Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
ལས་ཧུར་དྲག་མོ་ཞི་བར་སྒྲུབ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལས་ཧུར་དྲག་མོ་ཞི་བར་སྒྲུབ་པ།next

ལས་ཧུར་དྲག་མོ་ཞི་བར་སྒྲུབ་པ།


CMR042_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཧུར་དྲག་མོ་ཞི་བར་སྒྲུབ་པ་ནི༔ དགོས་པ་རྣམས་ནི་མི་དགོས་སོ༔ གསུངས་པས༔ དཀྱིལ་འཁོར་དང་སྒྲུབ་རྫས་ཅི་ལྟ་བ་མ་འཛོམས་ཀྱང་རུང་༔ སྒྲུབ་ཚེ་ངག་མ་ཆོད་ཀྱང་རུང་༔ འདི་ཡི་རྟོགས་པ་ལས༔ ཞི་བར་བསྒྱུར་ནས་སྒྲུབ་པ་ན༔ ནད་གདོན་སྡིག་སྒྲིབ་བར་ཆད་ཞི༔ དགྲ་གདོན་བགེགས་ཀྱི་གནོད་པ་ཞི༔ འདི་ཡིས་མི་ཞི་གང་ཡང་མེད༔ ནད་ཡམས་རྣམས་ཀྱང་ཞི་བར་འགྱུར༔ ཅེས་གསུངས་པས༔ གཞལ་ཡས་ཁང་གི་གང་དབུས་སུ་ནི༔ དྲན་རྫོགས་རང་ཉིད་ལས་ཧུར་མ༔ དབུ་དྲུག་ཕྱག་ནི་བཅུ་གཉིས་ཏེ༔ གཡས་ཞལ་དཀར་པོ་གཡོན་ཞལ་དམར༔ དབུས་ཞལ་དཀར་པོ་སྟེང་ཞལ་ལྗང་གཡས་ཞལ་སེར་པོ་གཡོན་ཞལ་དམར༔ ཕྱག་ནི་བཅུ་གཉིས་དང་པོ་གཉིས༔ གྲི་གུག་ཐོད་ཁྲག་དེ་འོག་གཉིས༔ ཁཊཾ་པད་ཕོར་དེ་འོག་གཉིས༔ ཕུར་པ་ནད་རྐྱལ་དེ་འོག་གཉིས༔ ཁྲམ་ཤིང་དབྱུག་ཐོ་དེ་འོག་གཉིས༔ དགྲ་སྟ་ཐོ་བ་དེ་འོག་གཉིས༔ གཏུན་ཤིང་སྦྲུལ་གྱི་ཞགས་པ་འཛིན༔ རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན༔ མདོག་དཀར་དར་དཀར་གོས་ཟུང་གསོལ༔ འཛུམ་རྒོད་ཞི་ཆགས་མདངས་ལྡན་པ༔ ཤིན་ཏུ་མཛེས་པ་ཕྱེད་སྐྱིལ་བཞུགས༔ སྤྱི་བོར་གུ་རུ་པད་མ་རྒྱལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་


CMR042_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དཀར༔ པད་ཞྭ་ཆོས་གོས་རྣམ་གསུམ་གསོལ༔ ཕྱག་ན་རྡོ་རྗེ་དྲིལ་བུ་འཛིན༔ གཉིས་ཀ་པདྨ་ཟླ་བའི་གདན༔ དེ་ཡི་ཕྱོགས་བཞིར་ལྷ་མོ་བཞི༔ ལྷ་མོ་དེ་ལ་འཁོར་བཞིས་བསྐོར༔ དེ་རྒྱབ་སྐག་བསྒྱུར་ལྷ་མོ་དགུ༔ དེ་རྒྱབ་སྒོ་མའི་ལྷ་མོ་བཞི༔ དེ་རྒྱབ་སྟོང་བསྐང་ལྷ་མོ་བརྒྱད༔ ཀུན་ཀྱང་དཀར་མཛེས་ལྷ་མོའི་ཚུལ༔ དེ་རྒྱབ་དུར་ཁྲོད་པད་རྡོར་དང་༔ དེ་རྒྱབ་མེ་རི་འབར་བའོ༔ གནས་གསུམ་འབྲུ་གསུམ་འོད་ཀྱིས་ནི༔ ཡེ་ཤེས་པ་ནི་སྤྱན་དྲངས་ཏེ༔ དབང་སྐུར་རིགས་བདག་དབུ་མཚན་གྱུར༔ ཐུགས་ཀར་ཟླ་སྟེང་བྷྱོ་ཡི་མཐར༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་ཟེར་དཀར་པོ་འཕྲོས་ཤིང་འདུས༔ འཁོར་འདས་ཚེ་བསོད་བྱིན་རླབས་བསྡུས༔ ནད་གདོན་སྡིག་སྒྲིབ་མི་མཐུན་སོགས༔ བ་མོར་ཉི་ཟེར་ཕོག་ལྟར་ཞི༔ བྷྱོ་ཕཊ་ཧཾ༔ དུ་ར་ན༔ ཏཱ་ཀྲོ་ཕཊ༔ ༈ སྔགས་གྲངས་བསྒྲུབ་པའི་གྲངས་ཀ་མེད༔ དེ་ཡིས་ལས་ཧུར་ཞི་བ་འགྲུབ༔ ༈ ཁ་མཆུ་བཟློག་པའི་གཟུངས་འདི་ནི༔ ཨོཾ་ཁྲད་ཁྲ༔ ཨུ་པ་ཡ་ན་ཟློག༔ ས་ཏ་ན༔ ཛུབ་མོ༔ ཧ་ལེ་མི་ཀི་ར་ན༔ ཧ་ཏ་ན༔ ཛུ་ལ་ནི་སྭཱ་ཧཱཿ བསམ་པ་འགྲུབ་པའི་གཟུངས་འདི་ནི༔ ས་མ་ཡ་ན་ཏ༔ ཧ་ན་ཧ་


CMR042_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཧ༔ ཧཱུྃ་ཕཊ༔ ན་མ་ཤྲཱི་ཛ་ལ༔ ཤི་ཛ་ལ༔ ཚེ་ཨང་མ་ཏ༔ ཡུ་མ་ཏ༔ ལ་ཡི་མ་ཏ༔ ཙུ་ཙུ་མ་ས་ན་མ་ཏ༔ ཧེ་ཧེ༔ དེ་ནས་ཇག་ཆིངས་གཟུངས་འདི་ནི༔ ས་ར་ན༔ ཕུ་ཏ་ཕུ་ཏ༔ ཀ་ལ་ནན༔ ཛུ་བཟློག༔ ས་ཧ་ར་ན་ནན༔ མོ་ལེ་གྷ་ནན༔ ཨ་ལེ་ནོན༔ ལ་ནན༔ ཧ་ལེ་ནན༔ འཁོར་གྱི་སྔགས་ནི། རྩ་སྔགས་མཇུག་ཏུ༔ མ་བྷྱོ་བྷྱོ་བྷྱོ༔ མ་བྷྱོ་མ་བྷྱོ༔ དུ་བཾ་བྷྱོ་བྷྱོ་བྷྱོ༔ མ་སྦྱོ་མ་བྷྱོ༔ ཧུ་པཾ་ཀྲོ་ཏེ་བྷྱོ༔ མ་བྷྱོ་བྷྱོ༔ འདི་ཡི་མཇུག་ཏུ་ནད་གདོན་སོགས། ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ སྦྱར༔ ཨགྷོ་སོགས་མཆོད་ནས༔ མ་མོ་ཀུན་གྱི་གཙོ་མོ་སྟེ༔ མཁའ་འགྲོ་ཀུན་གྱི་གཙོ་མོ་ཡིན༔ ཤ་ཟ་ཀུན་གྱི་གཙོ་མོ་སྟེ༔ འཇིག་རྟེན་འདས་ཀྱང་མ་འདས་ཚུལ༔ ལས་ཧུར་དྲག་མོར་འཁོར་བཅས་བསྟོད༔ ཅེས་པ་གནམ་ཆོས་གཞུང་ནས་གསུངས་པ་ལྟར་བསྒྲིགས་པ་མངྒ་ལཾ། འདི་སྤྱི་ཡི་ལས་བྱང་དུ་སབ་ཀྱང་རུང་༔ མ་སབ་འདི་དག་ལྟར་བྱས་ཀྱང་ཆོག །ཞལ་དྲོ། ཞལ་ཤེས་སོ། །དགེའོ།། །།


previousལས་ཧུར་དྲག་མོ་ཞི་བར་སྒྲུབ་པ།next