Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་ནག་མགོ་གསུམ་གྱི་དགྲ་ཆོས།


 
previousམི་ནག་མགོ་གསུམ་གྱི་དགྲ་ཆོས།no next

མི་ནག་མགོ་གསུམ་གྱི་དགྲ་ཆོས།


CMR041_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནག་མགོ་གསུམ་གྱི་དགྲ་ཆོས་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR041_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། རི་རབ་ཆེན་པོའི་སྟེང་ཕྱོགས་ནས། །ཡི་དམ་ལྷ་ཡི་བཀའ་ལ་ཉོན། །ཡབ་གཅིག་མ་ཧཱ་དེ་བ་ཡང་། །ལྷ་སྲིན་ཡོངས་ཀྱི་སྡེ་དཔོན་ཏེ། །སྔོན་ཚེ་ཁས་བླངས་དམ་བཅས་བཞིན། །སྒྲུབ་པའི་གནས་མཆོད་དམ་པ་འདིར། །དམ་ལ་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །དགྲ་བོའི་སྟེང་དུ་དམག་ལ་ཆོས། །མི་ནག་མགོ་གསུམ་དམག་ལ་ཆོས། །དམག་དཔོན་ཆེན་པོ་དམག་ལ་ཆོས། །ཇག་དཔོན་ཆེན་པོ་དམག་ལ་ཆོས། །ཚོང་དཔོན་ཆེན་པོ་དམག་ལ་ཆོས། །རྔོན་དཔོན་ཆེན་པོ་དམག་ལ་ཆོས། །དེ་ཡི་བཀའ་འཁོར་


CMR041_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་ནི། །ཀྱཻ། རི་རབ་ཆེན་པོའི་ཤར་ཕྱོགས་ནས། །སྲོག་བདག་དཀར་པོ་སྤྱན་གཅིག་པ། །སྲོག་བདག་ཡོངས་ཀྱི་སྡེ་དཔོན་ཏེ། །སྔོན་ཚེ་ཁས་བླངས་དམ་བཅས་བཞིན། །སྒྲུབ་པའི་གནས་མཆོག་དམ་པ་འདིར། །དམ་ལ་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །དགྲ་བོའི་སྟེང་དུ་དམག་ལ་ཆོས། །མི་ནག་མགོ་གསུམ་དམག་ལ་ཆོས། །དམག་དཔོན་ཆེན་པོ་དམག་ལ་ཆོས། །ཇག་དཔོན་ཆེན་པོ་དམག་ལ་ཆོས། །ཚོང་དཔོན་ཆེན་པོ་དམག་ལ་ཆོས། །རྔོན་དཔོན་ཆེན་པོ་དམག་ལ་ཆོས། །དེ་ཡི་བཀའ་ཉན་ཕོ་


CMR041_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་ནི། །ཀྱཻ། རི་རབ་ཆེན་པོའི་ལྷོ་ཕྱོགས་ནས། །གཤིན་རྗེ་ཡ་མ་རཱ་ཙ་ནི། །གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་ཏེ། །སྔོན་ཚེ་ཁས་བླངས་དམ་བཅས་བཞིན། །སྒྲུབ་པའི་གནས་མཆོག་དམ་པ་འདི། །དམ་ལ་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །དགྲ་བོའི་སྟེང་དུ་དམག་ལ་ཆོས། །མི་ནག་མགོ་གསུམ་དམག་ལ་ཆོས། །དམག་དཔོན་ཆེན་པོ་དམག་ལ་ཆོས། །ཇག་དཔོན་ཆེན་པོ་དམག་ལ་ཆོས། །ཚོང་དཔོན་ཆེན་པོ་དམག་ལ་ཆོས། །རྔོན་དཔོན་ཆེན་པོ་དམག་ལ་ཆོས། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ཀྱཻ། རི་རབ་ཆེན་པོའི་ནུབ་ཕྱོགས་ནས། །ཀླུ་རྒྱལ་འཆི་བདག་མགོ་དགུ་ནི། །སྣང་སྲིད་ཡོངས་ཀྱི་སྡེ་དཔོན་ཏེ། །སྔོན་ཚེ་ཁས་བླངས་དམ་བཅས་བཞིན། །སྒྲུབ་པའི་གནས་མཆོག་དམ་པ་འདིར། །དམ་ལ་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །དགྲ་བགེགས་སྟེང་དུ་དམག་ལ་ཆོས། །མི་ནག་མགོ་གསུམ་དམག་ལ་ཆོས། །དམག་དཔོན་ཆེན་པོ་དམག་ལ་ཆོས། །ཇག་དཔོན་ཆེན་པོ་དམག་ལ་ཆོས། །ཚོང་དཔོན་ཆེན་པོ་དམག་ལ་ཆོས། །རྔོན་དཔོན་ཆེན་པོ་


CMR041_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ལ་ཆོས། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ཀྱཻ། རི་རབ་ཆེན་པོའི་བྱང་ཕྱོགས་ནས། །གནོད་སྦྱིན་གང་བ་བཟང་པོ་ནི། །གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་ཏེ། །སྔོན་ཚེ་ཁས་བླངས་དམ་བཅས་བཞིན། །སྒྲུབ་པའི་གནས་མཆོག་དམ་པ་འདིར། །དམ་ལ་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །དགྲ་བོའི་སྟེང་དུ་དམག་ལ་ཆོས། །མི་ནག་མགོ་གསུམ་དམག་ལ་ཆོས། །དམག་དཔོན་ཆེན་པོ་དམག་ལ་ཆོས། །ཇག་དཔོན་ཆེན་པོ་དམག་ལ་ཆོས། །ཚོང་དཔོན་ཆེན་པོ་དམག་ལ་ཆོས། །རྔོན་དཔོན་ཆེན་པོ་དམག་ལ་ཆོས། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ཀྱཻ། རི་རབ་ཆེན་པོའི་ཤར་ལྷོ་ནས། །བདུད་རྒྱལ་རེ་ཏི་མགོ་ཉག་ནི། །བདུད་རྣམས་ཡོངས་ཀྱི་སྡེ་དཔོན་ཏེ། །སྔོན་ཚེ་ཁས་བླངས་དམ་བཅས་བཞིན། །སྒྲུབ་པའི་གནས་མཆོག་དམ་པ་འདིར། །དམ་ལ་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །དགྲ་བགེགས་སྟེང་དུ་དམག་ལ་ཆོས། །མི་ནག་མགོ་གསུམ་དམག་ལ་ཆོས། །དམག་དཔོན་ཆེན་པོ་དམག་ལ་ཆོས། །ཇག་དཔོན་ཆེན་པོ་དམག་ལ་


CMR041_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །ཚོང་དཔོན་ཆེན་པོ་དམག་ལ་ཆོས། །རྔོན་དཔོན་ཆེན་པོ་དམག་ལ་ཆོས། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ཀྱཻ། རི་རབ་ཆེན་པོའི་ནུབ་བྱང་ནས། །བཙན་རྒྱལ་ཡ་བ་རྒྱ་གཅིག་ནི། །གཙང་བཙན་རྡོ་རྗེ་ལེགས་པ་ནི། །སྣང་སྲིད་བཙན་གྱི་སྡེ་རིགས་དང་། །སྔོན་ཚེ་ཁས་བླངས་དམ་བཅས་བཞིན། །སྒྲུབ་པའི་གནས་མཆོག་དམ་པ་འདིར།། །དམ་ལ་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །དགྲ་བགེགས་སྟེང་དུ་དམག་ལ་ཆོས། །མི་ནག་མགོ་གསུམ་དམག་ལ་ཆོས། །དམག་དཔོན་ཆེན་པོ་དམག་ལ་ཆོས། །ཇག་དཔོན་ཆེན་པོ་དམག་ལ་ཆོས། །ཚོང་དཔོན་ཆེན་པོ་དམག་ལ་ཆོས། །རྔོན་དཔོན་ཆེན་པོ་དམག་ལ་ཆོས། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ཀྱཻ། རི་རབ་ཆེན་པོའི་བྱང་ཤར་ནས། །ཆེ་ཞེས་དཔལ་ལྡན་རེ་མ་ཏི། །མ་མོ་རྣམས་ཀྱི་དཔོན་མོ་སྟེ། །སྔོན་ཚེ་ཁས་བླངས་དམ་བཅས་བཞིན། །སྒྲུབ་པའི་གནས་མཆོག་དམ་པ་འདིར། །དམ་ལ་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །དགྲ་བོའི་སྟེང་དུ་དམག་ལ་ཆོས། །མི་ནག་མགོ་གསུམ་དམག་ལ་ཆོས། །


CMR041_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔོན་ཆེན་པོ་དམག་ལ་ཆོས། །ཇག་དཔོན་ཆེན་པོ་དམག་ལ་ཆོས། །ཚོང་དཔོན་ཆེན་པོ་དམག་ལ་ཆོས། །རྔོན་དཔོན་ཆེན་པོ་དམག་ལ་ཆོས། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ཀྱཻ། དགུ་ཚིགས་སྐྱ་མོའི་གཞུང་ལམ་ནས། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །སྣང་སྲིད་གཟའ་ཡི་སྡེ་དཔོན་དམག་ལ་ཆོས། །སྔོན་ཚེ་ཁས་བླངས་དམ་བཅས་བཞིན། །སྒྲུབ་པའི་གནས་མཆོག་དམ་པ་འདིར། །དམ་ལ་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །དགྲ་བགེགས་སྟེང་དུ་དམག་ལ་ཆོས། །མི་ནག་མགོ་གསུམ་དམག་ལ་ཆོས། །དམག་དཔོན་ཆེན་པོ་དམག་ལ་ཆོས། །ཇག་དཔོན་ཆེན་པོ་དམག་ལ་ཆོས། །ཚོང་དཔོན་ཆེན་པོ་དམག་ལ་ཆོས། །རྔོན་དཔོན་ཆེན་པོ་དམག་ལ་ཆོས། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ཀྱཻ། མུ་ལེ་རྒྱལ་མོའི་བཀའ་འཁོར་ནས། །འབྲོག་མོ་ལྔ་བཅུ་དམག་ལ་ཆོས། །མི་ནག་མགོ་གསུམ་དམག་ལ་ཆོས། །དམག་དཔོན་ཆེན་པོ་དམག་ལ་ཆོས། །ཇག་དཔོན་ཆེན་པོ་དམག་ལ་ཆོས། །ཚོང་དཔོན་ཆེན་པོ་དམག་ལ་ཆོས། །རྔོན་དཔོན་ཆེན་པོ་དམག་ལ་ཆོས། སྡང་བའི་


CMR041_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་དང་གནོད་པའི་བགེགས། །འཆི་བདག་བདུད་དང་འཕྲལ་གྱི་རྐྱེན། །ཐམས་ཅད་མ་ལུས་དབང་དུ་བསྡུས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱཻ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡི་ས། །གཏོ་ཡས་གླུད་ཀྱི་རྫོངས་བསྔོས་སོ། །རྒྱུ་འབྱོར་ཡོན་བདག་འཁོར་བཅས་ཀྱི། །ངན་དགུ་སྡིག་བཅུ་བསྒྱུར་དུ་གསོལ། །ལྟས་ངན་བརྒྱད་ཅུ་རྩ་གཅིག་་་སྒྱུར། །ལོ་ཟླ་ཞག་གི་སྐག་རྣམས་སྒྱུར། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས། །སྡང་བའི་དགྲ་བོ་མ་ལུས་ཁུག་ལ་ཤོག །མི་ནག་ཁྱོད་ཀྱི་ཞལ་དུ་བསྟབ། །དགྲ་མནན་ཞ་བོར་མནན་ནོ། །དགྲ་ལག་ཞ་བོར་བཀུག་གོ །དགྲ་སྙིང་ཐང་དུ་ཕྱུང་ངོ། །དགྲ་མཚོན་དུམ་བུར་གཅོག་གོ །དགྲ་རྐུན་ཇག་གསུམ་མར་ལ་བྲུབ་བོ། །ཡར་ལ་མ་ལྡང་ཞིག །འོ། བདག་ཅག་ཡོན་མཆོད་འདི་དག་ལ། སྡང་བའི་དགྲ་བོ་ལས་ངན་པ། བསམ་པ་ངན་པ། ཞེ་ལ་སྡང་བ། བསམ་པ་ལོག་པ། སྔ་དགྲ་བྱས་པ། ཕྱི་དགྲ་ཤོམ་པ། སྐུ་ལ་བསྡོ་བ། ནོར་ལ་རྐུ་བ། རིང་ལ་ཚད་པ། རྟོ་ཁ་བསིགས་པ། ཡོབ་ཆེན་བཀྲོལ་བ། ཁྱིམ་གཉའ་ནས་རྒྱུག་དགོས་ཟེར་བ། ཁྱིམ་འོག་ནས་རྐུ་


CMR041_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཟེར་བ། གཞི་ནས་འདུག་པའི་ཁྱིམ་དགྲ། བྱེས་སུ་ཆས་པའི་བྱེས་དགྲ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་ཆས་པའི་དགྲ་རྐུན་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་སྟོབས་ཀྱིས། ལུང་གསུམ་འདུས་པའི་མདའ། རི་གསུམ་འདུས་པའི་སྣ། ཆུ་གསུམ་འདུས་པའི་འགྲམ། ལམ་གསུམ་འདུས་པའི་རྒྱ་གྲམ་དུ། གཏོར་གཞོང་རི་རབ་ཆེན་པོའི་ཞབས་སུ་ནོན་ཅིག །མི་ནག་མགོ་གསུམ་གྱི་དགྲ་ཆོས་ཧ་ས་གནྟའི་ལྷན་ཐབས་སུ་རཱ་ག་ཨ་སྱས་བྲིས། ། ༧ ཁམས་སྲོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམི་ནག་མགོ་གསུམ་གྱི་དགྲ་ཆོས།no next