Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་ནག་མགོ་བོ་གསུམ་པའི་མདོས་ཆེན་གྱི། ཟློག་གཞུང་ཆེན་མོ་ལྟས་ངན་བསྒྱུར་ཆོས།
   
   
   
   
   
   


 
previousམི་ནག་མགོ་བོ་གསུམ་པའི་མདོས་ཆེན་གྱི། ཟློག་གཞུང་ཆེན་མོ་ལྟས་ངན་བསྒྱུར་ཆོས།next

མི་ནག་མགོ་བོ་གསུམ་པའི་མདོས་ཆེན་གྱི། ཟློག་གཞུང་ཆེན་མོ་ལྟས་ངན་བསྒྱུར་ཆོས།


CMR041_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནག་མགོ་བོ་གསུམ་པའི་མདོས་ཆེན་གྱི། ཟློག་གཞུང་ཆེན་མོ་ལྟས་ངན་བསྒྱུར་ཆོས་བཞུགས་སོ།།


CMR041_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མི་ནག་མགོ་བོ་གསུམ་པའི་མདོས་ལ་བརྟེན་ནས། ལོ་ཟླ་ཞག་དུས་ཀྱི་སྐག་རིགས། སྤར་སྨེ་ལོ་ཟླ་འགྲམས་འཁྲུགས། དགྲ་གྱོད་མི་ཁ་བྲ་མཆུ་དང་། ཐན་ལྟས་ངན་པ་ཐམས་ཅད་བཟློག་པ་ནི། སླར་གཏོར་མདོས་ག་སོ་བྲན་བྱས་ལ། དམར་གཏོར་གཅིག་ལ་ཆུང་བ་གསུམ་གྱིས་བསྐོར། །དེ་ལ་མཐེབ་སྐྱུ་ཤ་དུམ་ཁྲག་ཐིགས་ལིང་རོས་བསྐོར་བ་བཤམས་ལ། ཆང་ཕུད་དང་ཆུ་གཙང་གིས་བྲན་ལ་འདི་སྐད་དོ། །ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེ་གཤེད། །ང་ནི་རྟ་མགྲིན་རྒྱལ་པོ་ཡིན། །ང་ནི་ཕྱག་ན་རྡོ་རྗེ་ཡིན། །མི་ནག་མགོ་བོ་གསུམ་པ་ཁྱོད། །དང་པོ་ཅི་ཡང་མེད་པ་ལས། །འཕགས་པ་འཇམ་


CMR041_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཐུགས་རྗེ་ཡིས། །འགྲོ་དྲུག་རྣམས་ལ་ཕན་བཏགས་ཕྱིར། །མ་ཧཱ་གསེར་གྱི་རུ་སྦལ་སྲིད། །འབྱུང་བ་ལྔ་ཡི་སྙིགས་མ་ལས། །ས་བདག་ཁེན་པ་རྒན་པོ་སྲིད། །སྐག་པོ་ཆེ་རྣམས་ཟློག་པ་དང་། །སྲིད་པའི་བྱོ་བཟློག་བྱ་བའི་ཕྱིར། །ཁེན་པ་རྒན་པོ་ཐུགས་ཁྲོས་ནས། །མ་གཅིག་ཁོན་མ་རྒན་མོ་ལ། །ཡིད་ཀྱིས་སྦྱོར་བ་མཛད་པ་ལ། །ཟླ་དགུ་ངོ་བཅུ་ལོན་ཙམ་ན། །ཕ་མ་གཉིས་ལས་མི་འདྲ་བའི། །ལུས་པོ་མི་ལུས་ནག་པོ་ལ། །མགོ་གསུམ་ལག་པ་དྲུག་ཡོད་པ། །ཞེ་སྡང་རྒྱུ་ལས་གྲུབ་པ་ཡི། །མགོ་གཅིག་གཅན་གཟན་སྟག་གི་མགོ །དེ་


CMR041_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕ་ཡི་རྒྱུ་ལས་གྲུབ། །མགོ་གཅིག་བྱོལ་སོང་གླང་གི་མགོ །འདོད་ཆགས་ཆེ་ལ་ཤ་སྣ་གླན། །མགོ་གཅིག་གཏི་མུག་ཕག་གི་མགོ །ཁ་གདངས་མཆེ་གཙིགས་སྡང་མིག་བསྒྲད། །རྔ་མ་རེ་འབྱམས་མཇུག་མ་གཡུག་་།འཇིགས་སུ་རུང་བ་གཅིག་སྐྱེས་པས། །སླ་ངའི་ནང་དུ་བཅུག་ནས་ཀྱང་། །མི་ཁ་སྣ་ཚོགས་རྐུན་མར་བྱིན། །དགྲ་དང་འདྲེ་ཡི་མིང་རུས་བྲིས། །དེ་ཡང་ཁོ་ཡི་ཁ་ནང་བཅུགས། །མ་གཅིག་ཁོན་མ་རྒན་མོ་ཡིས། །འདི་སྐད་ཀྱིས་ནི་དམོད་པ་བོར། །ཕ་མ་རྒན་རྒོན་ངེད་གཉིས་ཀྱིས། །ཀྱེ་མ་ལས་ངན་བྱས་པ་འདྲ། །དེ་འདྲའི་འབྲས་བུ་ད་ལྟ་སྲིད། །ཀྱེ་མ་སེམས་ཅན་འདི་འདྲ་བ། །འཇིག་རྟེན་འདི་ན་མཐོང་མ་མྱོང་། །ཨ་མ་ཨ་ཙི་ང་རེ་འཇིགས། །མི་ནག་མགོ་བོ་གསུམ་པ་འདི། །སྡེར་མོ་ལྕགས་ཀྱི་སྡེར་མོ་ཅན། །ཁ་གདངས་མཆེ་གཙིགས་སྡང་མིག་བསྒྲད། །ཐམས་ཅད་འཇོམས་པའི་ང་རོ་ཅན། །ཁྱོད་ཆེ་ན་གདངས་བའི་དགྲ་ལ་ཆེ། །ཆེ་ན་གནོད་པའི་བགེགས་ལ་ཆེ། །བྱུར་འགོངས་སླ་ངའི་ནང་ན་འདུག །ཟས་སུ་མི་ཁ་སྣ་ཚོགས་ཟོ། །གནས་ནི་རྒྱ་གྲམ་ལམ་མདོར་སྡོད། །དེ་སྐད་བརྗོད་ནས་ལམ་ཁར་


CMR041_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ། །ལམ་ཁར་སེམས་ཅན་འཕྲད་ཚད་ཤི །དགྲ་འདྲེ་ཐམས་ཅད་ཐལ་བར་བརླགས། །ཡུལ་དེའི་མི་རྣམས་ཟད་པར་ཟོས། །དེས་ཀྱང་མི་ཚད་འཇིག་རྟེན་ཕུང་། །ཐམས་ཅད་མགོ་གསུམ་དེ་ཡིས་ཟོས། །སྲིད་པ་གསུམ་པོ་སྟོང་ལ་ཁད། །གཅན་གཟན་སྟག་གི་མགོ་ཅན་དེ། །གཟའོ་ཁྱབ་འཇུག་ལྷུམས་སུ་ཞུགས་པའི་བུ། །གང་དང་འཕྲད་པ་ཧུར་ཐུམ་གསོད། །གསོད་དང་གཅོད་ལ་ཀུན་ཏུ་དགའ། །ཤ་ཟ་ཁྲག་འཐུང་ཞེ་སྡང་ཆེ། །མགོ་གཅིག་ཁྱབ་བྱེད་གླང་གི་མགོ །གཟའ་སྤེན་པ་ལྷུམས་སུ་ཞུགས་པའི་བུ། །གང་དང་འཕྲད་པའི་སྲོག་ལ་བརྒོལ། །མཛེ་དང་ཤུ་བ་ལྷོག་པ་གཏང་། །ཐམས་ཅད་འཇོམས་པའི་ང་རོ་ཅན། །གཟའ་མིན་བདུད་མིན་དྲག་ཤུལ་ཅན། །ཟས་སུ་མི་ཡི་ཚེ་སྲོག་ཟ། །མགོ་གཅིག་གཏི་མུག་ཕག་གི་མགོ །གཟའ་ལྷག་པ་ལྷུམས་སུ་ཞུགས་པའི་བུ། །ལག་པ་མྱུར་མགྱོགས་ཤིན་ཏུ་ཆེ། །ཚེ་དང་སྲོག་ལ་ཤིན་ཏུ་སྡང་། །སེམས་ཅན་གང་འཕྲད་དེ་དག་ཟོས། །དེ་འདྲའི་མི་ནག་མགོ་གསུམ་པོ། །འཕགས་པའི་ཐུགས་རྗེས་འདུལ་བར་གཟིགས། །མཁྱེན་རབ་འཕགས་པ་འཇམ་དཔལ་


CMR041_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཁོ་རང་འདྲ་བ་གཅིག་ཏུ་སྤྲུལ། །མི་ནག་མགོ་གསུམ་འཇིགས་པའི་གཟུགས། །རྐན་སྒྲ་བརྡབ་པས་འཇིག་རྟེན་གཡོས། །སྤྱན་ནས་མེ་འབར་ཁ་ནས་ཁུ་འཕང་པ་འབབ། །མཆེ་གཙིགས་མིག་བསྒྲད་འདི་སྐད་བརྗོད། །ཁྱོད་མི་མིན་གདུག་པའི་ང་རོ་ཅན། །སྙིང་རྗེ་མེད་པའི་སེམས་ཅན་ཁྱོད། །ང་ཡིས་ཐམས་ཅད་འདུལ་བ་སྟེ། །ཁྱོད་ཀྱང་ང་ཡི་འདུལ་སྐལ་ཡིན། །དེ་སྐད་གསུངས་ནས་མགོ་གསུམ་སོགས། །མགྲིན་པར་མིད་ནས་ཞབས་སུ་ཕྱུངས། །ཁོ་སྐྲག་ཅིང་ལུས་པོ་འདར་ནས་སུ། །འདི་སྐད་ཀྱི་ནི་ཞུ་བ་ཕུལ། །དཔའ་བོ་ཆེན་པོའི་ང་ལ་གསོན། །ཁྱེད་ཀྱི་གསུང་ལ་ང་ཉན་ནོ། །ཇི་སྐད་གསུངས་པ་དེ་སྐད་བགྱི། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །མི་ནག་མགོ་བོ་གསུམ་པ་ཁྱོད། །སྙིགས་མ་ལྔ་ཡི་དུས་ཚོད་ལ། །སྲིད་པའི་བྱོ་བཟློག་ཁྱོད་ཀྱིས་གྱིས། །སྐག་པོ་ཆེ་རྣམས་ཁྱོད་ཀྱིས་ཟློག །ནད་པ་ཡོད་ན་བསླང་བར་མཛོད། །སྲིའུ་ཚང་ནས་སྐྱེད་པར་གྱིས། །དགྲ་འདྲེ་འབྱུང་པོ་འདུལ་བར་གྱིས། །གནོད་པ་སྐྱེལ་ནས་གང་འཕྲད་སོད། །སླ་ང་ནག་པོའི་ནང་ན་སྡོད། །མི་ཁ་སྣ་ཚོགས་ཟས་སུ་ཟོ། །གཏོར་མ་མཐེབ་སྐྱུ་


CMR041_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་སྦྱིན། །དེ་སྐད་ཅེས་ནི་བཀའ་སྩལ་པའི། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །འཕགས་པ་འཇམ་དཔལ་བཀའ་མ་བཅག །ཡོན་བདག་དྲིན་ལེན་ཆུད་མ་གསན། །གཏོ་ཡས་གནས་སུ་ཐེངས་བར་མཛོད། །དགྲ་བགེགས་འབྱུང་པོ་བཟློག་ཏུ་གསོལ། །ཀྱཻ། མི་ནག་མགོ་བོ་གསུམ་པ་ཁྱོད། །སྲིད་པ་གསུམ་གྱི་མཐུ་བོ་ཆེ། །སྲིད་པའི་བློ་བཟློག་ཆེན་པོ་མཛོད། །དེ་རིང་ལོ་སྐག་ཟླ་སྐག་ཟློག །དེ་རིང་ཞག་སྐག་ཟ་སྐག་ཟློག །དུས་ཚོད་རྐྱེན་ཁ་བསྒྱུར་དུ་གསོལ། །རྒྱུ་སྦྱོར་ཡོན་བདག་འདི་རྣམས་ལ། །འཆི་བར་ངེས་པའི་མི་ཡོད་ཀྱང་། །ལོ་གསུམ་བར་དུ་བཤོལ་ཐོབ་ཅིག །མི་ནག་མགོ་བོ་གསུམ་པ་ཁྱོད། །དེ་རིང་སྒྱུར་བའི་རྒྱལ་པོ་མཛོད། །དེ་རིང་ཟློག་སྒྱུར་དུས་ལ་བབ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། གནམ་ལྷ་ཞེ་སྡང་ལེན་པ་རྒན་པོ་དང་། །ས་བདག་འདོད་ཆགས་ཁོན་མ་འཚོགས་པའི་བུ། །མི་ནག་བྱ་གཤོག་རེ་འབྱམས་མཇུག་མ་ཅན། །མགོ་དབུས་གླང་མགོ་གཟའ་ཆེན་སྤེན་པའི་བུ། །མགོ་གཡས་སྟག་མགོ་གཟའ་བདུད་ཁྱབ་འཇུག་བུ། །མགོ་གཡོན་ཕག་མགོ་གཟའ་ཆེན་ལྷག་པའི་


CMR041_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བུ། །ཕྱག་དྲུག་དང་པོས་གྲི་ཐོད་གནོད་བྱེད་ཟ། །བར་པས་རལ་གྲིས་གཏུབ་ཅིང་ལྕགས་ཀྱུས་འགུག །ཐ་མས་མདའ་གཞུ་འགེང་ཞིང་ཞིགས་པས་འཆིངས། །བ་སྤུ་མཚོན་ཆ་སེན་མོ་ལྕགས་ཀྱུས་འགུགས། །ཁ་གདངས་མཆེ་གཙིགས་ང་རོ་འབྲུག་སྟོང་ལྡིར། །ཞེ་སྡང་མེ་འབར་མྱུར་མགྱོགས་གློག་ལྟར་འཁྱུག །མཐུ་ཆེན་སྟོབས་ལྡན་སྲིད་པའི་ཟློག་བྱེད་ཁྱོད༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། །ལྟས་ངན་མི་ཁ་བྲ་མཆུ་ཟས་སུ་ཟོ། །ཆག་ཆེན་ཉམ་ང་སྐག་ཆེན་ཟློག །གལ་ཏེ་འཆི་བར་ངེས་པའི་མི་ཡོད་ཀྱང་། །ལོ་གསུམ་བར་དུ་ཁྱོད་ཀྱིས་བཤོལ་ཐོབ་ཅིག །ཅེས་གཏོར་ཆུང་ལིང་རོ་དང་བཅས་མདོས་ནང་དུ་ཕུལ་ནས་བཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ། མི་ནག་མགོ་གསུམ་སྐུ་སྨད་སྦྲུལ་མཇུག་ལས། །རང་འདྲའི་སྤྲུལ་པ་དཔག་མེད་འཇིག་རྟེན་གང་། །ཐན་བདག་ཐན་དང་བཅས་པ་ཧབ་ཐོབ་ཟོ། །ལྷག་དང་ཆད་པའི་ལྟས་ངན་དགྲ་ལ་ཟློག །ཁ་དགུ་ཟིལ་པ་ཉག་པའི་ལྟས་ངན་ཟློག །ལག་དགུ་ཟོར་བ་ཐོགས་པའི་ལྟས་ངན་ཟློག །མོན་དང་རྒྱུ་ལུག་ཐམས་ཅད་སྒྱུར་ཞིང་ཟློག །རྟ་ནོར་ར་ལུག་མི་འདྲ་སྤེལ་འདྲ་དང་། །ཁྱི་འདྲ་གྲོད་པ་འདྲ་དང་བྲང་ལུམ་


CMR041_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །ལོང་ཀ་འདྲ་བ་གཏོ་ཡིས་བསྒྱུར་དཀའ་ཞིང་། །བསྒྱུར་ན་གཏོ་མཁན་རང་ལ་གནོད་པའི་ཐན། །དེ་ཡང་ནག་པོ་མགོ་གསུམ་ཁྱོད་ཀྱིས་ཟློག །ཐན་བདག་ཐན་དང་བཅས་པ་ཁྱོད་ཀྱིས་ཟོ། །གཟུགས་ནི་ངོ་ཤེས་ཙམ་དང་ངོ་མི་ཤེས། །རྒྱུ་མ་ཡར་ལུག་མར་ལུག་བཅོས་དཀའི་ཐན། །བན་བོན་གཏོ་མཁན་རང་ལ་མི་དགེ་བ། །དེ་ཡང་མི་ནག་མགོ་གསུམ་ཞལ་དུ་བསྟབ། །ཁ་དགུ་རྐང་ལག་བརྒྱད་དམ་བཅོ་བརྒྱད་པ། །རེ་འབྱམས་ཐན་དེ་སྡེ་ཚན་བརླག་པའི་ལྟས། །དར་རྒྱས་བཙན་ལ་ངན་པར་བྱེད་པའི་ཐན། །དེ་ཡང་མི་ནག་མགོ་གསུམ་ཁྱོད་ཀྱིས་ཟོ། །ཨོག་མར་མིག་དང་ལྟག་པར་ཁ་དོད་པ། །ལྐུགས་པ་ཁ་མེད་མིག་མེད་བདུད་ཀྱི་ཐན། །མི་ནག་མགོ་བོ་གསུམ་པའི་ཞལ་དུ་བསྟབ། །ཁ་དང་མིག་ལ་སོ་སྐྱེས་འཆི་བདུད་ཐན། །བཅོས་ཀའི་ཐན་དེ་མགོ་གསུམ་ཁྱོད་ཀྱིས་ཟོ། །ལྐུགས་པ་ལག་སྡུམ་མིག་མེད་ལོང་བ་དང་། །ན་མེད་འོན་པ་རྐང་མེད་ཞ་བོ་རྣམས། །བདུད་པོ་མཐོང་བ་མིག་མེད་ཐན་ཡིན་པས། །མི་ནག་མགོ་བོ་གསུམ་པའི་ཞལ་དུ་བསྟབ། །གཟུགས་བརྙན་དོད་དང་གཟུགས་བརྙན་མ་དོད་པ། །གྲོད་པ་སོ་


CMR041_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཐན་ཡིན་ཁྱོད་ཀྱིས་ཟོ། །ལག་པ་བྲང་གུག་ཐན་རོ་བྲང་བརྡུང་ཐན། །ཡ་མཆུ་རིང་དང་རྐང་པའི་སུག་གུ་འཁྱོགས། །སྤྲང་པོ་དབྱུག་བཟུང་ཐན་དེ་ཁྱོད་ཀྱིས་ཟོ། །གློ་སྙིང་ཕྱིར་བུད་སྙིང་འདྲ་འཆི་བའི་ཐན། །མཆེ་བ་སྐྱེས་པ་བཙན་ཤ་རུ་བརྡར་ཏེ། །ཕོ་བོར་ངན་པའི་ཐན་དེ་ཁྱོད་ཀྱིས་ཟོ། །ལག་ཚིགས་གཡས་མེད་ཕོ་མཚུན་དགྲ་ལོ་ཕྱོགས། །ལག་ཚིགས་གཡོན་མེད་མ་མཚུན་དགྲ་ལ་ཕྱོགས། །ཤི་ཆད་འོང་བའི་ཐན་དེ་དགྲ་ལ་སྒྱུར། །སྦལ་སྦྲུལ་སྤུ་སྐྱེས་བྱ་རིགས་སྤུ་མེད་པ། །ཀླུ་ཡི་ཐན་དེ་སྡང་བའི་དགྲ་ལ་སྒྱུར། །རྭ་སྐྱེས་ལག་པ་རྒྱབ་སྐྱེས་བདུད་ཀྱི་ཐན། །ཁ་ཤ་ངོ་ཤོ་དཔྲལ་བར་ཁ་དོད་པ། །ཨོག་མར་མིག་དོད་མེན་ཁར་འབྱར་བ་དང་། །ཟིལ་དུ་རྭ་སྐྱེས་བཙན་གྱི་ཐན་ཡིན་ཏེ། །མི་ནག་མགོ་བོ་གསུམ་པ་ཁྱོད་ཀྱིས་ཟོ། །ལྷག་པ་ཐམས་ཅད་ཡས་གདོན་རྒྱལ་པོའི་ཐན། །མ་ཚང་བ་རྣམས་མས་གདོན་རྒྱལ་མོའི་ཐན། །དེ་ཡང་མི་ནག་མགོ་གསུམ་ཁྱོད་ཀྱིས་ཟློག །མིག་གཅིག་པ་དང་བེལ་ལ་བྱ་ལག་བྱུང་། །རྐང་པ་སྤྲེའུ་འདྲ་དང་བུམ་ལག་དང་། །སྦར་མོ་སྐྱེས་དང་བྱ་ཡི་མཆུ་འདྲ་དང་། །ཡ་མཆུས་མ་མཆུ་བཀབ་པ་གྲི་བཙན་ཐན། །གཏོ་


CMR041_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དང་བོན་གྱི་མི་ཐུབ་ཐན་དེ་ཡང་། །མི་ནག་མགོ་གསུམ་ཁྱོད་ཀྱིས་སྒྱུར་ཞིང་ཟློག །ཁྱི་ལ་གཟུགས་མེད་སྐྱིད་པ་ཆད་པ་དང་། །མིག་མེད་རྐུབ་རུབ་བྱ་མཆུ་དོད་པ་ནི། །མས་གདོན་སྒོ་སྲུང་ཐན་ཡིན་གཏོ་འདིས་སྒྱུར། །སྐེད་འཁྱོག་ཕག་དང་བོང་བུར་རྭ་ཅོ་སྐྱེས། །ལག་པ་སྒལ་གཞུང་བྲང་མདོར་ཁ་དོད་པ། །དམུ་ཡི་ཐན་དེ་མགོ་གསུམ་ཁྱོད་ཀྱིས་ཟློག །བྱ་ནག་སྡེར་འཛིང་ཤ་བ་རུང་འཛིང་དང་། །སྦྲུལ་ནག་ལྟོ་སྦྱོར་ཁང་སྐམ་ཆུ་འཛག་དང་། །སོག་པའི་དཀྱིལ་བུག་བྱི་ལོང་ཁྱིམ་དུ་ཕྱིན། །སྦྲ་ཐན་སྐྱ་ཐིག་ཐག་པ་ཆོན་ཐག་རྒྱུག །ཞིང་གི་ས་བུག་སྦྲ་ཁང་མེ་ཤོར་དང་། །འོ་མ་ཆགས་དང་རུལ་དང་ཁྱི་རྔོ་འབྱུང་། །སྡེ་བརྒྱད་ཐན་དེ་མགོ་གསུམ་ཁྱོད་ཀྱིས་ཟློག །རྣ་བ་ལྷག་པ་གཏམ་སྙན་ཐོས་པའི་ཐན། །མཐེ་མོ་ལྷག་ན་ཆེ་རྒྱུད་འཕེལ་བ་དང་། །མཛུབ་ཆུང་ལྷག་ན་ཆུང་རྒྱུད་འཕེལ་བ་སྟེ། །དགེ་ལེགས་ཐན་དེ་མི་བཟློག་གཡང་དུ་ལེན། །སྤྱི་བོར་མིག་ཕོལ་བྲང་མགོ་དཔུང་མགོ་ལྷག །སྣ་དང་མ་ཁ་ལྕེ་དང་ལག་པ་དང་། །སོར་མོ་ལྔ་ལྷག་ནམ་ཕུག་ངན་པའི་ཐན། །ངན་པའི་ཐན་དགུ་སྡང་བའི་དགྲ་ལ་སྒྱུར། །བྱ་མ་བྱིའུ་སོགས་བྱ་ཐན་


CMR041_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་དུ་ཕྱིན། །རི་བོང་ལ་སོགས་རི་དྭགས་ཁྱིམ་དུ་ཕྱིན། །སྲེག་པ་ཕུག་རོན་ཁྲས་དེད་ཁྱིམ་དུ་ཕྱིན། །ཁུ་བྱུག་ལ་སོགས་བྱ་ཆེན་སྟེང་དུ་བབ། །ཝ་སྤྱང་ལ་སོགས་གཅན་གཟན་ཁྱིམ་དུ་ཕྱིན། །སྲེ་མོང་བྲ་རོ་སྲིན་བྱས་འབུ་རོ་འཕང་། །ཤོ་མོང་ཁྱིམ་སྐྱེས་བྱ་ཐན་བྱི་འུ་ཐན་དང་། །སྲིན་བྱས་འབུ་རོ་ཁུར་སོགས་འབུ་ཡི་ཐན། །སྦལ་སྦྲུལ་ཁྱིམ་ཕྱིན་ལ་སོགས་ཆུ་གནས་ཐན། །ཞྭ་ཤ་བརྣངས་དང་མིག་འགུལ་ལུས་ཀྱི་ཐན། །ཁྱི་སྤྱང་ངུ་དང་རྟ་ཕོ་སྲོད་ལ་འཚེར། །འུག་པ་རྒོད་དང་ཝ་བརྒྱལ་མེ་སྙིང་དམར། །འོ་མ་ཁྲག་རེད་ཡོས་བཏག་རམ་ཕྱེར་གྱུར། །རི་རྡོ་ཞིང་འགྲིལ་ནས་བཏབ་ཡུག་པོ་སྐྱེས། །བྱ་རོག་དཀར་པོ་སྐར་མ་ཕོད་ཅན་སོགས། །མི་རུང་ལྟས་ངན་བརྒྱད་ཅུ་རྩ་གཅིག་རྣམས། །ཐན་དང་ཐན་བདག་མགོ་གསུམ་ཁྱོད་ཀྱིས་ཟོ། །ལྟས་ངན་མཚན་ངན་སྡང་བའི་དགྲ་ལ་སྒྱུར། །འཕགས་པ་རིགས་གསུམ་མགོན་པོའི་བདེན་པ་དང་། །ས་བདག་ཧ་ས་གརྒྷའི་མཐུ་སྟོབས་ཀྱིས། །ལྟས་ངན་ཐམས་ཅད་སྡང་བའི་དགྲ་ལ་སྒྱུར། །ཐན་བདག་ཐན་དང་བཅས་པ་ཐམས་ཅད་ནི། །མི་ནག་མགོ་གསུམ་འཁོར་དང་བཅས་པས་ཟོ། །ཐན་ལྟས་བཟློག་པའི་ཕྲིན་ལས་


CMR041_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ད་མཛོད་ཅིག །འཕགས་པ་འཇམ་དཔལ་སྤྱན་སྔར་ཁས་བླངས་པའི། །དམ་ལ་མ་འདའ་བཅོལ་བའི་ཕྲིན་ལས་མཛོད། །ཨོཾ་ཧ་ས་གརྒྷ་བྷྱོཿ མི་ཁ་ཧུར་ཐུམ་རྦད་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་ཅི་མང་དུ་བཟླའོ། །ཧཱུྃ། ས་བདག་ཧ་ས་གནྟུའི་ཕྱག་གཡས་ནས། །སྤར་ཁ་བརྒྱད་ཀྱི་ཕྱག་རྒྱ་བསྣམས་མཛད་པས། །ལི་ཁོན་དྭ་ཁེན་ཁཾ་གིན་ཟིན་དང་ཟོན། །སྤར་ཁ་བརྒྱད་ཀྱི་སྐག་རིགས་ཐམས་ཅད་ཟློག །ལོ་དང་སྤར་ཁ་སྦྱར་བའི་སྐག་རྣམས་ཟློག །སྤར་ཁ་བརྒྱད་ཀྱི་དབང་རིས་ཟླ་བ་ཡི། །སྐག་རྣམས་ཐམས་ཅད་མི་ནག་ཁྱོད་ཀྱིས་ཟློག །སྤར་ཁ་བརྒྱད་པོ་ཞག་དང་དུས་ཚོད་ལ། །འཁོར་བའི་སྐག་རིགས་ཐམས་ཅད་བསྒྱུར་དུ་གསོལ། །སྤར་ཁ་དགྲ་ཐོག་རང་ཐོག་དུར་མིག་དང་།། །ན་ས་འཆི་སའི་སྐག་རྣམས་ཐམས་ཅད་ཟློག །ནམ་ཟླ་དུས་བརྒྱད་སྤར་ཁའི་སྐག་བརྒྱད་ཟློག །སྤར་ཁ་བརྒྱད་ཀྱིས་གནོད་པའི་འདྲེ་བརྒྱད་ཟློག །མི་རུངས་ནོར་བརྒྱད་དུར་ཟས་བརྒྱད་པོ་ཟློག །སྒེན་པའི་མི་བརྒྱད་ན་ངོ་ཐམས་ཅད་ཟློག །ཨོཾ་ཧ་ས་གནྡྷཱ་ཏི་ལི་ཧ་ན་ཨ་ནི་ཏེ་པྲ་ཟློག །སྤར་ཁ་རྩུབ་ན་འདི་ཉིད་མང་དུ་བཟླའོ། །ཧཱུཾ། ཧ་ས་གྷནྡྷའི་རྩ་ཕྱག་ལོ་བདག་འཛིན། །


CMR041_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ཆེན་དྲུག་ཅུའི་ལོ་སྐག་དགྲ་ལ་སྒྱུར། །མི་གྲངས་ལོ་གྲངས་འཁྲེན་པའི་འཁྲེན་སྐག་ཟློག །ལོ་སྐོར་བཅུ་གཉིས་ལོ་ཡི་སྐག་རྣམས་ཟློག །རང་སྐག་ཕྱི་སྐྱེས་ཟུར་གསུམ་སྐག་རྣམས་ཟློག །བཞི་གཤེད་དྲུག་འགྲམས་བདུན་ཟུར་ཐམས་ཅད་ཟློག །གནོམི་རྒྱང་ས་རྒྱང་ངན་པ་བསྒྱུར་ཅིང་ཟློག །འཇུ་ཐོག་ཆད་དང་བརྟེན་ཕུར་བུད་པ་ཟློག །ལོག་མེན་དར་རྒུད་གནམ་ལོ་ལ་སོགས་པ། །རྒྱལ་པོའི་ལོ་ཡི་སྐག་རྣམས་ཐམས་ཅད་ཟློག །ལོ་སྐོར་བཅུ་གཉིས་ཟླ་བ་ལ་འཁོར་བའི། །བློན་པོ་ཟླ་བའི་སྐག་རྣམས་དགྲ་ལ་ཟློག །ལོ་སྐོར་བཅུ་གཉིས་ཞག་ལ་འཁོར་བ་ཡི། །དམག་མི་ཞག་སྐག་སུམ་བརྒྱ་དྲུག་ཅུ་ཟློག །ལོ་སྐོར་བཅུ་གཉིས་དུས་ཚོད་ལ་འཁོར་བའི། །དུས་ཚོད་སྐག་རིགས་སྟོང་དང་དྲུག་བརྒྱ་ཟློག །ཨོཾ་ཧ་ས་གརྒྷ་མྲྀ་ཏ་ཡེ་ཚྭ་ཡེ་བྷྱོ་ཟློག །ལོ་ཟླ་ཞག་དུས་སྐག་ཆེ་ན་འདི་ལ་མང་དུ་བཟླའོ། །ཧཱུཾ། ཧ་ས་གྷནྡྷའི་ཕྱག་གཡས་དང་པོ་ན། །ཕག་དང་རྟ་ནག་རྟ་སྔོན་ཆུ་སྲིན་དང་། །ཤ་བ་སེང་གེ་རྟ་དམར་གླང་ཆེན་དཀར། །དྲེལ་དམར་ལ་སོགས་སྨེ་བའི་ཆིབས་པ་འཛིན། །གཅིག་དཀར་གཉིས་ནག་གསུམ་མཐིང་བཞི་ལྗང་དང་། །ལྔ་སེར་དྲུག་དཀར་བདུན་


CMR041_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བརྒྱད་དཀར་དང་། །དགུ་དམར་ལ་སོགས་སྨེ་བའི་སྐག་རྣམས་ཟློག །སྨེ་བ་དབུས་ཚུད་རང་ཐོག་གཅོད་འགྲལ་ཟློག །སྨེ་བ་ཞག་དང་དུས་ཚོད་ལ་འཁོར་བའི། །སྨེ་བའི་སྐག་ཕྲན་ཐམས་ཅད་དགྲ་ལ་ཟློག །སྨེ་བའི་དུར་ངོ་ན་ངོ་དགྲ་ལ་ཟློག །ཨོཾ་ཧ་ས་གྷནྡྷ་སྨེ་བྷེ་སྨེ་ཤ་ཡེ་བློ་ཟློག །ཅེས་པ་སྨེ་བ་རྩུབ་ན་འདི་ལ་མང་དུ་བཟླའོ། །ཧཱུཾ། ཧ་ས་གྷནྡྷའི་ཕྱག་མཚན་གྲི་ཐོད་ལས། །རང་འདྲའི་སྤྲུལ་པ་མང་པོ་རླུང་ལྟར་འཚུབ། །ཡོད་རློམ་ཡེབ་རྗེའི་མི་ཁ་དགྲ་ལ་ཟློག །མ་ཉེས་ཁ་ཡོག་མི་ཁ་དགྲ་ལ་ཟློག །བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ་ཟློག །མཚན་ངན་བྱད་སྟེམས་ཚོལ་བའི་མི་ཁ་ཟློག །ལྐོག་ནས་འབུ་བཞིན་གཡེང་བའི་མི་ཁ་ཟློག །གཏམ་ངན་བྱུར་སྣ་ངན་པའི་མི་ཁ་སྒྱུར། །ངན་འདོད་རྐུ་ལྷན་སྦྱོར་མི་ཁ་ཟློག །གཞི་མེད་སྐུར་འདེབས་གཤེ་སྐུར་མི་ཁ་ཟློག །མི་ཁ་ཆེ་ཞིང་བརྒྱ་ཁ་གཡེང་བ་ཟློག །ལོ་ཟླ་ཞག་ལ་མི་ཁ་དར་བ་ཟློག །མི་ཁ་མེ་ལྟར་འབར་བ་ཐམས་ཅད་ཟློག །མི་ཁ་ཆུ་ལྟར་འབྲུབ་པ་ཐམས་ཅད་ཟློག །མི་ཁ་རླུང་ལྟར་འཚུབ་པ་ཐམས་ཅད་ཟློག །མི་ཁ་བལ་ལྟར་གཡེང་བ་ཐམས་ཅད་ཟློག །ཡུལ་མི་ཁྱིམ་མཚེས་


CMR041_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁ་ཟུག་པ་ཟློག །རླུང་རྟ་དགྲ་དར་མི་ཁ་ལྡང་བ་ཟློག །བཟང་བྱས་ངན་དུ་མཐོང་བའི་མི་ཁ་ཟློག །མི་ཡི་ཁྱུ་ནས་བུད་པའི་མི་ཁ་ཟློག །མི་ཁ་བྲ་མཆུ་མི་ཁ་བ་རུས་ཟློག །མི་ཁ་ཐམས་ཅད་མགོ་གསུམ་ཁྱོད་ཀྱིས་ཟོ། །ཟོ་ཞིག་འཐུངས་ཤིག་ལྷག་མ་མེད་པར་མཛོད། །ཨོཾ་ཧ་ས་གྷཏྟཾ་ཧཱུྃ་བྷྱོ་རི་རི་ལི་ལི་མི་ཁ་བློ་ཟློག །མི་ཁ་ཆེ་ན་འདི་ཉིད་མང་དུ་བཟླའོ། །དེ་ནས་ཟློག་སྔགས་སྤྱི་དྲིལ་འདི་བཟླ་སྟེ། ཨོཾ་ཧ་ས་གྷནྡྷ་ཕཊ༔ ནག་པོ་ཕེ་ཤ་བྷྱོཿ མ་ཧཱ་དྷེ་ཝ་དགྲ་བོ་ནི་ཆད། བྱོ་མི་ཁ་སྒྱུར། མི་ཁ་ཧུར་ཐུམ། མཱ་ར་ཡ་རྦད། མི་ཁ་ཐུམ་ཐུམ། ཤིག་ཤིག །རྦད་རྦད། དྲིལ་དྲིལ། བྷྱོ་སྦྱོ། ཟློག་ཟློག །བྷྱོ་མི་ཁ་ཧུར་ཐུམ་ཆད། དྲིལ་ཐུམ། ཤིག་ཤིག །རྦད་རྦད། དྲིལ་དྲིལ། བྷྱོ་བྷྱོཿ ཟློག་ཟློག །ཨོཾ་ཧ་ས་ཅི་གེ་པ་ར་ཏ། ཏ་པ་ལ་ཡ། དགྲ་ལ་བྷྱོ་བྷྱོཿ ནཱ་ག་ཙ་དུ་བྷི་རུ་བ། མ་ཧཱ་དགྲ་ལ་རྒྱུག་རྒྱུག །བློ་བྷྱོཿ ཟློག་ཟློག །ལྟས་ངན་ཆོ་འཕྲུལ་དགྲ་གྱོད་འཁོན་གསུམ། མི་ཁ་བྲ་མཆུ་གདོན་བགེགས་སྐག་ངན་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །སྔགས་འདི་ལན་བདུན་བཟླས་སོ། །གཙོ་བོའི་ཟློག་པ་འདི་གལ་ཆེ་ན་ལན་བདུན་བརྗོད། རྒྱུན་ཁྱེར་ལ་ལན་གསུམ་འདོན་པར་བྱའོ། །


CMR041_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལུགས་ཀྱི་མགོ་གསུམ་སྤྲོས་མེད་བསྡུས་པ་འདི། སྔར་གྱི་མགོ་གསུམ་རྙིང་པ་འདི་ཡི་བཀའ་གཏད་ལུང་རྒྱུན་ཆད་པ་དེ་གསོལ་བའི་ཕྱིར། རིག་འཛིན་མི་འགྱུར་རྡོ་རྗེ་ལ་འཕགས་པ་འཇམ་དཔལ་དེ་ཉིད་སྐུ་མདོག་དམར་པོ་ཞིག་ཏུ་སྤྲུལ་ནས་དངོས་སུ་གསུངས་པ་ནས། འདི་ཡི་བཀའ་གཏད་ལུང་རྒྱུན་ཐོབ་ན་མགོ་གསུམ་རྣམས་ཀྱི་ལུང་རྒྱུན་ཐམས་ཅད་ཐོབ་པ་ཡིན། སྤྱིར་མི་ནག་མགོ་གསུམ་གྱི་གཞུང་ཆེན་པོ་སྣ་ཚོགས་ཡོད་པའི་བསྡུས་དོན་གནམ་ཆོས་ལུགས་འདི་ལ་ཚང་བས། དེ་ཕྱིར་འདི་ཡི་གཞུང་ཆེན་ནི། གནམ་ཆོས་ལུགས་གཞིར་བྱས་ནས། སབ་འོས་ཅུང་ཟད་ཞིག་བསྣན་པ་ཡིན་ནོ། །ཞེས་པ་འདི་ནི་མགོ་གསུམ་ཕྱག་ལེན་ཞལ་ཤེས་དང་བཅས་པ་འདི་ནི་སྔགས་འཆང་༧ རཱ་ག་#་ཨ་སྱས་རྒྱས་པར་བསྒྲིགས་པའོ། །མངྒ་ལཾ། གཏོ་ཐིག་འདི་ཡི་ཞལ་ཁྲིད་སློབ་དཔོན་ཐུགས་ལ་གབ། ཤུ་བྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམི་ནག་མགོ་བོ་གསུམ་པའི་མདོས་ཆེན་གྱི། ཟློག་གཞུང་ཆེན་མོ་ལྟས་ངན་བསྒྱུར་ཆོས།next