Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
གནམ་ཆོས་ལས་ཧུར་དྲག་མོ་ལས་སྐག་ཟློག་རྣམ་དགུའི་ཕྱག་ལེན་གཏན་ལ་ཕབ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ལས་ཧུར་དྲག་མོ་ལས་སྐག་ཟློག་རྣམ་དགུའི་ཕྱག་ལེན་གཏན་ལ་ཕབ་པ།next

གནམ་ཆོས་ལས་ཧུར་དྲག་མོ་ལས་སྐག་ཟློག་རྣམ་དགུའི་ཕྱག་ལེན་གཏན་ལ་ཕབ་པ།


CMR042_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་ཧུར་དྲག་མོ་ལས༔ སྐག་ཟློག་རྣམ་དགུའི་ཕྱག་ལེན་གཏན་ལ་ཕབ་པ་བཞུགས་སོ།


CMR042_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྷེ་ཝ་ཌཱཀྐི་ནི་ཧཱུྃ༔ གནམ་ཆོས་ལས་ཧུར་དྲག་མོའི་སྐོར༔ ལྷ་མོའི་སྐག་ཟློག་རྣམ་དགུ་ཡི༔ ལག་ལེན་རིམ་པ་འདི་ལྟ་སྟེ༔ རང་དོན་སྤྲོས་མེད་བྱེད་པ་ན༔ དམར་གཏོར་གཅིག་གིས་ཆོག་པ་ཡིན༔ གཞན་དོན་སྤྲོས་བཅས་སྔགས་ནག་ལུགས༔ འཇིམ་པའི་སྐག་ཟློག་སོ་སོའི་གཟུགས༔ བུད་མེད་གཟུགས་ལ་རང་མདོག་བྱ༔ ཁ་དོག་བསྟོད་པའི་ནང་དུ་གསལ༔ དེ་མདུན་དམར་གཏོར་གཅིག་བཞག་སྟེ༔ གཡས་སུ་མདའ་བཀྲ་གཡོན་འཕང་བཀྲ་རྒྱབ་ཏུ་ནམ་མཁའ་ཤིང་རིས་བཙུགས༔ མཐེབ་སྐྱུ་ཆངས་བུ་གཙང་མ་དང་༔ ཤ་དུམ་འབྲུ་སྣ་རྣམས་ཀྱིས་གསོ༔ ཇ་ཆང་ཆུ་གཙང་གང་འཛོམ་བྲན༔ དབང་ལུང་ལ་སོགས་ཐོབ་ན་ནི༔ བདག་བསྐྱེད་ལས་ཧུར་དྲག་མོ་བསྒོམ༔ དེ་ཡི་དབང་ལུང་མ་ཐོབ་


CMR042_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ན༔ གུ་རུ་ཞི་དྲག་གང་རུང་ཞིག༔ བསྒོམས་ན་དེ་ཡིས་འཐུས་པ་སྟེ༔ ལས་ཧུར་དྲག་མོ་ཞེས་བྱ་བ༔ དོན་ལ་མནྡ་ར་བ་ཡིན༔ དེ་ནས་འདོན་བསྒོམ་སྦྲགས་པས་འཐུས༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས༔ གཏོར་སྣོད་རིན་ཆེན་ལས་གྲུབ་པ༔ ཡངས་ཤིང་རྒྱ་ཆེ་དེ་ཡི་ནང་༔ ཁཾ་ཡིག་ལས་བྱུང་གཏོར་མ་ནི༔ ཟག་མེད་ཡེ་ཤེས་བདུད་རྩི་མཚོ༔ ཁ་དོག་དྲི་རོ་ཕུན་སུམ་ཚོགས༔ འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན༔ ནམ་མཁའ་བར་སྣང་ཁྱབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧིསྭཱ་ཧཱཿ ལན་གསུམ། རང་མདུན་མཆོད་གཏོར་དེ་ཡི་སྟེང་༔ མཁའ་ལ་ཆུ་བུར་རྡོལ་བ་


CMR042_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར༔ སྒོའི་སྐག་ཟློག་ལྷ་མོ་ནི༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་པ༔ སྐད་ཅིག་དྲན་རྫོགས་གསལ་བ་ལ༔ འོད་འཕྲོས་རང་འདྲ་སྤྱན་དྲངས་ཐིམ༔ བྷྱོ༔ མུ་ལེ་མཚོ་དང་ཡོངས་འདུའི་ཤིང་༔ དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས༔ རྒེའི་སྐག་ཟློག་སྤྱན་འདྲེན་ནོ༔ སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས༔ ༀ་ཤྲཱི་དེ་ཝི་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་བུ་གཟུགས་སྒྲ་དྲི་རོ་དང་༔ རེག་བྱ་སྨན་གཏོར་རཀྟའི་ཚོགས་སྒོའི་སྐག་ཟློག་བྱེད་པ་ཡི༔ ལྷ་མོ་འཁོར་དང་བཅས་ལ་འབུལ༔ འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག༔ ཨོཾ་ཤྲཱི་དེ་ཝི་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་སོགས། ཧཱུྃ། ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་བའི་དོན་དུ་སྐུ་སྤྲུལ་ནས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ མ་དང་སྲིང་ལྟར་བསྒྲུབ་ལ་བརྩོན་རྒེའི་སྐག་རྣམས་ཟློག་བྱེད་པའི༔ ལྷ་མོ་འཁོར་དང་བཅས་ལ་བསྟོད༔ དམ་རྫས་མཆོད་གཏོར་ཐུགས་དམ་བསྐང་༔ ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ བདག་ཅག་སློབ་དཔོན་འཁོར་བཅས་ཀྱི༔ ཡམས་ནད་མི་ནད་


CMR042_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་དང་༔ འབྲུ་དང་རྐང་འགྲོ་འཕེལ་རྒྱས་མཛོད༔ འདོད་དགུ་ཐམས་ཅད་དབང་དུ་སྡུས༔ གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ཡན་སྐག་ཟློག་གང་བྱེད་ཀྱང༔ རྨེ་ཞེས་པར་མིང་བསྒྱུར་བྱ༔ དེ་མན་ཁྱད་པར་མེད་པ་ཡིན༔ དེ་ནས་སྐག་ཟློག་གང་ཡིན་གྱི༔ གཞུང་ཉིད་འདོན་པར་བྱ་བའི་རྗེས༔ སོ་སོའི་བཟློག་པ་གང་ཡིན་དེ༔ ཅི་འགྲུབ་བསྙེན་པོ་བྱེད་པ་སྟེ༔ གཏོར་ཆོག་ལྟ་བུ་ཡིན་ན་ནི༔ ཕྱོགས་ཀྱི་གཙང་སའམ་ཡས་ལམ་དུ༔ གཏོ་དེ་ཕུལ་རྒྱུ་བསྐུར་བ་ཡིན༔ གཏོར་མའང་དེ་དང་འདྲ་བ་སྟེ༔ སོག་གས་ན་ཕུལ་ཡང་རུང་༔ རང་གི་གལ་ཆེན་ཐམས་ཅད་ལ༔ གཏོར་མ་ཞག་མང་བཞག་ནས་ཀྱང་༔ ཉིན་རེ་ཚར་རེ་འདོན་པ་དང་༔ རྒྱུན་བསྙེན་ཞག་མང་བྱས་ནས་འབུལ༔ སྐག་ཟློག་འབུལ་ཁ་འདོན་ན་ཡང་༔ གཏོར་མ་སོ་སོར་བསྒྲིགས་ནས་བཤམས༔ རིམ་བཞིན་སོ་སོར་འདོན་ཞིང་བསྙེན༔ རིམ་བཞིན་སོ་སོར་འབུལ་བར་བྱ༔ གཏོར་ཟློག་ཚུལ་དུ་ཕྱོགས་གཅིག་བཅའ༔ གཏོར་ཟློག་བཞིན་དུ་བཅའ་འདོན་ནི༔ བྱས་ན་ལེགས་པར་འགྱུར་སྙམ་བྱེད༔ ལན་གསུམ་མཎྜལ་བརྒྱ་རྩ་སོགས༔ ཕུལ་ནས་གསོལ་བ་བཏབ་བྱས་ཀྱང་༔ དེ་འདྲ་མི་ཕོད་ཟེར་བ་བྱུང་༔ དེ་ཕྱིར་ཕྱོགས་གཅིག་མདོས་ཀྱི་ཚུལ༔ བཅའ་བར་བྱ་བ་མ་ཡིན་ནོ༔ སྤར་ཁའི་གཏོ་ཡི་གོ་ཆོད་ཀྱང་༔ བཙོག་གླུད་བླུགས་པར་མི་


CMR042_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ༔ ཚངས་བུ་བཞག་ཀྱང་གཙང་མ་དགོས༔ སྐག་ཟློག་དགུ་པོ་འདི་དག་ཀྱང་༔ དཔལ་ལྡན་ལྷ་མོའི་སྤྲུལ་པ་སྟེ༔ མི་མངོན་ནམ་མཁའི་དབྱིངས་རུམ་ན༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་༔ སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ༔ སྐུ་ཡང་མི་གཅིག་སོ་སོར་བསྒོམ༔ མཚན་ཡང་མི་གཅིག་སོ་སོར་འབོད༔ སྔགས་ཀྱང་མི་གཅིག་སོ་སོར་བཟླ༔ ཇི་ལྟར་བྱས་ཀྱང་ངོ་བོ་གཅིག༔ ཅི་ལྟར་བྱས་ཀྱང་ཕྲིན་ལས་འགྲུབ༔ དེ་སྐད་ལྷ་མོའི་རྒྱུད་ལས་གསུངས༔ དེ་ཕྱིར་སྐག་ཟློག་དགུ་པོ་ཡང་༔ ལྷ་མོའི་སྐུ་ཡི་འགྱུར་བ་སྟེ༔ ཡིན་པར་ཤེས་ཤིང་དད་གུས་བསྐྱེད༔ སྐག་ཟློག་དགུ་པོ་གང་བྱེད་ཀྱང་༔ དམར་གཏོར་གཅིག་ནི་མདུན་བཤམ་བྲན༔ ལས་བྱང་སྔོན་ལྟར་བྱས་ནས་ཀྱང་༔ སོ་སོའི་གཞུང་ནི་གང་ཡིན་འདོན༔ ཨོྃ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ དགྲ་ཡི་སྐག་ཟློག་མ་ཡི་སྒྲུབ་ཐབས་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅའ་འོ༔ བྷྱོ༔ ལྷ་མོ་དགྲ་ཡི་སྐག་ཟློག་མ༔ དབུ་ནི་དམར་ལ་ལུས་གཡས་ལྗང་༔ ཞབས་གཉིས་སྔོ་ལ་ལུས་གཡོན་དཀར༔ ཕྱག་གཉིས་དགྲ་སྟ་ཐོ་བ་འཛིན༔ ལུས་ལ་རས་ཁྲའི་འདུང་མ་གྱོན༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདུང་མ་མོ་བཙུན་གོས་ལྟ་བུ༔ སྐུ་ནི་ཞི་བའི་ཆ་ལུགས་ཅན༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔


CMR042_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱོད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་མི་ནོར་ལ༔ དགྲ་ཡི་སྐག་རྣམས་ཐམས་ཅད་ཟློག །སྔ་དགྲ་ལག་བརྡར་དགྲ་སྲི་ཟློག༔ ཕྱི་དགྲ་ཡིད་ལ་བསམ་པ་ཟློག༔ ད་དགྲ་ཐད་དུ་ལང་བ་ཟློག༔ ངོ་ལ་གདོང་ཐུག་བྱེད་པ་ཟློག༔ ལྐོག་ནས་འབུ་བཞིན་འབུགས་པ་ཟློག །མ་ཉེས་ཁ་ཡོག་བཏང་བ་ཟློག༔ བརྒྱ་ཡི་མི་ཁ་ཟུག་པ་ཟློག༔ སྟོང་གི་བྲ་མཆུ་གཏོང་བ་ཟློག༔ དགྲ་སྣ་མེ་ལྟར་འབར་བ་ཟློག༔ དགྲ་སྣ་ཆུ་ལྟར་འབྲུབ་པ་ཟློག༔ དགྲ་སྣ་རླུང་ལྟར་འཚུབ་པ་ཟློག༔ དགྲ་སྣ་བལ་ལྟར་གཡེངས་བ་ཟློག༔ གཡས་ནས་ཕོ་བརྒྱས་མདའ་བརྡར་ཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་ཟློག༔ མདུན་ནས་རྩང་བཞིན་འཛུགས་པ་ཟློག༔ རྒྱབ་ན་ཁྱི་བཞིན་ཟུག་པ་ཟློག༔ ཇག་པས་རྟ་ཁ་བསིགས་བ་ཟློག༔ རྐུན་བུས་ཤ་ཆིངས་ཁུར་བ་ཟློག༔ དགྲ་ཆེན་བདུད་དུ་ལངས་བ་ཟློག༔ དམག་སྣ་ཇག་སྣ་སྟོན་པ་ཟློག༔ དགྲ་སྣ་རྐུན་སྣ་སྟོན་པ་ཟློག༔ སྲོག་ལ་དགྲ་དར་གསོད་གཅོད་ཟློག༔ ལུས་ལ་དགྲ་དར་བརྡེག་བཙོག་ཟློག༔ དབང་ཐང་དགྲ་དར་འཕྲོག་བཅོམ་


CMR042_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ རླུང་རྟ་དགྲ་དར་མི་ཁ་ཟློག༔ རྨ་ངོ་ཁྲག་ངོ་ཐམས་ཅད་ཟློག༔ ལྕགས་དང་ཞགས་པས་བཅིངས་བ་ཟློག༔ བཙན་གྱིས་ཐོག་བབ་བྱེད་པ་ཟློག༔ ཕྱི་ཡི་ཕྱི་དགྲ་ལངས་བ་ཟློག༔ ནང་ནས་ནང་འཁྲུག་ལངས་བ་ཟློག༔ ཟུར་ནས་གཅོད་དགོས་ཟེར་བ་ཟློག༔ གསོད་ཤོམ་བརྡུང་ཤོམ་བྱེད་པ་ཟློག༔ རྐུན་ཤོམ་འཕྲོག་ཤོམ་བྱེད་པ་ཟློག༔ ཕྱོགས་བཞིའི་དགྲ་བོ་ལངས་བ་ཟློག༔ མཚམས་བཞིའི་དགྲ་བོ་ལངས་བ་ཟློག༔ ལོ་ནི་སྐོར་ཆེན་དྲུག་ཅུ་ཡི༔ སྟེང་ནས་དགྲ་སྐག་ལངས་བ་ཟློག༔ ལོ་ཡི་རྒྱལ་པོ་བཅུ་གཉིས་ཀྱི༔ སྟེང་ནས་དགྲ་སྐག་ལངས་བ་ཟློག༔ བློན་པོ་ཟླ་བ་བཅུ་གཉིས་ཀྱི༔ སྟེང་ནས་དགྲ་སྐག་ལངས་པ་ཟློག༔ དམག་མི་ཞག་གྲངས་སུམ་བརྒྱ་དང་༔ དྲུག་ཅུའི་དགྲ་སྐག་ལངས་བ་ཟློག༔ དུས་ཚོད་སྟོང་དང་བདུན་བརྒྱ་ཡི༔ ཐོག་ནས་དགྲ་སྐག་ལངས་བ་ཟློག༔ གཟའ་བདུན་རྒྱུ་སྐར་ཉེར་བརྒྱད་ཀྱི༔ སྟེང་ནས་དགྲ་སྐག་ལངས་བ་ཟློག༔ དེ་མཚམས་ཀླུ་ཆེན་བརྒྱད་པོ་ཡི༔ དུས་སུ་དགྲ་སྐག་ལངས་བ་ཟློག༔ ལོ་ཟླའི་རྗེ་བློན་བཅུ་བདུན་གྱི༔ ཐད་ནས་དགྲ་སྐག་ལངས་བ་ཟློག༔ གཟུགས་ཅན་མི་ཡི་དགྲ་ལངས་ཟློག༔


CMR042_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་ལྷ་འདྲེའི་དགྲ་ལངས་ཟློག༔ བྷྱོ་བྷྱོ་ཟློག་ཟློག༔ ཐུགས་ཀར་ཟླ་སྟེང་ཁཾ་ཡིག་མཐར༔ སྔགས་འཕྲེང་གཡོན་དུ་འཁོར་བ་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ དགྲ་སྐག་དགྲ་ངོ་ཐམས་ཅད་ནི༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ དགྲ་ཡི་འཇིགས་པ་བྲལ་བར་བསྒོམ༔ མ་བྷྱོ་དགྲ་ཟློག༔ སྔགས་དེ་ཅི་ནུས་བསྙེན་པ་བྱ༔ དང་པོ་སྤྱན་འདྲེན་དུས་སུ་ཡང་༔ ཐུགས་ཀའི་ཁཾ་ལས་འོད་འཕྲོས་པས༔ སྤྱན་དྲངས་བསྐྱེད་པ་དེ་ལ་བསྟིམས༔ དུས་གཅིག་ཚར་གྲངས་མང་པོ་དང་༔ སྔགས་ནི་མང་དུ་བཟླས་ལ་འབུལ༔ ཡང་ན་རྒྱུན་བསྙེན་ཡུན་རིང་བྱ༔ འབུལ་ལུགས་ལ་སོགས་དགུ་ཁ་མཐུན༔ ལྷ་མོའི་དགྲ་ཟློག་ཟབ་ཅིང་མྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཞལ་གདམས་ནི་སྐུ་ཞི་བའི་ཆ་ལུགས་སོ༔ འདུང་མ་ནི་ནང་གྱོན་འདྲ་བའོ༔ སྔགས་གྲངས་སྒྲུབ་གྲངས་མེད༔ བདག་བསྐྱེད་ལས་ཧུར་དྲག་མོ་བསྐྱེད་ན་ལེགས༔ ཡི་དམ་གཞན་ཡང་རུང་ངོ་༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་རྟ་ཆེན་ཟླ་བའི་ཡར་ངོའི་ཚེས་བཅུ་ནུབ་དགྲའི་སྐག་ཟློག་མ་ཉིད་ཀྱིས་དངོས་སུ་གསུངས་སོ༔ ཞེས་པ་འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ༔ ཨོཾ༔ ངམཐ༔ ལས་ཧུར་དྲག་མོར་ཕྱག་འཚལ་ལོ༔ མེ་ཡི་སྐག་ཟློག་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོན་དམར་གཏོར་གཅིག་བཅའ་འོ༔ བྷྱོ༔


CMR042_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་མེ་ཡི་སྐག་ཟློག་དམར༔ ཞལ་གཅིག་ཕྱག་གཉིས་གཟར་བུ་མེ༔ སྐུ་ལ་རས་དཀར་འདུང་མ་གསོལ༔ ལྷ་མོའི་ཆས་རྣམས་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་ཡོན་བདག་བསྲུང་བྱ་ལ༔ ཕྱི་དང་ནང་དང་གསང་བ་ཡི༔ མེ་ཡི་སྐག་རྣམས་ཐམས་ཅད་ཟློག༔ སྲོག་ལུས་དབང་ཐང་རླུང་རྟ་ལ༔ མེ་དགྲ་དར་བའི་སྐག་རྣམས་ཟློག༔ སྐོར་ཆེན་དྲུག་ཅུ་ཐམ་པ་ཡི༔ མེ་དགྲ་དར་བའི་མེ་སྐག་ཟློག༔ སྤར་ཁ་ལི་དང་རྟ་སྦྲུལ་གྱི༔ སྟེང་དུ་རྩུབ་པའི་མེ་སྐག་ཟློག༔ སྨེ་བ་དགུ་དམར་བདུན་དམར་གྱི༔ སྟེང་དུ་རྩུབ་པའི་མེ་སྐག་ཟློག༔ བློན་པོ་ཟླ་བ་བཅུ་གཉིས་དང་༔ ཞག་མ་སུམ་བརྒྱ་དྲུག་ཅུ་ཡི༔ སྟེང་དུ་རྩུབ་པའི་མེ་སྐག་ཟློག༔ ཉི་མ་དང་ནི་དམག་དཔོན་དང་༔ མེ་སྐར་དྲུག་གི་མེ་སྐག་ཟློག༔ རྟ་སྦྲུལ་ལི་དང་རང་ལོའི་སྐག༔ ཕྱིན་པ་མེ་ཡི་རང་སྐག་ཟློག༔ བྱ་སྤྲེལ་ལི་ལ་ཕྱིན་པ་ཡི༔ མེ་དགྲ་དར་བའི་མེ་སྐག་ཟློག༔ ལྷོ་ཕྱོགས་མེ་ཡི་དགྲ་དར་ཟློག༔ ཡུལ་


CMR042_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་མེ་ཡིས་ཚིག་པ་ཟློག༔ སྦ་ཁྱིམ་མེ་ཡིས་ཚིག་པ་ཟློག༔ མཁར་ཁང་མེ་ཡིས་ཚིག་པ་ཟློག༔ ས་ཚིག་ཐན་ཆེན་འབར་བ་ཟློག༔ ལུས་ལ་མེ་སྐག་ལངས་བ་ཟློག༔ མགོ་ཚད་སྙིང་ཚད་གློ་ཚད་ཟློག༔ མཁལ་ཚད་ཕོ་ཚད་རྒྱུ་ཚད་ཟློག༔ གསང་བ་སེམས་ཀྱི་མེ་སྐག་ཟློག༔ ཞེ་སྡང་མེ་ལྟར་འབར་བ་ཟློག༔ སྐག་ཟློག་ལྷ་མོའི་དུས་ལ་བ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷ་མོའི་ཐུགས་ཀར་རཾ་ལ་ནི༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས་མེ་ཡི་སྐག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས༔ མེ་ཡི་སྐག་དང་གནོད་པ་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་བསྒོམ༔ རཾ་ཁ་ལ་མེ་ཟློག༔ ཚར་གྲངས་སྔགས་གྲངས་ཅི་མང་བྱ༔ དེ་ཡིས་མེ་ཡི་སྐག་བོག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ རམཐ༔ ཅེས་པ་སྤྲུལ་སྐུ་དགུང་ལོ་བཅུ་གསུམ་པ་རྟ་ཆེན་ཟླ་བའི་ཉེར་བརྒྱད་ལ་ལྷ་མོ་མེ་ཡི་སྐག་ཟློག་མ་ཉིད་ཀྱིས་ཕུལ་ལོ༔ དེ་ལ་འདོན་ཆ་རཱ་ག་ཨ་སྱེས་སྦྱར་བའོ༔ ཨོྃ༔ ལས་ཧུར་དྲག་མོར་ཕྱག་འཚལ་ལོ༔ ས་ཡི་སྐག་བཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅའ་


CMR042_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འོ༔ བྷྱོ༔ ལྷ་མོ་ས་ཡི་སྐག་ཟློག་སེར༔ ཞལ་གཅིག་ཕྱག་གཉིས་ཐོ་བ་བསྐྱེད༔ ལྷ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ དར་སེར་འདུང་མ་སྐུ་ལ་གསོལ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ སྲོག་ལུས་དབང་ཐང་རླུང་རྟ་ལ༔ ས་ཡི་གནོད་པའི་ས་སྐག་ཟློག༔ སྟག་ཡོས་ཁོན་ལ་ཕྱིན་པ་ཡི༔ སྤར་ཁ་ས་ཡི་དུར་སྐག་ཟློག༔ ལོ་ཟླ་ཞག་དུས་ལུག་གི་སྟེང་༔ སྟག་ཡོས་ཕྱིན་པའི་དུར་སྐག་ཟློག༔ ལྔ་སེར་སྟེང་དུ་ཕྱིན་པ་ཡི༔ སྨེ་བའི་ས་སྐག་ལངས་བ་ཟློག༔ ས་ལོ་བཅུ་གཉིས་སྟེང་རྩུབ་པ༔ ལོ་རྒན་དྲུག་ཅུའི་ས་ཐོསྐག་ཟློག༔ གཤེད་བཞིའི་སྟེང་དུ་རྩུབ་པ་ཡི༔ རྒྱལ་པོ་ལོ་ཡི་ས་སྐག་ཟློག༔ ཐ་ཆུང་བཞི་ལ་རྩུབ་པ་ཡི༔ བློན་པོ་ཟླ་བའི་ས་སྐག་ཟློག༔ གཤེད་བཞི་ཞག་ལ་རྩུབ་པ་ཡི༔ དམག་མི་ཞག་གི་ས་སྐག་ཟློག༔ གཤེད་བཞི་དུས་ལ་རྩུབ་པ་ཡི༔ དུར་ཚོད་མཚོན་ཆའི་ས་སྐག་ཟློག༔ རི་ཉིལ་ས་ལོག་མཁར་ཁང་འགྱེལ༔ ཕྱི་རོལ་སྣོད་ཀྱི་ས་སྐག་ཟློག༔


CMR042_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྐང་ལོག་ས་སྐྱོན་ཤ་ལྷག་སོགས༔ ལུས་ཀྱི་ས་སྐག་ནད་རྣམས་ཟློག༔ ཕོ་བའི་ནད་དང་མཚེར་པའི་ནད༔ དོན་དང་སྣོད་ཀྱི་ས་སྐག་ཟློག༔ རྐང་ལག་རྐྱང་པ་ཞུ་རིང་སོགས༔ ཡན་ལག་བཞི་ཡི་ས་སྐག་ཟློག༔ ས་བདག་འཁྲུགས་པའི་གནོད་པ་སོགས༔ ཕྱི་དང་ནང་གི་ས་སྐག་ཟློག༔ ལྡི་འཐིབ་གཉིད་དང་རྨུགས་པ་སོགས༔ གསངབ་སེམས་ཀྱི་ས་སྐག་ཟློག༔ བྷྱོ་བྷྱོ་ཟློག་ཟློག༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང་༔ ལཾ་ལས་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡི༔ ས་ཡི་སྐག་ཟློག་སྤྱན་དྲངས་ནས༔ བསྒོམ་པ་དེ་ཡི་སྐུ་ལ་ཐིམ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ ཕྱི་ནང་གསང་བའི་ས་སྐག་ཀུན༔ སྤྲིན་ནག་རླུང་གིས་གཏོར་ལྟར་བསྒོམ༔ སྔགས་འདི་ཅི་འགྲུབ་མང་དུ་བརྗོད༔ ལཾ་མ་ན་ས་ཟློག༔ དེ་ཡིས་ས་ཡི་སྐག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ དཀུ། ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་རྟ་ཆེན་ཟླ་བའི་གནམ་གང་ཉིན་ལྷ་མོ་སའི་སྐག་ཟློག་མ་ཉིད་ཀྱིས་དངོས་སུ་གསུངས་སོ༔ ཞེས་པ་འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ༔ ཨོཾ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ལྕགས་ཀྱི་སྐག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་


CMR042_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གཏོར་གཅིག་བཅའ་འོ༔ བྷྱོ༔ ལྷ་མོ་ལྕགས་ཀྱི་སྐག་ཟློག་དཀར༔ ཞལ་གཅིག་ཕྱག་གཉིས་ལྕགས་ཆ་བྲོ༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་དཀར་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ ཕྱི་དང་ནང་དང་གསང་བ་ཡི༔ ལྕགས་ཀྱི་སྐག་རྣམས་ཐམས་ཅད་ཟློག༔ སྟག་དང་ཡོས་ཀྱི་ལོ་པ་ལ༔ ནུབ་ཀྱི་བྲག་དཀར་སྤྲེལ་འདུ་སོགས༔ ས་དགྲ་ལངས་བའི་ལྕགས་སྐག་ཟློག༔ བྲག་ཞིག་ལྷ་འདྲེས་རྡོ་འཕེན་དང་༔ རི་རྡོ་ཞིང་དུ་འགྲིལ་བ་སོགས༔ ལྟས་ངན་ཆོ་འཕྲུལ་ལྕགས་སྐག་ཟློག༔ མདའ་གྲི་མདུང་གསུམ་དགྲ་དར་སོགས༔ ལུས་ལ་མཚོན་གྱི་ལྕགས་སྐག་ཟློག༔ བྲག་སྲིན་བྲག་ཐིལ་གནོད་པ་སོགས༔ བྲག་གནས་ལྷ་འདྲེའི་ལྕགས་སྐག་ཟློག༔ སྟག་དང་ཡོས་ཀྱི་ལོ་པ་ཡི༔ དྭ་ཡི་སྟེང་དུ་ཕྱིན་པ་སོགས༔ སྤར་ཁའི་ལྕགས་སྟག་ལངས་བ་ཟློག༔ སྲོག་ལུས་དབང་ཐང་རླུང་རྟ་ལ༔ ལྕགས་དགྲ་དར་བའི་ལྕགས་སྐག་ཟློག༔ ལོ་ཟླ་ཞག་དང་ཟ་མ་ལ༔ སྨེ་བ་སྐར་


CMR042_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེང་རྩུབ་པའི༔ སྨེ་བའི་ལྕགས་སྐག་ལངས་བ་བཟློག༔ དེ་བཞིན་ལོ་ཟླ་ཞག་དུས་སུ༔ དྭ་ཡི་སྟེང་དུ་རྩུབ་པ་ཡི༔ སྤར་ཁའི་ལྕགས་སྐག་ཐམས་ཅད་ཟློག༔ སྟག་དང་ཡོས་ཀྱི་ལོ་པ་ཡི༔ ལོ་ཟླ་ཞག་དང་ཟ་མ་རྣམས༔ བྱ་སྤྲེལ་ཐོག་ཏུ་ཕྱིན་པ་ཡི༔ ལོ་ཟླ་ཞག་དུས་ལྕགས་སྐག་ཟློག༔ ལྕགས་སྐག་དྲུག་དང་པ་སངས་ཀྱི་༔ གནོད་པའི་གཟའ་སྐར་ལྕགས་སྐག་ཟློག༔ ཤིང་ལོ་བཅུ་གཉིས་ལོ་པ་རྣམས༔ ལྕགས་ལོ་བཅུ་གཉིས་སྟེང་ཕྱིན་སོགས༔ དྲུག་ཅུ་ལོ་ཡི་ལྕགས་སྐག་ཟློག༔ རུས་པ་དཀར་པོ་ལྕགས་ཀྱི་ཁམས༔ རུས་པ་ན་བའི་ལྕགས་སྐག་ཟློག༔ མགོ་ཆག་ཀླད་པ་ལུག་པ་སོགས༔ སྒལ་ཚིགས་གཞུང་པའི་ནད་རྣམས་ཟློག༔ རྐང་ལག་ཆག་ཅིང་གྲུམ་པ་སོགས༔ ལྕགས་འདྲེ་གྲི་བོ་གྲི་མོ་ཟློག༔ བཙོན་བཟུང་ལྕགས་བླུག་ལྕགས་སྐག་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང་༔ ཙཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ལྕགས་ཀྱི་སྐག་ཟློག་སྤྱན་དྲངས་ནས༔ མདུན་གྱི་བསྐྱེད་པ་དེ་ལ་བསྟིམ༔ སླར་ཡང་འོད་འཕྲོས་ལྕགས་ཀྱི་སྐག༔ བ་མོར་ཉི་ཟེར་


CMR042_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་ལྟར་བསྒོམ༔ དེ་ནས་སྔགས་འདི་ཅི་འགྲུབ་བརྗོད༔ ཙ་དམར་ལྕགས་ཟློག༔ དེ་ཡིས་ལྕགས་ཀྱི་སྐག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཤཔ། ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་སྤོ་ཟླ་བའི་ཚེས་གཅིག་ལ་ལྷ་མོ་ལྕགས་ཀྱི་སྐག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་བའོ༔ ཞེས་པ་འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ༔ ཨོྃ༔ ལྕགས་ཐཾ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ གནམ་གྱི་སྐག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅའ་འོ༔ བྷྱོ༔ ལྷ་མོ་ནམ་མཁའི་སྐག་ཟློག་སྔོ༔ ཞལ་གཅིག་ཕྱག་གཉིས་འཇའ་ཚོན་གྲི༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་སྔོན་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ ཕྱི་ནང་གསང་བ་གནམ་གྱི་སྐག་སྐག་ཟློག་ལྷ་མོའི་སྐག་བཟློག་ཅིག༔ ལི་དང་ཁེན་ལ་སྤུངས་པའམ༔ བུག་པའི་གནམ་སྒོ་བྱེ་བ་ཟློག༔ ལོ་ཟླ་ཞག་དང་དུས་ཚོད་ལ༔ རྟ་སྦྲུལ་ལི་དང་ཁེན་ལ་ཕྱིན༔ གནམ་གྱི་དུར་སྐག་ལངས་བ་ཟློག༔ གནམ་སྐག་ཐོག་དང་སེར་བ་ཟློག༔ གནམ་རྡོ་


CMR042_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མིན་ཁ་ཆར་ཟློག༔ གནམ་ཁྱི་ངུ་ཟུག་བྱེད་པ་ཟློག༔ གནམ་ཐིལ་ས་ལ་བབ་པ་ཟློག༔ གཟའ་སྐར་ཐང་ལ་ལྷུང་བ་ཟློག༔ གནམ་ནད་གཟའ་ཡི་གདོང་ཐུག་ཟློག༔ གནམ་གྱི་དལ་ཁ་བབ་པ་ཟློག༔ སྐར་མདའ་ས་ལ་བབ་པ་ཟློག༔ གནམ་སྒྲོན་གཤིན་རྗེའི་མཆེ་ཟུར་ཟློག༔ བྱ་ཆེན་སྟེང་དུ་བབ་པ་ཟློག༔ བྱ་ཐན་ལུས་ལ་ཕོག་པ་ཟློག༔ གཟའ་ཆེན་བརྒྱད་ཀྱི་གཟེར་འདེབས་ཟློག༔ གཟའ་དང་རྒྱུ་སྐར་འཁྲུག་པ་ཟློག༔ རྒྱུ་སྐར་རྣམས་ཀྱི་ཉེས་སྐྱོན་ཟློག༔ འཇའ་སྣ་ཁྱིམ་དུ་ཟུག་པ་ཟློག༔ གཡུ་འབྲུག་ས་ལ་འབབ་པ་ཟློག༔ གནམ་རྟ་གནམ་ལུག་བབ་པ་ཟློག༔ འུར་སྒྲ་ཐུག་ཆོམ་བྱུང་བ་ཟློག༔ གཟའ་བདུད་རྒྱུག་གྲངས་མང་བ་ཟློག༔ གྲོང་ཁྱེར་སྟོང་པའི་གནམ་སྐག་ཟློག༔ སྦྲ་ཁྱིམ་སྟོང་པའི་གནམ་སྐག་ཟློག༔ བང་མཛོད་སྟོང་པའི་གནམ་སྐག་ཟློག༔ མེད་སྣང་ལྟོགས་སྣང་ལངས་བ་ཟློག༔ སྟོང་པ་ནམ་མཁའི་སྐག་རྣམས་ཀུན༔ སྐག་ཟློག་ལྷ་མོའི་ད་ཟློག་ཅིག༔ ས་མ་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང་༔ ཨེ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ནམ་མཁའི་


CMR042_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་བཟློག་སྤྱན་དྲངས་བསྟིམས༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ གནམ་ནད་གནམ་གྱི་སྐག་རྣམས་ཀུན༔ མུན་པར་ཉི་མ་ཤར་བཞིན་གསལ༔ སྔགས་འདི་ཅི་ནུས་བརྗོད་པར་བྱ༔ ཨེ་མོ་ཐེ་གནམ་གྱི་སྐག་ཟློག༔ དེ་ཡིས་གནམ་གྱིས་སྐག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཤ་རྒྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་སྤོ་ཟླ་བའི་ཚེས་གསུམ་གྱི་ཉིན་ལྷ་མོ་ནམ་མཁའི་སྐག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་ལོ༔ ཞེས་པ་འདོན་ཆ་རཱ་ག་ཨ་སྱས་སྦྱར༔ ཨོཾ༔ ལས་ཧུར་དྲག་མོར་ཕྱག་འཚལ་ལོ༔ ཆུ་ཡི་སྐག་ཟློག་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅའ་འོ༔ བྷྱོ༔ ལྷ་མོ་ཆུ་ཡི་སྐག་ཟློག་སྔོ༔ ཞལ་གཅིག་ཕྱག་གཉིས་ཆུ་རྐྱལ་ཐོགས༔ ལྷ་མོའི་ཆུ་ལུགས་ཡོངས་སུ་རྫོགས༔ དར་སྔོན་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ ཆུ་ཡི་གནོད་པའི་སྐག་རྣམས་ཟློག༔ སྲོག་ལུས་དབང་ཐང་རླུང་རྟ་རྣམས༔ འབྱུང་བ་མེ་ཁམས་ཡིན་རྣམས་ལ༔


CMR042_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དང་འཕྲད་པའི་ཆུ་སྐག་ཟློག༔ སྤར་ཁ་ཟླ་བ་ཞག་དུས་སུ༔ རྟ་སྦྲུལ་ཁཾ་ལ་ཕྱིན་པ་ཟློག༔ གཉིས་ནག་དང་ནི་གསུམ་མཐིང་ལ༔ རྩུབ་པ་སྨེ་བའི་ཆུ་སྐག་ཟློག༔ རྟ་དང་སྦྲུལ་གྱི་ལོ་པ་རྣམས༔ བྱི་ཕག་ལོ་ལ་ཕྱིན་པ་སོགས༔ རྒྱལ་པོ་ལོ་ཡི་ཆུ་སྐག་ཟློག༔ དེ་བཞིན་རྟ་དང་སྦྲུལ་ལོ་པ༔ ཞག་དང་ཟ་མ་ལ་སོགས་པ་བྱི་ཕག་ཤར་བའི་ཆུ་སྐག་ཟློག༔ སྲོག་ལུས་དབང་རླུང་མེ་ཁམས་པ༔ ཆུ་ཡི་སྐར་མ་ཟླ་ལག་སོགས༔ གཟའ་དང་སྐར་མའི་ཆུ་སྐག་ཟློག༔ ལ་ངུར་གངས་རྡིབ་གངས་རྒྱུག་དང་༔ རྐང་ལག་ཕྱིད་པའི་ཆུ་སྐག་ཟློག༔ ཆུས་ཁྱེར་གྲུ་ལོག་ཤ་སྦྱད་སོགས༔ ཆུ་ཡིས་ཤི་བའི་ཆུ་སྐག་ཟློག༔ སྡུག་གི་མཆི་མ་བབ་པ་སོགས༔ མྱ་ངན་ཆེན་པོའི་ཆུ་སྐག་ཟློག༔ དམུ་ཆུ་གྲང་ནད་ཆུ་འགག་སོགས༔ ཆུ་སེར་གྲང་འབྱམས་ཆུ་སྐག་ཟློག༔ གྲང་སྲིན་རྣག་ཁྲག་འཛག་པ་དང་༔ བཤལ་དང་སྐྱག་པའི་ཆུ་སྐག་ཟློག༔ རྟ་དང་སྦྲུལ་གྱི་ལོ་པ་ལ༔ བྱང་གི་ཆུ་བོ་རྒྱུན་འབབ་སོགས༔ ས་ཡི་ས་དགྲ་ཆུ་སྐག་ཟློག༔ གྲོང་པའི་བྱང་དུ་མཚོ་ཆུང་དང་༔ ཆུ་སྒྲོན་ཉི་མའི་སྲབ་མདའ་སོགས༔ ས་དགྲ་ཆུ་སྐག་ལངས་བ་ཟློག༔ ཡུལ་མི་


CMR042_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཁམས་གནོད་པ་སོགས༔ མིང་གི་ཆུ་སྐག་ལངས་བ་ཟློག༔ འདོད་ཆགས་ཆུ་ལྟར་འཁྲུགས་པ་ཟློག༔ ཆུ་ལ་གནས་པའི་གདོན་རྣམས་ཟློག༔ ཕྱི་དང་ནང་དང་གསང་བ་ཡི༔ ལྷཆུ་ཡིས་གནོད་པའི་སྐག་རྣམས་ཟློག༔ ཐམས་ཅད་མ་ལུས་བཟློག་ཏུ་གསོལ༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང་༔ ཁཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ཆུ་ཡི་སྐག་ཟློག་སྤྱན་དྲངས་ནས༔ སྒོམ་པ་དེ་ཡི་སྐུ་ལ་ཐིམ༔ སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས༔ ཆུ་ཡི་སྐག་དང་གནོད་པ་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་གྱུར༔ ཁཾ་མ་ར་ཆུ་ཟློག༔ མང་དུ་བརྗོད༔ དེ་ཡིས་ཆུ་ཡི་སྐག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཧཁ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་སྤོ་ཟླ་བའི་ཚེས་བཞིའི་ནུབ་དཔལ་ལྡན་ལྷ་མོ་ཆུའི་སྐག་བཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་ལོ༔ འདོན་ཆ་རཱག་ཨ་སྱས་སྦྱར་བའོ༔ ཤམ༔ ཨོཾ༔ ཤམཛྷ་ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ཤིང་གི་སྐག་ཟློག་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅའ་འོ༔ བྷྱོ༔ ལྷ་མོ་ཤིང་གི་སྐག་ཟློག་མ༔ ལྗང་ཁུ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་ཤིང་ལོ་གཡོན་དུ་དྲྭ་


CMR042_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ ལྷ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ རས་ལྗང་འདུང་མ་སྐུ་ལ་གསོལ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ ཕྱི་ནང་གསང་བ་ཤིང་གི་སྐག༔ ཐམས་ཅད་བཟློག་པའི་དུས་ལ་བབ༔ ལོ་ཟླ་ཞག་དང་དུས་ཚོད་རྣམས༔ ཟིན་གྱི་སྟེང་དུ་རྩུབ་པ་ཡི༔ སྤར་ཁའི་ཤིང་སྐག་ལངས་བ་ཟློག༔ གཤེད་བཞི་སྟག་ཡོས་ཟིན་ལ་ཕྱིན༔ ཤིང་གི་དགྲ་སྐག་ལངས་བ་ཟློག༔ ས་ལོ་བཅུ་གཉིས་ལོ་པ་རྣམས༔ ཤིང་ལོ་བཅུ་གཉིས་སྟེང་དུ་ཕྱིན༔ དྲུག་ཅུ་ལོ་ཡི་ཤིང་སྐག་ཟློག༔ མཚམས་བཞི་ལོ་པའི་མི་རྣམས་ནི༔ སྟག་དང་ཡོས་ཀྱི་ལོ་ལ་ཕྱིན༔ གནམ་ལོ་ལོག་མན་ཤིང་སྐག་ཟློག༔ དེ་བཞིན་གཤེད་བཞི་ལོ་པ་རྣམས༔ དཔྱིད་ཟླ་ར་དང་འབྲིང་ལ་བབ༔ བློན་པོ་ཟླ་བའི་ཤིང་སྐག་ཟློག༔ དེ་བཞིན་ཞག་དང་དུས་ཚོད་ལ༔ སྟག་དང་ཡོས་བུ་ཤར་བའི་ཚེ༔ མཚམས་བཞི་ལོ་པའི་ཤིང་སྐག་ཟློག༔ ཤར་སྐར་དྲུག་དང་ཕུར་བུ་ཡིས༔ གནོད་པའི་གཟའ་སྐར་ཤིང་སྐག་ཟློག༔ ཤར་དང་ནུབ་ཀྱི་


CMR042_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གཅིག་དང་༔ ཤིང་ནག་རེ་བའི་གཡབ་མོ་སོགས༔ ས་དགྲ་ཤིང་སྐག་ལངས་པ་བཟློག༔ ཤིང་ཆེན་འགྱེལ་བའི་འོག་ཚུད་དང་༔ ཤིང་གཉན་བཅད་པའི་གནོད་པ་ཟློག༔ ཀ་གདུང་འཕྲེད་དུ་ཆག་པ་དང་༔ བོང་བའི་བཅུད་རྩི་ཟག་པ་སོགས༔ ཤིང་སྐག་ལྟས་ངན་ལངས་བ་ཟློག༔ རྩ་དང་རྒྱུས་པ་ནང་གི་ཤིང་༔ རྩ་སྐྱོན་འཐེང་སྡོད་བྱུང་བ་ཟློག༔ རྩ་དང་ཆུ་རྒྱུས་ཆད་པ་ཟློག༔ རྩ་རྒྱུད་གཟེར་ཞིང་ཁུམ་པ་ཟློག༔ མཆིན་པ་ཤིང་གི་ཁམས་ཡིན་པས༔ མཆིན་ནད་མཆིན་སྐྲན་ཞུགས་པ་ཟློག༔ རང་རྒྱུད་ཤིང་ལྟར་རེངས་བ་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ལྷ་མོའི་ཐུགས་ཀར་ཧཱུྃ་ལྗང་མཐར༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ ཤིང་གི་སྐག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ སླར་ཡང་འོད་འཕྲོས་ཤིང་གི་སྐག༔ ཐམས་ཅད་སངས་སེ་དག་པ་བསྒོམ༔ སྔགས་འདི་ཅི་མང་བརྗོད་པར་བྱ༔ ཤཾ་མ་ན་ཤིང་ཟློག༔ དེ་ཡིས་ཤིང་གི་སྐག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ གམ། ཅེས་པ་སྤྲུལ་སྐུ་ལ་རྟ་ཆེན་ཟླ་བའི་ཉེར་དྲུག་ནུབ་མོ་ལྷ་མོ་ཤིང་གི་སྐག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་ལོ༔ འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ༔


CMR042_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཨོྃ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ རླུང་གི་སྐག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅའ་འོ༔ བྷྱོ༔ ལྷ་མོ་རླུང་གི་སྐག་ཟློག་ལྗང་༔ གཡས་ནི་རླུང་ཞགས་གཡོན་སྦྲུལ་ཞགས༔ དར་ལྗང་འདུང་མ་སྐུ་ལ་གསོལ༔ ལྷ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ ལོ་ཟླ་ཞག་དང་དུས་ཚོད་རྣམས༔ བཞི་ལྗང་སྟེང་དུ་རྩུབ་པ་ཡི༔ སྨེ་བའི་རླུང་སྐག་ལངས་བ་ཟློག༔ ལོ་ཟླ་ཞག་དང་དུས་ཚོད་རྣམས༔ ཟོན་གྱི་སྟེང་དུ་རྩུབ་པ་ཡི༔ སྤར་ཁའི་རླུང་སྐག་ལངས་བ་ཟློག༔ རླུང་ནག་འཚུབ་མས་བཏུམ་པ་ཟློག །ཁང་ཁྱིམ་རླུང་གིས་བསྐྱེལ་བ་ཟློག༔ སྦྲ་གུར་རླུང་གིས་ཁྱེར་བ་ཟློག༔ རླུང་རྟ་རྒུད་པའི་རླུང་སྐག་ཟློག༔ དགྲ་སྣ་རླུང་ལྟར་འཚུབ་པ་ཟློག༔ མི་ཁ་རླུང་ལྟར་འཚུབ་པ་ཟློག༔ རླུང་ཁ་དགྲ་ལ་ཤོར་བ་ཟློག༔ གཏམ་རླུང་ཕམ་པའི་རླུང་སྐག་ཟློག༔ རླུང་འཁྱོམས་ཆེན་པོ་ལངས་བ་ཟློག༔ བད་རླུང་མགོ་བོ་འཁོར་བ་ཟློག༔ སེམས་རླུང་སྨྱོ་དང་འབོག་པ་


CMR042_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ རླུང་འགག་ཕོ་ལྷོག་གླང་འཐབ་ཟློག༔ རླུང་གཟེར་སྟོད་འཚང་ལངས་བ་ཟློག༔ རླུང་གཟའ་ཁ་མིག་ཡོ་བ་ཟློག༔ རླུང་འཁྲུག་མཐོང་སྣང་སྐྲག་སྣང་ཟློག༔ གསང་རླུང་སེམས་ཀྱི་འཕྲོ་རྒོད་ཟློག༔ དོན་མེད་ཚིག་པ་ཟ་བ་ཟློག༔ རང་སྲོག་རང་གིས་གཅོད་པ་ཟློག༔ ཕྱི་ནང་གསང་བའི་རླུང་སྐག་རྣམས༔ སྐག་ཟློག་ལྷ་མོས་ད་བཟློག་ཅིག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང་༔ ཡཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ རླུང་གི་སྐག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ རླུང་གི་ནད་དང་གནོད་པ་ཀུན༔ བྱང་ཞིང་དག་ནས་མེད་པར་བསྒོམས༔ སྔགས་འདི་ཅི་ནུས་བརྗོད་པར་བྱ༔ ཡཾ་མ་ར་ན་ཁཾ་ཁཾ་ནི༔ ཚྭ་ཏ་ནི་རླུང་ཟློག༔ དེ་ཡིས་རླུང་གི་སྐག་ཟློག་འགྲུབ༔ ས་མ་ཡ༔ རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་རྟ་ཆེན་ཟླ་བའི་ཉེར་བདུན་ནུབ་ལྷ་མོ་རླུང་གི་སྐག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་ལོ༔ འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ༔ ཨོཾ༔ ལས་ཧུར་དྲག་མོར་ཕྱག་འཚལ་ལོ༔ ཕྱོགས་ཀྱི་སྐག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་


CMR042_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་གཅིག་བཅའ་འོ༔ བྷྱོ༔ ལྷ་མོ་ཕྱོགས་ཀྱི་སྐག་ཟློག་མ༔ སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་རི་རབ་ཕུར་པ་འཛིན༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་འདུང་དམར་སེར་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ ཤར་ཕྱོགས་དྲི་ཟའི་སྐག་རྣམས་ཟློག༔ ལྷོ་ཕྱོགས་གཤིན་རྗེའི་སྐག་རྣམས་ཟློག༔ ནུབ་ཕྱོགས་ཀླུ་ཡི་སྐག་རྣམས་ཟློག༔ བྱང་ཕྱོགས་གནོད་སྦྱིན་སྐག་རྣམས་ཟློག༔ ཤར་ལྷོ་མེ་ལྷའི་སྐག་རྣམས་ཟློག༔ ལྷོ་ནུབ་སྲིན་པོའི་སྐག་རྣམས་ཟློག༔ ནུབ་བྱང་རླུང་ལྷའི་སྐག་རྣམས་ཟློག༔ བྱང་ཤར་དབང་ལྡན་སྐག་རྣམས་ཟློག༔ སྟེང་ཕྱོགས་གཟའ་སྐར་སྐག་རྣམས་ཟློག༔ འོག་ཕྱོགས་ས་བདག་སྐག་རྣམས་ཟློག༔ འདྲེ་ལྔ་གནས་པའི་ཕྱོགས་སྐག་ཟློག༔ བདུད་གཅོད་།གནས་པའི་ཕྱོགས་སྐག་ཟློག༔ གནོད་བྱེད་གནས་པའི་ཕྱོགས་སྐག་ཟློག༔ སྤར་ཁ་རང་ཐོག་ཕྱོགས་སྐག་ཟློག༔ སྤར་ཁ་དགྲ་ཡི་ཕྱོགས་སྐག་ཟློག༔ ཐེ་སེ་ཧལ་ཁྱི་ཙང་ཀུན་


CMR042_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སོགས༔ ཕྱོགས་སུ་འགྲོ་བའི་ཕྱོགས་སྐག་ཟློག༔ གཟའ་དང་ཁྲ་ཚ་ཟིན་ཕུང་སོགས༔ གདོང་དང་ཐུག་པའི་ཕྱོགས་སྐག་བཟློག༔ ཕྱོགས་དེར་སོང་ན་རྐྱེན་འོང་བའི༔ ཡུལ་ལྷ་ཁྲོས་པའི་ཕྱོགས་སྐག་ཟློག༔ མཆོད་རྟེན་ལྷ་ཁང་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་སྐག་ཟློག༔ གྲུ་ཟམ་རུ་ནག་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་སྐག་ཟློག༔ ལྕགས་བཟོ་མགར་ཚང་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་སྐག་ཟློག༔ ཤིང་བཟོ་མཁར་ལས་བྱེད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་སྐག་ཟློག་བང་སྟོང་སྨོན་མ་ཡོད་ཕྱོགས་སུ༔ འགྲོ་མི་རུང་བའི་ཕྱོགས་སྐག་ཟློག༔ རྟ་བཤའ་བག་མ་བཏང་ལེན་སར༔ འགྲོ་མི་རུང་བའི་ཕྱོགས་སྐག་ཟློག༔ ས་རྐོ་ཁང་ནག་བཤུ་འགེབ་སར༔ འགྲོ་མི་རུང་བའི་ཕྱོགས་སྐག་ཟློག༔ མི་ཤི་རྡོ་ཟན་བྱེད་ས་རུ༔ འགྲོ་མི་རུང་བའི་ཕྱོགས་སྐག་ཟློག༔ ལི་ལ་ཁྱི་ཟླའི་བཅུ་བདུན་བར༔ ནུབ་ཏུ་འགྲོ་བའི་ཕྱོགས་སྐག་ཟློག༔ ཁོན་ལ་ཕག་གི་ཟླ་བ་ཡི༔ བཅུ་བཞི་ནས་ནི་བཅུ་བདུན་བར༔ བྱང་དུ་འགྲོ་བའི་ཕྱོགས་སྐག་ཟློག༔ དྭ་ལ་སྟག་ཟླའི་ཉེར་གཅིག་ལ༔ ཤར་དུ་འགྲོ་བའི་ཕྱོགས་སྐག་ཟློག༔


CMR042_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཁེན་ལ་རྟ་ཡི་ཟླ་བ་ཡི༔ ཚེས་གཅིག་ནས་ནི་བཅུ་བདུན་བར༔ ལྷོ་རུ་འགྲོ་བའི་ཕྱོགས་སྐག་ཟློག༔ ཁོ་ལ་ལུག་གི་ཟླ་བ་ཡི༔ ཚེས་བཅུ་ནས་ནི་ཉེར་གཅིག་བར༔ ལྷོ་ནུབ་འགྲོ་བའི་ཕྱོགས་སྐག་ཟློག༔ གིན་ལ་འབྲུག་གི་ཟླ་བ་ཡི༔ ཚེས་གཅིག་ནས་ནི་བདུན་གྱི་བར༔ ཤར་ལྷོར་འགྲོ་བའི་ཕྱོགས་སྐག་ཟློག༔ ཟིན་ལ་སྤྲེའུ་ཟླ་བ་ཚེས་གཅིག་ནས་ནི་བདུན་གྱི་བར༔ ནུབ་ཏུ་འགྲོ་བའི་ཕྱོགས་སྐག་ཟློག༔ ཟོན་ལ་གླང་གི་ཟླ་བ་ཡི༔ ཚེས་གཅིག་ནས་ནི་བདུན་གྱི་བར༔ བྱང་ཤར་འགྲོ་བའི་ཕྱོགས་སྐག་ཟློག༔ བྱི་ལིང་རྒྱུ་བའི་གདོང་ཕྱོགས་སུ༔ བྱིས་སྦ་ཁྲིད་པའི་ཕྱོགས་སྐག་ཟློག༔ སྒྲ་གཅན་འཕར་བ་གནས་ཕྱོགས་སུ༔ དམག་མི་གཤར་བའི་ཕྱོགས་སྐག་ཟློག༔ ཧལ་ཁྱི་རོ་ཟན་གནས་ཕྱོགས་སུ༔ མཚོན་རྩེ་བསྟན་པའི་ཕྱོགས་སྐག་ཟློག༔ བ་དན་ཁྲ་བོ་གནས་ཕྱོགས་སུ༔ དར་ཕྱར་དུང་འབུད་ཕྱོགས་སྐག་ཟློག༔ གཞི་བདག་དྲག་པོ་གནས་ཕྱོགས་སུ༔ དྲག་ལས་བྱས་པའི་ཕྱོགས་སྐག་ཟློག༔ ཙང་ཀུན་འཕྱེ་བོ་གནས་ཕྱོགས་སུ༔ ཁ་མཆུ་གཏམ་པའི་ཕྱོགས་སྐག་ཟློག༔ ཕྱོགས་མི་གཙང་བའི་ཕྱོགས་རྣམས་སུ༔ ཀོ་


CMR042_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་བསྡོམས་པའི་ལས་བྱས་པ༔ དེ་དག་ཐམས་ཅད་བཟློག་ཅིང་སྒྱུར༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང་༔ ཕྱི་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ འོད་ཟེར་དཔག་མེད་འཕྲོས་པ་ཡིས༔ ཕྱོགས་ཀྱི་སྐག་ཟློག་སྤྱན་དྲངས་ནས༔ བསྒོམ་པ་དེ་ཡི་སྐུ་ལ་ཐིམ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ ཕྱོགས་དང་ཕྱོགས་ངན་གནོད་པ་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་ཞི༔ ཕྱི་མ་ར་ཕྱོགས་ཟློག༔ དེ་ཡིས་ཕྱོགས་ཀྱི་སྐག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ གཅེས་པ་སྤྲུལ་སྐུ་དགུང་ལོ་བཅུ་གསུམ་པ་བྱ་ལོ་སྤོ་ཟླ་བའི་ཚེས་ལྔ་ལ་ལྷ་མོ་ཕྱོགས་ཀྱི་སྣག་བཟློག་མ་ཉིད་ཀྱིས་དངོས་སུ་གསུངས་སོ༔ འདོན་ཆ་རཱ་ག་ཨ་སྱས་སྦྱར་བའོ༔ དེ་ནས་སྐག་ཟློག་གང་ཡིན་ཀྱང་འབུལ་ཁ་འདི་འདོན༔ བྷྱོ༔ མི་མངོན་ནམ་མཁའི་དབྱིངས་རུམ་ནས༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་༔ སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ༔ སྐུ་ཡང་མི་གཅིག་སོ་སོར་བསྒོམ༔ སྔགས་ཀྱང་མི་གཅིག་སོ་སོར་བཟླ༔ མཚན་ཡང་མི་གཅིག་སོ་སོར་འབོད༔ ཇི་ལྟར་བྱས་ཀྱང་ངོ་བོ་གཅིག༔ ཇི་ལྟར་བྱས་ཀྱང་ཕྲིན་ལས་འགྲུབ༔ ལྷ་མོ་ཆེ་གེའི་སྐག་ཟློག་མ་བརྒྱན་པའི་གཏོར་མ་འདི་བཞེས་ལ༔


CMR042_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཇི་ལྟར་བཅོལ་བ་ཡི༔ སྐག་རྣམས་ཟློག་པའི་ཕྲིན་ལས་མཛོད༔ མཐུ་དང་ནུས་པ་ཅི་འདུག་ལྟ༔ རྟགས་དང་མཚན་མ་དངོས་སུ་སྟོན༔ དམ་ལ་མ་འདའ་དམ་ཚིག་ཅན༔ དུས་ལ་བབ་བོ་ས་མ་ཡ༔ སྟོང་གསལ་ནམ་མཁའི་དབྱིངས་རུམ་ནས༔ སྤྲིན་དང་གློག་དང་འཇའ་ཚོན་གསུམ༔ ལན་གཅིག་སྤྲུལ་པ་དངོས་སུ་བྱུང་༔ དེ་ནས་སྤྲུལ་པ་དབྱིངས་སུ་ཐིམ༔ མ་གཅིག་ཐུགས་ཀྱི་མཁའ་ཀློང་ནས༔ ལྷ་མོ་སྒོའི་སྐག་ཟློག་མ༔ ལན་གཅིག་སྤྲུལ་པ་དངོས་སུ་བྱོན༔ ད་ནི་ཆོས་ཀྱི་དབྱིངས་སུ་ཐིམ༔ ལྷ་མོ་སྒོའི་སྐག་ཟློག་མ༔ ད་ནི་རང་གི་གནས་སུ་གཤེགས༔ བདག་དང་བསྲུང་བྱ་འདི་དག་ལ༔ གནོད་པའི་སྐག་རིགས་དེ་རྣམས་ཀུན༔ ཐམས་ཅད་བསྡུས་ཏེ་ཁྱེར་ལ་གཤེགས༔ མ་མོ་མཁའ་འགྲོ་འདུ་བའི་གནས༔ རྒྱ་གར་དུར་ཁྲོད་བརྒྱད་དུ་གཤེགས༔ མ་ཚོགས་མཁའ་འགྲོ་འདུ་བའི་གནས༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་གཤེགས་ལྷ་མོ་དཔོན་གཡོག་བཞུགས་པའི་གནས༔ མུ་ལེ་མཐིང་མཚོའི་ནང་དུ་གཤེགས༔ ཡོངས་འདུ་ཤིང་གི་རྩ་བར་གཤེགས༔ བྱང་ཤར་ཆོས་དབྱིངས་གནས་སུ་གཤེགས༔ ཨོཾ་དེ་ཝི་བཛྲ་མུཿ


CMR042_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཙཱ་གཙྩ༔ ཅེས་བརྗོད་ཕྱོགས་ཀྱི་གཙང་སའམ༔ ཡས་ལམ་ཕྱོགས་སུ་ཕུལ་རྒྱུ་བསྐུར༔ སྤར་ཁའི་གཏོ་ལ་འདི་བཅས་ན༔ སྤར་ཁ་རང་གནས་ཕྱོགས་སུ་ཕུལ༔ ནད་པའི་དོན་དུ་བཅའ་བ་ན༔ ལོ་བདུད་ཐོག་ཏུ་ཕུལ་བར་བྱ༔ གནོད་པ་བྱུང་ནས་འདི་བཅས་ན༔ དགྲ་སོགས་གང་གནོད་ཕྱོགས་སུ་ཕུལ༔ རང་གི་བདེ་རིམ་བཅའ་བ་ན༔ ཕྱོགས་སོགས་བརྩི་བར་མ་ཤེས་ན༔ བྱང་ཤར་ལྷ་མོ་གནས་ཕྱོགས་ཕུལ༔ སྐག་སོགས་ཞིབ་རྩིས་མི་ཤེས་ན༔ ལི་ནི་མེ་ལ་ཁོན་ནི་ས༔ དྭ་ནི་ལྕགས་ལ་ཁེན་ནི་གནམ༔ ཁམ་ནི་ཆུ་ལ་ཟིན་ནི་ཤིང་༔ ཟོན་ནི་རླུང་གི་སྐག་ཟློག་བཅའ༔ གང་ཐོགས་བཞི་ལ་འདུས་མཁན་དང་༔ དགྲ་དང་ཁ་མཆུ་ལངས་བ་ནི༔ དགྲ་ཡི་སྐག་ཟློག་བཅའ་བར་བྱ༔ གིན་ཐོག་ཕྱོགས་སུ་འགྲོ་མཁན་ནམ༔ གཞན་ཡང་ཐག་རིང་འགྲོ་དགོས་ན༔ ཕྱོགས་ཀྱི་སྐག་ཟློག་བཅའ་བར་བྱ༔ འདི་ནི་ཅུང་ཟད་སྤྲོས་བཅས་ཡིན༔ སྤྲོས་བཅས་བཅའ་འདོན་ལོང་མེད་ཅིང་༔ མེ་མཆེད་གྲུ་ཁ་རབ་སོ་དང་༔ གློ་བུར་ཇག་རྐུན་ལ་སོགས་པ༔ དམིགས་པ་བསྒོམ་ཞིང་སྔགས་བཟླས་ཆོག༔ གཏེར་གཞུང་དུ་མའི་ལུགས་སུ་སྣང་༔ སྤྲོ་ན་དམར་གཏོར་གཅིག་བཅའ་གསུངས༔ དེ་ལ་འདོན་ཆ་གཞུང་ན་མེད༔ དེ་ཕྱིར་འདོན་ཆ་དང་བཅས་པའི༔ ཕྱག་ལེན་གསལ་ཞིང་ཁྱེར་བདེ་བ༔ གཏེར་བློན་རཱ་ག་ཨ་སྱས་སྦྱར༔ དགེ་སློང་བཅས་ཡི་གེར་བཀོད༔ ཉེས་འགལ་ལྷ་མོའི་ཚོགས་ལ་བཤགས༔ དགེ་བས་འདི་ཉིད་ཆེར་འཕེལ་ནས༔ མ་འོངས་རྐང་གཉིས་འགྲོ་རྣམས་ལ༔ ཕན་ཐོགས་རྒྱ་ཆེན་


CMR042_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་ཤོག༔ མངྒ་ལཾ༔ བཀྲ་ཤིས༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ལས་ཧུར་དྲག་མོ་ལས་སྐག་ཟློག་རྣམ་དགུའི་ཕྱག་ལེན་གཏན་ལ་ཕབ་པ།next