Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
མདོས་ཟློག་སྤྱི་ཡི་རྩང་གྱེར་བི་ཛ་ཧ་རཾ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམདོས་ཟློག་སྤྱི་ཡི་རྩང་གྱེར་བི་ཛ་ཧ་རཾ།next

མདོས་ཟློག་སྤྱི་ཡི་རྩང་གྱེར་བི་ཛ་ཧ་རཾ།


CMR042_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ཟློག་སྤྱི་ཡི་རྩང་གྱེར་བི་ཛ་ཧ་རཾ། ཧཱུྃ། དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ །དྲག་པོའི་བཟློག་མདོས་ལྕགས་རི་ལ། །དབང་དྲག་ལས་ཀྱི་རྩང་ཕུར་བཙུགས། །བཀའ་སྡོད་ཕོ་ཉ་མཉེས་པའི་རྫས། །རྩང་ཕུར་ཡར་གྱི་རྩེ་མོ་ལ། །འུར་འུར་ཆེམ་ཆེམ་སྤྲིན་ནག་འཁྲིགས། །མ་རུངས་འབྲུག་སྒྲ་ཤི་རི་རི། །རྐེད་པ་རྒྱ་མདུད་འབར་བ་ལ། །མི་བཟད་གློག་དམར་སྐྱེམས་སེ་སྐེམ། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །གདུག་པའི་རྩང་ཕུར་མར་རྩེ་ན། །རྡོ་རྗེ་མེ་ཡི་སེར་བ་འབེབས། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །དངུལ་ལམ་དཀར་པོའི་ཤིང་དག་ལ། །ཤར་ཕྱོགས་ཞི་བའི་རྩང་ཕུར་བདུན། །རྩེ་མོ་ཟུར་གསུམ་དུག་གསུམ་ཞི། །ཡར་རྩེ་དུང་གི་སེང་གེ་འགྱིང་། །སྤྲུལ་པའི་སེང་ཆེན་ནམ་མཁའ་གང་། །གཡུ་རལ་སྤྲུག་ཅིང་སེང་སྐད་འདོན། །མར་རྩེ་ཆུ་སྲིན་མཆེ་བ་གཙིགས། །སྤྲུལ་པའི་ཆུ་སྲིན་ས་འོག་ཁྱབ། །དྲག་པོའི་རྐན་སྒྲ་ཐགས་སེ་ཐག༔ རྐེད་པ་རྒྱ་མདུད་ཟླུམ་པོའི་ནང་། །ཤར་ཕྱོགས་ཞི་བའི་ལས་མཛད་པའི། །ཤར་གྱི་དབང་ཕྱུག་མ་བདུན་གནས། །ནད་གདོན་དགྲ་བགེགས་འཇིགས་པ་བརྒྱད། །ཞི་བར་མ་


CMR042_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་གང་ཡང་མེད། །ཞི་མཛད་མ་ཡིས་ཞི་བར་མཛོད། །བར་ཆད་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གསེར་རམ་སེར་པོའི་ཤིང་དག་ལ། །ལྷོ་ཕྱོགས་རྒྱས་པའི་རྩང་ཕུར་བདུན། །རྩེ་མོ་ཟུར་གསུམ་སྐུ་གསུམ་གནས། །ཡར་རྩེ་རྒྱ་སྟག་དམར་པོ་མཆོངས། །སྟག་མོ་འཛུམ་དྲུག་ཤིགས་སེ་ཤིག །མར་རྩེ་ཕག་རྒོད་མཆེ་བ་གཙིགས། །ཕག་རྒོད་མཆེ་བ་ཐགས་སེ་ཐག །རྐེད་པ་རྒྱ་མདུད་གྲུ་བཞི་གནས། །ལྷོ་ཕྱོགས་རྒྱས་པའི་ལས་མཛད་པའི། །ལྷོ་ཡི་དབང་ཕྱུག་སྲིང་བདུན་གནས། །ཚེ་དང་བསོད་ནམས་འབྱོར་པ་དྲུག །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་མ་ཡིས་རྒྱས་པར་མཛོད། །ཚེ་དང་བསོད་ནམས་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ཟངས་སམ་དམར་པོའི་ཤིང་དག་ལ། །ནུབ་ཕྱོགས་དབང་གི་ཟངས་ཕུར་བདུན། །རྩེ་མོ་ཟུར་གསུམ་ཁམས་གསུམ་སྡུད། །།ཡར་རྩེ་གཟིག་ཆེན་ཐིག་ལེ་འགྱིང་། །གཟིག་མོའི་ངར་སྐད་འུ་རུ་རུ། །མར་རྩེ་དོམ་ནག་མཆེ་བ་གཙིགས། །དོམ་ནག་མཆེ་གཙིག་ཐམས་སེ་ཐམ། །སྐེད་པ་རྒྱ་མདུད་ཟླ་གམ་ནང་། །ནུབ་ཕྱོགས་དབང་གི་ལས་མཛད་པའི། །ནུབ་ཀྱི་དབང་ཕྱུག་མ་བདུན་གནས། །ཁམས་གསུམ་སྲིད་གསུམ་འཁོར་འདས་


CMR042_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །དབང་དུ་མ་གྱུར་གང་ཡང་མེད། །དབང་བྱེད་མ་ཡིས་དབང་དུ་སྡུད། །ཁམས་གསུམ་སྲིད་གསུམ་བ་ཤང་ཀུ་རུ་ཡེ་སྭཱ་ཧཱ། ལྕགས་སམ་དྲག་པོའི་ཤིང་དག་ལ། །བྱང་ཕྱོགས་དྲག་པོའི་རྩང་ཕུར་བདུན། །རྩེ་མོ་ཟུར་གསུམ་གདོན་གསུམ་འདུལ། །ཡར་རྩེ་བསེ་ཡི་བྱ་གླག་ལྡིང་། །བྱ་ཁྲ་འཇུམ་དང་ཆུམས་སེ་ཆུམ། །མར་རྩེ་ལྕགས་ཀྱི་ཕོ་རོག་འགྱེད། །བྱ་རོག་རྐང་འགྲོས་ཀྲངས་སེ་ཀྲང་། །རྐེད་པ་རྒྱ་མདུད་གྲུ་གསུམ་ནང་། །བྱང་ཕྱོགས་དྲག་པོའི་ལས་མཛད་པའི། །བྱང་གི་དབང་ཕྱུག་སྲིང་བདུན་གནས། །བདུད་བཞིའི་དགྲ་བགེགས་ལོག་འདྲེན་རྣམས། །བརླགས་པར་མ་གྱུར་གང་ཡང་མེད། །རློག་བྱེད་མ་ཡིས་བརླག་པར་མཛོད། །དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། གདུག་རྩུབ་ཚེར་མའི་ཤིང་རྣམས་ལ། །ལས་བྱེད་རྩང་ཕུར་དྲུག་ཅུ་ལ། །རྩེ་མོ་ཟུར་གསུམ་སྲིད་གསུམ་འདུལ། །ཡར་རྩེ་ཡེ་ཤེས་མེ་དཔུང་འབར། །བཙན་དམག་ལས་ལ་ཤ་ར་ར། །མར་རྩེ་བསྐལ་པའི་མུན་ནག་འཁྲིགས། །བདུད་དམག་བྲོ་བརྡུང་ཁྲིགས་སེ་ཁྲིག །སྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །སྲིན་མོ་དྲུག་ཅུ་རྩ་བཞི་གནས། །ཤར་གྱི་རྩང་


CMR042_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་ཨ་ལོང་རིས། །དྲ་མིག་ཟླུམ་པོ་ལྷུན་གྱིས་གྲུབ། །ལྷོ་ཡི་རྩང་བཙུགས་ཨ་ལོང་རིས། །དྲ་མིག་གྲུ་བཞི་ལྷུན་གྱིས་གྲུབ། །ནུབ་ཀྱི་རྩང་བཙུགས་ཟླ་གམ་རིས། །དྲ་མིག་ཟླ་གམ་ལྷུན་གྱིས་གྲུབ། །དྲག་པོའི་རྩང་བཙུགས་ཕུར་སོ་རིས། །དྲ་མིག་གྲུ་གསུམ་ལྷུན་གྱིས་གྲུབ། །དབང་ཕྱུག་རྩང་བཙུགས་འཚུབ་མ་རིས། །མེ་ལོང་འཚུབ་མ་ལྷུན་གྱིས་གྲུབ། །ལས་ཀྱི་རྩང་བཙུགས་སྲིན་པོའི་འགྲོས། །སྲིན་མོའི་གར་སྟབས་ལྷུན་གྱིས་གྲུབ། །རྩང་ཕུར་གདུག་རྩུབ་དྲ་མིག་ན། །མྱུར་མགྱོགས་ཕོ་ཉ་འགྱུ་བའི་སྲང་། །དགྲ་བགེགས་བྱད་མ་ཁྲམ་ལ་ཐོབ། །ཆག་ཆེན་ཉམ་ང་ཐམས་ཅད་ཟློག །སྔོ་དམར་ཞགས་པས་སྡོམ་པ་ཡིས། །རིམས་ནད་དལ་ཁ་ཐམས་ཅད་ཟློག །བ་སུ་ཏ་ཡིས་དཀྲིས་པ་ཡིས། །ཁྲག་ནད་རྒྱུག་གཟེར་ཐམས་ཅད་ཟློག །ཤ་ཁྲག་ལིང་གས་བརྒྱན་པ་ཡིས། །སྲིན་མོའི་དམག་ཚོགས་ཐུགས་དམ་བསྐང་། །སྲིད་པའི་དལ་ཁ་ཐམས་ཅད་ཟློག །ཟློག་བྱེད་དར་སྟག་བརྒྱན་པ་ཡིས། །དཔལ་ཆེན་འཁོར་བཅས་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གྲྭ་ལོའི་གསུངས་ལས། རཱ་ག་ཨ་སྱས་བཏུས་པའོ། །མངྒ་ལཾ།། །།


previousམདོས་ཟློག་སྤྱི་ཡི་རྩང་གྱེར་བི་ཛ་ཧ་རཾ།next