རྔ་འཛིངས་ཟློག །བར་གྱི་ལྕང་ཁ་སྡེར་འཛིངས་ཟློག །དགོན་གྱི་བན་དེ་རྣ་འཛིངས་ཟློག །གྲོང་གྱི་བུད་མེད་ཅོ་འཛིངས་ཟློག །གནམ་ལ་འབྱུང་བའི་བདུད་སྒོ་ཟློག །ས་ལ།འབྱུང་བའི་བགེགས་འདྲེ་ཟློག །གཅིག་ཤ་གཅིག་གིས་ཟ་བ་ཟློག །གཉིས་ཁྲག་གཉིས་ཀྱིས་འཐུང་བ་ཟློག །དཔའ་གཉིས་འདོམ་ལ་མཇལ་བ་ཟློག །མྱ་ངན་མཆི་མ་འཛག་པ་ཟློག །ན་ཤིང་འཁུན་པ་བྱེད་པ་ཟློག །གྱོད་དང་དགྲ་རྐུན་འོང་བ་ཟློག །གྱོད་དང་བྱུར་ཁ་བབས་པ་ཟློག །ལི་ཁམས་ཕྱི་ན་ཐུག་དྲིལ་ཟློག །ཁེན་ཁོན་བདུད་ཁ་བབ་པ་ཟློག །དྭ་ཟིན་གྲི་ཕུར་འདེབས་པ་ཟློག །གིན་ཟོན་བཤའ་གྲི་བརྡར་བ་ཟློག །གཤིན་ལམ་ནག་པོ་བྱེ་བ་ཟློག །རོ་ལམ་ནག་པོ་དོད་པ་ཟློག །གསོན་བདུད་འདིར་གཅོད་ཟེར་བ་ཟློག །སྐག་ཆེན་འདིར་སླང་ཟེར་བ་ཟློག །སྤུ་གྲི་འདིར་བརྡར་ཟེར་བ་ཟློག །མྱ་ངན་དོང་རྐོ་ཟེར་བ་ཟློག །བྱེ་བྲལ་འདིར་སྡོད་ཟེར་བ་ཟློག །གནམ་གྱི་འཇུ་ཐག་


CMR041_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་ཟློག །ས་ཡི་བརྟན་ཕུར་བུད་པ་ཟློག །ལྟག་པའི་བདུད་བབ་ཟེར་བ་ཟློག །དཔྲལ་བའི་གཤེད་འཁོར་ཟེར་བ་ཟློག །ཕོ་བདུད་མོ་ལ་འཇབ་པ་ཟློག །ཆེ་སྲི་ཆུང་སྲི་འཁོར་བ་ཟློག་་།ཆུང་སྲི་ནོར་ལོ་བརྐུ་བ་ཟློག །ཕྱུག་པོའི་ནོར་སྒོ་བྱེ་བ་ཟློག་་་།རྨང་པོའི་སྲིད་ལ་རྐུ་བ་ཟློག་་།གོད་འདྲེ་གོད་སྲི་ལང་བ་ཟློག་།ཕ་མེས་དུར་སྲི་བསྒྲེན་འདྲེ་ཟློག བདུད་སྲི་ཚེ་ལ་འཇབ་པ་ཟློག །གཟུགས་ཕུང་བྱེད་དུ་བཅུག་པ་ཟློག །དབང་ཐང་ས་ལ་འབོ་བ་ཟློག །ཁ་རྗེ་རྩེ་ནས་ཉིལ་བར་ཟློག །འཕེན་པོའི་བླ་སྐར་ཉམས་པ་ཟློག །བཙན་པོའི་ཁ་ཡོ་འོང་བ་ཟློག །ཉེ་བ་དགྲ་རུ་ལང་བ་ཟློག །གློ་བུར་དགྲ་སྣ་ལོངས་བ་ཟློག །དུར་ཉེས་དམེ་འདྲེ་འགུལ་བ་ཟློག །མཁར་ལས་བྱ་ཉེས་བསྒྲེན་འདྲེ་ཟློག །མ་མྱེས་མནའ་ཟོས་བསྒྲེན་པ་ཟློག །མ་སྲུའི་བྱི་ཤོར་རྩོག་འདྲེ་ཟློག །བུ་སྲིང་ནལ་ཕྲུག་གཏུམ་པ་ཟློག །མོ་ངན་རྨི་རྩུབ་ཟེར་བ་ཟློག །ཕ་ཚན་ཆེན་པོའི་རྒྱབ་འདྲེ་ཟློག །མ་ཚན་ནང་གི་བྱེད་འདྲེ་ཟློག །གསོད་དོ་གཅོད་དོ་ཟེར་བ་ཟློག །བཙོག་ནལ་ལྷ་ལ་ཕོག་པ་ཟློག །ཆུང་སྲི་རོ་ཚན་བསྡིག་པ་ཟློག །བརྐུ་འོ་འཕྲོག་གོ་ཟེར་བ་ཟློག །


CMR041_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཞང་ཉེ་རབས་ཆད་ཕུང་འདྲེ་ཟློག །ཐན་ལྟས་ངན་པ་བྱུང་བ་ཟློག །གྲི་བོ་དགུ་རྒྱུད་གཅོད་པ་ཟློག །ལུས་ལ་ན་ཚ་འོང་བ་ཟློག །སྲོག་ལ་དགྲ་དར་ཤི་ཆད་ཟློག །དབང་ཐང་དགྲ་དར་གོད་ཁ་ཟློག །སྲུང་རྟ་དགྲ་དར་མི་ཁ་ཟློག །མི་ཐུབ་ཐུབ་བོ་ཟེར་བ་ཟློག །སྐྱེས་པ་ཕོ་བརྒྱས་མདའ་བརྡར་ཟློག །ཟ་མ་མོ་བརྒྱས་དུག་སྤྱོད་ཟློག །ས་འོག་བྲེང་པ་བྱེ་བ་ཟློག །གནམ་ལ་ཟླ་རྩིས་བྱེད་པ་ཟློག །ས་ལ་ཞག་རྩིས་བྱེད་པ་ཟློག །མདུན་ན་རྩང་བཞིན་འདུག་པ་ཟློག །རྒྱབ་ན་ཁྱི་བཞིན་ཟུག་པ་ཟློག ། ལུས་ལ་ནད་ཀྱིས་ཟིན་པ་ཟློག །ཚེ་ལ་བར་ཆད་བྱེད་པ་ཟློག །ཅི་བྱེད་ལོག་ཏུ་འགྲོ་བ་ཟློག །ཚ་གྲང་ནད་ཀྱིས་ཟིན་པ་ཟློག །བཟང་བྱེད་ངན་དུ་འགྲོ་བ་ཟློག །ཕྱུག་ཏུ་མི་སྟེར་དབུལ་འདྲེ་ཟློག །མཐོ་རུ་མི་སྟེར་དམའ་འདྲེ་ཟློག །ལྟས་ངན་ཆོ་འཕྲུལ་ལང་བ་ཟློག །ཁང་ཁྱིམ་བཀྲག་མདངས་ཤོར་བ་ཟློག །དུར་སར་ཝ་མོ་བརྒྱལ་བ་ཟློག །སྲོད་ལ་རྟ་ཕོ་འཚེར་བ་ཟློག །ཐོ་རངས་སྒོ་ཁྱི་ངུ་བ་ཟློག །ཤ་ཕོ་རུ་འཛིང་མཐོང་བ་ཟློག །ཡུ་མོ་རྒྱུད་ལྷས་མཐོང་བ་ཟློག །ལམ་དུ་སྦྲུལ་ནག་བྱི་ཟན་ཟློག །ཁྱིམ་དུ་འདྲེ་བྱས་ཚང་


CMR041_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཟློག །དུད་འགྲོ་ལྷག་ཆད་ལྟས་ངན་ཟློག །བྱ་ཐན་བྱིའུ་ཐན་འོང་བ་ཟློག །ལྟས་ངན་བརྒྱད་བཅུ་རྩ་བཞི་ཟློག །ཐན་ཕྲན་སུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །སྐག་རིགས་སུམ་བརྒྱ་དྲུག་ཅུ་ཟློག །བཟློག་ཅིག་དམ་ཉམས་དགྲ་ལ་ཟློག བསྒྱུར་ཅིག་གནོད་བྱེད་བགེགས་ལ་སྒྱུར། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །ཆུང་བདུད་དལ་ཁ་དགྲ་ལ་སྒྱུར། །ནག་པོ་བདུད་ཀྱི་འདུན་ས་ཤིག །ངོ་མར་བཙན་གྱི་ཤྭ་རྡེལ་གཏོར། །འཆི་བདག་གཤིན་རྗེའི་ཁྲམ་ཁ་སྒྱུར། །མ་མོ་ནག་མོའི་ཟོར་ཐུན་སྒྱུར། །བར་ཆད་འབྱུང་པོ་དགྲ་ལ་སྒྱུར། །མི་མཐུན་ཐན་ལྟས་དགྲ་ལ་སྒྱུར། །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གནོད་པར་བྱེད་པའི་དགྲ་བོ་ལ། །གཏོ་ནག་མཚན་མའི་ཁྲག་ཟོར་རྒྱབས།དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །དྲང་སྲོང་བདེན་པའི་གཏོ་ནག་འདི། །ཡོན་བདག་གླུད་ཀྱི་བསླུ་བའི་གཏོ། །སུ་དང་འཕྲད་པ་དེ་ལ་སྒྱུར། །སྡང་བྱེད་དགྲ་


CMR041_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་སྟེང་དུ་སྒྱུར། །གནོད་བྱེད་བགེགས་ཀྱི་སྟེང་དུ་སྒྱུར། །བར་ཆད་རྐྱེན་ངན་སྟེང་དུ་སྒྱུར། །ཉེ་བ་སྙིང་ངན་སྟེང་དུ་སྒྱུར། །ཆུང་མ་རྒྱབ་སྟོན་སྟེང་དུ་སྒྱུར། །ལེ་གུ་ལྷ་ལོག་སྟེང་དུ་སྒྱུར། །ཤག་རོགས་མནའ་ཟན་སྟེང་དུ་སྒྱུར། །ཡུལ་མི་སེམས་ངན་སྟེང་དུ་སྒྱུར། །ས་རྡོ་སེམས་མེད་དེ་ལ་སྒྱུར། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་དམར་གཏོར་བྲན་ལ། ཧཱུྃ། ནག་པོ་མགོ་གསུམ་འཁོར་དང་བཅས་པ་ཡི། །མདོས་ཟོར་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ད་ལྟ་རྣལ་འབྱོར་བདག་ཅག་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །སྡེ་བརྒྱད་ཆད་པ་བྱུང་བ་ཟློག །བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག །ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག །རྒྱལ་པོའི་ལོ་ཡི་བདུན་ཟུར་ཟློག །བློན་པོ་ཟླ་བའི་དབང་བཙན་ཟློག །དམག་མི་ཞག་གི་དཔུང་དགྲ་ཟློག །མཚོན་ཆ་དུས་ཀྱི་རྣོ་ངར་ཟློག །སྤར་ཁའི་སྐྱ་མདའ་ཐུག་པ་ཟློག །སྨེ་བ་དུར་དུ་ཚུད་པ་ཟློག །ས་བདག་ཀོ་ལོང་གདུག་རྩུབ་ཟློག །འབྱུང་བའི་དགྲ་གཤེད་འཐབ་པ་ཟློག །གཟའ་སྐར་དུས་ཚོད་ངན་པ་ཟློག །ལོ་ཟླ་ཞག་དུས་བབ་པ་ཟློག །ཁྲམ་དང་བྱེད་དུ་


CMR041_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ་ཟློག །ཧོམ་དང་པར་བུ་བསྐོར་བ་ཟློག །དགྲ་ཆེན་བདུད་དུ་ལང་བ་ཟློག །ལྟས་ངན་གློ་བུར་ཡེ་འདྲོགས་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །མི་ཁ་བྲ་མཆུ་ཐམས་ཅད་ཟློག །ཆག་ཆེན་ཉམ་ང་ཐམས་ཅད་ཟློག །སྔོན་དགུག་ཕྱིས་ནས་དེད་པ་ཟློག །དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག །ནད་སྣ་རིམས་སྣ་ཡམས་སྣ་ཟློག །དགྲ་སྲི་རྨི་ངན་ཐམས་ཅད་ཟློག །ཆེ་སྲི་ཆུང་སྲི་རྒན་སྲི་ཟློག །གཞོན་སྲི་དར་སྲི་གོད་སྲི་ཟློག །དབབ་སྲི་མཚོན་སྲི་ཐམས་ཅད་ཟློག །མདོར་ན་སྲིད་པའི་ཆགས་སྒོ་དང་། །བདག་ལ་གནོད་པའི་དགྲ་འདྲེ་རྣམས། །སྡང་བྱེད་དགྲ་བོའི་སྟེང་དུ་བྷྱོ༔ །གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ༔ །བར་ཆད་བདུད་ཀྱི་སྟེང་དུ་བྷྱོ༔ །ཟ་འདྲེ་ཕུང་སྲིའི་སྟེང་དུ་བྷྱོ༔ །དམ་ཉམས་བྱེད་མའི་སྟེང་དུ་བྷྱོ༔ །ལེ་གུ་ལྷ་ལོག་སྟེང་དུ་བྷྱོ༔ །སློབ་བུ་དམ་ལོག་སྟེང་དུ་བྷྱོ༔ །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་བཛྲ་ཙཎྜ་གནོད་བྱེད་སརྦ་དུཏྟཾ་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ཙ་དུར་སྙིང་ལ་ཟློག །སུ་ཏྲ་རཀྵ་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེ་ཉམ་ང་ལྟས་ངན་ཆོ་འཕྲུལ་དུས་མིན་འཆི་བ་ཐམས་ཅད་


CMR041_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་གཏོར་མ་ཕྱི་རོལ་དུ་ཕུལ། དེ་ནས་ཐལ་མོ་བརྡབ་ཆོག་དང་ཟློག་སྔགས་སྦྱར། མི་ནག་མགོ་གསུམ་གྱི་སྐག་ཟློག་གཞུང་ཆེན་པོ་འདི། ཡབ་ལུགས་ཡུམ་ལུགས་སྲས་ལུགས་གསུམ་གྱི་དོན་བསྡུས་ནས་འདོན་འགྲིགས་སུ་ཕབ་པས་ཚིག་དོན་རྣམས་ཤིན་ཏུ་གནད་ཆེ་བར་ཡོད་དོ། གཞུང་མང་འོ་མའི་རྒྱ་མཚོ་ལས། །སྙིང་པོ་མར་གྱི་བཅུད་བསྡུས་པ། །ཚིག་ཉུང་དོན་ཆེ་གནད་ཟབ་འདི། །རང་གཞན་དོན་དུ་གསལ་བར་བྱས། །དེ་ཕྱིར་འདི་ལ་གཅེས་པར་ཟུངས། །འདི་ཡི་འདོན་ཆའི་ལག་ལེན་ནི། །པོད་གཞུང་ཀ་རྟགས་བསྒྲིགས་ཚུགས་འདོན། །དེ་ནི་ཡབ་ལུགས་རྒྱས་པ་སྟེ། །རྒྱུས་མདོས་མཆོག་ཏུ་ཟབ་པའོ། །ཁྲོ་བོ་ཕ་བརྒྱད་མ་མོ་དང་། ། མི་ཁའི་བཀར་མདོས་ལེའུ་ཁ་གཉིས། །ཕྱོགས་སྐྱོང་བཅུ་དང་རུ་འདྲེན་བཞི། །མི་འདོན་སྐྱུར་ནས་སྲས་ལུགས་ཏེ། །དེ་ནི་འབྲིང་པོའི་ཁོང་དུ་གཏོགས། །ཁྲོ་བོ་ཕ་བུ་བཅུ་དྲུག་སྐྱུར། །བདུད་བཙན་མ་མོ་མི་ཁ་ཡི། །མདོས་འཕྱངས་ལེའུ་ཀ་མང་བ་སྒྱུར། །ལེའུ་ཁ་གཅིག་ལ་ཚང་བ་འདོན། །མངོན་རྟོགས་མཆོད་འབུལ་སྐྱུར་མི་ཉན། །ཕྱོགས་སྐྱོང་དཔལ་མགོན་བདུན་ཅུ་སྒྱུར། །རྡོར་ལེགས་སོགས་ཀྱི་རུ་འདྲེན་སྐྱུར། །འདི་ནི་གཏོ་གཞུང་མ་ཡིན་ཏེ། །ས་སྐྱས་བཀའ་སྲུང་རྣོ་ཁྱད་བཙུད། །ངར་མདོས་དང་ནི་བསྒྲལ་ལས་སྐྱུར། །ཐལ་མོ་བརྡབ་ཆོག་སྔགས་རིང་དང་། །ཞུས་ལེན་ཟོར་རྣམས་སྒྱུར་བ་ན། །ཡུམ་ལུགས་བསྡུས་པ་ཡིན་པའོ། །ཤིང་རིས་སྣ་ཚོགས་བཙུགས་པ་ན། །ཤིང་རིས་


CMR041_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་འཕྱངས་རྒྱས་པར་འདོན། །དེ་ནི་མདོས་ཐབས་ཞེས་སུ་གྲགས། །ཤིང་རིས་ཐམས་ཅད་མི་བཙུགས་སྒྱུར། །རྩང་བཙུགས་རྩང་གྱེར་འདོན་པ་ནི། །དེ་ནི་རྩང་ཐབས་ཉུང་བའོ། །འདི་དག་རྒྱས་པ་བསྒྲིགས་ཚུགས་འདོན། །འབྲིང་པོ་དང་ནི་བསྡུས་པ་ལ། །མངོན་རྟོགས་སྤྱན་འདྲེན་མཆོད་འབུལ་དང་། །མདོས་འཕྱངས་ཟློག་གཞུང་མི་འདོན་པ། །བསལ་ཤེས་ཕྱག་ལེན་མཁས་དགོས་སོ། །རུ་འདྲེན་སྡེ་བཞིའི་མདོས་འཕྱངས་ནི། །རྒྱས་བསྡུས་མ་གཏོགས་སྒྱུར་མི་བྱ། །སྤྲོས་མེད་ཤིན་ཏུ་བསྡུས་པ་ནི། །གནམ་ཆོས་ལས་བྱུང་དེ་ཉིད་འཐུས། །ལོ་ཟླ་སྤར་སྨེའི་སྐག་རིགས་དང་། །འགྲམ་འཁྲུགས་བདུད་གཅོད་དགུ་མིག་དང་། །དགྲ་གྱོད་འཁོན་གསུམ་མི་ཁ་དང་། །ཐན་རིགས་ལྟས་ངན་རྩིས་ངན་རྣམས། །དེ་དག་ཐམས་ཅད་བཟློག་བསྒྱུར་ལ། །མགོ་གསུམ་མདོས་འདི་ཤིན་ཏུ་ཟབ། །དེ་ཕྱིར་གཏོ་ཕྲན་གཞན་སྒྱུར་ལ། །འདི་ལ་དྲིལ་བས་ཐམས་ཅད་ཚང་། །ལོ་དུས་རིམ་གྲོ་བྱ་བ་གཅེས། །ཕན་ཐོགས་བཀྲ་ཤིས་བདེ་ལེགས་འབྱུང་། །ས་བདག་ཀོ་ལོང་གདུག་རྩུབ་ཞི། །ལོ་ལེགས་འབྲུ་འཕེལ་ས་བཅུད་རྒྱས། །ནད་མུག་མཚོན་གསུམ་བསྐལ་པ་ཞི། །དཔལ་འབྱོར་ལོངས་སྤྱོད་མངའ་ཐང་རྒྱས། །སྣང་སྲིད་ལྷ་འདྲེའི་ཆོ་འཕྲུལ་ཞི། །སྤར་སྨེ་ལོ་ཟླའི་སྐག་རིགས་ཟློག །མོ་རྩིས་རྨི་ལམ་ངན་པ་དང་། །ལྟས་ངན་ཐན་རིགས་ཐམས་ཅད་སྒྱུར། །དགྲ་སྣ་གྱོད་སྣ་ཡམས་སྣ་དང་། །མི་ཁ་བྲ་མཆུ་ཐམས་ཅད་ཟློག །དེ་དག་ཐམས་ཅད་ལོ་རྒྱུས་ནི། །རྒྱ་ནག་རྩིས་གཞུང་ཐམས་ཅད་


CMR041_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཏོ་ཐིག་རང་གཞུང་ཉིད་ནས་གསུངས། །དེ་ཕྱིར་ཕན་ཐོགས་ཤིན་ཏུ་ཆེ། །ཅི་ཕྱིར་གཏོ་ཐིག་ཀུན་གྱི་གཙོ། །དེ་བས་འདི་ཉིད་མཆོག་ཏུ་ཟུངས། །མགོ་གསུམ་གཞུང་གི་འདོན་ཆ་ལ། །མི་འདྲ་མང་པོ་བྱུང་བ་ནི། །སྔ་ཕྱི་འགྱུར་གྱི་ཁྱད་པར་ཡིན། །དོན་ལ་ཁྱད་པར་ཅི་ཡང་མེད། །དེ་ཕྱིར་མང་པོ་གོ་བསྟུན་ནས། །ཁུངས་བཙུན་ལེས་ཁ་འདོན་འགྲིགས་ཕན། །འཁྲུགས་བསལ་གབ་སྤངས་ཉམས་ལེན་བདེ། །ཕྱག་ལེན་གསལ་བར་བཀོད་པ་ལ། །ཉེས་འགལ་འཇམ་དཔལ་དབྱངས་ལ་བཤགས། །དགེ་བས་ཇི་སྲིད་འཇིག་རྟེན་གནས་ཀྱི་བར། །འདི་ཉིད་མི་ནུབ་ཕྱོགས་བཅུར་དར་ཞིང་རྒྱས། །འགྲོ་བ་རྣམས་ལ་ཕན་ཐོགས་རྒྱ་ཆེན་ཤོག །དེ་སྐད་སྔགས་ནག་རཱ་ག་ཨ་སྱས་སྨྲས། །འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །འཕགས་པ་རིགས་གསུམ་མགོན་པོ་ཉིད་ལ་བཤགས། །འདི་ཕྱིའི་སྒྲིབ་པར་མ་གྱུར་སཏྭ་ཨཱ། །སངས་རྒྱས་བསྟན་པ་དགུང་ལ་རེག་གྱུར་ཅིག །འདི་ཉིད་སྔགས་འཆང་རཱ་ག་ཨ་མྱ་ཡིས། །རང་གི་དོན་དུ་གསལ་བར་སྔགས་འཆང་སྤྲ་ཝ་པུ་རིས་ཕྱག་ལེན་མ་ནོར་བར་བཀོད་པ་དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previous༼ཆ༽ །མི་ནག་མགོ་བོ་གསུམ་པའི་མདོས་ཀྱི་གཞུང་ཆེན་ལས། སྤར་ཁ་སྨེ་བ་ལོ་ཟླ་ཞག་དུས་ཀྱི་སྐག་ཟློག་བསྒྱུར་ཆོས་ཆེན་པོ།next