Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། རྗེས་ཀྱི་ལས་འགྲིག་སྒོ་དབྱེ་རྫོངས་འདེབས་ལམ་བསྟན་གདན་བསྐྱོད་གཤེགས་གསོལ།
   


 
previousམི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། རྗེས་ཀྱི་ལས་འགྲིག་སྒོ་དབྱེ་རྫོངས་འདེབས་ལམ་བསྟན་གདན་བསྐྱོད་གཤེགས་གསོལ།next

མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། རྗེས་ཀྱི་ལས་འགྲིག་སྒོ་དབྱེ་རྫོངས་འདེབས་ལམ་བསྟན་གདན་བསྐྱོད་གཤེགས་གསོལ།


CMR041_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། རྗེས་ཀྱི་ལས་འགྲིག་སྒོ་དབྱེ་རྫོངས་འདེབས་ལམ་བསྟན་གདན་བསྐྱོད་གཤེགས་གསོལ་རྣམས་བཞུགས་སོ། །


CMR041_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མི་ནག་མགོ་བོ་གསུམ་པའི་མདོས་འབུལ་དུས་རྗེས་ཀྱི་ལས་འགྲིགས་བསྟན་པ། དང་པོ་མདོས་སྒོ་དབྱེ་བ་ནི། གསེར་སྐྱེམས་དང་མདའ་དར་ཐོགས་ལ་འདི་སྐད་དོ། །ཀྱཻ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིས། །གཏོ་ཡས་གླུད་ཀྱིས་ཐམས་ཅད་བཅོས། །རྒྱ་རྗེ་སྟོང་འཇམ་འཁོར་བཅས་ཀྱིས། །གཏོ་ཡས་གླུད་ཀྱིས་ཐམས་ཅད་བཅོས། །དེ་རིང་སྔགས་འཆང་རྣལ་འབྱོར་གྱིས། །ངན་དགུ་དུག་བཅུ་ཟློག་ཅིང་སྒྱུར། །གཏོ་ཡས་འདི་ཡིས་ཐམས་ཅད་ཚིམ། །མགུ་ཤིང་དགྱེས་པར་གསོལ་བ་བཏབ། །འདོད་པའི་ལོངས་སྤྱོད་ཡ་མཚན་ཅན། །གླུད་དུ་


CMR041_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་ཡས་སྟགས་རྣམས། །སོ་སོའི་འདོད་པ་ཚིམ་གྱུར་ཅིག །སོ་སོའི་འདོད་པ་ཚིམས་ནས་ཀྱང་། །རང་རང་བདེ་བའི་གནས་སུ་གཤེགས། །དེ་ནས་སྒོ་ཕྱི་སྒོ་དབྱེ་བ་ནི། །ཀྱཻ། ད་ནི་མདོས་ཀྱི་སྒོ་དབྱེ་འཚལ། །ཕྱོགས་བཞི་སྒོ་བཞི་མ་ཕྱེས་ན། །གཏོ་ཡས་གསོག་པ་གང་དུ་གཏོང་། །དེ་ཕྱིར་ཕྱི་སྒོ་ཕྱེ་ཡང་འཚལ། །ཀྱཻ། ད་ནི་གཏོ་སྒོ་ཤར་དུ་དབྱེ། །གཏོ་ཡི་ལམ་བསྟན་ཤར་དུ་བསྟན། །ཤར་ཕྱོགས་དྲི་ཟ་ཡུལ་འཁོར་སྲུང་། །ཕྲག་མ་དོག་ལ་རུ་མ་ཐུར། །ས་བདག་སྟག་སྐྱ་ཞེ་སྡང་ཅན། །གདུག་པའི་ཞེ་སྡང་སོ་མ་འཆའ། །གཏོ་ཡས་གླུད་ཀྱི་


CMR041_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་མ་བསྐྱིལ། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །གཏོ་མཁན་ཡོན་བདག་འཁོར་བཅས་ལ། །གདུག་པའི་མདའ་རྒོད་མ་འཕེན་ཅིག །ཀྱཻ། ད་ནི་གཏོ་སྒོ་ལྷོ་རུ་བསྟན། །གཏོ་ཡི་ལམ་བསྟན་ལྷོ་རུ་བསྟན། །ལྷོ་ཕྱོགས་གཤིན་རྗེ་འཕགས་སྐྱེས་པོ། །ཕྲག་མ་དོག་ལ་རུ་མ་ཐུར། །ས་བདག་འབྲུག་སྔོན་ང་རྒྱལ་ཅན། ་།གདུག་པའི་ང་རྒྱལ་སྐད་མ་་་འདོན། །གཏོ་ཡས་གླུད་ཀྱི་སྣ་མ་བསྐྱིལ། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །གཏོ་མཁན་ཡོན་བདག་འཁོར་བཅས་ལ། །ང་རྒྱལ་གདུག་པ་མ་བརྟེན་ཅིག །ཀྱཻ། ད་ནི་གཏོ་སྒོ་ནུབ་ཏུ་དབྱེ། །གཏོ་ཡི་ལམ་བསྟན་ནུབ་ཏུ་བསྟན། །ནུབ་ཕྱོགས་ཀླུ་གདོན་སྤྱན་མི་བཟང་། །ཡ་མ་ང་ལ་ཕྲག་མ་དོག །ས་བདག་བྱ་དམར་འདོད་ཆགས་ཅན། །གདུག་པའི་འདོད་ཆགས་མ་སྦྱོར་ཅིག །གསེར་སྐྱེམས་དམ་པ་འདི་བཞེས་ལ། །གཏོ་ཡས་གླུད་ཀྱི་སྣ་མ་བསྐྱིལ། །གཏོ་མཁན་ཡོན་བདག་འཁོར་བཅས་ལ། །འདོད་ཆགས་མེ་ཆེན་མ་འབར་ཅིག །ཀྱཻ། ད་ནི་གཏོ་སྒོ་བྱང་དུ་དབྱེ། །གཏོ་ཡི་ལམ་བསྟན་བྱང་དུ་བསྟན། །བྱང་ཕྱོགས་གནོད་སྦྱིན་རྣམ་ཐོས་སྲས། །ཡ་མ་ང་ལ་ཕྲག་མ་དོག །ས་བདག་


CMR041_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྦལ་ནག་གཏི་མུག་ཅན། །གདུག་པའི་གཏི་མུག་མ་འཐིབ་ཅིག །གསེར་སྐྱེམས་དམ་པ་འདི་བཞེས་ལ། །གཏོ་ཡས་གླུད་ཀྱི་སྣ་མ་བསྐྱིལ། །གཏོ་མཁན་ཡོན་བདག་འཁོར་བཅས་ལ། །གཏི་མུག་ཁྲོས་པའི་ཞེ་མ་ནག །ཀྱཻ། ད་ནི་གཏོ་སྒོ་མཚམས་བཞིར་བསྟན། །གཏོ་ཡི་སྒོ་དབྱེ་མཚམས་བཞིར་དབྱེ། །མཚམས་བཞི་སྲུང་བ་དབང་ལྡན་མེ། །སྲིན་པོ་རླུང་ལྷ་རྫུ་འཕྲུལ་ཅན། །ས་བདག་རྒྱལ་བློན་འཁོར་བཅས་རྣམས། །རུ་མ་ཐུར་ལ་ཕྲག་མ་དོག །གསེར་སྐྱེམས་དམ་པ་འདི་བཞེས་ལ། །གཏོ་ཡས་གླུད་ཀྱི་སྣ་མ་བསྐྱིལ། །གཏོ་མཁན་ཡོན་བདག་འཁོར་བཅས་ལ། །ཕྲག་མ་དོག་ལ་ཡ་མ་ང་། །རུ་ང་ཁྲོ་གཏུམ་མ་མཛད་ཅིག །ཀྱཻ། མདོས་ཀྱི་སྒོ་དབྱེ་སྟེང་དུ་དབྱེ། །གནམ་རིམ་པ་བཅུ་གསུམ་ཡང་སྟེང་ན། །གནམ་གྱི་གུང་རྒྱལ་འབོད་ཏོང་ཏོང་། །དགུ་ཚིགས་སྐྱ་མོ་མདོས་ཀྱི་སྒོ །མདོས་གླུད་གཉེན་པོ་དེར་གཤེགས་ལ། །ལྷ་སྲིན་སྡེ་བརྒྱད་ཁ་ཁོག་ཅིག །ཀྱཻ། མདོས་ཀྱི་སྒོ་དབྱེ་ཐུར་དུ་དབྱེ། །རྒྱ་མཚོ་མཐའ་མེད་གཏིང་རུམ་ནས། །ཀླུ་སྲིན་གདུག་པ་སྒོ་དབྱེའོ། །ཆུ་བོ་གཞུང་རིང་མདོས་ཀྱི་སྒོ། །མདོས་གླུད་


CMR041_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པོ་དེར་གཤེགས་ལ། །ཀླུ་སྲིན་གདུག་པའི་ཁ་ཁོག་ཅིག །མདོས་སྒོ་ཡས་སྒོ་ཤགས་སེ་ཕྱེས། །གཏོ་སྒོ་གླེད་སྒོ་ཡོངས་སུ་ཕྱེས། །གཏོ་ཡས་གནས་སུ་ཐེངས་བར་ཤོག་་་ཨ་མདའ་དར་ཕྱོགས་སུ་གཡུག་ཅིང་ཆུང་ལ་རེག །གསེར་སྐྱེམས་ཡང་ཕྱོགས་སུ་མཚམས་སུ་མཆོད། ་དེ་ནི་ཕྱི་སྒོ་དབྱེ་བའོ།—།དེ་ནས་ནང་སྒོ་དབྱེ་བ་ནི་གསེར་སྐྱེམས་ཐོགས་ལ། ཧཱུཾ། ང་ནི་འཇམ་དཔལ་ནག་པོ་སྟེ། །མི་ནག་ཁྱོད་ཀྱི་སྒོ་སྲུང་ནི། །བུད་མེད་མི་བཟད་འཇིགས་པའི་གཟུགས། །ནད་ཀྱི་དྲེལ་རྟ་རྐང་གསུམ་ཞོན། །ཕྱག་ན་ནད་ཀྱི་རྐྱལ་པ་བསྣམས། །གོས་སུ་ནད་སྨྱོགོས་ནག་པོ་གྱོན། །མི་རོ་བམ་པོ་རྒྱབ་ཏུ་ཁུར། །འཁོར་དུ་མ་མོ་འབུམ་གྱིས་བསྐོར། །མགོ་གསུམ་མདོས་སྒོ་ཤར་དུ་གཏོད། །ཤར་ཕྱོགས་ཤིང་སྒོ་ལྗང་ཁུ་སྟེ། །འབྱུང་བ་ཤིང་སྒོ་ཤར་དུ་ཕྱེས། །གླུད་འགྲོ་ཤར་དུ་འགྲོ་བར་གྱིས། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །མདོས་སྒོ་ཤར་དུ་དབྱེ་རུ་གསོལ། །ཧཱུྃ། མི་ནག་ཁྱོད་ཀྱི་སྒོ་སྲུང་ནི། མི་དམར་མགོ་གསུམ་འཇིགས་པའི་གཟུགས། །ཕྱག་ན་སྐྱེར་པའི་མདའ་གཞུ་བསྣམས། །འཁོར་དུ་མི་དམར་འབུམ་གྱིས་བསྐོར། །སེམས་ཅན་རྣམས་ཀྱི་མདངས་ཀྱང་འཕྲོག །


CMR041_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་གསུམ་མདོས་སྒོ་ལྷོ་རུ་གཏོད། །ལྷོ་ཕྱོགས་མེ་སྒོ་དམར་པོ་ཕྱེས། །འབྱུང་བ་མེ་སྒོ་ལྷོ་རུ་ཕྱེས། །གླུད་འགྲོ་ལྷོ་རུ་འགྲོ་བར་གྱིས། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །མདོས་སྒོ་ལྷོ་རུ་དབྱེ་རུ་གསོལ། །ཧཱུྃ། མི་ནག་ཁྱོད་ཀྱི་སྒོ་སྲུང་ནི། །བདུད་ནག་འཇིགས་པའི་ཆ་བྱད་ཅན། །བདུད་རྟ་ནག་པོ་འོག་ན་བཅིབས། །ཕྱག་ན་མདུང་དར་ནག་པོ་ཕྱར། །འཁོར་དུ་བདུད་དམག་འབུམ་གྱིས་བསྐོར། །མགོ་གསུམ་མདོས་སྒོ་ནུབ་ཏུ་གཏོད། །ནུབ་ཕྱོགས་ལྕགས་སྒོ་དཀར་པོ་ཕྱེས། །འབྱུང་བ་ལྕགས་སྒོ་ནུབ་ཏུ་ཕྱེས། །གླུད་འགྲོ་ནུབ་ཏུ་འགྲོ་བར་གྱིས། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །མདོས་སྒོ་ནུབ་ཏུ་དབྱེ་རུ་གསོལ། །ཧཱུྃ། མི་ནག་ཁྱོད་ཀྱི་སྒོ་སྲུང་ནི། །མི་ཁའི་རྒྱལ་མོ་བྲ་མཆུ་མ། །མགོ་བོ་འཇིགས་བྱེད་བྲ་བའི་མགོ །མི་ཁའི་བུ་མོ་འབུམ་གྱིས་བསྐོར། །རྐེད་འདབ་བྱུར་གྱི་གཤོག་བརྡབས་པས། །སྟོང་གསུམ་སྟོང་གི་མི་ཁ་སྡུད། །མགོ་གསུམ་མདོས་སྒོ་བྱང་དུ་གཏོད། །བྱང་ཕྱོགས་ཆུ་སྒོ་སྔོན་མོ་སྟེ། །འབྱུང་བ་ཆུ་སྒོ་བྱང་དུ་ཕྱེས། །གླུད་འགྲོ་བྱང་དུ་འགྲོ་བར་གྱིས། །གསེར་སྐྱེམས་དམ་པ་འདི་བཞེས་


CMR041_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །མདོས་སྒོ་བྱང་དུ་དབྱེ་རུ་གསོལ། །གསེར་སྐྱེམས་མདོས་ནང་དུ་མཆོད་ལ་རྩང་རེ་ཤབ་པར་བྱའོ། །དེ་མདོས་ཞལ་དགྲ་ལ་བསྒྱུར་བ་ནི། མདོས་ཁ་ཕྱིར་བསྟན་ལ་འབྲུ་ནག་གཏོར་ཞིང་འདི་སྐད་དོ། །ཧཱུྃ། ང་ནི་འཕགས་པ་འཇམ་དཔལ་ཡིན། །ང་ནི་ཐུགས་རྗེ་ཆེན་པོ་ཡིན། །ང་ནི་ཕྱག་ན་རྡོ་རྗེ་སྟེ། །ང་ནི་དྲེགས་པ་འདུལ་དཔོན་ཡིན། །སྡེ་བརྒྱད་མ་ལུས་དམ་ལ་འདུས། །ད་ནི་སྲིད་པའི་མདོས་བཏང་ན། །འཕགས་པ་འཇམ་དཔལ་བཀའ་མ་བཅག །མདོས་ཆེན་ཞལ་ཁ་ཤར་དུ་བསྟན། །ཤར་ཕྱོགས་དྲི་ཟའི་གདོན་ཚོགས་ཀྱིས། །དགའ་དང་རྒོད་དང་འཛུམ་གྱིས་བསུ། །རིན་ཆེན་ལྔ་ལས་གྲུབ་པའི་མདོས། །འདོད་ཡོན་ལྔ་ཡིས་བརྒྱན་པ་འདི། །ཤར་ཕྱོགས་དྲི་ཟའི་གདོན་ཚོགས་ཀྱིས། །དགའ་དང་གུས་པས་མདོས་འདི་བཞེས། །དྲི་ཟའི་གདོན་ཚོགས་བཟློག་ཏུ་གསོལ། །ཡང་མདོས་ཀྱི་ཞལ་ཁ་ཤར་ལྷོ་མཚམས་སུ་བསྟན། ཤར་ལྷོ་མེ་ལྷའི་གདོན་ཚོགས་ཀྱིས། དགའ་དང་རྒོད་དང་འཛུམ་གྱིས་བསུ། །རིན་ཆེན་ལྔ་ལས་གྲུབ་པའི་མདོས། །འདོད་ཡོན་ལྔ་ཡིས་བརྒྱན་པ་འདི། །ཤར་ལྷོ་མེ་ལྷའི་གདོན་ཚོགས་ཀྱིས། །དགའ་དང་གུས་པས་མདོས་འདི་བཞེས། །མེ་ལྷའི་གདོན་


CMR041_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཞི་བར་མཛོད། །ཡང་མདོས་ཀྱི་ཞལ་ཁ་ལྷོ་རུ་སྒྱུར། ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་ཀྱིས། །དགའ་དང་རྒོད་དང་འཛུམ་གྱིས་བསུ། །རིན་ཆེན་ལྔ་ལས་གྲུབ་པའི་མདོས། །འདོད་ཡོན་ལྔ་ཡིས་བརྒྱན་པ་འདི། །གཤིན་རྗེའི་གདོན་ཚོགས་ཐམས་ཅད་ཀྱིས། །དགའ་དང་དགྱེས་པས་མདོས་འདི་བཞེས། །གཤིན་རྗེའི་གདོན་ཚོགས་བཟློག་ཏུ་གསོལ། །ཡང་མདོས་ཀྱི་ཞལ་ཁ་ལྷོ་ནུབ་མཚམས་སུ་བསྟན། ལྷོ་ནུབ་སྲིན་པོའི་གདོན་ཚོགས་ཀྱིས། །དགའ་དང་རྒོད་དང་འཛུམ་གྱིས་བསུ། །རིན་ཆེན་ལྔ་ལས་གྲུབ་པའི་མདོས། །འདོད་ཡོན་ལྔ་ཡིས་བརྒྱན་པ་འདི། །ལྷོ་ནུབ་སྲིན་པོའི་གདོན་ཚོགས་ཀྱིས། །དགའ་དང་གུས་པས་མདོས་འདི་བཞེས། །སྲིན་པོའི་གདོན་ཚོགས་བཟློག་ཏུ་གསོལ། །ཡང་མདོས་ཀྱི་ཞལ་ཁ་ནུབ་ཏུ་སྒྱུར། ནུབ་ཕྱོགས་ཀླུ་ཡི་གདོན་ཚོགས་ཀྱིས། །དགའ་དང་རྒོད་དང་འཛུམ་གྱིས་བསུ། །རིན་ཆེན་ལྔ་ལས་གྲུབ་པའི་མདོས། །འདོད་ཡོན་ལྔ་ཡིས་བརྒྱན་པ་འདི། །ཀླུ་ཡི་གདོན་ཚོགས་རྣམས་ལ་འབུལ། །དགའ་དང་དགྱེས་པས་མདོས་འདི་བཞེས། །ཀླུ་ཡི་གདུག་པ་ཞི་བར་མཛོད། །ཡང་མདོས་ཀྱི་ཞལ་ཁ་ནུབ་བྱང་མཚམས་


CMR041_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྒྱུར། ནུབ་བྱང་རླུང་ལྷའི་གདོན་ཚོགས་ཀྱིས། །དགའ་དང་རྒོད་དང་འཛུམ་གྱིས་བསུ། །རིན་ཆེན་ལྔ་ལས་གྲུབ་པའི་མདོས། །འདོད་ཡོན་ལྔ་ཡིས་བརྒྱན་པ་འདི། །ནུབ་བྱང་རླུང་ལྷའི་གདོན་ཚོགས་ཀྱིས། །དགའ་དང་གུས་པས་མདོས་འདི་བཞེས། །རླུང་ལྷའི་གདུག་པ་ཞི་བར་མཛོད། །ཡང་མདོས་ཀྱི་ཞལ་ཁ་བྱང་དུ་བསྟན། བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་ཀྱིས། །དགའ་དང་རྒོད་དང་འཛུམ་གྱིས་བསུ། །རིན་ཆེན་ལྔ་ལས་གྲུབ་པའི་མདོས། །འདོད་ཡོན་ལྔ་ཡིས་བརྒྱན་པ་འདི། །བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་ཀྱིས། །དགའ་དང་དགྱེས་པས་མདོས་འདི་བཞེས། །གནོད་སྦྱིན་གདུག་པ་ཞི་བར་མཛོད། །ཡང་མདོས་ཀྱི་ཞལ་ཁ་བྱང་ཤར་མཚམས་སུ་བསྟན། །བྱང་ཤར་དབང་ལྡན་གདོན་ཚོགས་ཀྱིས། །དགའ་དང་རྒོད་དང་འཛུམ་གྱིས་བསུ། །རིན་ཆེན་ལྔ་ལས་གྲུབ་པའི་མདོས། །འདོད་ཡོན་ལྔ་ཡིས་བརྒྱན་པ་འདི། །བྱང་ཤར་དབང་ལྡན་གདོན་ཚོགས་ཀྱིས། །དགའ་དང་དགྱེས་པས་མདོས་འདི་བཞེས། །དབང་ལྡན་གདུག་པ་ཞི་བར་མཛོད། །ཡང་མདོས་ཀྱི་ཞལ་ཁ་སྟེང་གི་ཕྱོགས་སུ་སྒྱུར། ཉི་ཟླ་གཟའ་སྐར་ཐམས་ཅད་ཀྱིས། །དགའ་དང་


CMR041_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་དང་འཛུམ་གྱིས་བསུ། །རིན་ཆེན་ལྔ་ལས་གྲུབ་པའི་མདོས། །འདོད་ཡོན་སྣ་ལྔས་བརྒྱན་པ་འདི། །སྟེང་ཕྱོགས་གཟའ་སྐར་གདོན་ཚོགས་ཀྱིས། །དགའ་དང་དགྱེས་པས་མདོས་འདི་བཞེས། །གཟའ་སྐར་གདུག་པ་ཞི་བར་མཛོད། །ཡང་མདོས་ཀྱི་ཞལ་ཁ་འོག་ཏུ་སྒྱུར། ས་བདག་ཀླུ་ཡི་གདོན་ཚོགས་ཀྱིས། །དགའ་དང་རྒོད་དང་འཛུམ་གྱིས་བསུ། །རིན་ཆེན་ལྔ་ལས་གྲུབ་པའི་མདོས། །འདོད་ཡོན་ལྔ་ཡིས་བརྒྱན་པ་འདི། །ས་བདག་ཀླུ་ཡི་སྡེ་ཚོགས་ཀྱིས། །དགའ་དང་དགྱེས་པས་མདོས་འདི་བཞེས། །ས་བདག་གདུག་པ་ཞི་བར་མཛོད། །ཡང་མདོས་ཀྱི་ཞལ་ཁ་དགྲ་ལ་སྒྱུར། སངས་རྒྱས་བསྟན་དགྲ་ཐམས་ཅད་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་དང་། །བར་ཆད་བགེགས་དང་བྱད་མ་སོགས། །དམ་ཉམས་དགྲ་ལ་ཟ་ཁ་བསྟན། །ད་ནི་དགྲ་བོའི་ཡུལ་དུ་སོང་། །གཏོ་སྣ་ཡས་སྣ་དགྲ་ལ་ཁྲིད། །དགྲ་བོའི་ཁྱིམ་དུ་ཕོ་བྲང་ཐོབ། །དེ་རུ་གནས་ཆོས་ཟ་སྐལ་གཏད། །མི་ཟད་ཕུགས་ནས་ཟད་པར་གྱིས། །ནོར་ཟད་སྒོ་ནས་ཟད་པར་གྱིས། །མི་ནོར་བསོད་ནམས་ཕྱགས་མས་ཐོབ། །དགྲ་འདྲེ་བྱད་གསུམ་རྡུལ་དུ་རློགས། །


CMR041_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་སྒོར་བྱོན་ལ་གསེར་སྐྱེམས་གཞུང་ལྟར་མཆོད། དེ་ནས་ནང་དུ་ལོག་ནས་ཆོས་སྐྱོང་དང་བཀའ་སྲུང་གི་གཏོར་འབུལ་རྣམས་བྱ། དེ་ནས་ཞུས་ལེན་བཟང་པོ་ལབ། དེ་ནས་རྫོངས་འདེབས་ནི། འབྲུ་སྣ་ཡོས་བཀྲ་མདོས་ནང་དུ་བཏབ། ་་མི་ཁའི་རྫས་དང་བཙོག་གླུད་སྣ་ཚོགས་བགེགས་མདོས་ནང་དུ་བཏབ་ལ་འདི་སྐད་དོ། །ཀྱི་ང་ནི་འཕགས་པ་འཇམ་དཔལ་ཡིན། །འཇམ་དཔལ་དབྱངས་ཀྱི་བཀའ་བཞིན་དུ། །མི་ནག་མགོ་བོ་གསུམ་པ་དང་། །འཁོར་གྱི་ལྷ་སྲིན་སྡེ་བརྒྱད་དང་། །མི་དམར་ཤང་ཤང་བདུད་བཙན་དང་། །མ་མོ་རྔ་ཞོན་དཔོན་གཡོག་དང་། །མི་ཁའི་བུ་མོ་སྤུན་དགུ་དང་། །ནད་ཡམས་རིམས་བདག་གོད་འདྲེ་སོགས། །མི་ནག་མགོ་གསུམ་འཁོར་བཅས་ལ། །ཡས་སྟགས་སྣ་ཚོགས་རྫོངས་སུ་འདེབས། །ཐན་ངན་ལྟས་ངན་བསྒྱུར་དུ་གསོལ། །གཙང་རིགས་དཔལ་མགོན་བདུན་ཅུ་དང་། །སྤར་སྨེ་ལོ་ཟླ་ཞག་དུས་ལྷ། །ས་བདག་རྒྱལ་བློན་འཁོར་དང་བཅས། །ཁྲོ་བོ་ཕ་བརྒྱུད་བུ་བརྒྱད་སོགས། །དཀར་ཕྱོགས་ལྷ་སྲིན་ཐམས་ཅད་ལ། །གསེར་སྐྱེམས་དཀར་གསུམ་མངར་གསུམ་དང་། །མདོས་ཆོས་གཟུགས་འགྲོས་སྣ་ཚོགས་དང་། །


CMR041_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་སྣ་ཡོས་བཀྲ་རྫོངས་སུ་འདེབས། །སྔགས་འཆང་བདག་ཅག་འཁོར་བཅས་ཀྱི། །རྐྱེན་ངན་བར་ཆད་ཞི་བར་མཛོད། །ནམ་མཁའ་མདའ་བཀྲ་འཕང་བཀྲ་དང་། །ཤིང་རིས་དར་པན་མཚོན་ཆ་དང་། །མདོས་དང་གཏོར་མ་རྒྱ་ཆེན་འདི། །སྣང་སྲིད་ལྷ་འདྲེའི་མཐུན་རྫས་ཡིན། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །མི་མཐུན་བར་ཆད་བསྒྱུར་དུ་གསོལ། །སྟག་གཟིག་རིན་ཆེན་སྣ་ལྔ་འདི། །བརྒྱ་བྱིན་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །བརྒྱ་བྱིན་གདོན་རྣམས་བསྒྱུར་དུ་གསོལ། །གོང་སྲག་གླིང་བུ་བལ་ཚོན་རྣམས། །ཡམས་འདྲེ་རི་བྱིལ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །ཡམས་འདྲེ་རི་བྱིལ་བསྒྱུར་དུ་གསོལ། །འུག་པ་ལྟུང་ཁྲ་སྲིན་བྱ་གསུམ། །བྲག་སྲིན་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །བྲག་སྲིན་གདོན་རྣམས་བསྒྱུར་དུ་གསོལ། །གོས་རས་དར་ཚོན་སྣ་ལྔ་རྣམས། །མཐོང་འདྲེ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །མཐོང་འདྲེ་མཐོང་སྲི་བསྒྱུར་དུ་གསོལ། །


CMR041_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་རུ་དགོ་རུ་གཙོད་རུ་གསུམ། །གྲི་བོ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །གྲི་བཙན་གདོན་རྣམས་བསྒྱུར་དུ་གསོལ། །རྣ་རུ་རྒྱ་རུ་གླང་ར་གསུམ། །འཁོན་འདྲེ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །འཁོན་འདྲེ་འཁོན་ཐན་བསྒྱུར་དུ་གསོལ། །མདའ་ཆག་གཞུ་ཆག་ཕུབ་རྒོག་གསུམ། །གྲི་བོ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །གྲི་བོའི་གྲི་སྲི་བསྒྱུར་དུ་གསོལ། །མི་རུས་ཁྱི་རུས་རྟ་རུས་གསུམ། །ཡུལ་འདྲེ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །ཡུལ་འདྲེ་ཡུལ་གདོན་བསྒྱུར་དུ་གསོལ། །རི་བོང་རྔ་མོང་བོང་བུ་གསུམ། །ཆུང་སྲི་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །ཆུང་སྲིའི་གདོན་རྣམས་བསྒྱུར་དུ་གསོལ། །སྦྲུལ་དང་སྦལ་པ་ལྕོང་མོ་གསུམ། །ཀླུ་གདོན་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །ཀླུ་གདོན་གནོད་པ་བསྒྱུར་དུ་གསོལ། །འཕར་ཐོད་སྤྱང་ཐོད་དྲེལ་ཐོད་གསུམ། །བཙན་གྱི་བཀར་བའི་ཡས་ཡིན་པས། །


CMR041_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །བཙན་གྲིའི་གདོན་རྣམས་བསྒྱུར་དུ་གསོལ། །མཛོ་ཐོད་དྲེལ་ཐོད་འགར་ཐོད་གསུམ། །རབསཆད་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །རབསཆད་གདོན་རྣམས་བསྒྱུར་དུ་གསོལ། །ཤ་མ་རུ་མ་ཆུ་ནག་བལ། །གྲེ་བོ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །གྲེ་བོའི་གདོན་རྣམས་བསྒྱུར་དུ་གསོལ། །རམ་པ་རུག་པ་སྒོག་པ་གསུམ། །ཚྭ་དང་གཡེར་མ་བྲ་བོ་དྲུག །བཙོད་དང་མཚུར་ནག་སྦྲང་མ་དགུ། །ཁྲ་བོ་སོ་བ་དེ་དང་བཅུ། །མི་ཁ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །མི་ཁ་བྲ་མཆུ་ངན་པ་བསྒྱུར་དུ་གསོལ། །ཁྱི་གུའི་ཤ་དང་སྲེ་མོང་ཤ །ཕེ་གུ་ཤ་དང་རྟིས་ཆུང་ཤ །ལུག་གུའི་ཤ་དང་རེའུའི་ཤ །ཆུ་སྲིན་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །ཆུང་འདྲེ་ཆུང་སྲི་བསྒྱུར་དུ་གསོལ། །ཤིང་དུག་རྩ་དུག་རེ་ལྕག་གསུམ། །ཐེའུ་རང་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །ཐེའུ་རང་སྤུན་དགུ་བསྒྱུར་དུ་གསོལ། །རྔ་


CMR041_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མོང་དྲེལ་དང་བོང་བུ་གསུམ། །ཕུང་སྲི་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །ཕུང་འདྲེ་ཕུང་སྲི་བསྒྱུར་དུ་གསོལ། །སྤྱང་ཀི་འཕར་བ་ཤ་ཁྱི་གསུམ། །བཙན་སྲི་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །གཅན་སྲི་གཅན་ཐད་བསྒྱུར་དུ་གསོལ། །མཛོད་རྟ་དྲེལ་གྱི་ཐོད་པ་གསུམ། །རབས་ཆད་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །རབས་ཆད་རྨང་སྲི་བསྒྱུར་དུ་གསོལ། །ཤོ་མང་རྡོ་མང་རམ་རུག་གསུམ། །གྲིབ་བདག་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྡོ་ངས་སུ་འདེབས། །གྲིབ་བདག་དལ་ཡམས་བསྒྱུར་དུ་གསོལ། །ཟ་ལྷག་ལྟོགས་ཡས་འཐུང་ལྷག་རྣམས། །ལྟོག་འགོང་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །ཁ་འགོང་ལྟོགས་འགོང་བསྒྱུར་དུ་གསོལ། །ཚྭ་དང་རམ་པ་སྒོག་པ་གསུམ། །མི་ཁ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །མི་ཁ་བྲ་མཆུ་བསྒྱུར་དུ་གསོལ། །སྲེ་མོང་བྱི་ལ་ཁྱི་གུ་གསུམ། །ཆུང་སྲི་བཀར་བའི་ཡས་ཡིན་པས། །མགོ་གསུམ་


CMR041_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་རྫོངས་སུ་འདེབས། །ཆུང་སྲི་ཐམས་ཅད་བསྐྱར་དུ་གསོལ། །རྐྱལ་སྟོང་གྲོད་པ་ཁ་དྲག་གསུམ། །ཁ་འགོང་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །ཁ་འགོང་བསེ་རག་བསྒྱུར་དུ་གསོལ། །རྡང་ཐག་ཕུར་དུམ་སྣེལ་ཆུ་གསུམ། །གོད་འདྲེ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །གོད་ཁ་གོད་འདྲེ་བསྒྱུར་དུ་གསོལ། །སྤྲེལ་དང་གྲུམ་པ་བྱ་མ་བྱིལ། །རྨེ་ནལ་རྨུགས་གསུམ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །སྨེ་ནལ་རྨུགས་གསུམ་བསྒྱུར་དུ་གསོལ། །ངར་མི་གོས་རྙིང་ལྷམ་ཁྲད་གསུམ། །སྐག་འདྲེ་སྐག་སྲི་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །སྐག་འདྲེ་སྐག་སྲི་བསྒྱུར་དུ་གསོལ། །ཁྱི་ཐོད་ཕག་ཐོད་གཡག་རུ་གསུམ། །དགྲ་སྲི་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །དགྲ་འདྲེ་དགྲ་སྲི་བསྒྱུར་དུ་གསོལ། །འབུ་སྐོགས་ཤིང་ཤུན་བྱིའུ་ཚང་གསུམ། །སྙིང་སྟོང་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །བློ་ཉེས་ཁ་


CMR041_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གྱོད་བསྒྱུར་དུ་གསོལ། །ཁྱི་ཐོད་ཕག་ཐོད་རྟ་རྨིག་གསུམ། །ས་སྒོ་བཅད་པའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །ས་འདྲེ་ས་སྲི་བསྒྱུར་དུ་གསོལ། །གཡག་རུ་རྣ་རུ་ཤ་རུ་གསུམ། །དཔྱི་མིག་གོད་ཤ་གོད་རུས་རྣམས། །གོད་འདྲེ་བཀར་བའི་ཡས་ཡིན་པས། །མགོ་གསུམ་ཁྱོད་ལ་རྫོངས་སུ་འདེབས། །གོད་འདྲེ་གོད་སྲི་བསྒྱུར་དུ་གསོལ། །བཞི་བརྒྱ་རྩ་བཞིའི་ནད་རིགས་དང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དང་། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་རྣམས། །གླང་ཆེན་ཁྱོད་ལ་ཁལ་དུ་བཀལ། །མི་ནག་ཁྱོད་ལ་རྫོངས་སུ་འདེབས། །ནད་བདག་རྣམས་ལ་རྫོངས་སུ་འདེབས། །ཡམས་བདག་རྣམས་ལ་རྫོངས་སུ་འདེབས། །གླུད་བདག་རྣམས་ལ་རྫོངས་སུ་འདེབས། །གོད་བདག་རྣམས་ལ་རྫོངས་སུ་འདེབས། །ནད་ཡམས་གོད་ཁ་བཟློག་ཏུ་གསོལ། །གག་ལྷོག་གཟེར་གསུམ་ཚ་ལོང་འབྲུམ་གསུམ་དང་། །ཁྲག་ནད་རྒྱུ་གཟེར་རིམས་ནད་དང་། །མཛེ་དང་ཤུ་བ་རྒྱ་ཐོར་དང་། །སྐྱེ་ནད་སོ་ནད་མིག་ནད་དང་། །ཞ་ལོང་འོན་ལྐུགས་སྨྱོ་འབོག་སོགས། །མི་ནད་ཐམས་ཅད་བཟློག་ཅིང་སྒྱུར། །གློ་གོར་ཧོན་གསུམ་


CMR041_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཚྭ་སོགས། །ནོར་ནད་ཐམས་ཅད་བཟློག་ཅིང་སྒྱུར། །རྟ་ལ་རྟ་གོད་རྟ་སྲི་དང་། །ཚྭ་ལྷན་གྲང་ལྷན་ལྷད་འབྱམས་དང་། །སྙིང་འཁྲུགས་ལ་གར་ཁོག་འཁྱོག་སོགས། །རྟ་ནད་ཐམས་ཅད་བཟློག་ཅིང་སྒྱུར། །ར་ལུག་ལྟེ་བ་མྱང་ནད་དང་། །འབུམ་པ་རྡོ་དམར་རྭ་འབུ་སོགས། །ར་ནད་ལུག་ནད་བཟློག་ཅིང་སྒྱུར། །ཡས་ཀྱི་སྲི་ལང་བཟློག་ཅིང་སྒྱུར། །གནམ་གྱི་དལ་ཁ་བཟློག་ཅིང་སྒྱུར། །ས་ཡི་ཡམས་ཁ་བཟློག་ཅིང་སྒྱུར། །མི་ཁ་བྲ་མཆུ་བཟློག་ཅིང་སྒྱུར། །ས་སྲི་ས་གདོན་བཟློག་ཅིང་སྒྱུར། །མོ་ངན་རྨི་ངན་བཟློག་ཅིང་སྒྱུར། །ཐན་དང་ལྟས་ངན་ཐམས་ཅད་རྣམས། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ །བཟློག་བཟློག་གནོད་པའི་བགེགས་ལ་ཟློག །བསྒྱུར་བསྒྱུར་སུ་འཕྲད་དེ་ལ་སྒྱུར། །ཅེས་རྫོངས་འདེབས་བཏབ་བོ། ༈ །དེ་ནས་ལམ་བསྟན་བྱ་བ་ནི། མདོས་ཕྱིར་དཔག་ལ། མདུན་ནས་ཐལ་ལམ་དཀར་པོ་གཏོད་ལ། ཐན་གཟུགས་སམ་ལིངྒ་སྣ་ལ་བཞག་ལ། དེ་ནས་དང་པོ་དཀར་གཏོར། དེ་ནས་མི་དམར་སྣ་ཁྲིད། དེ་རྒྱབ་བགེགས་གཏོར། དེ་རྒྱབ་གླང་ཆེན་ཁལ་འགེལ། དེ་རྒྱབ་ཟོར་རྣམས། དེ་རྒྱབ་མདོས་ཆེན། དེ་རྒྱབ་མཚམས་གཅོད་ལ་དམར་གཏོར་རྣམས་བཞག ༈ །དང་པོ་དཀར་གཏོར་སྤྱི་ལྟར་བསྔོ།


CMR041_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ངར་མདོས་བསྔོ། དེ་ནས་གླང་ཆེན་ཁལ་འགེལ་འདོན་ཚར་ནས། དེ་ནས་མི་དམར་སྣ་ཁྲིད་བཏོན། བགེགས་གཏོར་སྡུན་གྱི་མར་མེ་སྒྲོན་ལ། ལམ་བསྟན་ནི་འདི་སྐད་དོ། །ཀྱཻ། མི་མིན་མགོ་བོ་གསུམ་པ་རྒྱུདང་། །འཁོར་གྱི་ལྷ་སྲིན་སྡེ་བརྒྱད་དང་། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་རྣམས། །ད་ནི་གཤེགས་སོ་ཆོས་སོ་དགྲ་ལ་ཆོས། །ད་ནི་མདོས་ཀྱི་ལམ་བསྟན་པ། །གླིང་བཞི་རི་རབ་སྒ་ར་ར། །རི་རབ་གྲུས་འདེབས་ཕྱ་ར་ར། །འཛམ་བུ་གླིང་བཞི་ཀྱི་ལི་ལི། །ད་ནི་མདོས་འགྲོ་གླུད་འགྲོ་བས། །མདོས་འགྲོ་གླུད་འགྲོ་ལྡེམས་སེ་ལྡེམ། །གླུད་འགྲོ་དེ་ནི་པན་ཚིམ་པུན། །མདོས་འགྲོ་གླུད་འགྲོ་ཉི་ལི་ལི། །ཀྱཻ། ད་ནི་མདོས་འགྲོ་གང་དུ་འགྲོ། །མདོས་འགྲོ་རི་གསུམ་རྩེ་ལ་འགྲོ། །རི་གསུམ་རྩེ་ལ་མི་འགྲོ་རྒྱུ། །བྱ་ལྡིང་རྒོད་ལྡིང་དེ་ན་ལྡིངས།། །སྐྱི་སེར་རླུང་ཡང་དེ་རུ་འཕྱོ། །དེ་ཕྱིར་མདོས་བསྐྱལ་གླད་བསྐྱལ་ལོ། །ཡང་མདོས་འགྲོ་གླུད་འགྲོ་གང་དུ་འགྲོ། །ལུང་གསུམ་མདོས་སའི་མདོ་རུ་འགྲོ། །ལུང་གསུམ་མདོ་རུ་མི་འགྲོ་རྒྱུ། །ཆེ་འགྲོ་ཆུང་འགྲོ་མདོ་རུ་འགྲོ། །ལྷ་སྲིན་སྡེ་བརྒྱད་ལམ་སྲང་ཡིན། །དེ་ཕྱིར་མདོས་བསྐྱལ་ལུང་གསུམ་མདོ་རུ་བསྐྱལ། །ཡང་མདོས་འགྲོ་གླུད་


CMR041_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གང་དུ་འགྲོ། །ཆུ་བོ་ཆེན་པོའི་གཞུང་དུ་འགྲོ། །ཆུ་བོའི་གཞུང་དུ་མི་འགྲོ་རྒྱུ། །ཆེ་འཐུང་ཆུང་འཐུང་ཆུ་ལ་འཐུངས། །དུས་རྒྱུན་དུ་ཉ་སྲམ་གནས་པ་ཡིན། །དེ་ཕྱིར་ཆུ་བོའི་གཞུང་དུ་བསྐྱལ། །ཀྱཻ། མདོས་འགྲོ་གླུད་འགྲོ་ཤར་དུ་འགྲོ། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །ཤེལ་གྱི་རྟ་ཕོ་རྒོ་བ་ཙམ། །བང་རེ་མགྱོགས་ཏེ་གྱ་མ་གྱུ། །ཤེལ་གྱི་མི་ཆུང་འཕྱི་བ་ཙམ། །སྨྲ་རེ་མཁས་ཏེ་ལྷ་མ་ལྡིབ། །དེ་ནི་མི་བཟང་རྟ་རེ་མགྱོགས། །དེ་ན་འཁོར་བཟང་གཡོག་རེ་མང་། །དེ་ན་གོས་བཟང་ཆས་རེ་བཟང་། །མདོས་ཀྱི་ལམ་བསྟན་དེ་རུ་བསྟན། །ཡང་མདོས་ཀྱི་ལམ་བསྟན་ལྷོ་རུ་བསྟན། །མདོས་འགྲོ་གླུད་འགྲོ་གང་དུ་འགྲོ། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །གཡུ་ཡི་རྟ་ཕོ་རྒོ་བ་ཙམ། །བང་རེ་མགྱོགས་ཏེ་གྱ་མ་གྱུ། །གཡུ་ཡི་མི་ཕོ་འཕྱི་བ་ཙམ། །སྐྱ་རེ་མཁས་ཏེ་ལྟ་མ་ལྡིབ། །དེ་ན་འཁོར་བཟང་གཡོག་རེ་མང་། །དེ་ན་ཆས་བཟང་བརྒྱན་རེ་བཟང་། །མདོས་ཀྱི་ལམ་བསྟན་དེ་རུ་བསྟན། །ཡང་མདོས་འགྲོ་གླུད་འགྲོ་ནུབ་ཏུ་འགྲོ། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ཟངས་ཀྱི་རྟ་ཕོ་རྒོ་བ་ཙམ། །བང་རེ་མགྱོགས་ཏེ་རྒྱུ་མ་གྱུ། །ཟངས་ཀྱི་


CMR041_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆུང་འཕྱི་བ་ཙམ། །སྨྲ་རེ་མཁས་ཏེ་ལྷ་མ་ལྡིབ། །དེ་ནི་འཁོར་བཟང་གཡོག་རེ་མང་། །དེ་ན་གོས་བཟང་ཆས་རེ་བཟང་། །མདོས་ཀྱི་ལམ་བསྟན་དེ་རུ་བསྟན། །ཡང་ཟུ།མདོས་ཀྱི་ལམ་བསྟན་བྱང་དུ་བསྟན། །ཉི་མ་བྱང་ཕྱོགས་ཕ་ཀི་ན། །གསེར་གྱི་མི་ཆུང་འཕྱི་བ་ཙམ། །སྨྲ་རེ་མཁས་ཏེ་ལྡེ་མ་ལྡིབ། །གསེར་གྱི་རྟ་ཆུང་རྒོ་བ་ཙམ། །བང་རེ་མགྱོགས་ཏེ་གྱ་མ་གྱུ། །དེ་ན་འཁོར་བཟང་གཡོག་རེ་མང་། །དེ་ན་ཆས་བཟང་གོས་རེ་མཛེས། །མདོས་ཀྱི་ལམ་བསྟན་དེ་རུ་བསྟན། །ཡས་སྒོ་ཕྱེས་ཤིག་ལམ་བསྟན་ནོ། །ཀྱཻ། མདོས་ཀྱི་ལམ་བསྟན་ཤར་དུ་བསྟན། །དར་གླིང་དཀར་པོ་མདོས་ཀྱི་ཤུལ། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །ཁམས་གསུམ་རྒྱལ་པོ་འབོད་དང་ཏོངས་སེ་ཏོང་། །ལྷ་སྲིན་སྡེ་བརྒྱད་དེར་སོང་ཞིག །དྲི་ཟའི་དལ་ཁ་བསྒྱུར་དུ་གསོལ། །ཡང་མདོས་ཀྱི་ལམ་བསྟན་ལྷོ་རུ་བསྟན། །གཤིན་ལམ་ནག་པོ་མདོས་ཀྱི་ཤུལ། །སྤྲིན་གྱི་ཤུལ་བས་འབོད་པ་ཏོངས་སེ་ཏོང་། །ལྷ་སྲིན་སྡེ་བརྒྱད་དེར་སོངཞི་ག །འཆི་བདག་ནག་པོའི་དལ་ཁ་སྒྱུར། །ཡང་མདོས་ཀྱི་ལམ་བསྟན་ནུབ་ཏུ་བསྟན། །བདུད་ལམ་ནག་པོ་མདོས་ཀྱི་ཤུལ། །


CMR041_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཆུ་རིང་འབོད་པ་ཏོངས་སེ་ཏོང་། །ལྷ་སྲིན་སྡེ་བརྒྱད་དེར་སོང་ཞིག །ཀླུ་སྲིན་མ་མོའི་དལ་ཁ་སྒྱུར། །ཡང་མདོས་ཀྱི་ལམ་བསྟན་བྱང་དུ་བསྟན། །གནོད་སྦྱིན་སྟག་སྣང་མདོས་ཀྱི་ཤུལ། །བྱི་ན་ཡ་ཀས་འབོད་དང་ཏོངས་སེ་ཏོང་། །ལྷ་སྲིན་སྡེ་བརྒྱད་དེར་སོང་ཞིག །གནོད་སྦྱིན་དེལ་ཁ་བསྒྱུར་དུ་གསོལ། །ཡང་མདོས་ཀྱི་ལམ་བསྟན་གནམ་དུ་བསྟན། །དགུ་ཚིགས་སྐྱ་མོ་མདོས་ཀྱི་ཤུལ། །གནམ་ཕྱིས་གུང་རྒྱལ་འབོད་དང་ཏོངས་སེ་ཏོང་། །ལྷ་སྲིན་སྡེ་བརྒྱད་དེར་སོང་ཞིག །མ་བདུད་རྒྱལ་མོའི་དལ་ཁ་སྒྱུར། །ཡང་མདོས་ཀྱི་ལམ་བསྟན་ས་ལ་བསྟན། །ས་ལམ་བྱང་མ་མདོས་ཀྱི་ཤུལ། །ས་བདག་རྒྱལ་མོས་འབོད་དང་ཏོངས་སེ་ཏོང་། །ལྷ་སྲིན་སྡེ་བརྒྱད་དེར་སོང་ཞིག །ཀླུ་སྲིན་ས་བདག་དལ་ཁ་བསྒྱུར་དུ་གསོལ། །ཡང་མདོས་ཀྱི་ལམ་བསྟན་གང་དུ་བསྟན། །རི་རབ་གླིང་བཞིའི་ཕ་རོལ་ན། །གསེར་གྱི་རི་བདུན་ཕ་རོལ་ན། །ལྕགས་རི་ནག་པོའི་མུ་ཁྱུད་ལ། །གནོད་སྦྱིན་ཀུན་ཏུ་ཁྱབ་པ་དེས། །ཉི་ཟླའི་འོད་ཀྱང་མི་གསལ་ཏེ། །རྟག་ཏུ་མུན་པ་འཐིབས་སེ་འཐིབ། །མདོས་གླུད་ལམ་བསྟན་དེ་རུ་བསྟན། །


CMR041_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་རྔ་མོང་དེ་ལ་བསྐྱོན། །ལྕགས་རི་ནག་པོའི་མཐའ་རུ་སྐྱལ། །སྐད་ཅིག་ཉིད་ལ་ཕྱིན་པར་གྱིས། །མི་བུ་འདི་ཡི་སྲོག་གླུད་དུ། །སྐུ་གླུད་ཁྱོད་ཀྱང་གཏོང་བར་བྱ། །ལྕགས་རི་ནག་པོའི་མཐའ་མ་ན། །མུན་པ་འཐིབ་པའི་གཞལ་ཡས་ན། །སྦལ་པ་རྟ་སྐད་འཚེར་བ་ཡོད། །ལྕོང་མོ་འབྲི་སྐད་འཚེར་བ་ཡོད། །སྨིག་མ་གཡག་ལྟར་འགྱིང་བ་ཡོད། །སྦྲུལ་ཆེན་མི་ལྟར་ལང་བ་ཡོད། །དྲེགས་པའི་ཁྲོམ་རྣམས་འཚོགས་པ་ཡོད། །མདོས་གླུད་གཉེན་པོ་དེར་གཤེགས་ཤིག །ཆགས་ཆེན་ཉམ་ང་ཐམས་ཅད་ཟློག །སྔོན་རྒྱ་རྗེ་སྐག་ལས་ཐར་བ་བཞིན། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི །བཟའ་དཔོན་སྲས་དང་སློབ་མར་བཅས། །འཁོར་འབངས་སྡེ་རིས་བཅས་པ་གྱི། །སྐག་དང་འཚེ་རྩུབ་ཐམས་ཅད་ཟློག །གཙུག་ལག་འབྱུང་བའི་སྐག་ཆེན་ཟློག །ཆགས་ཆེན་ཉམ་ང་བཟློག་ཏུ་གསོལ། །མི་མཐུན་ཕྱོགས་ལས་ཐར་བར་མཛོད། །ཤི་སྒབ་ཆོད་ལ་གསོན་སྒབ་སྤེལ། །གོད་འདྲེ་སོད་ལ་ལོངས་སྤྱོད་སྤེལ། །སྐག་ཆེན་སྐག་ལས་ཐར་བར་མཛོད། །སྔགས་འཆང་གཏོ་ཡས་བསགས་པ་འདིས། །ལྷ་སྲིན་གཉིས་ཀྱི་ཉོ་ཚོང་ཟློག །ལྷ་སྲིན་རྣམས་ཀྱི་


CMR041_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་སེམས་ཞི་གྱུར་ཅིག །ཅེས་པས་ལམ་བསྟན་ནོ། །དེ་ནས་གཟའ་དང་མཁའ་འགྲོ་པི་ལིང་སོགས་རྒྱུ་ཕྱོགས་དང་བསྟུན་ལ། རང་དང་ཡོན་བདག་གི་ལོ་ལྷའི་ཕྱོགས་མིན་པར་ཁ་རྒྱུས་ལ། ཟོར་རྣམས་ལིང་གའམ་ཐན་གཟུགས་ལ་བཀུག་གཞུག་བྱས་ལ། ཟོར་རྣམས་རིམ་པ་བཞིན་དུ་འཕང་། ཡང་ན་མདོས་ཕྱི་རོལ་དཔག་ཚར་ནས་འཕངས་ཀྱང་རུང་། མདོས་འབུལ་ས་ཡང་ཕྱོགས་གཙང་སར་ཕུལ། དེ་ནས་དམར་གཏོར་བྲན་ལ་ཡི་དམ་ཆོས་སྐྱོང་གི་བསྐུལ་པ་འདོན་པར་བྱའོ། །དེ་ནས་མདོས་སྣ་ཡས་སྣ་ཚུར་རང་ལ་མི་ལྡོག་པའི་ཕྱིར་མདོས་ལ་དབང་བསྐུར་ཏེ། ཡུངས་ཀར་རམ་འབྲུ་ནག་གིས་མདོས་ལ་བྲབ་ལ་འདི་སྐད་དོ། །ཧཱུྃ། དེ་རིང་སྲིད་པའི་གདོང་གང་ལ། །འབྱུང་བ་ལྔ་ཡི་བྱད་མདོས་འདི། །མཐོ་བ་ནམ་མཁའ་འདི་ལ་དཔེ་བླང་ནས། །དབང་པོ་རྣམ་ལྔ་མགོ་ལ་ཚང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མཐོ་བ་མགོ་ཡི་གླུད་དུ་འབུལ། །སངས་རྒྱས་ཤཱཀྱ་ཐུབ་པ་ཡིས། །མདོས་ཀྱི་དབུ་ལ་དབང་བསྐུར་རོ། །སྲིད་པའི་མདོས་ཆེན་ཕོ་བྲང་འདི། །གསལ་བབ་ཀྱང་ནི་ཐོག་རྒྱུག་བཞིན། །གསང་བའི་བདག་པོའི་མཐུ་སྟོབས་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །མདོས་སྣ་ཚུར་ལ་མི་རྒྱུ་བའི། །ལྷ་ཆེན་རྣམས་ཀྱིས་དབང་བསྐུར་རོ། །ཞི་བ་ཀུན་འདུས་


CMR041_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གྱིས། །དྲག་པོའི་མདོས་ལ་དབང་བསྐུར་རོ། །མདོས་སྣ་ཚུར་ལ་མི་གྱུ་བའི། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིས། །མདོས་ལ་དབང་བསྐུར་བྱིན་གྱིས་རློབས། །སངས་རྒྱས་སེམས་དཔའ་ཐམས་ཅད་ཀྱིས། །མདོས་ལ་དབང་བསྐུར་བྱིན་གྱིས་རློབས། །རྐང་གཉིས་གཙོ་བོ་སངས་རྒྱས་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །འདོད་ཆགས་བྲལ་བའི་ཆོས་རྣམས་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །བསླབ་བཞི་ལས་བརྩོན་དགེ་འདུན་གྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །སངས་རྒྱས་བཀའ་ཡི་སྲུང་མ་ཡིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །རྒྱུད་སྡེ་བཞི་ཡི་སྲུང་མ་ཡིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །གསང་སྔགས་ཕ་རྒྱུད་ཐམས་ཅད་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །གསང་སྔགས་མ་རྒྱུད་ཐམས་ཅད་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །ཆོས་སྐྱོང་ཕོ་རྒྱུད་ཐམས་ཅད་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །ཆོས་སྐྱོང་མོ་རྒྱུད་ཐམས་ཅད་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །དྲག་པོ་བཟློག་པའི་མདོས་འདི་ལ། །ཡེ་ཤེས་


CMR041_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡིས་དབང་བསྐུར་རོ། །མིག་གི་གཡས་གཡོན་གཉིས་ལ་དབང་བསྐུར་རོ། །འབྱུང་བ་ལྔ་ཡི་བྱད་མདོས་འདིར། །སྤྲུལ་པའི་ལྷ་ཡིས་དབང་བསྐུར་རོ། །རྭ་རྩེ་གཡས་གཡོན་གཉིས་ལ་དབང་བསྐུར་རོ། །སྲིད་པའི་མདོས་ཆེན་ཕོ་བྲང་འདིར། །བར་སྣང་ཁམས་ནས་དབང་བསྐུར་རོ། །མདོས་དང་ཟོར་ལ་དབང་བསྐུར་རོ། །ཕྲག་གོང་གཡས་གཡོན་གཉིས་ལ་དབང་བསྐུར་རོ། །སྤྲིན་དང་གཟའ་ཡིས་དབང་བསྐུར་རོ། །སྲིད་པའི་བློ་བཟློག་མདོས་འདི་ལ། །ལྷ་དམག་འབུམ་གྱིས་དབང་བསྐུར་རོ། །དྲག་པོ་གསང་བའི་མདོས་འདི་ལ། །རྫུ་འཕྲུལ་མཐུ་ཡིས་དབང་བསྐུར་རོ། །དྲག་པོ་སྔགས་ཀྱིས་དབང་བསྐུར་རོ། །སྔོན་མོ་སྲིད་པའི་འཕེལ་ནས་འདི། །ཀུན་ཀྱང་ལྷ་ཡི་ཕོ་ཉ་སྟེ། །ཟློག་བྱེད་མདོས་ལ་དབང་བསྐུར་རོ། །འཕྱེ་ནས་ཡུངས་ཀར་འབྲུ་བདུན་འདི། །དྲག་པོ་ཕོ་ཉའི་འཕྲིན་པ་སྟེ། །ཟློག་བྱེད་མདོས་ལ་དབང་བསྐུར་རོ། །མདོས་སྣ་ཚུར་ལ་མི་གྱུ་བའི། །ལྷ་སྲུང་རྣམས་ཀྱིས་དབང་བསྐུར་རོ། །ཅིས་ཀྱང་མི་ཐུབ་མི་ཚུགས་པའི། །ཡེ་ཤེས་ཆེན་པོས་དབང་བསྐུར་རོ། །འབྱུང་བ་ལྔ་ཡི་ལྷ་རྣམས་ཀྱིས། །སྲིད་པའི་


CMR041_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ལ་དབང་བསྐུར་རོ། །སྤར་ཁ་བརྒྱད་པོའི་ལྷ་རྣམས་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །སྨེ་བ་དགུ་ཡི་ལྷ་རྣམས་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །ལོ་སྐོར་བཅུ་གཉིས་ལྷ་རྣམས་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །ནག་པོ་མགོ་གསུམ་འཁོར་བཅས་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །མི་དམར་མ་མོ་དཔོན་གཡོག་གིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །བདུད་བཙན་མི་ཁ་བ་རུ་ཡིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །ཤང་ཤང་གཟའ་བདུད་འཁོར་བཅས་ཀྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །ས་བདག་སྤྲུལ་པ་ཡང་སྤྲུལ་གྱིས། །སྲིད་པའི་མདོས་ལ་དབང་བསྐུར་རོ། །མདོས་སྣ་ཚུར་ལ་མ་གྲུ་ཞིག །སྲ་བའི་གོ་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་གྲུ་ཞིག །ཁྲོམ་པོའི་དམག་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་རྒྱུ་ཞིག །དཀའ་ཐུབ་བརྒྱ་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་གྱུ་ཞིག །ཐུན་ཟོར་མཁན་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་གྲུ་ཞིག །སྔགས་འཆང་རྡོ་རྗེ་འཆང་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་


CMR041_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་ཞིག །གཟའ་སྐར་གང་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་རྒྱུ་ཞིག །མདོས་བྷྱོ་ད་ནི་དགྲ་ལ་བྷྱོ༔ །མདོས་ཀྱི་གཤེགས་ཤུལ་དགྲ་ལ་དྲོངས། །མདོས་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ །དགྲ་བགེགས་བྱད་མ་རྡུལ་དུ་རློགས། །བཟློག་ཅིག་བསྒྱུར་ཅིག་ས་མ་ཡཱ། བྷྱོ་བྷྱོ་ཟློག་ཟློག་སྒྱུར་ཅིག །དེས་ཚུར་ལ་མི་ལྡོག་གོ ༈ །དེ་ནས་གཤེགས་གསོལ་དང་དགྲ་ལ་རྦད་པ་ནི། གསེར་སྐྱེམས་མཆོད་ལ་འདི་སྐད་དོ། །ཧཱུྃ། ཧ་ས་གརྒྷ་འཁོར་དང་བཅས་པ་ཡིས། །མདོས་དང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །འདྲེ་སྲིན་བགེགས་རིགས་བདུན་ཁྲི་རྣམས། །སྡང་བ་དགྲ་བོའི་ཡུལ་དུ་རྒྱུགས། །གནས་དང་ཕོ་བྲང་དེ་རུ་ཐོབས། །ཟ་ཁ་འཐུང་ཁ་དེ་རུ་སྤོས། །འབྱུང་བ་སྤར་སྨེ་ལོ་ཟླའི་བདག །གཙང་རིས་དཔལ་མགོན་བདུན་ཅུ་དང་། །ས་བདག་གཞི་བདག་ཐམས་ཅད་ཀུན། །དཀར་གསུམ་གཏོར་མ་འདི་བཞེས་ལ། །གཏོ་གླུད་འདི་ཡི་ལམ་ཕྱེས་ལ། །མདོས་ལམ་ཟོར་ལམ་དགྲ་ལ་སྟོན། །སོ་སོ་རང་རང་གནས་སུ་གཤེགས། །འདྲེ་ངན་ལན་ཆགས་བདག་པོ་དང་། །ཟ་འདྲེ་ཕོ་གདོན་མོ་གདོན་དང་། །གོད་


CMR041_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་བསེ་རག་བགེགས་རིགས་ཚོགས། །གླུད་དང་གཏོར་མ་འདི་ལོངས་ལ། །མཐའ་མེད་ལྕགས་རིའི་ཕར་མཐར་བསྐྲད། །གལ་ཏེ་མི་འགྲོ་འདུག་གྱུར་ན། །རིགས་གསུམ་མགོན་པོ་ཐུགས་ཁྲོས་ནས། །ཁྱུང་འབྲུག་སེང་ཆེན་སྤྲུལ་པ་འགྱེད། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་མ་འདུག་མྱུར་དུ་དེངས། །སརྦ་བྷུ་ཏ་གཙྩ་གཙྪ། དེ་ནས་མི་ནག་འཁོར་བཅས་གདན་བསྐྱོད་པ་ནི། མདོས་གཏོར་རྣམས་ཀྱི་གདན་བསྒུལ་བཅུག་ལ། འདི་སྐད་དོ། །ཧཱུྃ། འཕགས་པ་འཇམ་དཔལ་བཀའ་བྱུང་གིས། །རྣལ་འབྱོར་བདག་གི་གནས་ཁང་འདིར། །མི་ནག་མགོ་གསུམ་འཁོར་བཅས་རྣམས། །ད་ནི་བཞེངས་ཤིག་ད་གཤེགས་རན། །དང་པོ་བྱོན་པ་ཞལ་རེ་དྲོ། །བར་དུ་བཞུགས་པ་དོན་རེ་ཆེ། །ད་ནི་གཤེགས་པ་སྒབ་རེ་བཟང་། །སྔགས་འཆང་ཡོན་མཆོད་འཁོར་བཅས་ཀྱི། །ཁྱིམ་སྒོ་ལམ་སྲང་འདི་དག་ནས། །དགྲ་བགེགས་ལྟས་ངན་བསྒྱུར་བའི་ཕྱིར། །བཞེངས་ཤིག་བཞེངས་ཤིག་གནས་ནས་བཞེངས། །སྐྱོད་ཅིག་སྐྱོད་ཅིག་གནས་ནས་སྐྱོད། །མི་ནག་མགོ་བོ་གསུམ་པ་ཁྱོད། །སྡང་བའི་དགྲ་ལ་རྔམས་པའི་ཕྱིར། །ཞབས་གཉིས་གྱད་ཀྱི་འདོར་ཐབས་


CMR041_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས། །གདན་ནས་སྐུ་བསྐྱོད་བཞེངས་སུ་གསོལ། །མདུན་ནས་མདོས་སྣ་ཁྲིད་པའི་ཕྱིར། །མི་དམར་མགོ་གསུམ་གདན་ནས་སྐྱོད། །མི་ཁ་བྲ་མཆུ་བསྒྱུར་བའི་ཕྱིར། །མི་ཁ་བྲ་རུ་གདན་ནས་སྐྱོད། །དགྲ་ལ་ཉེས་པ་བཏང་བའི་ཕྱིར། །ཤང་ཤང་སེར་པོ་གདན་ནས་སྐྱོད། །ཐན་ལྟས་ངན་པ་བསྒྱུར་བའི་ཕྱིར། །མ་མོ་རྔ་ཞོན་གདན་ནས་སྐྱོད། །གཡས་ནས་བདུད་དམག་གདན་ནས་སྐྱོད། །གཡོན་ནས་བཙན་དམག་གདན་ནས་སྐྱོད། །ས་བདག་ཁྲོ་བོ་གདན་ནས་སྐྱོད། །སྤར་ཁ་བརྒྱད་པོ་གདན་ནས་སྐྱོད། །སྨེ་བ་དགུ་པོ་གདན་ནས་སྐྱོད། །ལོ་སྐོར་བཅུ་གཉིས་གདན་ནས་སྐྱོད། །ལོ་རྒན་དྲུག་ཅུ་གདན་ནས་སྐྱོད། །དཔལ་མགོན་བདུན་ཅུ་གདན་ནས་སྐྱོད། །ས་བདག་རྒྱལ་བློན་གདན་ནས་སྐྱོད། །དགྲ་བོའི་མི་རབས་བཅད་པའི་ཕྱིར། །རྡོ་རྗེ་ལེགས་པ་གདན་ནས་སྐྱོད། །དགྲ་ལ་སྨྱོ་འབོག་གཏོང་བའི་ཕྱིར། །དཔེ་ཧར་རྒྱལ་པོ་གདན་ནས་སྐྱོད། །དགྲ་ལ་མཛེ་ནད་གཏོང་བའི་ཕྱིར། །ཀླུ་བདུད་ནག་པོ་གདན་ནས་སྐྱོད། །དགྲ་ལ་དམག་འཁྲུག་གཏོང་བའི་ཕྱིར། །མ་མོ་ནག་མོ་གདན་ནས་སྐྱོད། །ཕྱོགས་


CMR041_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་མདོས་སྒོ་དབྱེ་བའི་ཕྱིར། །སྒོ་སྲུང་སྡེ་བཞི་གདན་ནས་སྐྱོད། །མདོས་སྒབ་མཐའ་ནས་སྡུད་པའི་ཕྱིར། །སྟོབས་ཆེན་གླང་ཆེན་གདན་ནས་སྐྱོད། །བྱུར་འདྲེ་དགྲ་ལ་བསྐྱོད་པའི་ཕྱིར། །གླུད་ཡས་སྣ་ཚོགས་གདན་ནས་སྐྱོད། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས། །མི་བས་གླུད་བཟང་འདི་བཞེས་ལ། །ཕོ་བྲང་དབུས་ནས་ད་སྐྱོད་ཅིག །གཤེགས་སོ་ཆོས་སོ་ད་བཞུད་ཅིག །གཙང་རིས་དཔལ་མགོན་ནམ་མཁའི་གནས་སུ་གཤེགས། །ས་བདག་ཀླུ་གཉན་རི་རབ་དཀྱིལ་དུ་གཤེགས། །མ་མོ་རྣམས་ནི་དུར་ཁྲོད་གནས་སུ་གཤེགས། །ཡ་བདུད་རྣམས་ནི་རི་གསུམ་རྩེ་ལ་གཤེགས། །མ་བདུད་རྣམས་ནི་ལུང་གསུམ་མདོ་རུ་གཤེགས། །རྒྱལ་འགོང་རྣམས་ནི་ལྷ་ཁང་རྙིང་པར་གཤེགས། །ཐེའུ་རང་རྣམས་ནི་བྲག་ཕུག་ནང་དུ་གཤེགས། །བཙན་རྣམས་ཐམས་ཅད་བྲག་དམར་ཟུར་ལ་གཤེགས། །ཀླུ་གཉན་ཐམས་ཅད་རྒྱ་མཚོའི་ནང་དུ་གཤེགས། །གཟེད་སྨན་རྣམས་ནི་གཡའ་སྤང་མཚམས་སུ་གཤེགས། །ས་བདག་རྣམས་ནི་གངས་དཀར་རྩེ་ལ་གཤེགས། །ཡུལ་འདྲེ་ལན་ཆགས་བདག་པོ་ཀུན། །ལམ་དང་སྲང་གི་གཞི་མདོར་གཤེགས། གཤེགས་


CMR041_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཆས་སོ་ཤ་ར་ར། །ཞེས་པ་ཁྱིམ་ནས་གཤེགས་པའོ། ༈ །དེ་ནས་རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས། མཚམས་དྲག་ཏུ་བཅད་ལ་དྲག་སྔགས་དང་སུམྦྷ་ནི་བརྗོད་ཅིང་ཐུན་གྱིས་བྲབ་ལ། མདོས་ཁྱེར་བཅུག་ལ་ལྟས་ངན་ཡོད་ན་མདོས་སྣ་ལ་ཁྱེར་རོ། །རང་ཉིད་སྔགས་ཆས་དང་བཅས་ལ། རྔ་དང་རོལ་མོ་དར་ནག་བཅས། སྐྱེས་པས་གོ་གྱོན། བུད་མེད་མང་པོ་གཤར་བ་བཀྲལ་སོགས་ཀྱི་སྐྱེལ་འགྲོ་སྟེ། ༈ དམིགས་པ་ནི། གཙོ་བོ་མགོ་གསུམ་ལ་མགོ་གསུམ་གྱི་འཁོར། འཁོར་རྣམས་ལ་རང་གི་འཁོར་ཚོགས་དང་བཅས་པས། བདག་དང་ཡོན་བདག་གི །ལོ་ཟླའི་སྐག་ངན། ཐན་ལྟས་ངན་པ། མི་ཁ་བྲ་མཆུ། ནད་ཡམས་གོད་ཁ། དགྲ་འདྲེ་བྱུར་གསུམ། རྐྱེན་ངན་བར་ཆད་ཐམས་ཅད་མཐའ་ཡི་རྒྱ་མཚོའི་ཕར་མཐར་ཁྱེར་ལ་སོང་བར་བསམ་ལ་འགྲོ་སྟེ། དགྲ་ལ་རྦད་ནི་དགྲ་བོའི་ཡུལ་དུ་ཁྱེར་ནས་སོང་ལ། དེ་རུ་གནས་བཅས་ནས་དགྲ་བོའི་ཟ་སྐལ་འཐུང་སྐལ་བྱས་ནས། ནད་ཡམས་མཚོན་ཆའི་ཆར་ཕབས་ནས་དགྲ་བོ་རྡུལ་དུ་བརླགས་པར་བསམས་ལ། བསྐུལ་པ་བྱེད་མ་ཁ་ཕུང་འདོན་ལ་ཁྱེར་རོ། །བསྟན་ལ་ཐུག་པ་མ་གཏོགས་གར་ཐོད་དུ་མི་རུང་ངོ། །རང་ལ་ལྡོག་ཉེས་ཡོད་པས་མི་བྱའོ། ༈ །དེ་ནས་རོལ་མོ་དང་བཅས་པས་སྔགས་འདི་བརྗོད་ལ་ཁྱེར་རོ། །ཨོཾ་ཡ་མཱནྟ་ཀ །ཡ་མ་རཱ་ཛ། མ་ཧཱ་དྷེ་ཝ། ས་མ་ཡ་ཧཱུྃ་བྱོལ། ནག་པོ་ཕེ་ཤ་ཧཱུྃ། བྱོལ་བྱོལ། མི་ཁ་ཆིལ་ཆིལ། མི་ཁ་ཟློག་


CMR041_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །མི་ཁ་མཱ་ར་ཡ་ཧུར་ཐུམ་ཐུམ་རྦད་རྦད། མི་ཁ་དྲིལ་དྲིལ། མི་ཁ་ཐུམ་ཐུམ། མི་ཁ་ཆིལ་ཆིལ། མི་ཁ་ཟློག་ཟློག །མི་ཁ་དྲིལ་དྲིལ། མི་ཁ་རྦད་རྦད། མི་ཁ་བྱོལ་བྱོལ། མི་ཁ་ཟློག་ཟློག །བརྒྱའི་མི་ཁ་སྟོང་གི་བྲ་མཆུ་ཟློག །མོ་ངན་རྨིས་ངན་ལྟས་ངན་དགྲ་གྱོད་འཁོན་གསུམ་བན་བྱེད་བོན་བྱད་ཐམས་ཅད་དགྲ་ལ་བཟློག་ཅིག །ཅེས་བརྗོད་ཅིང་གོམ་པ་དྲུག་ཅུ་ལས་མི་ཐུང་བ་ཞིག་ཏུ་བསྐྱལ་ལ་བཞག ༈ །དེ་ནས་ཐན་རིགས་ཡོད་ན་མདོས་སྣ་བཏོན་པའི་སར་སྦྲ་ཁང་མི་མཐོང་སར་དེ་ནུབ་སྦས་ལ་བཞག །ཕྱིར་ནངས་ས་དཔལ་དང་གོང་ནོན་ཆོད་ཆེ་སར་བཅའ་སྟེ་ནག་པོ་བརྩེགས་ལ་མནན་པར་བྱའོ། ༈ །དེ་ནས་དཀར་གཏོར་ནས་བཟུང་སྟེ་རིམ་བཞིན་ཕུལ། དེ་ནས་མདོས་ལ་ཞིག་ས་བསྟན་པ་ནི་འདི་སྐད་བརྗོད། །ཀྱཻ། སྟོང་གསུམ་མི་རྟག་འགྱུར་བ་སོགས། །ཆོས་རྣམས་མི་འགྱུར་རྟག་པ་པོ། །ཆོས་ཀྱི་དབྱིངས་ལ་འགྱུར་བ་མེད། །ཚིག་དང་ཐ་སྙད་མི་རྟག་འགྱུར་བ་སོགས། །ཡེ་ཤེས་དོན་དམ་མི་འགྱུར་རྟག་པ་སོགས། །བྱ་བ་འདི་ལ་རྟག་ཆགས་གནས་པ་མེད། །དེ་བས་མདོས་ཀྱང་སྒྱུ་མ་ཡིན། །ཅི་ལྟར་འཇིགས་ཀྱང་ཕྲག་དོག་མེད། །དེ་བས་མདོས་ཀྱང་སྒྱུ་མ་ཡིན། །སྒྱུ་མ་ཡིན་པས་ཕྲག་དོག་མེད། །སྒོ་ཐེམ་


CMR041_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བརྒལ་བ་ཕྱིན་ཆོད་ནས། །མི་རྟག་འཇིག་རྒྱུ་ཡིན་པ་ལ། །ཤ་དང་ས་ལ་དབྱེ་བ་མེད། །སྒོ་ཐེམ་བརྒལ་པ་ཕྱིན་ཆོད་ནས། །ས་མདོར་བཞག་ཀྱང་ཕྲག་དོག་མེད། །དབུགས་དང་རླུང་ལ་དབྱེ་བ་མེད། །སྒོ་ཐེམ་བརྒལ་བ་ཕྱིན་ཆོད་ནས། །རླུང་གིས་བཤིག་ཀྱང་ཕྲག་དོག་མེད། །ཁྲག་དང་ཆུ་ལ་དབྱེ་བ་མེད། །སྒོ་ཐེམ་བརྒལ་བ་ཕྱིན་ཆོད་ནས། །ཆུ་ཡིས་བཤིག་ཀྱང་ཕྲག་དོག་མེད། །མེ་དང་དྲོད་ལ་དབྱེ་བ་མེད། །སྒོ་ཐེམ་བརྒལ་བ་ཕྱིན་ཆོད་ནས། །མེ་ཡིས་བཤིག་ཀྱང་ཕྲག་དོག་མེད། །རྩྭ་དང་ཤིང་ལ་དབྱེ་བ་མེད། །སྒོ་ཐེམ་བརྒལ་བ་ཕྱིན་ཆོད་ནས། །ཤིང་གིས་བཤིག་ཀྱང་ཕྲག་དོག་མེད། །རྡོ་དང་རུས་ལ་དབྱེ་བ་མེད། །སྒོ་ཐེམ་བརྒལ་བ་ཕྱིན་ཆོད་ནས། །རྡོ་ཡིས་བཤིག་ཀྱང་ཕྲག་དོག་མེད། །མི་དང་བྱོལ་སོང་གང་བཤིག་ཀྱང་། །མི་རྟག་པ་ཡི་རྒྱུ་ཡིན་པས། །གང་གིས་བཤིགས་ཀྱང་ཕྲག་དོག་མེད། །སྒོ་ཐེམ་བརྒལ་བ་ཕྱིན་ཆོད། ནས། །འདིར་བཞག་ཟེར་བའི་ས་ཆ་མེད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཁྱིམ་སྒོ་ལམ་སྲང་འདི་དག་ན། །གནོད་པར་བྱེད་པའི་དགྲ་བགེགས་རྣམས། །གང་ཡིན་


CMR041_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་བའི་དགྲ་ལ་བློ། །མི་ནག་མགོ་བོ་གསུམ་པ་ཁྱོད། །གང་དུ་བཏང་བའི་ལས་མཛོད་ཅིག །སྔགས་འཆང་བདག་གི་བཀའ་མ་བཅག །ཡོན་བདག་དྲིན་ལེན་ཆུད་མ་གསན། །སྔོན་གྱི་དམ་ཚིག་དྲན་པར་གྱིས། །གཏོ་ཡས་གནས་སུ་ཐེངས་བར་མཛོད། །འབྱུང་བ་ལྔ་ལས་བྱུང་བ་ཡི། །ཕྲག་དོག་ལན་ཆགས་མགྲོན་ཡིན་པས། །གང་གིས་བཤིག་ཀྱང་ཕྲག་དོག་མེད། །སྒྱུ་མ་ཡིན་པ་ཤེས་པར་གྱིས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། གཏོ་ནག་མཚན་མ་དགྲ་ཟློག་གི་ལྷན་ཐབས་ཟློབཞུགས། མི་ནག་མགོ་གསུམ་མདོས་ཆེན་ལས། འབུལ་དུས་གོམ་པ་དྲུག་ཅུའི་སར་བསྐྱལ། དེ་ནས་མདོས་མི་རྟག་པ་ཞིག་པ་བསྟན་པ་འདོན་ཚར་ནས། གལ་ཆེན་བྱད་སྣ་བཟློག་ན། བསྐུལ་པ་བྱད་མ་ཁ་ཕུང་འདོན་ལ་བརྫོགས། དགྲ་ལ་བསྐུལ་ན་གཏོ་ནག་མཚན་མ་དགྲ་ཟོར་འདི་འདོན། ལྟས་ངན་གདོན་བགེགས་ཟློག་ན་གཞུང་རང་གིས་ཆོག་སྟེ། གཞན་འདོན་མི་དགོས། གོང་དུ་ཟོར་མ་འཕངས་ན་འདིའི་ཟོར་གྱིས་གོ་ཆོད་དོ། །དེ་ནས་གཏོ་ནག་མཚན་མ་དགྲ་ཟོར་ནི། གཏིང་ཕུལ་དམར་གཏོར་རང་གིས་ཐོགས་ལ། དམིགས་པ་ནི་མི་ནག་འཁོར་དང་བཅས་པ་དགྲ་བོའི་ཡུལ་དུ་སོང་ནས། དགྲ་བགེགས་རྣམས་གྲོག་ཚང་ལ་སེར་བ་བརྒྱབ་པ་ལྟར་རྡུལ་དུ་བརླགས་པར་བསམས་ལ། རོལ་མོ་དང་


CMR041_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་འདི་སྐད་དོ། །ཧཱུྃ། བཅོམ་ལྡན་འཕགས་པ་འཇམ་དཔལ་དང་། །རྟ་མགྲིན་ཕྱག་ན་རྡོ་རྗེ་དང་། །ཁྱུང་འབྲུག་སེང་གསུམ་སྤྲུལ་པ་བཅས། །ཁྱེད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས། །གཏོ་སྤྱད་འདི་ཡི་དཔུང་ཕུལ་མཛོད། །འཇམ་དབྱངས་སྤྲུལ་པ་འབྱུང་བ་ཆེ། །མ་ཧཱ་གསེར་སྦལ་སེར་པོ་ལ། །གནས་པའི་ས་བདག་ཀླུ་གཉན་གྱིས། །གཏོ་སྤྱད་འདི་ཡི་དཔུང་ཕུལ་མཛོད། །མཚེ་མ་དགའ་ལྡན་གཙང་རིགས་ལྷ། །རིག་འཛིན་བདག་གི་ལྷ་སྲུང་གིས། །གཏོ་སྤྱད་འདི་ཡི་དཔུང་ཕུལ་མཛོད། །ལྷ་ཀླུ་གཟའ་དང་གནོད་སྦྱིན་དང་། །རྒྱལ་ཆེན་བཞི་དང་རྒྱུ་སྐར་ཚོགས། །ཕྱོགས་སྐྱོང་དཔལ་མགོན་བདུན་ཅུ་རྣམས། །གཏོ་སྤྱད་འདི་ཡི་དཔུང་ཕུལ་མཛོད། །ཕུ་རི་ཕུ་བདག་རི་བྲག་གི་བདག །མདའ་རི་མདའ་བདག་མ་སྤང་མཚོ་དང་ཀླུ། །གངས་རི་གངས་བརྒྱུད་གངས་སྨན་ཀ་རའི་གཉན། །ཉིན་རི་སྲིབ་བཙན་གཡའ་རི་ནགས་ཀྱི་སྨན། །གཡན་ཁམས་སུམ་ཅུ་ཀླུ་དང་ཁམས་ཀྱི་བདག །ལྷ་སྲིན་སྡེ་བརྒྱད་ཤ་ཁྲག་དམར་གྱི་བདག །ཐམས་ཅད་གཏོ་སྤྱད་འདི་ཡི་དཔུང་ཕུལ་མཛོད། །ཀྱཻ། སྣང་སྲིད་ལྷ་འདྲེ་ཐམས་


CMR041_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀུན། །མཉམ་གཉིས་རྗེས་པའི་གླུད་དུ་འབུལ། །ཕོ་མོ་བན་བོན་རྗེ་དང་བྲན། །རྨིག་ཆགས་སྡེར་ཆགས་དུད་འགྲོའི་ཚོགས། །སུ་དང་འཕྲད་པ་དེ་དང་བརྗེ། །སྣང་སྲིད་ལྷ་འདྲེ་བདུད་བཙན་རྣམས། །གཏོ་ནག་ཡས་ནག་འདི་ཡིས་སྒྱུར། །ཆོ་འཕྲུལ་སྣ་ཚོགས་འདི་ཡིས་ཤིག།ཁྲམ་ཁ་མི་ཁ་ཟོར་ཁ་ཟློག །བདག་དང་ཡོན་གྱི་བདག་པོ་ཡི། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །ཐན་ལྟས་ངན་པ་ཐམས་ཅད་སྒྱུར། །བྱུར་དང་འགོང་པོ་གོད་ཁ་སྒྱུར། །ལོ་སྐག་ཟླ་སྐག་ཞག་སྐག་སྒྱུར། །གཏོ་ནག་མཚན་མའི་དགྲ་ཟོར་འདི། །ཡོན་བདག་སྐུ་གླུད་བརྗེ་བའི་གཏོ། །བོན་དང་འཕྲད་ན་རླག་པར་བྱེད། །བོན་དང་འཕྲད་ན་རྡུལ་དུ་བརླག །ཕོ་མོ་གང་འཕྲད་དེ་དང་བརྗེ། །ན་མཉམ་ལོ་མཉམ་དེ་དང་བརྗེ། །མིང་འདྲ། ལོ་འདྲ་དེ་དང་བརྗེ། །གཟུགས་འདྲ་མཁན་འདྲ་དེ་དང་བརྗེ། །དྲང་སྲོང་བདེན་པའི་གཏོ་ནག་འདིས། །ཕ་ཚན་རྒྱབ་འདྲེ་ཐམས་ཅད་ཟློག །མ་ཚན་ཕུ་ནུའི་བྱོལ་ཁ་ཟློག །རྨི་ལྟས་ངན་དང་ཐན་ལྟས་དང་། མཚན་མ་བྱུར་ཁ་ངན་པ་རྣམས། །གོང་


CMR041_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྗེ་དང་དཔོན་ལ་བྷྱོ༔ །ཁྲག་གི་སྐག་རྣམས་ཆུ་ལ་བྷྱོ༔ །དྲོད་ཀྱི་སྐག་རྣམས་མེ་ལ་སྦྱོ། །རུས་པའི་སྐག་རྣམས་རྡོ་ལ་སྦྱོ། །ཤ་ཡི་སྐག་རྣམས་ས་ལ་བྷྱོཿ བ་སྤུའི་སྐག་རྣམས་རྩ་ལ་བྷྱོཿ རྩ་རྒྱུད་སྐག་རྣམས་ཤིང་ལ་བྷྱོ༔ །སེམས་ཀྱི་སྐག་རྣམས་མཁའ་ལ་བྷྱོ༔ །གཟུགས་ཀྱི་སྐག་རྣམས་རོ་ལ་བྷྱོ༔ །སུ་དང་འཕྲད་པ་དེ་ལ་སྒྱུར། །ས་རྡོ་སེམས་མེད་དེ་ལ་སྒྱུར། །བྷྱོ། མི་ནག་འཁོར་བཅས་ལས་ལ་བསྐུལ། །གཏོ་ནག་མཚན་མའི་དགྲ་ཟོར་འདི། །བསྟན་པ་གཉན་གྱི་སྤྱི་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་དང་། །སྦྱོར་བ་ངན་དང་མཚན་མ་རྩུབ། །མོ་ངན་རྨི་ལམ་ངན་པ་དང་། །སྔ་དགྲ་ལག་ལ་དར་བ་དང་། །ཕྱི་དགྲ་ཡིད་ལ་བསམ་པ་དང་། །ད་དགྲ་དངོས་སུ་བསྡོ་བ་ཡི། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །ཁ་ནས་ཚིག་རྩུབ་བརྗོད་པ་དང་། །དཀོན་མཆོག་བདེན་པའི་བཀའ་བཅག་དང་། །གནོད་བྱེད་དགྲ་འདྲེ་བྱད་གསུམ་ལ། །གཏོ་ནག་མཚན་མའི་དགྲ་ཟོར་རྒྱོབས། །དགྲ་བགེགས་མ་རུངས་གདུག་པ་ཅན། །།སྲིད་པའི་གཏོ་ནག་འདི་ཡིས་ནོན། །ཐལ་བ་རྡུལ་དུ་བརླག་པར་མཛོད། །


CMR041_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

གཏོ་ནག་མཚན་མའི་དགྲ་ཟོར་འདི། །རི་ལ་བརྒྱབ་ན་རི་ཡང་ཉིལ། །མཚོ་ལ་བརྒྱབ་ན་མཚོ་ཡང་སྐེམ། །བྲག་ལ་བརྒྱབ་ན་བྲག་ཡང་ཉིལ། །ཆུ་ལ་བརྒྱབ་ན་ཆུ་ཡང་སྐམ། །ཤིང་ལ་བརྒྱབ་ན་ཤིང་ཡང་ཆག །ལྕགས་ལ་བརྒྱབ་ན་ལྕགས་ཀྱང་ཞུ། །དགྲ་ལ་བརྒྱབ་ན་རྡུལ་དུ་བརླག །བགེགས་ལ་བརྒྱབ་ན་ཐལ་བར་བརླག །སྡང་བའི་དགྲ་ལ་གཏོར་ཟོར་རྒྱོབས། །གནོད་པའི་བགེགས་ལ་གཏོར་ཟོར་རྒྱོབས། །བྱད་མ་དམ་སྲིའི་སྙིང་ལ་རྒྱོབས། །ཐོག་སེར་མཚོན་ཆའི་སྐྱོགས་ཆེན་གྱིས། །དགྲ་བོའི་ཡུལ་མཁར་རྨིང་ནས་སྐྱེལ། །ལུས་སེམས་དུམ་བུ་ཕྱེ་མར་གཏུབས། །ཤ་ཁྲག་ཕུང་པོ་ཟས་སུ་ཟོ། །བགེགས་ཚོགས་བསྐལ་པའི་མེ་ལ་བསྲེགས། །ཐལ་བ་མིང་མེད་རླུང་གིས་གཏོར། །གཏོ་འདི་དགྲ་བོའི་སྟེང་དུ་བྷྱོ༔ །གཏོ་འདི་བགེགས་ཀྱི་སྟེང་དུ་བྷྱོ༔ །གཏོ་འདི་བར་ཆད་རྐྱེན་ལ་བྷྱོ༔ །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོ་ཕེ་ཤ་ཀེ་རུ་བྷྱོཿ ཨ་ཡ་མ་དུ་རུ་ཙ་ཤ་ན། གནོད་བྱེད་དགྲ་བགེགས་བྱད་མ་རྨིས་ལྟས་མཚན་ངན་དགྲ་གྱོད་འཁོན་གསུམ་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་རྦད་རྦད་


CMR041_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ་བྷྱོ་ཟློག་ཟློག །དེ་ནས་ཡས་རྣམས་རྫོགས་ཚར་སྟེང་གཏིང་ཕུལ་དམར་གཏོར་དེ། གཏོ་ཡས་རྣམས་ཀྱི་རྒྱབ་ཏུ་འཕེན་ནམ་རྩེར་ཕྱིར་བསྟན་ལ་ཕུལ། དེ་ནས་མདོས་གཏོར་སྣོད་སར་སྦུབས་ལ་དམ་སྲི་བཀུག་གཞུག་དྲག་ཏུ་བྱས། ཡི་དམ་ལྷ་ཡི་རྟ་བྲོ་བརྡུངས་ལ། ཡི་དམ་ལྷ་སྔགས་ཤམ་དུ། ཨོཾ་ལཾ་ཧཱུཾ་ལཾ་སྟམྦྷ་ཡ་ནན། དམ་སྲི་སྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་སྟམྦྷ་ཡ་ནན། གཏོར་གཞོང་ཁ་ཡར་བཀྱག་ལ། འཇིག་རྟེན་ཁམས་ཀྱི་ཟས་ནོར་གྱི་གཡང་དང་དངོས་གྲུབ་ཐམས་ཅད་བསྡུས་ནས་གཏོར་སྣོད་གང་བར་གྱུར། སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བརྗོད་ལ་འབྲུ་སྣ་རྣམས་བླུག ཡོན་བདག་རྣམས་ཕྱི་མིག་མི་ལྟ་བར་སྔོན་ལ་བཏང་། རང་སྲུང་འཁོར་བསྒོམ་ནས་རྒྱབ་ནས་འོང་བ་སོགས་ཕྱག་ལེན་ལྟར་བྱའོ། ༈ །དར་ནག་དྲིལ་ལ་ཁྱེར་བཅུག་རང་རྒྱབ་ནས་འོང་ལ་དམིགས་པ་འདི་བྱས། རང་གི་རྒྱབ་ཏུ་ནམ་མཁའ་ཐམས་ཅད་ཁྱུང་ཆེན། བར་སྣང་ཐམས་ཅད་གཡུ་འབྲུག །ས་གཞི་ཐམས་ཅད་དུང་སེང་གིས་གང་ནས། དེ་དག་གི་ང་རོ་དྲག་པོ་སྟོང་གསུམ་གང་བ་བསྒྲགས་པས། འདྲེ་ངན་ཐམས་ཅད་སྐྲག་ནས་མཐའི་ལྕགས་རིའི་ཕ་རོལ་དུ་བྲོས་ནས། ཕྱིར་མི་ལྡོག་པར་ཁྱུང་འབྲུག་སེང་གསུམ་གྱིས་སྲུང་བར་གྱུར། ཁྲོ་བཛྲ་ག་རུ་ཌ་ཧཱུྃ་ཕཊ༔ རཀྵ་རཀྵ་སྭཱ་ཧཱ། དུ་ན་དུ་ན་ཧཱུྃ་ཕཊ༔ རཀྵ་རཀྵ་སྭཱ་ཧུ། ཡ་མ་རཱ་ཛ་ཧཱུྃ་ཕཊ༔ རཀྵ་རཀྵ་


CMR041_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། དེ་ནས་ཁྱིམ་དུ་ལོག་ནས་ཚོགས་འཁོར་དང་བསྐང་བ་རྒྱས་པར་བྱའོ། །དེ་ནས་ཚེ་འགུགས་དང་དངོས་གྲུབ་བླང་ཆོག་བྱའོ། །དེ་ནས་ཡི་དམ་ལྷ་ཡི་རྗེས་ཆོག་བྱས་རྗེས། ཨོ་མཉྫཤི་ལོ་ཀི་ཤྭ་རི་བཛྲ་པཱ་ཎི་ཨབྷཾ་སོགས་ཀྱིས་མཆོད། གཞོན་ནུའི་སྐུ་ལུས་འཆང་བ་པོ་སོགས་ཀྱིས་བསྟོད། བསྟོད་པར་འོས་པ་ཐམས་ཅད་སོགས། མ་འབྱོར་པ་དང་ཉམས་པ་སོགས། ཡིག་བརྒྱ་བརྗོད། མདུན་བསྐྱེད་རིགས་གསུམ་མགོན་པོ་འཁོར་བཅས་རྣམས། །རང་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །ཕྱི་རོལ་སྲུང་འཁོར་ཁྱུང་འབྲུག་སེང་གེ་རྣམས། །རང་ཉིད་རིགས་གསུམ་གཅིག་དྲིལ་སྐུ་ལ་ཐིམ། །དེ་ཡང་མཐའ་ནས་དབུས་ཡལ་སྟོང་པ་ཉིད། །དགེ་བས་རིགས་གསུམ་མགོན་པོ་འགྲུབ་གྱུར་ཅིག །བཀྲ་ཤིས་བདེ་ལེགས་བསམ་པ་ལྷུན་གྲུབ་ཤོག །དེ་ནས་རང་གི་ཡི་དམ་གཤེགས་གསོལ་བསྡུ་ཆོག་དང་བཀྲ་ཤིས་བསྔོ་བ་སྨོན་ལམ་རྒྱས་པར་བྱའོ། ༈ །སྤྱིར་གཏོ་ཐམས་ཅད་ཀྱི་རྩ་བ་མགོ་གསུམ་འདི་ལས་ཁོལ་དུ་ཕྱུང་བ་ཡིན་པས། གཏོ་རིགས་ཐམས་ཅད་འདི་ཉིད་བཅས་པས་འཐུས་ཤིང་། ལོ་དང་སྤར་ཁའི་སྨེ་བའི་འགྲམས་འཁྲུག་བདུད་གཅོད་སྐག་རིགས་ཐམས་ཅད་དང་། ས་བདག་གིས་ཀོ་ལོང་བསྡམས་པ། ན་ཤི་དུར་དང་ཁང་ལས་བག་མ་ལ་སོགས་སྐལ་ངན་དུ་སོང་བ། རྩིས་ངན་མོ་ངན་རྨི་ལམ་ངན་པ་དགྲ་གྱོད་འཁོན་


CMR041_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། མི་ཁ་བྲ་མཆུ་དགྲ་བགེགས་བྱད་ཁ་ཁུར་ཁ་ཐམས་ཅད་བཟློག་པ་དང་། ཁྱད་པར་ལྟས་ངན་ཐན་རིགས་ཐམས་ཅད་བཟློག་པ་འདི་ཉིད་མཆོག་ཏུ་ཟབ་ཅིང་རྣོ་ཆོད་གཞན་ལས་ཆེ་བ་ཡིན་ནོ། །དེ་ལྟར་ན་སྐག་ཟློག་ལ་གཏོ་ཕྲན་གཞན་སྒྱུར་ལ་འདི་ཉིད་དྲིལ་བས་མཆོག་ཏུ་ཟབ་བོ། ༈ །རྒྱ་ནག་ལུགས་ཀྱི་ས་བདག་གཏོ་རྒྱུད་ནག་པོ་ལས། མི་ནག་མགོ་བོ་གསུམ་པའི་མདོས་ཀྱི་བཅའ་ཐབས། འཕགས་པ་འཇམ་དཔལ་གྱིས་མཛད་པ། བོད་དུ་རྒྱུ་ཟ་ཨོན་ཆུང་གིས་བསྒྱུར་བ་ཕྱག་ལེན་འགྲིགས་ཆོག་སུ་བསྡེབས་པ། ཚིག་ཉུང་བ། འཐུས་ཆེ་བ། དོན་ཟབ་པ། ཅུང་ཞིག་གསལ་བར་བསྒྲིགས་ཆོག་ཏུ། སྔགས་འཆང་སྤྲ་ཝ་པུ་རིས་ལག་ལེན་ལྟར་རང་གི་དོན་དུ་བསྒྲིགས་པ་ལ། ཆེ་ཚང་སངས་རྒྱས་ཡེ་ཤེས་ཀྱིས་རྒྱ་ནག་གི་མན་ངག །གབ་སྦས་གསང་ཚིག་གབ་པའི་ཐིག་དམར་སེར་སོགས་གསལ་བར་བསྒྲིགས་པའོ། །ས་སྐྱ་པ་ཡི་བཀའ་སྲུང་རྣོ་ཁྱད་དང་བཅས་ནས་སྔགས་འཆང་རཱ་པག་ཨ་སྱས་གསལ་ཆ་ཅུང་ཞིག་བསྒྲིགས་ནས། སྔགས་འཆོང་ཨུ་རྒྱན་བཀྲ་ཤིས་ཀྱིས་བསྐུལ་ཕྱིར་བྲིས་པའོ། དགེ་བས་རིགས་གསུམ་མགོན་པོ་འགྲུབ་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམི་ནག་མགོ་བོ་གསུམ་པའི་མདོས་ཆེན་ལས། རྗེས་ཀྱི་ལས་འགྲིག་སྒོ་དབྱེ་རྫོངས་འདེབས་ལམ་བསྟན་གདན་བསྐྱོད་གཤེགས་གསོལ།next