Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
ན་བསྒྲགས། འཆི་བསྒྲགས། དུར་ལོས། དུར་ཁ་ཚེ་བཟློག །སྲེག་ལོས་བྱེད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousན་བསྒྲགས། འཆི་བསྒྲགས། དུར་ལོས། དུར་ཁ་ཚེ་བཟློག །སྲེག་ལོས་བྱེད་པ།next

ན་བསྒྲགས། འཆི་བསྒྲགས། དུར་ལོས། དུར་ཁ་ཚེ་བཟློག །སྲེག་ལོས་བྱེད་པ།


CMR042_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྒྲགས། འཆི་བསྒྲགས། དུར་ལོས། དུར་ཁ་ཚེ་བཟློག །སྲེག་ལོས་བྱེད་པ། དེ་རྣམས་ཆ་ཚང་མ་ཕན་ཐོགས་ཆེ་བ་ཞིག་བཞུགས།


CMR042_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་ཤྲཱི་ཡེ། །འཇམ་དཔལ་དབྱངས་ཀྱིས་གསུངས་པ་ཡི། །སྤར་ཁ་བརྒྱད་ཀྱི་ཞལ་ཆེམས་ནི། །རིགས་མི་མཐུན་པ་འགའ་བྱུང་ནས། །ལོ་རེའམ་ནི་ལོ་འགའ་ཡི། །ཚེ་ཤུག་འོང་བའི་ཐབས་ལ་ནི། །ལོས་ལས་ལྷག་པར་མེད་པར་བཤད། །དེ་ཕྱིར་ལོས་དཔེ་འདི་ལ་གཟིགས། །སྔར་གྱི་སྔགས་པ་ཐམས་ཅད་ཀྱིས། །བཅའ་ལུགས་འཁྲུལ་ནས་འདི་ལྟར་བྱས། །ལི་ཐོག་ཡིན་ན་རྟ་ལ་འགེལ། །དེ་སོགས་སྤར་ཁ་གང་བབ་ཀྱི། །སོ་སོར་གནས་པའི་གཟུགས་ལ་འགེལ་བར་བྱེད། །དེ་འདྲ་བྱེད་མཁན་མང་ངོ་སྟེ། །བདེ་རུ་འགྲོ་བ་ཤིན་ཏུ་དཀའ། །ད་ནི་དུར་ལོས་ཕན་ཆེ་ནི། །བཅའ་ཚོགས་རྒྱས་འབྲིང་བསྡུས་དང་གསུམ། །ངར་མི་ནག་པོ་མཐོ་གང་ལ། །ཤིང་ནག་ཆ་བཅིངས་སྟེང་དུ་བཞག །གླུད་གོས་བཀོན་ཞིང་


CMR042_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཆངས་བུ་ནི། །ལོ་གྲངས་སམ་ནི་བཅུ་གསུམ་བཞག །དེ་ནི་བཅའ་ཚོགས་བསྡུས་པ་ཡིན། ༈ །འབྲིང་ནི་སོག་མའམ་སྤེན་ནེ་བཅིངས། །ངར་མི་གྲུ་གང་ཙམ་ཞིག་བྱ། །ཆ་བཅིངས་སྟེང་བཞག་གོས་རྙིང་བཀོན། །ཆངས་བུ་བརྒྱ་འམ་ལོ་གྲངས་བྱ། །དེ་ནི་འབྲིང་པོ་བཅའ་ལུགས་ཡིན། ༈ །རྒྱས་པར་སུར་ནག་ལ་སོགས་པ། །ཤིང་སྣ་དགུ་བཅིངས་ངར་མི་ནི། །ལུས་ཚད་ཞྭ་གོས་ལྷམ་གསུམ་བཀོན། །སྒྲ་སེན་དྲི་མ་དེ་ལ་བཏབ། །ཆ་བཅིངས་སྟེང་དུ་རོ་ལྟར་བཞག །ཆངས་བུ་ལོ་གྲངས་སུམ་གྱུར་བཞག །རྟ་ཡི་གཟུགས་དང་ལུག་གཟུགས་དང་། །རྟ་ཐོད་ཁྱི་ཐོད་ཕག་ཐོད་དང་། །ལུག་མགོ་དངོས་སམ་གཟུགས་བརྙན་བྱ། ༈ །དེ་ལྟར་རྒྱས་འབྲིང་གང་ལ་ཡང་། །ས་རྡོ་ཤིང་གསུམ་ཚེ་ཟད་དང་། །སོལ་བ་ཤུག་


CMR042_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཤུན་གྲོ་བ་དང་། །ཤ་དུམ་རུས་དུམ་རྫས་ཡིན་ནོ། ༈ །ཀོང་ཙེའི་བཤོས་བུ་རྩེ་ལྔ་དང་། །འབྲུ་སྣ་ཡོས་བཀྲ་མཆོད་པ་ཡིན། །ཇའམ་ཆང་ནི་སྐྱ་ཆུས་དང་། །ཤ་རྣམས་རྡོ་ཟན་བྱེད་པའི་རྫས། །གཏོ་མཁན་ལག་ཏུ་མདའ་དར་ཐོགས། །ལོས་ར་ལོས་ལུག་གང་འཛོམ་གཅིག །ཕོ་མོ་གང་ཡིན་མཚུངས་པར་ཁྲིད། །སྐྱེས་པ་ཡིན་ན་ར་ལུག་གང་འཛོམ་ཕོ། །བུད་མེད་ཡིན་ན་གང་འཛོམ་མོ། །ཕོ་མོ་གང་ཡིན་དུར་གྱི་ཐོག །སྐྱེས་པ་ཡིན་ན་ཕོ་དུར་སྟེང་དུ་བཞག །བུད་མེད་ཡིན་ན་མོ་དུར་སྟེང་དུ་བཞག །སྲེག་ལོས་དུར་ལོས་གཉིས་ལ་ཁྱད་པར་མེད། །སྲེག་ལོས་བྱེད་པ་སྲོལ་ཡིན་ཏེ། །ཚེས་གྲངས་ལྔ་གསུམ་བརྒྱད་གསུམ་ལ། །དུར་འདྲེ་རྒྱུ་བས་དེར་མི་འགྲོ། །ཕྱོགས་ནི་གཙང་སར་འགྲོ་བ་འབུལ་གལ་ཆེ། །གནམ་གང་ལྷ་འདྲེའི་ཡས་མི་མཐོང་། །ཉི་ནག་ཆེ་ཆུང་སོགས་ལ་འཛེམ། །དེ་མིན་ནམ་ཡང་རུང་བ་སྟེ། །སྐྱབས་འགྲོ་ཚད་མེད་བཞི་ཚར་འདི་སྐད་དོ། །འཕགས་པ་འཇམ་དཔལ་རིགས་ལྔ་ལ་སྐྱབས་སུ་མཆིའོ། །ཡོན་བདག་དུས་མིན་འཆི་བ་བཟློག་པའི་ཕྱིར། པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པ་དྷིམཐིང་ནག་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་པ་ལས། རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་ནམ་མཁའ་ལ་ཕྱར་བ། གཡོན་


CMR042_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལའི་ཡུ་བ་ཐུགས་ཀར་འཛིན་པ། སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་བཞུགས་པ། རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་གྱི་ཅོད་པན་དང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ཨོཾ་པྲ་སོད་ཆུ་སོད། དུར་ཏ་སོད་དུར་མི་སོད། སྙིང་མགོ་ལ་ཆོད། གཉན་མགོ་ལ་ཆོད། ཁ་ལ་ཛ། ཀཾ་ཤཾ་ཏྲི་རྦད་ཕཊ་སྭཱ་ཧཱ། ཨུ་པ་ཏྲ་ཡེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བརྒྱའམ། ཉེར་གཅིག་བཟླས་པས་རང་བསྲུང་ངོ་། །དེ་ནས་ཀོང་ཙེའི་གཏོར་མར་ཆུ་གཙང་བྲན། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབས། འོ་དེ་ཤན་ཞེས་བྱ་བ་ཡི། །རྩེ་ལྔའི་རི་ལ་དཔེ་བླངས་པའི། །ཀོང་ཙེའི་བཤོས་བུ་རྩེ་ལྔ་འདི། །འདོད་ཡོན་ལྔ་ཡི་སྤྲིན་ཕུང་། འཁྲིགས། །རྣམ་ལྔའི་མཆོད་པས་ནམ་མཁའ་གང་། །འཇམ་དཔལ་གཞོན་ནུ་ལ་སོགས་པའི། །སྟོན་པ་འཇམ་དབྱངས་རིགས་ལྔ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་


CMR042_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་སོགས། །འཕྲུལ་གྱི་རྒྱལ་པོ་སྡེ་ལྔ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །དུར་ཧར་ནག་པོ་ལ་སོགས་པའི། །རྒྱ་ནག་ཤུ་ཤང་བདུན་རྒྱུད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །མཁས་པ་ཁྲ་མོ་ལ་སོགས་པའི། །རྒྱ་བོད་ལོ་པཎ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །བདག་དང་ཡོན་བདག་སྲུང་སྐྱོབ་མཛོད། །ས་བདག་ཀླུ་རྒྱལ་ག་པ་སོགས། །ལོ་ཟླ་འབྱུང་བའི་ས་བདག་དང་། །ས་ཕྱོགས་ཡུལ་ཕྱོགས་འདིར་གནས་པའི། །ས་བདག་ཀླུ་གཉན་ཐམས་ཅད་ལ། །ཀོང་ཙེའི་བཤོས་སྨད་གྲུ་བཞི་དང་། །འབྲུ་སྣ་རིན་ཆེན་སྣ་ཚོགས་འབུལ། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །ཏིང་ངེ་འཛིན་གྱིས་བྱིན་བརླབས་ནས། །དུང་གི་གཡང་དཀར་བརྒྱད་ཁྲི་འབུལ། །ཤེལ་གྱི་མ་ཧེ་བརྒྱད་ཁྲི་འབུལ། །གསེར་གྱི་བ་གླང་བརྒྱད་ཁྲི་འབུལ། །གཡུ་ཡི་མཛོ་མོ་བརྒྱད་ཁྲི་འབུལ། །ཟངས་ཀྱི་རྔ་མོང་བརྒྱད་ཁྲི་འབུལ། །ལྕགས་ཀྱི་བོང་དྲེལ་བརྒྱད་ཁྲི་འབུལ། །དུང་ལུག་གཡུ་ར་བརྒྱད་ཁྲི་འབུལ། །ས་བདག་ཀླུ་གཉན་མཉེས་གྱུར་ཅིག །འཕགས་པ་འཇམ་དཔལ་རིགས་


CMR042_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་། །ཕྱོགས་བཞི་དབུས་ལྔའི་ས་བདག་ལ། །བཤོས་བུ་རྩེ་ལྔ་འདི་འབུལ་བས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ལོ་རྒན་དྲུག་ཅུ་ཐམ་པ་ཡི། །ལོ་བདུད་དྲུག་ཅུ་ཐམ་པ་ཟློག །ཚེ་ཟད་དྲུག་ཅུ་ཐམ་པ་ཟློག །དུར་ཁ་དྲུག་ཅུ་ཐམ་པ་ཟློག །འབྱུང་བ་ལྔ་ཡི་བདུད་གཅོད་ཟློག །འབྱུང་བ་ལྔ་ཡི་དུར་ཁ་ཟློག །འབྱུང་བ་ལྔ་ཡི་ཚེ་ཟད་ཟློག །འཆི་བར་ངེས་པའི་ཚེ་ཟད་ཟློག །ན་ངོ་འཆི་ངོ་དུར་ངོ་ཟློག །ཨོཾ་ཨཱཿརྱ་མཉྫ་ཤཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱུ་ཛ་ཧོ༔ ཨོཾ་བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་བ་ལི་ཏ་ཁཱ་ཧི། སརྦ་པཱ་ཙ་ཧོ། ཅེས་ཀོང་ཙེའི་གཏོར་མ་ཡར་འབུལ། །ཡོས་བཀྲ་དེའི་ཕྱེད་ནམ་མཁའ་ས་གཞིར་གཏོར། ༈ དེ་ནས་ངར་མི་དང་གླུད་ཐམས་ཅད་བྲན་ལ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ལྟེ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ངར་མིའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ། ལོས་ར་


CMR042_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་ལུག་ཆེ་ཚོ་སྟོབས་དང་ལྡན་པ། གླུད་ཡས་རྣམས་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་གྱུར། ཨ་ཀཱ་རོ་སོགས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་གསུམ་བརྗོད་ལ། ཧཱུྃ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །ཡི་དམ་མཐུ་སྟོབས་གཙོ་སྟེ་བདེན་པའི་མཆོག །མཁའ་འགྲོའི་བར་ཆད་སེལ་ཏེ་བདེན་པའི་མཆོག །ཆོས་སྐྱོང་ནུས་མཐུའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད། །འབབ་པའི་ཆུ་ལ་མི་འཐུང་གང་ཡང་མེད། །རི་རབ་ཟོམ་ལ་མི་བརྟེན་གང་ཡང་མེད། །སྐྱེ་འགྲོ་དབུགས་ལ་མི་བརྟེན་གང་ཡང་མེད། །འབྱུང་བ་ས་ལ་མི་བརྟེན་གང་ཡང་མེད། །མཐོ་སྟེ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་སྟེ་ན་རག་དམྱལ་ཁམས་ཡན་ཆད་དུ། །ལན་ཆགས་མགྲོན་དུ་གཉེར་བ་རྣམས། །སྲིད་པའི་ལོས་ལ་སྤྱན་འདྲེན་ནོ། །གཉེན་པོའི་ལོས་ལ་ད་ཚུར་བྱོན། །སྲིད་པའི་རྩེ་མོ་


CMR042_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་རྣམས། །གཉེན་པོའི་ལོས་ལ་གཤེགས་སུ་གསོལ། །སྤར་ཁ་དྭ་ལི་ཡིན་ན་ནི། །རང་ལོ་མེ་ཚུད་པས། དུར་ལོས་བྱ་རྒྱུ་ཡིན། གཉེན་པོས་ལོས་ལ་གཤེགས་སུ་གསོལ། །ཟེར་བ་ཡིན། སྤར་ཁ་ལི་མིན་ན་ནི། སྲེག་དགོས་པས། བསྲེག་ལོས་མདོས་ལ་སྤྱན་འདྲེན་ནོ། ཁ་བསྒྱུར་དགོས་པ་ཤེས་པར་བྱའོ། །དེ་གཉིས་མ་ནོར་བ་གལ་ཆེ།། བསྲེག་ལོས་དང་དུར་ལོས་ནོར་བ་གལ་ཆེའོ། །ཤར་ཕྱོགས་དྲི་ཟའི་སྡེ་ཚོགས་རྣམས། །བསྲེག་ལོས་མགྲོན་ལ་སྤྱན་འདྲེན་ན། །མ་ཐོགས་གནས་འདིར་གཤེགས་སུ་གསོལ། །ལྷོ་ཕྱོགས་གཤིན་རྗེའི་འཁོར་ཚོགས་རྣམས། །བསྲེག་ལོས་མགྲོན་ལ་སྤྱན་འདྲེན་ན། །མ་ཐོགས་གནས་འདིར་གཤེགས་སུ་གསོལ། །ནུབ་ཕྱོགས་ཀླུ་གདོན་འཁོར་ཚོགས་རྣམས། །བསྲེག་ལོས་མགྲོན་ལ་སྤྱན་འདྲེན་ན། །མ་ཐོགས་གནས་འདིར་གཤེགས་སུ་གསོལ། །བྱང་ཕྱོགས་གནོད་སྦྱིན་སྡེ་ཚོགས་རྣམས། །བསྲེག་ལོས་མགྲོན་ལ་སྤྱན་འདྲེན་ན། །མ་ཐོགས་ལྕེ་གནས་འདིར་གཤེགས་སུ་གསོལ། །ཕར་རི་ཚུར་རི་གཡས་རི་གཡོན་རི་འདིར། །གནས་པའི་ལྷ་འདྲེ་གནོད་སྦྱིན་སྡེ་ཚོགས་རྣམས། །བསྲེག་ལོས་མགྲོན་ལ་སྤྱན་འདྲེན་ན། །


CMR042_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོགས་གནས་འདིར་གཤེགས་སུ་གསོལ། ཀྱཻ། །དང་པོ་ལོས་བྱུང་གང་ནས་བྱུང་། །ལྷ་བུ་ནོར་བུ་དོན་གྲུབ་བསྙུངས་། །སློབ་དཔོན་འཆི་མེད་གཙུག་ཕུད་བཀུག །མཐུན་རྫས་ལོས་ཀྱིས་བསྐང་ལགས་བྱས། །དེ་ནས་ལོས་བྱུང་གང་ནས་བྱུང་། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་བསྙུངས། །དཔོན་སློབ་གསང་བ་གཏོ་འབུམ་བཀུག །མཐུན་རྫས་ལོས་ཀྱིས་བསྐངས་ལགས་བྱས། །དེ་ནས་ལོས་བྱུང་གང་ནས་བྱུང་། །རྒྱལ་པོ་མུ་ཁྲི་བཙན་པོ་བསྙུངས། །སློབ་དཔོན་རྒྱལ་མི་ལོ་ཙཱ་བཀུག །མཐུན་རྫས་ལོས་ཀྱིས་བསྐངས་ལགས་བྱས། །ད་ལྟ་ལོས་བྱུང་གང་ནས་བྱུང་། །སྐལ་ལྡན་རྒྱུ་སྦྱོར་ཡོན་བདག་ལ། །སྔགས་འཆང་རྣལ་འབྱོར་བདག་ཉིད་བཀུག །མཐུན་རྫས་ལོས་ལ་སྤྱན་འདྲེན་ན། །སྲིད་པའི་སྐུ་གླུད་འདི་འབུལ་ལོ། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །སྤར་ཁའི་དུར་མིག་ད་ཆོད་ཅིག །དེ་རིང་སྲིད་པའི་གནམ་གང་ལ། །རྒྱུ་སྦྱོར་ཡོན་བདག་འདི་དག་གིས། །ཁར་སང་ཁར་གྱི་ཉིན་པར་ལ། །མོ་བརྡར་རྩིས་ནི་བྱས་པ་ལས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ནི། འཆི་བདག་ཞགས་པས་ཐེབས་


CMR042_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཟེར། །བདག་སྔགས་འཆང་རྒྱལ་པོ་སྤྱན་དྲངས་ནས། །རྒྱུ་སྦྱོར་ཡོན་བདག་སྐུ་གླུད་ལ། །འབྲུ་སྣ་བརྒྱད་ཀྱི་ཕྱེ་ཟན་ལ། །ངར་མི་མཛེས་པའི་གཟུགས་སུ་བཏོད། །སྐུ་གླུད་ཡས་ལ་སྤྱན་འདྲེན་ན། །མི་བས་གླུད་བཟང་ལྷ་ཕྲུག་འདྲ། །ཤ་ནི་ས་དང་ཁྲག་ནི་ཆུ། །རུས་པ་རྡོ་ལ་དབུགས་ནི་རླུང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཚང་། ཀྱཻ། སྐུ་གླུད་ངར་གྱི་མི་བོ་ཆེ། །ཁྱོད་ནི་བདག་ལ་ཚུར་ཉོན་དང་། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །ལོ་ཡི་ན་སྒུག་ཤི་སྐག་ཡང་། །སྐུ་གླུད་ནག་པོ་ཁྱོད་ཀྱིས་ཟློག །ཟླ་བའི་ན་སྐག་ཤི་སྐག་ཡང་། །སྐུ་གླུད་ནག་པོ་ཁྱོད་ཀྱིས་ཟློག །ཞག་གི་ན་སྐག་ཤི་སྐག་ཡང་། །སྐུ་གླུད་ནག་པོ་ཁྱོད་ཀྱིས་ཟློག །ཟ་མའི་ན་སྐག་ཤི་སྐག་ཡང་། །སྐུ་གླུད་ནག་པོ་ཁྱོད་ཀྱིས་ཟློག །སྐར་མའི་ན་སྐག་ཤི་སྐག་ཡང་། །སྐུ་གླུད་ནག་པོ་ཁྱོད་ཀྱིས་ཟློག །ཚེས་གྲངས་ན་སྐག་ཤི་སྐག་ཡང་། །སྐུ་གླུད་ནག་པོ་ཁྱོད་ཀྱིས་ཟློག །དུས་ཚོད་ན་སྐག་ཤི་སྐག་ཡང་། །སྐུ་གླུད་ནག་པོ་ཁྱོད་ཀྱིས་ཟློག །རྒྱ་བོད་སྐག་རིགས་ཐམས་ཅད་ཡང་། །སྐུ་གླུད་ནག་པོ་ཁྱོད་ཀྱིས་ཟློག །སྤར་ཁའི་ན་སྐག་ཤི་


CMR042_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་ཡང་། །སྐུ་གླུད་ནག་པོ་ཁྱོད་ཀྱིས་ཟློག །སྨེ་བའི་ན་སྐག་ཤི་སྐག་ཡང་། །སྐུ་གླུད་ནག་པོ་ཁྱོད་ཀྱིས་ཟློག །ཐམས་ཅད་སྐུ་གླུད་ཁྱོད་ལ་ཚང་། །ཟློག་ཅིག་ན་སྐག་ཤི་སྐག་ཟློག །དུས་མིན་འཆི་བ་ཐམས་ཅད་ཟློག །སྐུ་གླུད་ནག་པོ་ཁྱེད་རྣམས་ཀྱིས། །ལོ་གསུམ་བར་དུ་བཤོལ་ཐོབ་ཅིག ཀྱཻ། སྐུ་གླུད་གཟུགས་ཀྱི་མི་བོ་ཆེ། །ཁྱོད་ཀྱིས་བདག་ལ་ཚུར་ཉོན་དང་། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །མགོ་བོའི་སྤྱི་གཙུག་མན་ཆད་ནས། །འོག་གི་རྐང་མཐིལ་ཡན་ཆོད་དུ། །ནད་འདྲེ་ཤར་བ་གང་ཡོད་ཀྱང་། །ཚོགཟུགས་གླུད་ནག་པོ་ཁྱོད་ཀྱིས་ཟློག །སྨྱོ་བར་བྱེད་པ་རྒྱལ་པོའི་གདོན། །ནད་འདྲེ་ཤར་བ་གང་ཡོད་ཀྱང་། །གཟུགས་གླུད་ནག་པོ་ཁྱོད་ཀྱིས་ཟློག །ལྐུགས་པར་བྱེད་པ་དྲི་ཟའི་གདོན། །ནད་འདྲེ་ཤར་བ་གང་ཡོད་ཀྱང་། །གཟུགས་གླུད་ནག་པོ་ཁྱོད་ཀྱིས་ཟློག །འཐོམ་པར་བྱེད་པ་དམུ་ཆུའི་ནད། །ནད་འདྲེ་ཤར་བ་གང་ཡོད་ཀྱང་། །གཟུགས་གླུད་ནག་པོ་ཁྱོད་ཀྱིས་ཟློག །བཤལ་བར་བྱེད་པ་མ་མོའི་གདོན། །ནད་འདྲེ་ཤར་བ་གང་ཡོད་ཀྱང་། །གཟུགས་གླེད་ནག་པོ་ཁྱོད་ཀྱིས་ཟློག །རྨ་ངོ་ཁྲག་ངོ་གྲིབ་ངོའི་


CMR042_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གདོན། །ནད་འདྲེ་ཤར་བ་གང་ཡོད་ཀྱང་། །གཟུགས་གླུད་ནག་པོ་ཁྱོད་ཀྱིས་ཟློག །རླུང་མཁྲིས་བད་ཀན་ལ་སོགས་པའི། །འདུ་བ་རྣམ་བཞིའི་ནད་རྣམས་ཀྱང་། །གཟུགས་གླུད་ནག་པོ་ཁྱོད་ཀྱིས་ཟློག །མོ་ངན་མཚན་ལྟས་ངན་པ་ཡང་། །གཟུགས་གླུད་ནག་པོ་ཁྱོད་ཀྱིས་ཟློག །སྐག་རིགས་སུམ་བརྒྱ་དྲུག་ཅུ་ཡང་། །གཟུགས་གླུད་ནག་པོ་ཁྱོད་ཀྱིས་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང་། །གཟུགས་གླུད་ནག་པོ་ཁྱོད་ཀྱིས་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཡང་། །གཟུགས་གླུད་ནག་པོ་ཁྱོད་ཀྱིས་ཟློག །ནའོ་ཟེར་བའི་སྒྲ་ཞིག་མ་ཐོས་བར། །ནད་འདྲེ་གདུག་པ་ཅན་རྣམས་མི་ཚིམས་པས། །ན་སྒྲོག་བྱེད་ཅིང་ལྷ་རྗེ་འབོད་ཚུལ་གྱིས། །ལྷ་རྗེ་ཡིན་བརྗོད་ཕྱོགས་བཞིའི་རྡོ་བཞི་བླངས། །ལྷ་རྗེའི་རྩ་ནི་ངན་ཟེར་གཏམ་ངན་བསྒྲགས། ཀྱཻ། ཉོན་ཅིག་སྣང་སྲིད་ལྷ་འདྲེ་རྣམས། །སྤྱན་གྱིས་གཟིགས་ལ་སྙན་གྱིས་གསོན། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །གཞོགས་གཡས་ཤར་དུ་བསྟན་པ་ལ། །འབྱུང་བ་ཤིང་གི་ཁམས་སུ་སྲིད། །འབྱུང་བ་ཤིང་གི་མཁར་ནང་ནས། །འབྱུང་བ་ཤིང་གི་ལྷ་རྗེ་བོས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཤིང་ཆེན་འགྱེལ་འདྲའི་ན་སྐག་


CMR042_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཤིང་ཆེན་ལོ་འབྲས་སྐམ་འདྲའི་ནད་སྐག་རྣམས། །སྟོན་ཤིང་ལོ་མ་སྐམ་འདྲའི་ནད་རྣམས་ཀྱང་། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། །ཞ་རེངས་མཐིང་གྲུམ་ནད་རྣམས་ཀུན། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། །མཆིན་རྩ་མ་ཚང་སྡུད་འཐིང་དང་། །འཆི་བའི་དུས་ལ་བབ་པ་དང་། །སྨྲེ་སྔགས་འོ་དོད་འབོད་པ་དང་། །དགེ་བ་ཁས་ལེན་བྱེད་པ་དང་། །ཞག་དང་ཟ་མ་བགྲངས་པ་དང་། །བན་བོན་འདིར་བྱོན་ཟེར་བ་དང་། །ཤར་ནས་ལྷ་རྗེ་འབོད་པ་དང་། །དུས་བཞི་ལོག་པས་འཆི་རྩ་རྣམས། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། ཀྱཻ། མ་ཧཱ་གསེར་གྱི་རུས་སྦལ་གྱི། །མགོ་བོ་ལྷོ་རུ་བསྟན་པ་ལ། །འབྱུང་བ་མེ་ཡི་ཁམས་སུ་སྲིད། །མེ་ལས་གྲུབ་པའི་མཁར་ནང་ནས། །འབྱུང་བ་མེ་ཡི་ལྷ་རྗེ་བོས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ནགས་ལ་མེ་ཤོར་འདྲ་བའི་ནད་རྣམས་དང་། །ཁང་ཁྱིམ་མེ་ཡིས་ཚིག་འདྲའི་ནད་རྣམས་ཀྱང་། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། །བཙན་གྱི་ཁྲག་གཟེར་གཏོང་བ་དང་། །མིག་དམར་དལ་ཡམས་འབེབས་པ་དང་། །གློ་བུར་འཆི་བའི་ནད་རྣམས་ཀྱང་། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། །


CMR042_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྩ་མ་ཚང་འཆི་དུས་བབ་པ་དང་། །སྨྲེ་སྔགས་འོ་དོད་འབོད་པ་དང་། །དགེ་བ་ཁས་ལེན་བྱེད་པ་དང་། །ཞག་དང་ཟ་མ་བགྲང་བ་དང་། །བན་བོན་། འདིར་བྱོན་ཟེར་བ་དང་། །ལྷོ་ནས་ལྷ་རྗེ་འབོད་པ་དང་། །དུས་བཞི་ལོག་པས་འཆི་རྩ་རྣམས། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། ཀྱཻ། མ་ཧཱ་གསེར་གྱི་རུས་སྦལ་གྱི། །གཞོགས་གཡོན་ནུབ་ཏུ་བསྟན་པ་ལ། །འབྱུང་བ་ལྕགས་ཀྱི་ཁམས་སུ་སྲིད། །ལྕགས་ལས་གྲུབ་པའི་མཁར་ནང་ནས། །འབྱུང་བ་ལྕགས་ཀྱི་ལྷ་རྗེ་བོས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ལྕགས་གདོང་མེ་ཤོར་འདྲ་བའི་ནད་རྣམས་ཀྱང་། །སྲོག་ལ་ཧྲིལ་གྱིས་འདྲིལ་བ་འདྲ་བའི་ནད་རྣམས་དང་། །སྙིང་རླུང་འཕྱོ་བའི་འདྲ་བའི་ནད་རྣམས་ཀུན། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། །གློ་རྩ་མ་ཚང་འཆི་ཟེར་དང་། །འཆི་བའི་དུས་ལ་བབ་པ་དང་། །སྨྲེ་སྔགས་གཏིང་ནས་ཤོར་བ་དང་། །དགེ་བ་ཁས་ལེན་བྱེད་པ་དང་། །ལྕེ་ཞག་དང་ཟ་མ་བགྲངས་བ་དང་། །བན་བོན་འདིར་བྱོན་ཟེར་བ་དང་། །ནུབ་ནས་ལྷ་རྗེ་འབོད་པ་དང་། །དུས་བཞི་ལོག་པས་འཆི་རྩ་རྣམས། །དེ་རིང་ལོས་ཆེན་འདི་ཡིས་


CMR042_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར། ཀྱཻ། མ་ཧཱ་གསེར་གྱི་རུས་སྦལ་གྱི། །མཇུག་མ་བྱང་དུ་བསྟན་པ་ལ། །འབྱུང་བ་ཆུ་ཡི་ཁམས་སུ་སྲིད། །ཆུ་ལས་གྲུབ་པའི་མཁར་ནང་ནས། །འབྱུང་བ་ཆུ་ཡི་ལྷ་རྗེ་བོས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །འབབ་ཆུ་གཏིང་ནས་འཁྱགས་པ་འདྲ་བའི་སྲིན་ནད་དང་། །རྒྱ་མཚོ་སྟེང་ནས་འཁྱགས་པ་འདྲ་བའི་མཁལ་ནད་དང་། །མཁལ་རྩ་མ་ཚང་འཆི་དུས་བབ་པ་དང་། །སྨྲེ་སྔགས་གཏིང་ནས་ཤོར་བ་དང་། །དགེ་བ་ཁས་ལེན་བྱེད་པ་དང་། །ཞག་དང་ཟ་མ་བགྲང་བ་དང་། །བན་བོན་འདིར་བྱོན་ཟེར་བ་དང་། །བྱང་ནས་ལྷ་རྗེ་འབོད་པ་དང་། །དུས་བཞི་ལོག་པས་འཆི་རྩ་རྣམས། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། ཀྱཻ། མ་ཧཱ་གསེར་གྱི་རུས་སྦལ་གྱི། །ཡན་ལག་མཚམས་བཞིར་བརྐྱང་བ་ལ། །འབྱུང་བ་ས་ཡི་ཁམས་སུ་སྲིད། །ས་ལས་གྲུབ་པའི་མཁར་ནང་ནས། །འབྱུང་བ་ས་ཡི་ལྷ་རྗེ་བོས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རི་བོ་རྨང་ནས་འགྱེལ་འདྲའི་ནད་རྣམས་དང་། །མཚེར་རྩ་མ་ཚང་དུས་ལ་བབ་པ་དང་། །འཆི་བའི་དུས་ལ་བབ་པ་དང་། །སྨྲེ་སྔགས་འོ་དོད་འབོད་པ་དང་། །དགེ་བ་ཁས་ལེན་བྱེད་པ་དང་། །


CMR042_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་དང་ཟ་མ་བགྲང་བ་དང་། །བན་བོན་འདིར་བྱོན་ཟེར་བ་དང་། །མཚམས་བཞིའི་ལྷ་རྗེ་འབོད་པ་དང་། །དུས་བཞི་ལོག་པའི་འཆི་རྩ་རྣམས། །།དེ་ལོས་ཆེན་འདི་ཡིས་སྒྱུར། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །སྟེང་ནས་བྱ་ནག་ལྡིང་བ་དང་། །འོག་ནས་ཁྱི་ནག་རྒྱུག་པ་ཡང་། །བར་ནས་དུར་ས་འགུལ་བ་རྣམས། །དེ་རིང་ལོས་ཆེན་འདི་ཡིས་སྦྱར། །ཤི་འདྲེ་ཤི་བདག་བདུད་པོ་ནི། །ཤི་བའི་ཚིག་དེ་མ་ཐོས་བར། །ཇི་ལྟར་བྱས་ཀྱང་ཁོ་མི་ཚིམ། །དེ་ཕྱིར་སྐབས་དེར་ཤི་བསྒྲག་བྱ། །ཉེ་དུ་གྲོང་ཚོགས་ཐམས་ཅད་ཀྱིས། །ཤི་ནས་ཐལ་ཞེས་སྐད་ཆེན་འབོད། །ཡུལ་མི་ཁྱིམ་མཚེས་ཐམས་ཅད་འཚོགས། །ངུ་སྐད་སྒྲོག་ཅིང་སྨྲེ་སྔགས་འདོན། །ཉེ་དུ་ཁྱིམ་མཚེས་འཚོགས་ནས་གྲོས་མ་བསྔགས། །བླ་མ་དཔོན་སློབ་འབོད་ཚུལ་གྱིས། །བླ་མ་འདྲེན་ནས་ཆོ་ག་བྱེད་ཚུལ་དང་། །སྒོམ་པ་འབོད་ནས་སྐརྨ་བརྩི་ཚུལ་དང་། །སླར་ཡང་ས་མགྲོན་རྡོ་མགྲོན་མང་དུ་བསྡུས། །གྲལ་ལ་འགྲིགས་པ་ལྟ་བུར་བཞག ཀྱཻ། དང་པོ་ལོས་བྱུང་གང་ནས་བྱུང་། །བསྐལ་པའི་མིང་ནི་རྫོགས་ལྡན་ལྕེ་བཟང་། །དུས་ཚོད་མིང་ནི་བསྐལ་པ་བཟང་། །སངས་རྒྱས་མཚན་ནི་མར་མེ་མཛད། །རྒྱལ་པོའི་མིང་ནི་ཀྲི་ཀྲི་ཞེས། །དུས་དང་བསྐལ་པ་དེ་ཙམ་ན། །ལྷ་བུ་ནོར་བུ་དོན་


CMR042_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བསྙུངས། །དཔོན་སློབ་འཆི་མེད་གཙུག་ཕུད་བཀུག །འཆི་ཚུལ་འཕོ་བ་འདེབས་ཚུལ་བྱས། །སྲིད་པའི་ལོས་ཆེན་འདི་བྱས་པས། །ལྷ་བུའི་དོན་གྲུབ་བསྙུངས་ལས་ཐར། །དེ་དུས་ཇི་ལྟར་ཕན་པ་བཞིན། །དེ་རིང་ཡོན་གྱི་བདག་པོ་ཡི། །འཆི་བ་ནད་ལས་ཐར་བར་ཤོག །ན་ཤི་དུར་ཁ་ལོས་ཀྱི་ཆོད། །བསྐལ་པ་དེ་ཡི་འོག་རོལ་དུ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་བསྙུངས། །སློབ་དཔོན་གཏོ་འབུམ་གསང་བ་བཀུག །འཆི་ཚུལ་འཕོ་བ་འདེབས་ཚུལ་བྱས། །སྲིད་པའི་ལོས་ཆེན་འདི་བྱས་པས། །ཀོང་ཙེ་འཕྲུལ་རྒྱལ་བསྙུངས་ལས་ཐར། །དེ་དུས་ཇི་ལྟར་ཕན་པ་བཞིན། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །འཆི་བའི་ནད་ལས་ཐར་བར་ཤོག །ན་ཤིའི་དུར་ཁ་ལོས་ཀྱིས་ཆོད། །བསྐལ་པ་དེ་ཡི་འོག་མ་ལ། །རྒྱལ་པོ་མུ་ཏིག་བཙན་པོ་བསྙུངས། །སློབ་དཔོན་རྒྱ་མི་ལོ་ཙཱ་བཀུག །འཆི་ཚུལ་འཕོ་བ་འདེབས་ཚུལ་བྱས། །སྲིད་པའི་ལོས་ཆེན་འདི་བྱས་པས། །རྒྱལ་པོ་དེ་ཉིད་བསྙུངས་ལས་ཐར། །དེ་རིང་ཡོན་གྱི་བདག་པོ་ཡི། །འཆི་བའི་ནད་ལས་ཐར་བར་ཤོག །ན་ཤི་དུར་ཁ་ལོས་ཀྱིས་ཆོད། །བསྐལ་པ་དེ་ཡི་འོག་རོལ་དུ། །རྒྱུ་


CMR042_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཡོན་གྱི་བདག་པོ་འདི། །བསྙུང་བའི་ནད་ཀྱིས་ཟིན་པ་ལ། །བླ་མ་སློབ་དཔོན་བོས་ནས་ནི། །འཆི་ཚུལ་འཕོ་བ་འདེབས་ཚུལ་བྱས། །སྲིད་པའི་ལོས་ཆེན་འདི་བྱས་པས། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ནི། །འཆི་བའི་སྐག་ལས་ཐར་བར་ཤོག །ན་ཁ་འཆི་ཁ་དུར་ཁ་ཡང་། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །སྟེང་ནས་བྱ་ནག་ལྡིང་བ་དང་། །འོག་ནས་ཁྱི་ནག་ཟུག་པ་དང་། །ལུས་ལ་ན་ཚ་འོང་བ་དང་། །མོ་ངན་རྨི་ལམ་ངན་པ་དང་། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། །སྲོག་ལ་ཤི་ཆད་འོང་བ་ཡང་། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། །བསྲུང་རྟ་མི་ཁ་སྡང་བ་ཡང་། །དེ་རིང་ལོས་ཆེན་འདི་ཡིས་སྒྱུར། །དེ་ནས་ངར་མི་ཆ་ཐོག་ཏུ་བཞག་ལ། ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་རྣམས་སུ་འཕེན་ཚུལ་བྱས་ལ། ཕྱོགས་གཅིག་མཐུན་པར་འཕེན་ཚུལ་བྱའོ། །དང་པོ་ཤར་ཕྱོགས་སུ་འཁྱེར་ཚུལ་བྱས་ལ་འདི་སྐད་དོ།། ཀྱི། སྣང་ཞིང་སྲིད་པའི་ལྷ་འདྲེ་ཝེ་རྣམས། །སྙན་གྱིས་གསོན་དང་སྤྱན་གྱིས་གཟིགས། །དཀོན་མཆོག་གསུམ་གྱི་བཀའ་མ་བཅག །རིག་འཛིན་རྣམས་ཀྱི་དམ་མ་བཀྲལ། །རྣལ་འབྱོར་བདག་གི་བཀའ་ལ་


CMR042_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན། ཀྱཻ། ད་ནི་ལོས་ཁྱེར་ཤར་ན་ཁྱེར། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །སྟག་ཡོས་ལོ་པའི་ན་ས་དུར་ས་ཡོད། །སྲོག་གི་དུར་ལོས་དེ་ལ་འབུལ། །བདག་དང་ཡོན་བདག་འཁོར་བཅས་ཀྱིས། །སྟག་ཡོས་ལོ་པའི་ན་ས་དུར་ས་སྤོས། །རོའི་གཟུགས་དེ་ཤར་དུ་འཕེན་ཚུལ་འཁྱེར་ཚུལ་བྱས། ཀྱི། ཉི་མ་ཤར་ཕྱོགས་ཕ་ཀི་ན། །སེང་གེ་དཀར་མོའི་ཁ་ནང་ནས། །གཡུ་འབྲུག་སྔོན་མོ་ཁྱེར་ཏེ་གདའ། །སེངྒེ་བདུད་ཀྱི་སྤྲུལ་པ་སྟེ། །སེངྒེའི་ཁ་ལ་ལོས་འདི་རྒྱོབས། །གཡུ་འབྲུག་མི་ཡི་བླ་ཚེ་སྤྱོད། ཀྱཻ། ཉི་མ་ཤར་ལྷོ་ཕ་ཀི་ན། །རྒྱ་སྟག་ཁྲ་བོའི་ཁ་ནང་ནས། །རྟེལ་མཐོར་ཕོ་མོ་ཁྱེར་ཏེ་གདའ། །རྒྱ་སྟག་བདུད་ཀྱི་སྤྲུལ་པ་སྟེ། །རྒྱ་སྟག་ཁ་ལ་ལོས་འདི་རྒྱོབ། །རྟེལ་ཐོར་མི་ཡི་བླ་ཚེ་སྤྱོད། །དེ་ནས་ལྷོར་འཕེན་ཚུལ་དང་འཁྱེར་ཚུལ་བྱས། ཀྱཻ། ད་ནས་ལོས་འཁྱེར་ལྷོ་ན་ཁྱེར། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །རྟ་སྦྲུལ་ལོ་པའི་ན་ས་དུར་ས་སྤོས། །སྲོག་གི་དུར་ལོས་དེ་ལ་འབུལ། །བདག་དང་ཡོན་བདག་འཁོར་བཅས་ཀྱིས། །རྟ་སྦྲུལ་ལོ་པའི་ན་ས་ཆོད་ལ་དུར་ས་སྤོས། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །དོམ་བུ་ཐུག་དཀར་ཁ་ནང་ནས། །འབྲོང་བུ་དར་མ་ཁྱེར་


CMR042_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གདའ། །དོམ་བུ་བདུད་ཀྱི་སྤྲུལ་པ་སྟེ། །དོམ་བུའི་ཁ་ལ་ལོས་འདི་རྒྱོབ། །འབྲོང་བུ་མི་ཡི་བླ་ཚེ་སྤྱོད། ཀྱཻ། ཉི་མ་ལྷོ་ནུབ་ཕ་ཀི་ན། །འཕར་བ་དམར་པོའི་ཁ་ནང་ནས། །གཡུ་ཡི་ར་ཐོང་ཁྱེར་ཏེ་གདའ། །འཕར་བ་བདུད་ཀྱི་སྤྲུལ་པ་སྟེ། །འཕར་བའི་ཁ་ལ་ལོས་འདི་རྒྱོབ། །ར་ཐོང་མི་ཡི་བླ་ཚེ་སྤྲོད། ནུབ་ཏུ་འཕེན་ཚུལ་ཁྱེར་ཚུལ་བྱེད། ཀྱཻ། ད་ནས་ལོས་ཁྱེར་ནུབ་ལ་ཁྱེར། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བྱ་སྤྲེལ་ལོ་པའི་ན་ས་དུར་ས་ཡོད། །སྲོག་གི་དུར་ལོས་དེ་ན་འབུལ། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །བྱ་སྤྲེལ་ལོ་པའི་ན་ས་དུར་ས་སྤོས། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །སྲམ་ཐོང་སྔོན་མོའི་ཁ་ནང་ན། །གསེར་གྱི་ཉ་མོ་ཁྱེར་ཏེ་གདའ། །སྲམ་ཐོང་བདུད་ཀྱི་སྤྲུལ་པ་སྟེ། །སྲམ་ཐོང་ཁ་ལ་ལོས་འདི་རྒྱོབ། །གསེར་ཉ་མི་ཡི་བླ་ཚེ་སྤྲོད། ཀྱཻ། ཉི་མ་ནུབ་བྱང་ཕ་ཀི་ན། །སྤྱང་ཐོང་སྔོན་མོའི་ཁ་ནང་ནས། །དུང་གི་ལུ་གུ་ཁྱེར་ཏེ་གདའ། །སྤྱང་ཐོང་བདུད་ཀྱི་སྤྲུལ་པ་སྟེ། །སྤྱང་ཐོང་ཁ་ན་ལོས་འདི་རྒྱོབ། །ལུ་གུ་མི་ཡི་བླ་ཚེ་སྤྱོད། །ཡང་བྱང་དུ་འཁྱེར་ཚུལ་འཕེན་ཚུལ་བྱས་ལ། ད་ནི་ལོས་འཁྱེར་བྱང་དུ་


CMR042_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། །ཉི་མ་བྱང་ཕྱོགས་ཕ་ཀི་ན། །བྱི་ཕག་ལོ་པའི་ན་ས་དུར་ས་ཡོད། །སྲོག་གི་དུར་ལོས་དེ་ལ་འབུལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །བྱི་ཕག་ལོ་པའི་ན་ས་དུར་ས་སྤོས། །ཉི་མ་བྱང་ཕྱོགས་ཕ་ཀི་ན། །སྐྱ་བཀྲ་ཧོར་བཀྲའི་ཁ་ནང་ནས། །བྱིའུ་ཆུང་ལྷག་གུ་ཁྱེར་ཏེ་གདའ། །སྐྱ་བཀྲའི་བདུད་ཀྱི་སྤྲུལ་པ་སྟེ། །སྐྱ་བཀྲའི་ཁ་ན་ལོས་འདི་རྒྱོབ། །བྱིའུ་ཆུང་མི་ཡི་བླ་ཚེ་སྤྲོད། ཀྱཻ། ཉི་མ་བྱང་ཤར་ཕ་ཀི་ན། །སྲེ་མོང་རལ་ཆེན་ཁ་ནང་ནས། །གསེར་གྱི་བྱི་བ་ཁྱེར་ཏེ་གདའོ། །སྲེ་མོང་བདུད་ཀྱི་སྤྲུལ་པ་སྟེ། །སྲེ་མོང་ཁ་ན་ལོས་འདི་རྒྱོབ། །བྱི་བ་མི་ཡི་བླ་ཚེ་སྤྲོད། །སྟེང་དུ་ཁྱེར་ཚུལ་དང་འཕེན་ཚུལ་བྱེད། ཀྱི། ད་ནི་ལོས་ཁྱེར་སྟེང་དུ་ཁྱེར་། །ཉི་མ་སྟེང་ཕྱོགས་ཕ་ཀི་ན། ཡ་བདུད་རྒྱལ་པོའི་ཁ་ནང་ནས། །ཉི་ཟླ་གཟའ་སྐར་ཁྱེར་ཏེ་གདའ། །ཡ་བདུད་བདུད་ཀྱི་སྤྲུལ་པ་སྟེ། །ཡ་བདུད་ཁ་ལ་ལོས་འདི་རྒྱོབ། །ཉི་ཟླ་སྐར་གསུམ་མི་ཡི་བླ་ཚེ་སྤྱོད། །འོག་ཏུ་འཕེན་ཚུལ་དང་ཁྱེར་ཚུལ་བྱ། ཀྱི། ད་ནི་ལོས་ཁྱེར་འོག་ཏུ་ཁྱེར། །ཉི་མ་འོག་ཕྱོགས་ཕ་ཀི་ན། །མ་བདུད་རྒྱལ་མོའི་ཁ་ནང་ནས། །གསེར་ཉ་གསེར་སྦྲུལ་ཁྱེར་ཏེ་གདའ། །མ་བདུད་


CMR042_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་སྤྲུལ་པ་ཡིན། །མ་བདུད་ཁ་ལ་ལོས་འདི་ཁྱེར། །གསེར་སྦྲུལ་མི་ཡི་བླ་ཚེ་ཡིན། །ན་ས་ཆོད་ལ་དུར་ས་སྤོས། །མཚམས་བཞི་འཕེན་ཚུལ་དང་ཁྱེར་ཚུལ་བྱེད། ཀྱཻ། ད་ནི་ལོས་འཁྱེར་མཚམས་བཞིར་ཁྱེར། །ཉི་མ་མཚམས་བཞི་ཕ་ཀི་ན། །ཁྱི་འབྲུག་གླང་ལུག་བཞི་པོ་ཡི། །ན་ས་ཆོད་ལ་དུར་ས་སྤོས། །སྲོག་གི་དུར་ལོས་དེ་ལ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ཁྱི་འབྲུག་གླང་ལུག་ལོ་པ་ཡི། །ན་ས་ཆོད་ལ་དུར་ས་སྤོས། །ཡང་བདག་རང་གི་མི་ནོར་གྱི་ལོས་ནི། ཀྱི། རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཁྱིམ་སྒོ་ལམ་སྲང་འདི་དག་ལ། །ཕོ་སྲི་མོ་སྲི་ཁ་ནང་ནས། །ཡོན་བདག་མི་ནོར་ཁྱེར་ཏེ་གདའ། །ཕོ་སྲི་མོ་སྲི་བདུད་སྤྲུལ་ཏེ། །མི་ནོར་མི་ཡི་བླ་ཚེ་ཡིན། །ཕོ་སྲི་མོ་སྲི་ཁ་ན་ལོས་འདི་རྒྱོབ། །མི་ནོར་མི་དང་བཅས་པའི་བླ་ཚེ་སྤྱོད། །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །ས་བདག་སྐག་རྣམས་ཁྱོད་ཀྱིས་ཟློག །ལོ་ཡི་སྐག་རྣམས་ཁྱོད་ཀྱིས་ཟློག །ཟླ་བའི་སྐག་རྣམས་ཁྱོད་ཀྱིས་ཟློག །ཞག་གི་སྐག་རྣམས་ཁྱོད་ཀྱིས་ཟློག །ཚེས་གྲངས་སྐག་རྣམས་ཁྱོད་ཀྱིས་ཟློག །དུས་ཚོད་སྐག་རྣམས་ཁྱོད་ཀྱིས་ཟློག །


CMR042_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ཁའི་སྐག་རྣམས་ཁྱོད་ཀྱིས་ཟློག །སྨེ་བའི་སྐག་རྣམས་ཁྱོད་ཀྱིས་ཟློག །ལོ་རྒན་དྲུག་ཅུ་སྐག་རྣམས་ཁྱོད་ཀྱིས་ཟློག །གཟའ་སྐར་སྐག་རྣམས་ཁྱོད་ཀྱིས་ཟློག །མོ་རྨིས་མཚན་ལྟས་ངན་པ་ཁྱོད་ཀྱིས་ཟློག །སྐག་རིགས་སུམ་བརྒྱ་དྲུག་ཅུ་ཁྱོད་ཀྱིས་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱིས་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཁྱོད་ཀྱིས་འབྱུང་བའི་སྐག་རྣམས་ཁྱོད་ཀྱིས་ཟློག །དེ་ནས་ལོས་ར་ལོས་ལུག་བྲན་ལ་འདི་སྐད་དོ།། ཀྱཻ། སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །ལན་ཆགས་བགེགས་རིགས་ཐམས་ཅད་ལ། །ཟ་འདྲེ་དུར་འདྲེ་ཐམས་ཅད་ལ། །རྒྱུ་སྦྱོར་ཡོན་བདག་སྐུ་གླུད་དང་། །འབྲུ་མཆོག་ངར་གྱི་མི་བོ་ཆེ། །ཟེར་མོའི་འཕན་བཟང་མགོ་ལ་བཙུགས། །ཡོན་བདག་སྐུ་ཡི་གླུད་དུ་འབུལ། །ར་ཐོང་འདི་ཡི་ཐོད་སྤུ་དང་། །ཡོན་བདག་འདི་ཡི་སྐྲ་རྩེ་དང་། །ངར་མི་འདི་ཡི་སྤྱི་བོ་གསུམ། །ཁྱད་པར་མེད་དེ་རྗེ་བར་བྱེད། །རོ་བསྲེག་རྡོ་དམར་ལུས་ཀྱིས་ཟློག །མུ་ཏིག་འབར་བ་ཀླད་པའི་གླུད། །ར་ཐོང་འདི་ཡི་ཀླད་པ་དང་། །ངར་མི་འདི་ཡི་ཀླད་པ་གཉིས། །ཡོན་བདག་འདི་ཡི་ཀླད་པ་གསུམ། །འདྲ་ནི་འདྲ་སྟེ་རྗེ་བར་


CMR042_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །རོ་བསྲེགས་རྡོ་དམར་ལོས་ཀྱིས་ཟློག །ལུང་ཐང་སྣ་ཚོགས་སྤྱན་དུ་གླུད། །།ར་ཐོང་འདི་ཡི་མིག་དང་གླུད། །ངར་མི་འདི་ཡི་མིག་དང་གཉིས། །ཡོན་བདག་འདི་ཡི་མིག་དང་གསུམ། །འདྲ་ནི་འདྲ་སྟེ་རྗེ་བར་བྱེད། །རོ་བསྲེགས་རྡོ་དམར་ལུས་ཀྱིས་ཟློག །ར་ཐོང་འདི་ཡི་དབང་པོ་རྣམ་ལྔ་དང་། །ངར་མི་འདི་ཡི་དབང་པོ་རྣམ་ལྔ་དང་། །ཡོན་བདག་འདི་ཡི་དབང་པོ་རྣམ་ལྔ་དང་། །འདྲ་ནི་འདྲ་སྟེ་རྗེ་བར་བྱེད། །རོ་བསྲེགས་རྡོ་དམར་ལུས་ཀྱིས་ཟློག ཀྱཻ། ནང་མི་ཡོན་གྱི་བདག་པོ་ཡི། །ན་སར་ཕྱིན་པའི་ན་ངོ་སྒྱུར། །ཤི་སར་ཕྱིན་པའི་ཤི་ངོ་སྒྱུར། །དུར་ས་ཕྱིན་པའི་དུར་ངོ་སྒྱུར། །བླ་མས་ཤི་འཕོ་འདེབས་པ་སྒྱུར། །དར་ཕྲུག་ཅོ་ཐོད་གཅོད་པ་སྒྱུར། །ཡུགས་ཟས་ཆབ་མ་བཏོག་པ་སྒྱུར། །བུ་སྲིང་མདུན་མར་ཆས་པ་སྒྱུར། །ཕུ་ནུ་རོ་ལ་འཇབ་པ་སྒྱུར། །ཉེ་བས་བཅོལ་ཁ་སྐྱེལ་བ་སྒྱུར། །བན་བོན་དཀྱིལ་འཁོར་བྲི་བ་སྒྱུར། །མཆོད་ལྦེ་པ་འདོམ་ལ་འཇལ་བ་སྒྱུར། །རོ་འཛིན་དཔུང་པ་བརྗེས་པ་སྒྱུར། །རྡོ་ཤིང་རྩིག་པ་བྱེད་པ་སྒྱུར། །རོ་དེ་དུར་དུ་བཞག་པའི་ཚུལ། །ཡས་སྟགས་གོས་བཀོན་བཞག་པ་


CMR042_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འདིས། །ནང་མི་དུར་དུ་ཞུགས་པ་སྒྱུར། །ས་མཁན་ས་ལ་ཆས་པ་སྒྱུར། །ས་མཁན་དུར་ལུག་ཁྲིད་པ་སྒྱུར། །ཡོན་བདག་ས་ཡས་བསགས་པ་སྒྱུར། །ས་མཁན་ཡོན་གྱིས་བརྫོང་བ་བསྒྱུར། ཀྱཻ། སྐུ་ཡི་གླུད་དང་རིན་གྱི་ཚབ། །གླུད་མཆོག་རྒྱུན་ལྡན་ཡོན་ཏན་ཅན། །འདི་གང་ནས་བལྟས་ཀྱང་མཛེས་པའི་རྫས། །དང་པོ་མ་པང་སྐྱེས་པའི་ཚུལ། །བར་དུ་གཞོན་ནུ་ཤ་བཀྲག་རྒྱས་པའི་ཚུལ། །ཐ་མ་སྡུག་པའི་ནད་ཀྱིས་ཟིན་པའི་ཚུལ། །དེ་འོག་ཤི་ནས་བེམ་རིག་བྲལ་བའི་ཚུལ། །དེ་འོག་རོ་དེ་སྲེག་ཅིང་བཞུ་བའི་ཚུལ། །ཚུལ་ལྔ་འབྱུང་བ་ལྔ་ཡི་ཚུལ། །ན་བ་ཤི་བ་དུར་ཞུགས་དང་། །ཚུལ་ལྔ་ལྡན་པའི་ཡས་ཀྱིས་སྒྱུར། །ད་ནང་མི་ཡོན་གྱི་བདག་པོ་འདི། །ལུས་ཀྱི་ན་ཚ་འོང་བ་སྒྱུར། །སྲོག་གི་བར་ཆད་འོང་བ་སྒྱུར། །གནམ་གྱི་འཇུ་ཐག་ཆད་པ་སྒྱུར། །སྲོག་གི་བརྟན་ཕུར་བུད་པ་སྒྱུར། །སྲུང་རྟ་གནམ་གྱི་ཀ་བ་འགྱེལ་བ་སྒྱུར། །ཡར་གྱི་གནམ་སྒོ་བྱེ་བ་སྒྱུར། །བར་གྱི་དུར་སྒོ་བྱ་བ་སྒྱུར། །མར་གྱི་ས་སྒོ་བྱེ་བ་སྒྱུར། །རོ་བཟུང་དཔུང་པ་བརྗེས་པ་སྒྱུར། །རོ་སྒུག་གཉའ་ལག་བྱེད་པ་སྒྱུར། །རོ་བཏུམ་གོས་ཀྱིས་དཀྲི་བ་དང་། །


CMR042_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ངན་གཏད་ཡར་བྱེད་པ་སྒྱུར། །གསོབ་སྐོན་གཏད་ཡར་བྱེད་པ་སྒྱུར། །དོ་མ་ཁ་ཁྲིད་བྱེད་པ་སྒྱུར། །ངུ་འབོད་མཆི་མ་བྱེད་པ་སྒྱུར། །སྐྲ་གཅོད་མདུན་ལས་བྱེད་པ་སྒྱུར། །བྱ་རུ་རྔ་རྔོག་བྲེག་པ་སྒྱུར། །མ་སྲིང་ཕུ་ནུ་གཅོད་པ་སྒྱུར། །སྐྱེས་པས་འཁོར་གསུམ་གཏོར་བ་སྒྱུར། །བནྡེའི་མཆོད་ཆ་གཏོར་བ་སྒྱུར། །བོན་པོའི་སྒོམ་ཁང་བཤིག་པ་སྒྱུར། །མོ་དུར་བལ་འཕང་གཏོར་བ་སྒྱུར། །ཆུང་ངུར་མ་པང་གཏོར་བ་སྒྱུར། །ནོར་གྱི་བཙན་ཡལ་གཅོད་པ་སྒྱུར། །མཁར་གྱི་ཁ་བད་འགྱེལ་བ་སྒྱུར། །སྦྲ་ཡི་ཆོན་ཐག་གཏོར་བ་སྒྱུར། །སྲུང་དང་ཁྱིམ་གཞི་གཏོར་བ་སྒྱུར། །ཕུ་ནུའི་བཅོལ་སྐྱེལ་བྱེད་པ་སྒྱུར། །ཉེ་དུའི་བཞིན་སྐྱེལ་བྱེད་པ་སྒྱུར། །ཁྱིམ་མཚེས་གཏད་ཡར་བྱེད་པ་སྒྱུར། །བླ་མ་ཡོན་གྱིས་བརྗོང་བ་སྒྱུར། །ས་མཁན་ཡོན་གྱིས་བརྗོང་བ་སྒྱུར། །བསྒྱུར་རོ་བཟློག་གོ་དེས་བསྒྱུར་རོ། །དེ་ཡན་དུར་ལོས་མགོ་རྐང་ཚང་མ་ཡིན། །ད་ནི་སྲེག་ལོས་བྱེད་པ་ན། ལྕེ་སྤར་ཁ་དང་བསྟུན་གསུངས་པས། ནད་པ་དེ་ལི་ཐོག་པ་དང་། དྲ་ཐོག་པ་ཡིན་ན། ངར་མི་གོས་དུམ། ཤ་དང་བཅས་པ་དེ་མི་བསྲེག །རོ་ལ་མེ་མི་ཚུད་དོ་སྨྲས། །གསུར་གཞོབ་མེད་པས་ཟ་འདྲེ་མི་ཚིམས་པས། །ཤ་དུམ་ཚིལ་


CMR042_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་ལོས་རའི་སྤུ་བྲེག་བསྲེག་གོ །སྤར་ཁ་དྭ་ལི་མིན་ན། ངར་མི་གོས་དུམ་ཡང་མེ་ལ་བསྲེག །ངར་མི་བསྲེག་ན། རྡོ་གོར་བྱས་ལ་རོ་གཞོག་སྟངས་བྱེད།། ས་མགྲོན་རྡོ་མགྲོན་མང་པོ་བསྡུས། བླ་མ་གདན་ནས་སྲེག་ཆོག་བྱེད་སྟངས་བྱེད། སྒོམ་པ་འབོད་ནས་སྤུར་ཁང་བྱེད་སྟངས་བྱེད། ཨ་མཆོད་བསྡུས་ནས་ཤི་ཆོས་བྱེད་སྟངས་བྱེད། ཡུལ་མི་ཁྱིམ་མཚེས་ཐམས་ཅད་བསྡུས་ནས་རྡོ་ཟོན་ཡིན་བརྗོད་ལ་སྐྱ་ཚུ་དང་། ཤ་ཕུད་དང་། ཇ་ཕུད་དང་། ཆང་ཕུད་གཏོར། མེད་ན་འོ་དཀར་གཏོར། ཡོས་བཀྲ་གཏོར། རྟ་ནོར་ལུག་གསུམ་གྱི་འགྱེད་དང་འབུལ་བ་ཡིན་བརྗོད་ལ། ཀྱེ་ཧོ། སྲེག་ལོས་བྱེད་པ་གར་སྲིད་ན། །སྔོན་ཚེ་བསྐལ་པའི་དང་པོ་ལ། །ཡུལ་ནི་རྒྱ་གར་ཡངས་པ་ཅན། །རྒྱལ་པོ་རབ་ལྡན་བྱ་བ་དེ། །མངའ་ཐང་ཆེ་ཞིང་དར་བའི་ཚེ། །བྲམ་ཟེ་གཏོ་མཁན་སྤྱན་དྲངས་ནས། །མོ་དང་རྡེའུ་བསྟན་པ་ལས། །བྲམ་ཟེ་རྒད་པོའི་ཞལ་ན་རེ། །རྒྱལ་པོའི་སྐུ་ཚེ་ཡོལ་ལ་ཁད། །དེ་ལ་ཅི་ཕན་དྲིས་པ་ལས། །བསྲེག་ལོས་བྱས་ན་རུང་ངོ་སྐད། །དེར་འཕགས་པ་འཇམ་དབྱངས་སྤྱན་དྲངས་ནས། །ཡངས་པ་ཅན་གྱི་གྲོང་ཁྱེར་སྒོ་དྲུང་དུ། །སྲེག་ལོས་བྱེད་པའི་གཞི་མ་བྱུང་། །དཀྱིལ་འཁོར་བཞེངས་ནས་གདུང་ཁང་བརྩེགས། །འབྲུ་སྣ་དགུ་ཡི་ཕྱེ་མ་ལ། །རྒྱལ་པོའི་སྐུ་གླུད་ལུས་ཚད་


CMR042_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །གཡག་ལུག་དར་མིའི་མགོ་སྙིང་ལ། །དབང་པོ་རྣམ་ལྔ་ཚང་བ་དང་། །སྐྲ་སེན་ལུས་ཀྱི་དྲི་མ་དང་། །ཆངས་བུ་ལོ་གྲངས་ཚང་བ་དང་། །དབུ་ཞྭ་ན་བཟའ་ཕྱགས་ལྡུམ་དང་། །གཤིན་རྫས་རྣམ་པ་སྣ་ཚོགས་རྣམས། །གདུང་ཁང་རྣམས་ལ་མཆོད་པ་ཡིས། །དྲི་ཟ་སྲོག་གཅོད་མཉེས་པ་ཡིས། །རྒྱལ་པོའི་མི་བླ་ལོས་ཀྱིས་བསླུས། །སྔོན་གྱི་དེ་ལ་དཔེ་བླངས་ནས། །ད་ལྟ་རྣལ་འབྱོར་སྔགས་འཆང་གིས། །སྦྱིན་བདག་གླུད་དང་གཤིན་རྫོངས་བསྔོ། ཀྱཻ། །ཤི་བའི་རྡོ་ཁྲི་མ་ཡིན་ཏེ། །ཡོན་བདག་སྐག་ཆེན་བསྒྱུར་བའི་ཕྱིར། །ཁྲི་ལ་རྡོ་ཁྲི་བརྩེགས་པ་ཡིན། །ཤི་བའི་རྡོ་ཁྲི་ངན་པ་སྒྱུར། །ཤི་བའི་ཤིང་ཁྲི་མ་ཡིན་ཏེ། །ཡོན་བདག་སྐག་ཆེན་བསྒྱུར་བའི་ཕྱིར། །ཤིང་ཁྲི་ངན་པ་བརྩེགས་པ་ཡིན། །ཤི་བའི་ཤིང་ཁྲི་ངན་པ་སྒྱུར། །ཤི་བའི་རོ་བསྲེགས་མ་ཡིན་ཏེ། །ཡོན་བདག་སྐག་ཆེན་བསྒྱུར་བའི་ཕྱིར། །ངར་མི་ནག་པོ་བསྲེགས་པ་ལྕེ་འདིས། །ཤི་བའི་རོ་བསྲེགས་ངན་པ་སྦྱར། །ཤི་བའི་མེ་ལྕེ་མ་ཡིན་ཏེ། །ཡོན་བདག་སྐག་ཆེན་བསྒྱུར་བའི་ཕྱིར། །ཤི་བའི་མེ་ལྕེ་ངན་པ་སྒྱུར། །ཤི་བའི་སྟོན་མོ་མ་ཡིན་


CMR042_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཡོན་བདག་སྐག་ཆེན་བསྒྱུར་བའི་ཕྱིར། །ཤི་བའི་སྟོན་མོ་ཟས་ངན་སྒྱུར། །ས་མགྲོན་རྡོ་མགྲོན་འབོད་པ་དེ། །ཤི་བའི་མགྲོན་འབོད་མ་ཡིན་ཏེ། །ཡོན་བདག་སྐག་ཆེན་བསྒྱུར་བའི་ཕྱིར། །ཤི་བའི་མགྲོན་འབོད་ངན་པ་སྒྱུར། །བླ་མ་སློབ་དཔོན་འབོད་པ་དེ། །ཤི་བའི་འདྲེན་སྟོན་མ་ཡིན་ཏེ། །ཡོན་བདག་སྐག་ཆེན་བསྒྱུར་བའི་ཕྱིར། །ཤི་བའི་འདྲེན་སྟོན་ངན་པ་སྒྱུར་། །ངུ་འབོད་མཆི་མ་འདོན་པ་འདི། །ཤི་བའི་ངུ་འབོད་མ་ཡིན་ཏེ། །ཡོན་བདག་སྐག་ཆེན་བསྒྱུར་བའི་ཕྱིར། །ཤི་བའི་ངུ་འབོད་ངན་པ་སྒྱུར། །ཤི་བའི་ཁ་འཕྲད་བྱེད་པ་དེ། །ཤི་བའི་ཁ་འཕྲད་མ་ཡིན་ཏེ། །ཡོན་བདག་སྐག་ཆེན་བསྒྱུར་བའི་ཕྱིར། །ཤི་བའི་ཁ་འཕྲད་ངན་པ་སྒྱུར། །དོ་མ་ངོ་སྟོན་བྱེད་པ་སྟེ། །ཤི་བའི་དོ་མ་མ་ཡིན་ཏེ། །ཡོན་བདག་སྐག་ཆེན་བསྒྱུར་བའི་ཕྱིར། །ཤི་བའི་དོ་མ་ངན་པ་སྒྱུར། །ཞུན་དང་གསུར་རྫས་བཞག་པ་དེ། །ཤི་བའི་གསུར་རྫས་མ་ཡིན་ཏེ། །ཡོན་བདག་སྐག་ཆེན་བསྒྱུར་བའི་ཕྱིར། །ཤི་བའི་ཟས་གསུར་ངན་པ་སྒྱུར། ཀྱཻ། སྔོན་ཚེ་བསྐལ་པའི་དང་པོ་ལ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིས། །ལོ་རྒན་དྲུག་ཅུ་ཐམ་པ་ཡི། །


CMR042_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་རྐྱེན་རྣམས་བརྩིས་པ་ལས། །འབྱུང་བ་ལྔ་ལ་བདུད་གཅོད་ལྔ། །དུར་ཁ་ལྔ་ལ་ཚེ་ཟད་ལྔ། །ཚེ་ཟད་ལྔ་ལ་བཟློག་པ་ལྔ། །ད་ནི་ཡོན་གྱི་བདག་པོ་ཡིས། །མི་བླ་བདུད་ཀྱི་ལག་ནས་བསླུས། །གཤིན་རྗེ་རྣམས་ཀྱི་ཚང་ནི་རྫོགས། །གཤིན་རྗེ་མཉེས་པའི་ཡས་འབུལ་ལོ། །ཕོ་རོག་ནག་པོ་སྟོང་ཐུབ་དང་། །ངང་པ་སེར་པོ་ཁྲི་ཐུབ་དང་། །ཤུག་གུ་སྔོན་པོ་འབུམ་ཐུབ་དང་། །ཚེ་ཟད་རྣམས་གསུམ་ཚེ་ཡི་གླུད། །མཛེས་ལྡེམ་གླུད་ཆེན་ལུས་ཀྱི་གླུད། །དར་ཟབ་སྣ་ཚོགས་སྲོག་གི་གླུད། །སྐུ་གླུད་རིན་ཆེན་འདི་རྣམས་ཀྱང་། །གཤིན་རྗེ་བདུན་འབུམ་ལ་སོགས་པའི། །གཤིན་རྗེ་རྣམས་ལ་མི་ཡི་གླུད་དུ་འབུལ། །འདི་དག་འབུལ་གྱིས་བཞེས་སུ་གསོལ། །ངར་མི་ཤ་ཁྲག་རུས་གསུམ་རྣམས། །དུར་ཁ་བསྲེགས་པས་དུར་འདྲེ་སྒྱུར། །དུར་ཆས་སྣ་ཚོགས་དུར་སར་བསྡུས། །རོ་བསྲེགས་རྡོ་དམར་བསྒྱུར་དུ་གསོལ། །ས་རྡོ་ཤིང་གསུམ་བསྡུས་པ་འདི། །ཉིན་སྲིབ་ཤིང་རྡོ་འགུལ་བ་བསྒྱུར། །དུར་ཆས་དུར་ཁར་བསྲེགས་པ་འདིས། །རོ་བསྲེགས་ལག་ལེན་བྱེད་པ་སྒྱུར། །མེ་ལྕེས་གཤིན་རྗེའི་ཚང་བ་ཟློག །དུར་ས་བདུད་ཀྱི་བླ་


CMR042_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་ཟློག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རོ་ཁུང་ངར་མིས་བཙང་བའོ། །ཤིད་མི་དཀར་ནག་ཆས་པ་དེ། །ས་མགྲོན་རྡོ་མགྲོན་རྣམས་ཀྱིས་ཟློག །ཤ་ཟན་རམ་ཕྱེས་འགྱེད་བྱས་པས། །རོ་ཤིད་ཟས་ངན་བསྒྱུར་དུ་གསོལ། །མགྲོན་ལམ་སྡུག་ཟན་འགུམ་པ་འདི། །ཟས་སྣ་རྣམས་ཀྱིས་བསྒྱུར་དུ་གསོལ། །གཤིན་གྱི་ཟམ་པ་ཆག་པ་ཡིས། །མིའུ་ཕར་ལ་འགྲོ་ཐབས་མེད། །མི་བདུད་ཚུར་ལ་འོང་ཐབས་མེད། །གོས་གཞོབ་གྱེན་ལ་སོང་བ་འདིས། །གནམ་སྒོ་གྱེན་ལ་བརྟན་པའོ། །དུར་ངོ་འདི་ཡིས་བཅད་དེ་སྒྱུར། །ཤ་ལྷག་ཟ་འཕྲོ་ཟན་མར་འདིས། །ས་སྒོ་ཕྱེ་བ་འདི་ཡིས་བཅད། །སྨྲེ་སྔགས་སྐད་ངན་འདི་ཡིས་སྒྱུར། །རོ་བཟུང་གཏམ་འགྲམ་བྱེད་པ་སྒྱུར། །ཞྭ་གོས་ལྷམ་གསུམ་བསྲེགས་པ་འདིས། །རོ་གཞོབ་དུ་བ་ངན་པ་སྒྱུར། །ཤིང་རྡོ་ཚེ་ཟད་བླངས་བ་ཡིས། །ཤིང་རྡོ་འགུལ་བའི་ལྟས་ངན་སྒྱུར། །ངར་མི་གྲུ་གང་བརྒྱུན་ལྡན་འདིས། །མིའུ་དུར་ཁར་ཆས་པ་སྒྱུར།། །ན་ངོ་ཤི་ངོ་དུར་ངོ་ཟློག །གདུང་དྲུག་འཚོགས་པ་ཐམས་ཅད་ཀྱིས། །མི་རེས་རྡོ་རེ་བླངས་བ་འདིས། །ཆད་པ་འགུལ་བ་འདི་ཡིས་སྒྱུར། །ས་མགྲོན་རྡོ་


CMR042_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་འདུ་འཚོགས་འདིས། །རོ་བསྲེགས་ལག་ལེན་བྱེད་པ་སྒྱུར། །ས་མགྲོན་རྡོ་མགྲོན་བསྡུས་པ་འདིས། །ཕོ་མགྲོན་མོ་མགྲོན་བསྒྱུར་དུ་གསོལ། །དུར་ཁ་འགུལ་བའི་ལྟས་ངན་སྒྱུར། །དུ་བས་དུ་བ་ངན་པ་སྒྱུར། །ས་མགྲོན་རྡོ་མགྲོན་འདུ་འཚོགས་སྒྱུར། །གསུར་གཞོབ་འགུལ་བའི་ལྟས་ངན་སྒྱུར། །རོ་བསྲེགས་རྡོ་དམར་བཟློག་ཏུ་གསོལ། །རྡོ་མགྲོན་གྱིས་ནི་ཕོ་མགྲོན་སྒྱུར། །ས་མགྲོན་གྱིས་ནི་མོ་མགྲོན་སྒྱུར། །ཤ་ཟན་ཐུད་གསུམ་ཡས་སུ་བསགས། །ཕོ་མོ་མང་པོ་མགྲོན་དུ་བོས། །ཡུལ་མི་ཁ་ལེན་བསྒྱུར་དུ་གསོལ། །ཉིན་སྲིབ་ཤིང་རྡོ་བསྡུས་ནས་ནི། །ལུང་གསུམ་མདོ་རུ་བསྲེག་པ་འདིས། །རི་ལུང་མེད་པར་གསུར་གྱིས་གང་། །རོ་དུད་འཕྱུར་བ་བསྒྱུར་དུ་གསོལ། །མི་བླ་འཁྱམ་པ་གླུད་ཀྱིས་བསླུ། །ཤིང་ནག་མི་གཟུགས་རོ་ཆས་ཅན། །ཁྱོད་ནི་མེ་ལ་བསྲེགས་པའི་ཚེ། །ཡོན་བདག་རོ་རྡོག་བསྲེགས་པ་བསྒྱུར་དུ་གསོལ། །དེ་ཝཱ་རིང་འདིར་ཚོགས་ཐམས་ཅད་ཀྱིས། །དུར་གཤེད་བྱེད་པས་གཏོ་བསྒྱུར་ཡིན། །ད་ནི་ངར་མི་མེ་ལ་བསྲེགས། །རོ་ཆས་བྱེད་པ་རོ་ཚབ་ཡིན། །ཡོན་བདག་ཁྱིམ་སྒོ་ལམ་སྲང་


CMR042_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རོ་དུད་འཐུལ་བ་ལོས་ཀྱིས་བསྒྱུར། །ལྷ་འདྲེ་མི་གསུམ་ལག་ནས་ནི། །བླ་དང་ཚེ་སྲོག་ངེས་པར་བསླུ་བ་ཡིན། །ལོ་གསུམ་བར་དུ་བཤོལ་བ་ཡིན། །ད་ནི་གཏན་ཏུ་བཤོལ་བ་ཡིན། །ཚེ་ཟད་གསུམ་གྱི་མི་བླ་བསླུ། །ཚེ་རིང་གསུམ་གྱིས་གཏོ་དང་ཡར་བསངས་བྱས། །དེ་ལྟར་བྱས་པའི་ཡོན་ཏན་གྱིས། །ཡོན་བདག་ཕོ་མོ་བདེ་བར་བྱས། །ཕོ་ལོས་མོ་ལོས་ཁ་ལོས་བྱས། །སྔགས་འཆང་བདག་གི་སྔགས་ཀྱིས་བསྒྲིལ། །ནས་དང་ཤ་ཟན་ཐུད་དང་གསུམ། །ས་རྡོའི་མགྲོན་ལ་སྟོན་མོ་བྱས། །ར་ལུག་གཉིས་ཀྱང་མེ་ལ་བསྲེགས། །རོ་གཞོབ་ངན་པ་བསྒྱུར་དུ་གསོལ། །ས་སྣ་བྲག་སྣ་ལོས་ཀྱིས་སྒྱུར། །དུར་མི་འགུལ་བ་བསྒྱུར་དུ་གསོལ། །ལམ་མདོ་ལུང་མདོ་ལོས་ཀྱི་ལམ། །དུར་སྒོ་བྱེ་་བ་བསྒྱུར་དུ་གསོལ། །ཕོ་དུར་མོ་དུར་ལོས་ཀྱིས་སྒྱུར། །དུར་ཁ་བྱེ་བ་བཅད་དུ་གསོལ། །བན་བོན་མཐུ་ཆེན་ལོས་ཀྱི་གཤེད། །ཟ་འདྲེ་ཤི་གཤེད་ལོས་ཀྱིས་ཟློག །འཆི་བར་ངེས་པ་ཡིན་ན་ཡང་། །ཐུགས་རྗེས་ཤུགས་ཀྱིས་བཤོལ་བར་བྱ། །ད་ནི་ངར་མི་མེ་ལ་བསྲེགས། །རོ་བསྲེགས་རྡོ་དམར་ལོས་ཀྱིས་ཟློག །ལུང་གསུམ་མདོ་རུ་གསུར་


CMR042_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཞོབ་བྱས། །རོ་གཞོབ་ངན་པ་བསྒྱུར་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འཇམ་དཔལ་རིགས་ལྔའི་ཐུགས་རྗེ་དང་། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཆོས་ཉིད་རྣམ་པར་དག་པ་དང་། །རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །དུར་ཁ་ཐམས་ཅད་ཆོད་གྱུར་ཅིག །དུར་སྲི་ཐམས་ཅད་ཚིམ་གྱུར་ཅིག །ད་ནི་དུར་ངོ་མེད་པར་ཤོག །ལོས་མགྲོན་ཐམས་ཅད་རང་གནས་གཤེགས། །དུས་མིན་འཆི་བའི་རྐྱེན་ཞི་ནས། །ཚེ་རིང་ནད་མེད་བཀྲ་ཤིས་ཤོག །ཨོཾ་ཨ་ཀ་ནི། ནི་ཀ་ནི། ཨ་བྱི་ལ་མཎྜལ་ལ་མ་ཡེ་སྭཱ་ཧཱ། ལན་གསུམ། ལོ་ཟླ་ཞག་དང་དུས་ཚོད་དང་། །སྤར་ཁ་ལོག་མིན་ཞེས་པ་ནི། །དར་རྒུད་ཞིབ་ཏུ་བརྩིས་པ་ན། །སྲོག་ལུས་དབང་ཐང་རླུང་རྟ་ཡི། །ནི་སྐག་འཆི་སྐག་དུར་མིག་མང་། །སྤར་ཁའི་ཞལ་ཁྱིམ་ཐམས་ཅད་ནས། །དྷརྨའི་འབུམ་ལ་འུར་འདོན་དང་། །བསྲེགས་ལོས་དྲག་པོ་འདི་བྱས་ན། །ད་རུང་མི་འཆིའི་བསྲུང་བའི་ཕྱིར། །སྤར་ཁ་བརྒྱད་པོ་གར་བབ་ཀྱང་། །ལོས་འདི་གཏོ་ཡི་མཆོག་ཏུ་ལྕེ་གསུངས། །འོན་ཀྱང་ཆ་ལག་ཚང་བ་དཀོན། །དེ་ཕྱིར་རཱ་ག་ཨ་སྱ་ཡིས། །ལོས་དཔེ་བདུན་ཙམ་བསྡུར་ནས་བསྒྲིགས། །ཡི་གེ་པ་ནི་པདྨ་ཀུན་དགའ་ཞེས། །སྐུ་སྐྱེའི་མིང་ཐོག་གཅིག་གིས་བྲིས། །ཉེས་འགལ་མཆིས་ན་ལྷ་ལ་


CMR042_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །དགེ་བས་ཇི་སྲིད་མ་སྟོངས་བར། །ཐོབ་པའི་མི་ལུས་རིན་ཆེན་འདི། །དུས་མིན་འཆི་བའི་རྐྱེན་བྲལ་ཤོག །བྷ་ཝནྟུ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousན་བསྒྲགས། འཆི་བསྒྲགས། དུར་ལོས། དུར་ཁ་ཚེ་བཟློག །སྲེག་ལོས་བྱེད་པ།next