Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
ལན་ཆགས་གླུད་བརྒྱ་བཏང་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལན་ཆགས་གླུད་བརྒྱ་བཏང་ཐབས།next

ལན་ཆགས་གླུད་བརྒྱ་བཏང་ཐབས།


CMR042_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཆགས་གླུད་བརྒྱ་བཏང་ཐབས་བཞུགས་སོ།


CMR042_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷི་ཧཱུྃ། ལན་ཆགས་གཏོར་མ་བྱིན་པར་འདོད་ན། གང་ལ་བྱ་བའི་དམིགས་ཡུལ་གྱི་སྙིང་ཁ་ལ་སོགས་པའི་ལུས་ལ་དྲུད་པའི་ཟན་གླུད་གཟུགས་ཆེ་བ་གཅིག་བྱས་ལ། ཁམ་ཕོར་དུ་བཞག །སྣོད་གཅིག་གི་ནང་དུ་ཆངས་བུ་ལོ་གྲངས་སམ་བརྒྱ་རྩ་བརྒྱད་བཞག་ལ། གཞན་ཡང་ཁྲུས་ཆུ། བསང་ཆུས་བྲན་ནས་མངོན་པར་འདུ་བགྱིས་ནས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི། བདག་སོགས་རྒྱུ་སྦྱོར་ཡོན་གྱི་བདག་པོས་གཙོར་བྱས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་


CMR042_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཆོས་སྐྱོང་སྲུང་མའི་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས་སོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། ལན་གསུམ་མམ་བདུན་བྱ། བདག་སོགས་རྒྱུ་སྦྱོར་ཡོན་གྱི་བདག་པོ་འཁོར་དང་བཅས་པའི་ནད་གདོན་བར་ཆད་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། དེ་ནས་སྐད་ཅིག་གིས་བདག་བསྐྱེད་བཟླས་པ་མཆོད་བསྟོད་རྒྱས་བསྡུས་གང་སྐབས་བྱ་སྟེ། དེ་ཡི་མདུན་དུ་སྣོད་ཡངས་བའི་ནང་དུ་ཏྲི་འོད་དུ་ཞུ་བ་ལས། བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་ཀས་གཙོར་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འཁོར་དང་བཅས་པ་རྣམས་བདག་གི་བཀའ་ཉན་དང་གསུང་སྡོད་གནས་


CMR042_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ་མོ། །དེ་ནས་རང་ཉིད་ཡི་དམ་གྱི་ང་རྒྱལ་དང་ལྡན་པས། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །སོགས་ནས། འཚལ་ལོ། །ཞེས་དང་། ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །ང་ནི་པདྨ་ཐོད་ཕྲེང་རྩལ། །ཐམས་ཅད་སྲོག་གི་སྙིང་པོ་ང་ལ་ཡོད། །ང་ཡི་བཀའ་ལྟར་བསྒོ་བ་མི་ཉན་ན། །འཁོར་བཅས་བརླག་པའི་སྟོབས་དང་ལྡན། །དེ་བས་མཆོད་སྦྱིན་གནས་འདི་རུ། །བྱམས་པའི་སེམས་དང་ལྡན་པས་ད་ཚུར་བྱོན། །བྱམས་པའི་སེམས་དང་ལྡན་པས་མི་བྱོན་ན། །ང་ནི་སྔགས་འཆང་རྡོ་རྗེ་འཛིན། །ང་ནི་འཆི་མེད་རྡོ་རྗེའི་སྐུ། །སྲོག་གི་སྙིང་པོ་དྲང་བར་བྱེད། །དེ་བས་ལན་ཆགས་གླུད་ལ་ད་ཚུར་བྱོན། །སརྦ་བིགྷཱན་ཊཱ་ཀི་ཧཱུྃ་ཛཿ ཧཱུྃ། ནམ་མཁའ་སྟོང་པ་འགུགས་གྱུར་ན། །གཟུགས་ཅན་རྣམས་ལ་སྨོས་ཅི་དགོས། །སེམས་མེད་པ་ཡང་འགུགས་བྱེད་ན། །སེམས་དང་ལྡན་པ་སྨོས་ཅི་དགོས། །དམ་ཚིག་ཅན་ཡང་འགུགས་གྱུར་ན། །དམ་ཉམས་རྣམས་ལ་སྨོས་ཅི་དགོས། །བགེགས་ཀྱི་རྒྱལ་པོ་འགུགས་གྱུར་ན། །བགེགས་ཕྲན་རྣམས་ལ་སྨོས་ཅི་དགོས། །གནོད་བྱེད་བགེགས་རིགས་ཐམས་ཅད་ཊཱ་ཀི་རཱ་ཛཿ བཛྲ་ཨངྐུ་


CMR042_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཛ་ཛཿ ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་ཆེ་མཆོག་ཧེ་རུ་ཀ །ཁྱོད་ནི་ཕྱི་ནང་དམ་ཅན་སྡེ། །བདེན་པའི་བཀའ་ལ་སུས་ཀྱང་ཉན། །དཀོན་མཆོག་བཀའ་ལ་སུ་ཡང་བརྟེན། །རྒྱ་མཚོའི་ཆུ་ལ་སུས་ཀྱང་འཐུང་། །རི་རབ་བློ་ལ་སུ་ཡང་སྡོད། །མཐོ་སྲིད་པའི་རྩེ་མོ་མན་ཆད་དང་། །དམའ་ན་རཀ་དམྱལ་ཁམས་ཡན་ཆད་ཀྱི། །སྣང་སྲིད་ལྷ་འདྲེ་ཕོ་མོ་ལ། །ང་ལན་དུ་ཆགས་པའི་གླུད་ཅིག་བཏང་། །ཁྱོད་ཡང་ན་བླུད་འདི་མི་ལེན་ནམ། །ཡང་ན་བཀའ་འདི་མི་བཙན་ནམ། །འཁོར་བཅས་བརླག་པའི་སྟོབས་དང་ལྡན། །དེ་བས་མཆོད་སྦྱིན་གནས་འདི་རུ། །བྱམས་པའི་སེམས་དང་ལྡན་པས་ད་ཚུར་བྱོན། །དེ་ནས་ལྕགས་ཀྱུས་ཕྱག་རྒྱ་དང་ལྡན་པས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། །སངས་རྒྱས་ཀྱི་བཀའ་བདེན་པ་དང་། །ཆོས་ཀྱི་བཀའ་བདེན་པ་དང་། །དགེ་འདུན་གྱི་བཀའ་བདེན་པ་དང་། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་


CMR042_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་དང་། །གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོ་དག་གི་མཐུ་སྟོབས་ནུས་པའི་བྱིན་རླབས་ཀྱིས། རྒྱུ་སྦྱོར་ཡོན་གྱི་བདག་པོ་རྒེ་ཞེས་པའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་ཕོ་གདོན་རྒྱལ་པོ་མོ་གདོན་སྲིན་མོ་ཀླུ་གདོན་ས་བདག་སྔ་འདྲེ་རྙིང་པ་ད་འདྲེ་གསར་པ་ཡུལ་འདྲེ་འཁྱམ་པོ་ཁའི་དབུགས་འཕྲོག་ཅིང་ཁོག་པའི་ནང་དུ་སྲོག་གཅོད་པར་བྱེད་པའི་གདོན་བགེགས་རྣམས་དང་། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ལུས་ལ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པའི་ལན་ཆགས་ཀྱི་བདག་པོ་བདག་མོ། ནད་ཀྱི་བདག་པོ། རིམས་ཀྱི་བདག་མོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བྱིས་སྦའི་གདོན་ཆེན་བཅོ་ལྔ་ལ་སོགས་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་ལན་ཆགས་གླུད་ཀྱི་གཏོར་མ་འདི་ལ་ཁུག་ཅིག །བཛྲ་ཨངྐུ་ཤ་ཛ་ཛཿ ལན་གསུམ་དེ་ནས་བསྒྲུབ་བྱ་ལ་ཁྲུས་བྱ། རྣམ་འཇོམས་སྨེ་བརྩེགས་པའི་ཁྲུས་སྤྱི་འགྲོ་དང་། རྣམ་འཇོམས་རྒྱས་པ་ཚར་གསུམ་འདོན་པའམ། ཡང་ན་རྣམ་འཇོམས་ཡང་སྙིང་ཉེར་གཅིག་


CMR042_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ། ཨོཾ་བཛྲ་བི་དྷ་ར་ན་ཧཱུྃ་ཕཊ༔ ཅི་འགྲུབ་བཟླ། དེ་ནས་ནད་པ་མདུན་དུ་འབོད། རང་གིས་བུམ་པའམ། མེད་ན་གཏོར་འགུ་ནང་དུ་གཟུངས་ཆུ་བཟུང་ལ་ཁྲུས་བྱ། ཁ་ལག་བཀྲུ་བ་སོགས་བྱ་ཞིང་། བདག་གི་ཐུགས་ཀའི་འོད་ཟེར་གྱིས། །རྣམ་འཇོམས་འབྱུང་བའི་ལྷ་མོ་བསྐུལ། །དེ་ལས་བདུད་རྩི་རྒྱུན་བབས་པས། །ཁྲུས་ཆུ་ཡེ་ཤེས་བདུད་རྩིར་གྱུར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དག་པ་བཟང་པོས་སྐུ་ཁྲུས་གསོལ། །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨཱཿསྭཱ་ཧཱཿ ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་ཅི་འགྲུབ་བཟླ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡི་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ། །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡི་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨཱཿསྭཱ་ཧཱཿ ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་གོང་བཞིན་རིགས་འགྲེས། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཚུལ་འཆལ་དྲི་


CMR042_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡི་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ། །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡེ། ལོཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨཱཿསྭཱ་ཧཱཿ ན་མོ་རཏྣ་ཏྲ་ཡཱ་ཡ་སོགས། འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡི་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ། །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་ཐཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨཱཿསྭཱ་ཧཱཿ ན་མོ་རཏྣ་ཏྲ་ཡཱ་ཡ་སོགས། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡི་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ། །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡེ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨཱཿསྭཱ་ཧཱཿ ན་མོ་རཏྣ་ཏྲ་ཡཱ་ཡ་སོགས། འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡི་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ། །


CMR042_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡེ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨཱཿ་ཧཱ༔ ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡི་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ། །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨཱཿསྭཱ་ཧཱཿན་མོ་རཏྣ་ཏྲ་ཡཱ་ཡ་སོགས། ཨོཾ་སརྦ་པཱ་པཾ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་སརྦ་བིགྷཱན་བགེགས་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་སརྦ་རོ་ག་ནད་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་སརྦ་གདུག་པ་ཅན་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་སརྦ་ཛ་ར་རིམས་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་སརྦ་ཨུ་པ་ཏ་ཡེ་ཉེ་བར་འཚེ་བ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་སརྦ་གྲ་ཧེ་གདོན་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་སརྦ་ཨ་ཀ་ལ་མྲྀ་ཏུ་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་སརྦ་དུར་སོབ་ནན་རྨི་ལམ་ངན་པ་ཐམས་


CMR042_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་སརྦ་དུར་མི་ཏི་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་སརྦ་ཙིཏྟ་བྱི་ཀུལླེ་སེམས་ཀྱི་གཡེང་བ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱཿ ལན་ཆགས་གཏོར་མ་རྣམས་ལ་བསང་ཆུ་གཏོར་ཞིང་། ཨོཾ་སྭ་བྷ་ཝ་སོགས། ལན་ཆགས་གཏོར་མ་མི་དམིགས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་བགེགས་རིགས་རྣམས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི། བཟའ་བའི་ཤ་ཆེ་བ། བཏུང་བའི་ཁྲག་མང་བ། བདུད་རྩིའི་ཚོགས་ཀྱིས་གང་བར་གྱུར། ཨོཾ་ཨཱཿཧཱུྃ༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་བྱིན་གྱིས་བརླབས་ནས། དེ་ནས་ཆངས་བུ་རྣམས་གཅིག་སྦྲེང་ངམ། ལྔ་ཚན་དུ་བསྒྲིགས་པ་ལ་སོགས་ལ་ཆབ་ཀྱིས་བྲན་ཅིང་། ཏྭཾ་ཁཾ་ཨོཾ་ཨཱཿཧཱུྃ༔ ན་མསརྦ་ཏ་ག་ཐཱ་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ལན་གསུམ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ན་མོ། བདག་གི་


CMR042_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །བགེགས་རིགས་ལན་ཆགས་མགྲོན་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །།འཇིག་རྟེན་ཁམས་འདིར་མ་ལུས་པ། །དེ་དག་ཐམས་ཅད་ཀྱི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་དང་། ན་མོ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི། མཆོད་ཅིང་སྦྱིན་པའི་གནས་ནི། བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་ཀས་གཙོར་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ཡ་བདུད་རྒྱལ་པོ། མ་བདུད་འདྲེ་མོ། བཙན་ཁ་བཞི། མགྱོགས་སྡེ་བརྒྱད། རྒྱལ་པོ་དང་རྒྱལ་བྱིན། ས་བདག་དང་ཀླུ་གཉན། ལྷ་སྲིན་སྡེ་བརྒྱད། ནད་བདག་རིམས་བདག །ཡམས་བདག །གོད་འདྲེ་ཕོ་མོ། ཕོ་འདྲེ་མོ་འདྲེ། བག་འདྲེ། གསོན་འདྲེ། ཐེའུ་རང་། སྨན་མོ། དམ་སྲི། གྲི་བོ་གྲི་མོ། གྲིབ་མིང་སྲིང་བཅོ་བརྒྱད། གནོད་པའི་བགེགས་རིགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །མཆོད་


CMR042_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གསོལ་ལོ། །ལན་ཆགས་གླུད་ཀྱི་གཏོར་མ་འདི་བཞེས་ལ། རྒྱུ་སྦྱོར་ཡོན་གྱི་བདག་པོའི་ནད་སྤོས། སེམས་ཀྱི་གཟེར་ཕྱུངས། ཕུག་གི་རྐྱེན་ཟློག །བཅིངས་པ་ཁྲོལ། བསྡམས་པ་གློད། མནན་པ་ཁྱོག །ཁྱེར་བ་བསྡུས། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས། ད་ལྟ་ལ་ཐུག་གི་བར་དུ། བསད་བསད་བཅད་བཅད་སྲོག་གི་ལན་ཆགས། བརྡུངས་བརྡུང་བཙོགས་བཙོག་ན་ཚའི་ལན་ཆགས། བརྐུས་བརྐུས་འཕྲོག་འཕྲོག་རྒྱུ་དབུལ་བའི་ལན་ཆགས། གཞན་ཡང་ཤ་ཟོས་ཚད། ཁྲག་འཐུང་། པགས་པ་བཤུས་པ། རྨོ་རྨོ་བཀལ་བཀལ་བརྒལ་བརྒལ་དྲུང་དྲུང་སའི་ལན་ཆགས་བྱང་བར་གྱུར་ཅིག །བུ་ལོན་སོད། ལན་ཆགས་བྲལ། ཤ་འཁོན་བྱུང་། སྡིག་སྒྲིབ་དག་ནས་མྱུར་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་ལན་བདུན་ཉེར་གཅིག་བརྒྱ་རྩ་དང་གྲངས་བསགས། དེ་ནས། ཀྱཻ། འབྲུ་བཅུད་དེ་ནི་ཚངས་པ་ལ། །ངར་གླུད་དེ་ནི་ཆངས་བསྐད་བྱས། །ཁམས་བཅུད་རིན་ཆེན་གསེར་དང་གཡུ། །དབང་པོ་ལྔ་ནི་རིན་ཆེན་ལ། །མི་བས་འགྲོས་བཟང་མ་ཞེ་འགྲོས། །མི་བས་གསུང་སྙན་ཚངས་པའི་དབྱངས། །


CMR042_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་རྒྱན་དེ་ནི་སྤུངས་སྤུང་ནས། །ཡོན་བདག་འདི་ཡི་གླུད་དུ་འབུལ། །མི་སྐྱེ་ཕོ་མོ་བྱིས་པ་ལ་སོགས་ཁ་བསྒྱུར་བྱ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཤ་ཡི་གླུད་འདི་ས་ཟིལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །ལོ་སྐག་འཕགས་པའི་གླུད་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །ལོ་སྐག་འཕགས་པའི་གླུད་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རུས་པའི་གླུད་འདི་རྡོ་ལ་གཏོང་། །རྡོ་ལ་གནས་པའི་ལྷ་འདྲེ་རྣམས། །ལོ་སྐག་འཕགས་པའི་གླུད་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །སེམས་ཀྱི་གླུད་འདི་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །ལོ་སྐག་འཕགས་པའི་གླུད་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །ལོ་སྐག་འཕགས་པའི་གླུད་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །


CMR042_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་རྣམས། །ལོ་སྐག་འཕགས་པའི་གླུད་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །སྐུ་དང་ཆུ་རྒྱུས་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །ལོ་སྐག་འཕགས་པའི་གླུད་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དེ་དག་ལ་ཆངས་བུ་རེ་བསྔོས་ན་ལེགས། ཧཱུྃ། ཤར་ཕྱོགས་བགེགས་ཀྱི་རྒྱལ་པོ་ནི། །ཁམས་གསུམ་རྒྱལ་པོ་འཁོར་དང་བཅས། །འཁོར་དུ་བགེགས་ཕྲན་འབུམ་གྱིས་བསྐོར། །ལན་ཆགས་གླུད་གཏོར་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཧཱུྃ། ལྷོ་ཕྱོགས་བགེགས་ཀྱི་རྒྱལ་པོ་ནི། །སྤྲིན་གྱི་སྒྲོན་མ་འཁོར་དང་བཅས། །འཁོར་དུ་བགེགས་ཕྲན་འབུམ་གྱིས་བསྐོར། །ལན་ཆགས་གླུད་གཏོར་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཧཱུྃ། ནུབ་ཕྱོགས་བགེགས་ཀྱི་རྒྱལ་པོ་ནི། །རྡོ་རྗེའི་མཆུ་ཅན་འཁོར་དང་བཅས། །འཁོར་དུ་བགེགས་ཕྲན་འབུམ་གྱིས་བསྐོར། །ལན་ཆགས་གླུད་གཏོར་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་


CMR042_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཧཱུྃ། བྱང་ཕྱོགས་བགེགས་ཀྱི་རྒྱལ་པོ་ནི། །བྱི་ན་ཡ་ཀ་འཁོར་དང་བཅས། །འཁོར་དུ་བགེགས་ཕྲན་འབུམ་གྱིས་བསྐོར། །ལན་ཆགས་གླུད་གཏོར་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་དེངས། །དེ་ནས་གླུད་གཏོར་ཁ་ཕྱིར་བསྟན་ལ། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་བལ་པོ་བོད་ཡུལ་གྱི། །ཁྱོད་དམ་ལ་བཏགས་པའི་ལྷ་འདྲེ་རྣམས། །དམ་ཚིག་དབང་གིས་གླུད་འདི་བཞེས། །རང་རང་གནས་སུ་བདེ་བར་དེངས། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །སྔོན་གྱི་སློབ་དཔོན་བཀའ་བཅག་ན། །ཚེ་འདིར་སྡུག་བསྔལ་སྣ་ཚོགས་འབྱུང་། །ཕྱི་མ་རྡོ་རྗེ་དམྱལ་བར་ལྟུང་། །དེ་བས་བཀའ་དང་དམ་ལ་མ་འདའ་ཞིག ཀྱཻ། སྐུ་གླུད་ངར་གྱི་མི་བོ་ཆེ། །ད་ནི་གཤེགས་སོ་ཤ་ར་ར། །ད་ནི་བཞུད་དོ་ཀྱི་ལི་ལི། །མགོ་སྤྱི་བོའི་གཙུག་རུམ་མན་ཆད་དང་། །ཞབས་ཀྱི་རྐང་མཐིལ་ཡན་ཆོད་ཀྱི། །ནད་འདྲེ་ཚངས་སྲི་གང་ཡིན་པ། །སྐུ་གླུད་ངར་མི་ཁྱོད་ལ་སྤྲོ། །ཁྱོད་ཀྱིས་ནད་འདི་ཁྱེར་ལ་སོང་། །


CMR042_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མགོ་ནས་ཞྭ་ཕུད་ངར་མི་ཁྱོད་ལ་བཀོན། །མགོ་ནད་ཞྭ་ལྟར་ཕུད་ལ་སོང་། །རྒྱབ་ནས་གོས་ཕུད་ངར་མི་ཁྱོད་ལ་བཀོན། །རྒྱབ་ནད་གོས་ལྟར་ལྷཕུད་ལ་སོང་། །རྐང་ནས་ལྷམ་ཕུད་ངར་མི་ཁྱོད་ལ་བཀོན། །རྐང་ནད་ལྷམ་ལྟར་ཕུད་ལ་སོང་། །སྐུ་གླུད་ངར་མིས་ཚུར་གསོན་དང་། །དུ་འགྲོ་ད་བྱོན་ད་རན་རན། །གླུད་འགྲོ་རྣམས་ནི་ཤ་ར་ར། །ངར་འགྲོས་རྣམས་ནི་ལྡེམས་སེ་ལྡེམ། །ཁྱོད་ནི་སྐྱེས་བུ་ཆས་པ་འདྲ། །ཁྱོད་ནི་བག་མ་འགྲོ་མཁན་འདྲ། །ནམ་མཁའི་ཁམས་ལ་གདེངས་ཤིང་སོང་། །ས་གཞིའི་ཁམས་ལ་འཆམས་ཤིང་སོང་། །རང་རང་གནས་སུ་ད་སོང་ཞིག །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ། ཅེས་སོགས་ཀྱིས་མཚམས་དྲག་ཏུ་བཅད། གླུད་གཏོར་ཕྱི་མིག་མི་བལྟ་བར་ལམ་པོ་ཆེའམ། ལོ་བདུད་སྟེང་དུ་བསྐྱལ། བཤལ་ཆུ་དོར། ནད་པ་ལ་སྔགས་འདེབས་བྱ་བའོ། །ཞེས་རཱ་ག་ཨ་སྱས་བསྒྲིགས་པའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousལན་ཆགས་གླུད་བརྒྱ་བཏང་ཐབས།next