Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
འཇམ་དཔལ་དམར་སེར་དང་རྒྱ་ནག་སྐག་ཟློག་ལས་བྱུང་བའི་ཕུའི་གྲོག་མ་དང་བར་གྱི་བྱ་རིགས་མདའི་ཉ་མོ་གསོ་བའི་ཐབས་དང་ཁང་པ་བསྒྱུར་གཏོ་བདག་བསྐྱེད་བསང་སྦྱངས་སོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་དམར་སེར་དང་རྒྱ་ནག་སྐག་ཟློག་ལས་བྱུང་བའི་ཕུའི་གྲོག་མ་དང་བར་གྱི་བྱ་རིགས་མདའི་ཉ་མོ་གསོ་བའི་ཐབས་དང་ཁང་པ་བསྒྱུར་གཏོ་བདག་བསྐྱེད་བསང་སྦྱངས་སོགས།next

འཇམ་དཔལ་དམར་སེར་དང་རྒྱ་ནག་སྐག་ཟློག་ལས་བྱུང་བའི་ཕུའི་གྲོག་མ་དང་བར་གྱི་བྱ་རིགས་མདའི་ཉ་མོ་གསོ་བའི་ཐབས་དང་ཁང་པ་བསྒྱུར་གཏོ་བདག་བསྐྱེད་བསང་སྦྱངས་སོགས།


CMR042_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དམར་སེར་དང་རྒྱ་ནག་སྐག་ཟློག་ལས་བྱུང་བའི་ཕུའི་གྲོག་མ་དང་བར་གྱི་བྱ་རིགས་མདའི་ཉ་མོ་གསོ་བའི་ཐབས་དང་ཁང་པ་བསྒྱུར་གཏོ་བདག་བསྐྱེད་བསང་སྦྱངས་སོགས་ཆ་ཚང་བ་བཞུགས་སོ༔


CMR042_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པཱ་ཎི་ན་མ་ཡེ༔ འཕགས་པ་འཇམ་དཔལ་ཞབས་ལ་གུས་ཕྱག་འཚལ༔ དབུལ་པོ་ཉམ་ཆུང་སྐག་ཆེན་བསྒྱུར་བའི་ཐབས༔ འབྱོར་པ་མེད་པའི་དབུལ་པོ་ཉམ་ཆུང་གིས༔ རིམ་གྲོ་ཆེན་པོ་བྱེད་པའི་ཐབས་མེད་པ༔ དེ་དག་རྣམས་ལ་ཕན་པའི་གཏོ་བཅོས་ནི༔ འཇམ་དཔལ་ནག་པོས་བདག་ལ་བཀའ་གནང་སྩོལ༔ ཕུ་ཡི་གྲོག་མ་མདའ་ཡི་ཉ་མོ་གསོ༔ འདབ་ཆགས་བྱ་ལ་སྟོན་མོ་ཞེས་གསུངས་པས༔ གྲོག་མ་གསོ་བའི་ཕྱེ་མ་ཕུར་མ་ནི༔ ཀ་ཏོ་ལ་སོགས་སྣོད་གཙང་ཆེན་པོ་གང་༔ ཉ་མོ་གསོ་བའི་ཟན་རིལ་སྣོད་གཙང་གང་༔ འདབ་ཆགས་གསོ་བའི་ཟན་རིལ་མང་པོ་དང་༔ དེ་གསུམ་སྣོད་གཙང་གསུམ་དུ་བཞག་ནས་ཀྱང་༔ ལན་ཆགས་བརྔན་པའི་ཡོན་བདག་དྲི་གླུད་ནི༔ ཟན་རིལ་ཆངས་བུ་ལོ་གྲངས་སྡེར་མ་གང་༔ རང་ཉིད་


CMR042_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ནག་པོ་དྲན་རྫོགས་བསྒོམ༔ རང་ཉིད་འཇམ་དཔལ་ནག་པོ་དབུ་སྐྲ་སྤྱི་བོར་བཅིངས་བ༔ ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་མེ་འབར་བ་དགྲ་བགེགས་ལ་བསྣུན་པར་བྱེད་པ༔ གཡོན་པོ་ཏི་ཐུགས་ཀར་བསྣམས་པ༔ ལྟོ་བ་ཆེ་བ་གཡས་ཞབས་བསྐུམས་གཡོན་བརྐྱངས་བ༔ སྤྱན་གསུམ་དམར་ཞིང་ཟླུམ་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ༔ དེའི་སྤྱི་བོར་རྩ་བའི་བླ་མ་དང་དབྱེར་མེད་པའི་འཇམ་དཔལ་དམར་སེར་རལ་གྲི་དང་པོ་ཏི་བསྣམས་པ༔ དར་དང་རིན་པོ་ཆེའི་རྒྱན་དང་ལྡན་པ་གསལ་བར་གྱུར༔ ཨོཾ་པྲ་སོད༔ ཆུ་སོད༔ དུར་ཏ་


CMR042_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སོད༔ དུར་མི་སོད༔ སྙིང་མགོ་ལ་ཆོད༔ གཉན་མགོ་ལ་ཆོད༔ ཁ་ལ་ཛཿ ཀཾ་ཤཾ་ཏྲཾ་རྦད་ཕཊསྭཱ་ཧཱཿ ཞེས་པ་བརྒྱའམ་ཉེར་གཅིག་བཟླ༔ བདག་བསྐྱེད་འདི་ནི་ཉ་མོ་གྲོག་མ་འདབ་ཆགས་གསོ་བ་ཁང་པ་བསྒྱུར་གཏོ་གང་ལའང་འདི་འདོན་དགོས་སོ༔ མདུན་གྱི་ཕྱེ་མ་ཕུར་མ་ཟན་རིལ་ཆངས་བུ་སོགས་ཆུ་གཙང་གིས་བྲན་ལ་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཤཱཀྱ་ཐུབ་པའི་བྱིན་རླབས་ཀྱིས། ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་༔ ཨ་ཡིག་དཀར་པོར་འོད་འཕྲོས་པས༔ ཕྱེ་མ་ཕུར་མ་ཆངས་རིལ་རྣམས༔ དངོས་འཛིན་མི་གཙང་དྲི་མ་དག༔ དོན་དམ་སྟོང་ཉིད་ངོ་བོར་གྱུར༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨུསྭ་བྷ་ཝ་ཤུདྡྷོཉཧཾ༔ ལན་གསུམ། འབྲས་དཀར་ཕྱེ་མ་ཕུར་མ་དང་༔ དྲི་སྣ་ལྔ་ཡི་རིལ་བུ་དང་༔ ཡོན་བདག་དྲི་གླུད་ཆངས་བུ་རྣམས༔ ལན་ཆགས་བུ་ལོན་འཇལ་བའི་རྫས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱི༔ དབང་པོ་དྲུག་གི་སྤྱོད་ཡུལ་དུ༔ འདོད་པའི་ཡོན་ཏན་རྣམ་པ་ལྔ༔ སྤྲིན་ལྟར་འཁྲིགས་ཤིང་ཆར་ལྟར་འབེབས༔ ཟད་མེད་ནམ་མཁའི་མཛོད་དུ་གྱུར༔ རྣམ་པར་སྣང་མཛད་བྱིན་རླབས་ཀྱིས༔ ཐལ་མོ་ཚིག་བཅག་ཕྱག་རྒྱའི་ནང་༔ ཡི་གེ་ཁཾ་ལས་འོད་འཕྲོས་པས༔ གླུད་རྫས་


CMR042_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་འཕེལ་ཞིང་རྒྱས༔ སྟོང་གསུམ་འཇིག་རྟེན་གནམ་ས་གང་༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མི་ཁེ་བྷ་སརྦ་ཐ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། བདུད་རྩི་འཁྱིལ་པའི་བྱིན་རླབས་ཀྱིས༔ ཐལ་མོ་ཁ་གྱེད་ཕྱག་རྒྱའི་ནང་༔ ཛ༠ཡིག་དམར་པོ་འོད་འཕྲོས་པས༔ གླུད་ཡས་ཟད་མེད་བདུད་རྩི་གྱུར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ལན་གསུམ། རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས༔ མཆོག་སྦྱིན་ཕྱག་རྒྱ་ཏྭ་སེར་ལས༔ འོད་འཕྲོས་མགྲོན་རྣམས་ཐམས་ཅད་ལ༔ བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ། དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས༔ ཁ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང་༔ ཧ་ལྗང་འོད་ཟེར་འཕྲོས་པའི་མཐུས༔ མགྲོན་ཀུན་མཉེས་ཤིང་ཚིམས་གྱུར་ཅིག༔ ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟཱ་རསྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ལན་གསུམ། ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས༔ སོར་བསྣོལ་ཕྱག་རྒྱ་ཛ༔དམར་ལས༔ འོད་འཕྲོས་མགྲོན་ཀུན་དབང་དུ་འདུས༔ བདག་གི་བཀའ་བཞིན་བསྒྲུབ་པར་གྱུར༔ ན་


CMR042_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

མ༔ས་མནྟ་བུདྡྷཱ་ནཾ་ག་རི་ཀྲོ་དྷ་ཤ་རི་པྲ་བྷན་ཛྷཱ་ན་མཱ་ར་ཡ་སྭཱ་ཧཱཿ ལན་གསུམ། མགྲོན་རྣམས་ཀུན་གྱི་ས་བོན་ལས༔ འོད་ཟེར་སྣ་ཚོགས་འཕྲོས་པ་ཡིས༔ སོ་སོའི་གནས་ནས་སོ་སོ་རྣམས༔ སྤྱན་དྲངས་སོ་སོར་ཐིམ་པར་གྱུར༔ ཞེས་ལན་ཆགས་ཀྱི་བདག་པོ་བདག་མོ་རྣམས་ནི༔ བསད་བསད་བཅད་བཅད་ཀྱི་ལན་ཆགས༔ བརྡུངས་བརྡུངས་བཙོག་བཙོག་གི་ལན་ཆགས༔ བཤས་བཤས་བཤུས་བཤུས་ཀྱི་ལན་ཆགས༔ དབྱིག་གསེར་དངུལ་གྱི་ལན་ཆགས༔ རྫས་དར་ཟབ། རྭ་བ་དཀོར་ནོར་གྱི་ལན་ཆགས༔ གྲོགས་ཁྱིམ་ཐབས་ཀྱི་ལན་ཆགས༔ རྐུ་འཕྲོག་བཅོམ་པའི་ལན་ཆགས། ལན་ཆགས་ཀྱི་བདག་པོ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་བསྒོམས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ བྱིས་པའི་གདོན་ཆེན་བཅོ་ལྔ༔ ན་འདྲེ་ཤི་གཤེད་གྲི་བོ་གྲི་མོའི་ཚོགས་རྣམས་ཀྱིས་བསྐོར་ནས་ཡོད་པར་བསྒོམས༔ དེ་ནས་རང་ཉིད་འཇམ་དཔལ་གསལ་བའི་ངང་ནས་འདི་སྐད་དོ༔ ཀྱཻ༔ གླད་བདག་རྣམས་ལ་གླུད་འབུལ་ནི༔ སྤྱི་བདུད་ནག་པོ་མི་ཡི་མཚོག་མ་འདོད༔ མཚོག་མའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ སྤར་ཁ་བརྒྱད་ཀྱི་མི་ཡི་ཀླད་པ་འདོད༔ ཀླད་པའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ ཟོལ་མ་སྒོ་མཁན་མི་ཡི་ཨོལ་ཀྲོང་འདོད༔ ཨོལ་ཀྲོང་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་


CMR042_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ༔ མི་བདུད་བུ་ཆུང་མི་ཡི་ནུ་མ་འདོད༔ ནུ་མའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ མི་བདུད་ཁྲག་མཁན་མི་ཡི་རྩིབ་མ་འདོད༔ རྩིབ་མའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ ལ་ཤི་འཚོ་མཛད་མི་ཡི་མཁྲིས་པ་འདོད༔ མཁྲིས་པའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ ལ་ཤི་འཚོ་མཛད་མི་ཡི་གློ་བ་འདོད༔ གློ་བའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ རྫིང་མཆོག་ཞོ་བཤིག་མི་ཡི་མཆིན་པ་འདོད༔ མཆིན་པའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ ཁ་བརྒྱད་གླུ་ལེན་མི་ཡི་མཁལ་མ་འདོད༔ མཁལ་མའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ བཞི་བཅུ་རྩ་བཞིའི་མི་སྙིང་དམར་པོ་འདོད༔ མི་སྙིང་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ བཞི་བཅུ་གཉེར་འཚོགས་མི་ཡི་གཉེར་མ་འདོད༔ གཉེར་མའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ སྲིན་པོ་ཐག་འཐག་མི་ཡི་རྒྱུ་མ་འདོད༔ རྒྱུ་མའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ ནག་པོ་ཐང་ཡན་མི་ཡི་ལོང་ཀ་འདོད༔ ལོང་ཀའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ ནག་པོ་ཐང་ཡན་མི་ཡི་ཕོ་བ་


CMR042_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འདོད༔ ཕོ་བའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ ཟོར་མ་འདའ་འཕེན་མི་ཡི་དཔུང་པ་འདོད༔ དཔུང་པའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ བཙན་ལག་མདའ་འཕེན་མི་ཡི་ལག་ངར་འདོད༔ ལག་ངར་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ མ་བདུད་ཁྲོ་བོའི་མི་ཡི་ཚང་ར་འདོད༔ ཚང་རའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ འདོད་མཆོག་རྒན་མོའི་མི་ཡི་ཕོ་མཚན་འདོད༔ ཕོ་མཚན་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ འདོད་མཆོག་རྒོད་པོའི་མི་ཡི་མོ་མཚན་འདོད༔ མོ་མཚན་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ མོ་བདུད་མདའ་རབ་མི་ཡི་སོག་པ་འདོད་སོག་པའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ སྤར་མོ་ལྗིབ་ལྗིབ་མི་ཡི་རྐང་པ་འདོད༔ རྐང་པའི་གླུད་དང་སྐྱིན་དུ་ཟན་ཆངས་རིལ་བུ་འབུལ༔ སྐྱིན་གྱི་རྩང་ར་ཡུག་ཆེན་འབུལ༔ སྐྱིན་གྱི་དོང་ཙེ་དཀར་ནག་འབུལ༔ སྐྱོན་གྱི་ཚེར་ཕུང་བཅུ་གསུམ་འབུལ༔ འབུལ་བ་ང་ཡིས་མ་ནོར་ན༔ བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག༔ ཕུ་ཡི་གྲོག་མ་གསོས་པ་ཡིས༔ ཀག་ཆེན་འབུ་ལྟར་གཡེང་བ་ཡི༔ མི་ཁ་འབུ་ལྟར་ཁོལ་བ་དང་༔


CMR042_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་ཆེན་འབུ་ལྟར་གཡེང་བ་ཡི༔ མི་རོ་འབུ་ཡིས་ཟ་བ་སྒྱུར༔ མི་ཤི་རྡོ་ཟན་བྱེད་པ་སྒྱུར༔ ཅེས་ཕྱེ་མ་ཕུར་མ་དེ་གྲོག་ཚང་གར་ཡོད་དུ་གཏོར་བཅུག༔ མདའ་ཡི་ཉ་མོ་གསོས་པ་ཡིས༔ མི་ཁ་ཆུ་ལྟར་ཁོལ་བ་སྒྱུར༔ སྐག་ཆེན་ཆུ་ལྟར་ཁོལ་བ་སྒྱུར༔ ཕོ་མགྲོན་མོ་མགྲོན་བྱེད་པ་སྒྱུར༔ ཉེ་དུའི་གཅོད་ཁ་བྱེད་པ་སྒྱུར༔ ཅེས་ཉ་མོ་གསོ་བའི་ཟན་རིལ་དེ་ཉ་ཚང་ཆུ་འཁྱིལ་བའི་ནང་དུ་གཏོར་བཅུག༔ འདབ་ཆགས་བྱ་ཡི་མགྲོན་ཚོགས་འདིས༔ མི་རོ་སྟེང་གི་བྱ་བརྒྱ་དང་༔ སྐག་ཆེན་བྱ་ལྟར་ལྡིང་བ་སྒྱུར༔ རིལ་བུ་སྟོང་ཚོ་གཏོང་བ་འདིས༔ བན་བོན་ཟོར་འདྲེན་བྱེད་པ་སྒྱུར༔ ཅེས་ཟན་རིལ་དེ་ཁང་ཐོག་ཏུ་གཏོར་བཅུག། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང་༔ ཚེ་རབས་སྔ་མའི་ལན་ཆགས་ལ༔ བྱམས་པས་སྦྱིན་གཏོང་འདི་ལོངས་ལ༔ ལན་ཆགས་བུ་ལོན་འཁོར་བར་མཛོད༔ ཡོན་བདག་གི་ཆངས་བུ་དེ་ཡས་ལམ་ཕྱོགས་སུ་གཏོར་བཅུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་༧ རཱ་ག་ཨ་སྱས་སྦྱར་བའོ། །མངྒ་ལཾ། ༈ དེ་ནས་སྐག་ཆེན་ཁང་པ་བསྒྱུར་བའི་ཐབས༔ ཁྱིམ་གྱི་དུད་པ་ཐམས་ཅད་བསྡུས་ནས་ནི༔ སློ་མའི་ནང་དུ་བླུགས་ནས་ཕྱོགས་གཅིག་ལློབཞག༔ ཡོས་བཀྲ་སྡེར་གང་འབྲུ་སྣ་བཅས་པ་རྣམས༔ སྔོན་འགྲོ་དཀར་གཏོར་ལེགས་པ་གཅིག་བཤམས་ལ༔ ཇ་ཕུད་དམ་ནི་ཆང་ཕུད་གང་འཛོམས་ལ༔ གསེར་སྐྱེམས་བརྡར་བ་ཕུད་ཏིང་གང་ནི་བཤམས༔ དཀར་གཏོར་གསེར་


CMR042_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེམས་བྱིན་རླབས་གོང་ལྟར་བྱེད༔ བདག་བསྐྱེད་འཇམ་དཔལ་གོང་གི་འགྲེས་ཡིན་ལ༔ བྱིན་རླབས་སྔགས་དྲུག་ཕྱག་དྲུག་གོང་ལྟར་བྱ༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ སྲིད་གསུམ་འདི་ན་ང་དབང་ཆེ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན༔ ཐམས་ཅད་ང་ཡི་བཀའ་ལ་ཉོན༔ དོ་ནུབ་སྦྲ་ཁང་བསྒྱུར་བ་ལ༔ ཐེ་སེ་གཙང་ཀུན་ཧལ་ཁྱི་དང་༔ སེ་བ་བླ་མཁྱེན་སྔ་ཕྱི་གཉིས༔ དེ་སོགས་ལོ་ལ་འཁོར་བ་ཡི༔ ས་བདག་རྗེ་བློན་བཅུ་བདུན་གྱི༔ སྟེང་དུ་ཁང་ནག་མི་བསྒྱུར་རོ༔ དཀར་གཏོར་གསེར་སྐྱེམས་འདི་བཞེས་ལ༔ ཀོ་ལོང་རུ་ང་མི་མཛད་པར༔ མི་བླ་འདྲེ་ཡིས་བརྐུས་པ་སྒྱུར༔ ལྷ་ཆེན་བཙུན་མོ་བློན་པོ་དང་༔ གྲོལ་བུ་བ་དན་ཁྲ་བོ་དང་༔ ཟླ་བའི་ས་བདག་བཅུ་དྲུག་དང་༔ ལྔ་སེར་གནམ་ཐིག་སེར་ནག་གི༔ སྟེང་དུ་ཁང་ནག་ངས་མི་སྒྱུར༔ དཀར་གཏོར་གསེར་སྐྱེམས་འདི་བཞེས་ལ༔ ལོ་ཡི་སྐག་ཆེན་བསྒྱུར་དུ་གསོལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ སྲོག་ལྷ་ལུས་ལྷ་དཔལ་དང་གཡང་༔ གནམ་སྨན་གནས་པའི་ཕྱོགས་རྣམས་སུ༔ ཁང་ནག་བསྒྱུར་བ་མ་ཡིན་ནོ༔ དཀར་གཏོར་གསེར་སྐྱེམས་འདི་བཞེས་ལ༔ ཀོ་ལོང་ཕྲག་དོག་མ་བྱེད་


CMR042_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པར༔ བདུད་ཀྱི་ཁྲམ་ལ་བཏབ་པ་སྒྱུར༔ སྲོག་ལྷ་ལུས་ལྷ་ནོར་ལྷ་དང་༔ གནམ་སྨན་ལ་སོགས་འགོ་བའི་ལྷས༔ དཀར་གཏོར་གསེར་སྐྱེམས་འདི་བཞེས་ལ༔ ཁང་ནག་བསྒྱུར་ལ་ཕྲག་མ་དོག༔ ཡོན་གྱི་བདག་པོ་འཁོར་བཅས་ལ༔ གཤིན་རྗེའི་འཁོར་ལོ་བསྐོར་བ་སྒྱུར༔ རྣལ་འབྱོར་མ་བརྒྱད་མཁའ་འགྲོ་ལྔ༔ གཟའ་བརྒྱད་ཐུན་ཕྱེད་སྒྲ་གཅན་དང་༔ བིཊྚེ་དུས་མཚན་ཆེན་མོ་དང་༔ པི་ལིང་དང་ནི་ཁྲ་ཚ་དང་༔ གསེར་མཛོད་གཡུ་མཛོད་ལ་སོགས་དང་ཞག་དང་དུས་ལ་རྒྱུ་བ་ཡི༔ སྟེང་དུ་ཁང་ནུག་ངས་མི་སྒྱུར༔ དཀར་གཏོར་གསེར་སྐྱེམས་འདི་བཞེས་ལ༔ ཡོན་གྱི་བདག་པོ་འདི་དག་ལ༔ བཙན་གྱི་ཤྭ་རྡེལ་བསྒྲིལ་བ་སྒྱུར༔ ཡུལ་ཕྱོགས་འདི་ལ་གནས་པ་ཡི༔ ཡུལ་ལྷ་བཙན་དང་ཀླུ་དང་བདུད༔ གཉུག་མར་གནས་པའི་མཐུ་ཆེན་གྱིས༔ དཀར་གཏོར་གསེར་སྐྱེམས་འདི་བཞེས་ལ༔ སྟེང་དུ་ཁང་ནག་མི་བསྒྱུར་རོ༔ གལ་ཏེ་ཕྱོགས་ནོར་ཤོར་སྲིད་ན༔ ཉེས་ལན་དགྲ་བགེགས་སྟེང་དུ་སྒྱུར༔ ལོ་སྐག་ཟླ་སྐག་བསྒྱུར་དུ་གསོལ༔ རྣལ་འབྱོར་བདག་གི་རྒྱབ་རྟེན་མཛོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔


CMR042_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བྷུ་མི་པ་ཏི་སརྦ་ནཱ་ག་ནཱ་གི་བ་ལིཾ་ཏ་ཛ་གད་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ ཞེས་གཏོར་མ་གསེར་སྐྱེམས་མཆོད་ལ་དུད་པ་དང་ཡོས་བཀྲ་ཁང་ཐོག་ཏུ་གཏོར་ལ་འདི་སྐད་དོ༔ ཧཱུྃ༔ དེ་རིང་སྲིད་པའི་གནམ་གང་ལ་ལྷ་ཡང་གསོན་ལ་འདྲེ་ཡང་ཉོན༔ ཡོན་གྱི་བདག་པོ་ཆེ་འདི༔ ན་ཤི་དུར་དུ་ཞུགས་སོ་ཟེར༔ མི་བླ་འདྲེ་ཡིས་བརྐུས་སོ་ཟེར༔ གོད་ཁ་གཏོར་བརླག་ཆེའོ་ཟེར༔ བཙའ་སད་སེར་གསུམ་འོང་ངོ་ཟེར༔ རྒྱལ་འགོང་ཕུག་ཏུ་ཞུགས་སོ་ཟེར༔ སྐག་དང་འཚོར་རྩུབ་བསྒྱུར་བའི་ཕྱིར༔ ལྷ་ཡི་བཀའ་ཆད་བཏང་ངོ་ཟེར་བདུད་ཀྱི་ཁྲམ་ལ་བཏབ་བོ་ཟེར༔ དེ་ཕྱིར་སྔགས་འཆང་བདག་ཅག་གིས༔ སྐག་ཆེན་འཚེར་རྩུབ་བསྒྱུར་བའི་ཕྱིར༔ དེ་རིང་ཁང་ནག་བདག་གིས་སྒྱུར༔ ནང་གི་དུད་པ་ཕྱི་རུ་གཏོར་བ་འདིས༔ རྒྱལ་འགོང་ཕུག་ཏུ་ཞུགས་པ་དང་༔ ནང་གི་སྐག་ཆེན་ཕྱི་རུ་སྒྱུར༔ ཁང་ཐོག་ས་ནི་ནང་གཏོར་འདིས༔ ཕྱྭ་གཡང་ཕྱི་རུ་སོང་བ་ནང་དུ་ཁུག༔ དེ་རིང་ཁང་ནག་བསྒྱུར་བ་འདིས༔ ན་ཤི་དུར་དུ་ཞུགས་པ་སྒྱུར༔ མི་བླ་འདྲེ་ཡིས་བརྐུས་པ་སྒྱུར༔ དེ་རིང་ཁང་ནག་བསྒྱུར་བ་འདིས༔ ཁང་བསྒྱུར་མ་ཡིན་སྐག་བསྒྱུར་ཡིན༔ དེ་ཕྱིར་སྐག་ཆེན་འདི་ཡིས་སྒྱུར༔ གོད་ཁ་


CMR042_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བརླག་ཆེ་བ་སྒྱུར༔ བཙའ་སད་སེར་གསུམ་འདི་ཡིས་སྒྱུར༔ སྐག་དང་འཚེར་རྩུབ་ཆེ་བ་སྒྱུར༔ ལྷ་ཡི་བཀའ་ཆད་བབ་པ་སྒྱུར༔ བདུད་ཀྱི་ཁྲམ་ལ་བཏབ་པ་སྒྱུར༔ བཙན་གྱི་ཤྭ་རྡེལ་འགྲེལ་བ་སྒྱུར༔ མ་སྲུ་མགོ་ཡི་མདུན་བབ་སྒྱུར༔ སྐྱེས་པའི་ལུས་ལ་མདུན་བབ་སྒྱུར༔ བན་དེའི་ཧོམ་ཟོར་ངན་པ་སྒྱུར༔ སྔགས་པའི་ཕུར་ཁ་སྟོན་པ་སྒྱུར༔ སྐྱེ་བོའི་མདའ་ཟོར་བསྟན་པོ་སྒྱུར༔ བུད་མེད་དམོད་ཟོར་ཐལ་ཟོར་སྒྱུར༔ རྨི་ལམ་དྲ་རྟགས་ངན་པ་སྒྱུར༔ དེ་ནས་ཡོས་བཀྲ་གཏོར་ཞིང་འདི་སྐད་དོ༔ ཨོཾ་ཅི་ཅི་སྭཱ་ཧཱཿ བྱི་བ་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ཉ་ཅི་སྭཱ་ཧཱཿ གླང་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་པ་ཅི་སྭཱ་ཧཱཿ སྟག་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ཞ་ཅི་སྭཱ་ཧཱཿ ཡོས་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ང་ཅི་སྭཱ་ཧཱཿ འབྲུག་ལོ་པའི་སྐག་སྒྱུར་ཅིག །ཨོཾ་དུ་ཅི་སྭཱ་ཧཱཿ སྦྲུལ་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་བི་ཅི་སྭཱ་ཧཱཿ རྟ་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ད་ཉ་སྭཱ་ཧཱཿ ལུག་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ག་ཉ་སྭཱ་ཧཱཿ སྤྲེལ་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ཀུ་ཉ་སྭཱ་ཧཱཿ བྱ་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ཅི་ཅི་སྭཱ་ཧཱཿ ཁྱི་ལོ་པའི་སྐག་སྒྱུར་ཅིག༔


CMR042_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཅི་ཉ་སྭཱ་ཧཱཿ ཕག་ལོ་པའི་སྐག་སྒྱུར་ཅིག༔ དེ་ནི་ལོ་ཡི་སྐག་སྒྱུར་ཆེན་པོའོ༔ ལོ་གང་རྩུབ་པ་དེ་ལ་གྲངས་མང་བཅུག༔ དེ་ནས་ཟླ་བའི་སྐག་སྒྱུར་འདི་ཉིད་བརྗོད༔ ཨོཾ་སྟེ་སྭཱ་ཧཱཿ སྟག་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་ཡཾ་སྭཱ་ཧཱཿ ཡོས་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་ཁཾ་སྭཱ་ཧཱཿ འབྲུག་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་ཧཱུྃ་སྭཱ་ཧཱཿ སྦྲུལ་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་རྟ་སྭཱ་ཧཱཿ རྟ་ཟླ་བའི་སྐག་སྒྱུར་ཅིག༔ ༀ་ལཾ་སྭཱ་ཧཱཿ ལུག་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་པཾ་སྭཱ་ཧཱཿ སྤྲེལ་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་ཁཾ་སྭཱ་ཧཱཿ བྱ་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་ཁཾ་སྭཱ་ཧཱ། ཁྱི་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་ཛཾ་སྭཱ་ཧཱཿ ཕག་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་བྱི་སྭཱ་ཧཱཿ བྱི་བ་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་གི་སྭཱ་ཧཱཿ གླང་ཟླ་བའི་སྐག་སྒྱུར་ཅིག༔ དེ་ནི་ཟླ་བའི་སྐག་སྒྱུར་ཆེན་པོ་སྟེ། ཟླ་བ་གང་ལ་རྩུབ་པ་མང་བཅུག་གོ༔ ཞེས་པ་འདི་ནི་སྔགས་འཆང་རཱ་ག་ཨ་སྱས་ཉམ་ཆུང་དབུལ་པོ་རྣམས་ལ་ཕན་པའི་ཕྱིར༔ འཇམ་དཔལ་གྱི་རྒྱུད་དང་རྒྱ་ནག་སྐག་ཟློག་གནམ་ཆོས་ལས་བྱུང་བ་རྣམས་ལེགས་པར་བསྒྲིགས་པའོ༔ འདི་ནི་འཇམ་དཔལ་དམར་སེར་གྱི་གསུངས་ཁོ་ནའོ༔ སརྦ་མངྒ་ལཾ།། །། ༧ བཟོ་རིག་གནས་མདོའི་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་དམར་སེར་དང་རྒྱ་ནག་སྐག་ཟློག་ལས་བྱུང་བའི་ཕུའི་གྲོག་མ་དང་བར་གྱི་བྱ་རིགས་མདའི་ཉ་མོ་གསོ་བའི་ཐབས་དང་ཁང་པ་བསྒྱུར་གཏོ་བདག་བསྐྱེད་བསང་སྦྱངས་སོགས།next