Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
འདྲེ་དགུ་སྐྱས་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའདྲེ་དགུ་སྐྱས་འདེབས།next

འདྲེ་དགུ་སྐྱས་འདེབས།


CMR042_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་དགུ་སྐྱས་འདེབས་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR042_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་རྩེ་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདྲེ་དགུ་སྐྱས་འདེབས་དང་བཀར་བའི་ཡས་ནི། དང་པོ་མི་ལ་ལ། དང་པོ་ཀེང་རུས་ཀྱི་མི། ཁྱི་གུ། ཕེ་གུ། རེའུ་ཆེ། ལུ་གུ། བྱིའུ་ཆུང་། སྐྱ་ཀ །སྦལ་པ། རྨོང་ཙི། སྲེ་མོང་དང་དགུའི་གཟུགས་བྱ། རྫོང་ནི་བྱི་ལ་སྲེ་མོང་ཁྱི། དབྲེ་སྐྱེ་མ་སྨིན་ཟས་གླུད་བརྫོང་། བསེ་རག་བཀར་བ་ནི། མི་ལུས་ལག་ན་ཁྱི་སྤྱང་བཟུང་བ་གཅིག །ཁྱིམ་བྱ་འཇོལ་མོ་ལ་བསྐྱོན། སྐྱ་ཀ་རོལ་དུ་ཁྲིད་པར་བྱ། ཡས་ནི་འབུ་སྐོགས། བྱ་ཐོད་རུས་བསྙེན་རྣམས་བསགས། ༈ འགོང་པོའི་ཡས་ནི། མི་ལུས་རི་བོང་ལ་ཞོན་པ་གཅིག་བྱ། གླ་བ་རོལ་དུ་ཁྲིད་པ་གཅིག་བྱ། ཡས་ནི་གླ་བའི་རིལ་མ། རྒྱལ་རོང་། ཟོམ་སྟོང་། འགོང་ཡས་བསགས། ༈ གྲི་བོ་


CMR042_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བཀར་བ་ནི། གྲི་བོབཀར་བ་ཤ་ཕོ་རུ་བཅུ་ལ་ཞོན་པ། ཕག་ནག་རོལ་དུ་ཁྲིད་པ། གྲི་བྱ་ཕོ་རོག་ཀླད་ན་ལྡིང་བ། གྲི་ཁྱི་སྤྱང་ཀུ་རོལ་དུ་ཁྲིད་པ། ཡས་ནི། ཕག །ཕོ་རོག །ཤ་རུ། མདའ་ཆག །གཞུ་ཆག། །ཕུབ་རྣམས་བརྫོང་བར་བྱ། ༈ གོད་འདྲེ་བཀར་ན། གཅན་གཟན་འཕར་སྤྱང་ཝའི་མགོ་ཅན། ཕག་ནག་ལ་ཞོན་པ། ཕོ་ཁའི་སུ་ལུ་ཞྭ། གོད་ཀོ་ཡི་གསོ། རྒྱུ་མའི་སྐེ་རགས། གཡས་བཤའ་གྲི། གཡོན་གོད་སྐྱེ་བསྣམས་པ་གཅིག་བྱ། ཡས་ནི་རྡང་དུམ། ཁེབ་ཐག །སྣ་གཅུ། ཤ་ཁྲག་རུས་གསུམ། བཙོག་ཆངས་བརྫོང་། ༈ ནད་འདྲེ་བཀར་བ་ལ། མི་གཟུགས་འག་པ་ལ་ཞོན་པ། གཟེ་མོ་རྐང་རིང་རོལ་དུ་ཁྲིད་པ་བྱ། ཡས་ལ་ངར་གླུད། ཞྭ་གོས་ལྷམ་གསུམ། ཤ་ཁྲག་རུས་གསུམ་


CMR042_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོང་། ༈ མུག་འདྲེ་བཀར་བ་ནི། མི་ལུས་མཛོ་དྲེལ་གླ་བའི་མགོ་ཅན། སྲིན་བྱ་ཁུ་ཡུག་ལ་བསྐྱོན། ར་ཡུ་ལུག་ཡུ་རོལ་དུ་ཁྲིད་པ་གཅིག་བྱ། ཡས་ནི། སྤྲེལ། གྲུམ་པ། བྱ་མ་བྱིའུ། ངར་གླུད་རྣམས་བརྫོང་། ༈ ཐེའུ་རང་བཀར་བ་ནི། སྐྱེས་བུ་མིག་གཅིག །ལག་པ་གཅིག །རལ་པ་གཅིག །ནུ་མ་གཅིག་པ། ར་རྒན་རུ་གཅིག་ལ་ཞོན་པ། ཡས་ནི་རའི་ཤ་ཁྲག་རུས་གསུམ། ཆོ་ལོ་དུང་ཤོ། དར་ཟབ་སྣ་ཚོགས་བརྗོང་། ༈ མི་ཁ་བཀར་བ་ནི། མི་ཁ་བ་རུ་བྲ་བ་ལ་ཞོན་པ། སྲེ་མོང་རོལ་དུ་ཁྲིད་པ། ལྕམ་པ་གཡེར་མ་ཚྭ་སྒོག་རམ་རུག་ཐུམ་པོ་ཁུར་དུ་བཅུག །ཤང་ཤང་བྲ་མཆུ། མི་ཁའི་ཡས་དང་བྲ་བ་བརྗོད་བྱ། དེ་ནས་གཏོ་ཡས་བདེན་པ་སྨྲང་གིས་བྱིན་གྱིས་བརླབས་ལ་འདི་སྐད་དོ།། ཀྱི། ང་ནི་གསང་བདག་རྡོ་རྗེ་འཛིན། །འབྱུང་པོའི་ཚོགས་རྣམས་ང་ལ་ཉོན། །དང་པོ་འདྲེ་སྲིན་བྱུང་ཁུངས་ནི། །སྔོན་གྱི་བསྐལ་པ་དང་པོ་ལ། །ཕྱི་སྣོད་ནང་བཅུད་ལས་ཀྱིས་སྲིད། །ལྷ་འདྲེ་མི་གསུམ་དུས་གཅིག་སྲིད། །ལྷ་ཡི་བདེ་བ་འདྲེ་ཡིས་སྡུག་བསྔལ་བྱེད། །ལས་དང་ཉོན་མོངས་དུག་ལྔ་ཡིས། །།ནམ་མཁའ་སྟོང་པའི་དབྱིངས་རུམ་ནས། །རླུང་ནག་འཚུབ་མ་དགུ་སྐོར་བྱུང་། །འབྱུང་བ་ཆུ་ཡི་སྙིང་པོ་ལ། ཁྲོན་པ་ནག་པོ་གཅིག་ཏུ་བྱུང་། །རླུང་ནག་འཚུབ་མའི་ནང་ཤེད་ན། །གནོད་སྦྱིན་


CMR042_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ལ་ནག་པོ་བྱུང་། །ཆུ་ལ་ཀླུ་མོ་གདུག་བྱེད་བྱུང་། །དེ་གཉིས་བསྡེབས་པའི་འཕྲོ་འདུ་ལས། །འདྲེ་གདོན་བརྒྱ་དང་རྩ་གཅིག་བྱུང་། །དེ་ཡི་ཁ་རླངས་གདུག་རྩུབ་ལས། །ནད་རིགས་བཞི་བརྒྱ་རྩ་བཞི་བྱུང་། །གདོན་ཆེན་སྲིད་པའི་འདྲེ་དགུ་དང་། །གཙུག་ལག་འབྱུང་བའི་གདོན་བཅུ་བྱུང་། ཀྱཻ། དང་པོ་འདྲེ་ལ་གང་གིས་སྔ། །དང་པོ་འདྲེ་ལ་མི་ལ་སྔ། །མི་ལའི་ཕ་དང་ཡབ་སྨོས་པ། །ཕ་དེ་ཙ་ཀ་བྱི་ལ་མགོ །མ་དེ་ཅུ་ཏྲ་ཅི་ར་མ། །དེ་གཉིས་བསྡེབས་པའི་ངན་འཚོག་ལ། །བུ་ནི་མི་ལ་ཙ་ཏྲ་བྱུང་།ལུས་པོ་ཆུ་རུས་ཀེང་རུས་ལ། །བཟའ་བཏུང་ནུ་མས་བརྣངས་ཏེ་ཤི། །དེ་རྒྱལ་བུ་མཐིང་གེའི་མཁར་རྩར་སྦས། །དེ་དུས་མི་ལ་ཁྱི་དང་བསྡེབས་པའི་བུ། །མི་ལ་ཁྱི་གུ་ཞེས་ཀྱང་བྱ། །མི་ལ་ཕག་དང་བསྡེབས་པའི་བུ། །མི་ལ་ཕེ་གུ་ཞེས་ཀྱང་བྱ། །མི་ལ་ར་དང་བསྡེབས་པའི་བུ། །མི་ལ་རིའུ་ཚེ་ཞེས་ཀྱང་བྱ། །མི་ལ་ལུག་དང་བསྡེབས་པའི་བུ། །མི་ལ་ལུག་གུ་གཅིག་ཏུ་བྱུང་། །མི་ལ་བྱིའུ་དང་བསྡེབས་པའི་བུ། །མི་ལ་བྱིའུ་ཆུང་ཞེས་ཀྱང་བྱ། །ཉེལ་ཆུང་སྐྱ་ག་སྦལ་པ་དང་། །རྨོང་ཚེ་སྲེ་མོང་གཉིས་དང་


CMR042_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དགུ། །ལ་ལས་བྱིས་པའི་ཆུང་སྲི་བྱེད། །ལ་ལས་བུད་མེད་མངལ་སྲི་བྱེད། །ལ་ལས་སྐྱེས་པའི་སྲོག་གཅོད་བྱེད། །ལ་ལས་མི་སྤྲུལ་དགུ་རུ་སྤྲུལ། །དེ་འདྲའི་མི་ལ་སྤུན་དགུ་དེ། །མི་གནོད་དེ་ནི་མི་བརྩེ་ན། །མི་ལ་ལྷར་ཡང་མི་མཆོད་དེར། །མི་ལ་འདྲེར་ཡང་མི་བཀར་ཏེ། །གནོད་ཅིང་དེ་ནི་འཚེ་བ་ན། །བྱི་ལ་སྲེ་མོང་ཁྱི་གུ་དང་། །དབྱེ་སྐྱེ་མ་སྨིན་ཟས་གླུད་ཀྱིས། །མི་ལ་ཁྱོད་ལ་རྫོངས་སུ་འདེབས། །མི་ལ་དགྲ་ཡི་ཡུལ་དུ་སྐྱས་འདེབས་སོ། །མི་ལ་དཀར་པོ་མ་ལྡང་ཞིག །མི་ལ་བཅད་དོ་མ་སྐྱེ་ཞིག །དགྲ་ལ་རྦད་དོ་ཆོ་རེ་རེ། །མི་ལ་འགྲོ་ན་བསེ་རག་ཁྲིད། ༈ །བསེ་རག་ཕ་དང་མ་ཡི་མིང་། །ཕ་ནི་གནམ་བསེ་ཇི་རི་སྤྲེལ་རྩག་ཅན། །མ་ནི་ས་བསེར་ནག་མོ་ཧུ་རུ་ཁ། །དེ་གཉིས་སྡེ་ངན་འཚོགས་པ་ལ། །བུ་ནི་བསེ་རག་སྤུན་དགུ་སྲིད། །ཕོ་ཤི་མོ་ལ་འདུར་བའི་བསེ་རག་དང་། །མོ་ཤི་ཕོ་ལ་འདུར་བའི་བསེ་རག་དང་། །ཕ་ཤི་བུ་ལ་འདུར་བའི་བསེ་རག་དང་། །བུ་ཤི་ཕ་ལ་འདུར་བའི་བསེ་རག་དང་། །དེ་ལྟར་བསེ་རག་སྤུན་དགུ་དེ། །ལོ་གསུམ་བར་དུ་དཀར་མ་མཐོང་། །མཁར་གོང་དཀར་པོ་མཐོང་བའི་ཚེ། །སྭོ་དགྲ་དེ་


CMR042_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཀྲོགས་སེ་ཀྲོག །ལོ་གསུམ་བར་དུ་དམར་མ་མཐོང་། །སྙ་ལོ་དམར་པོ་མཐོང་བའི་ཚེ། །གྲི་བརྡར་དེ་ནི་ཡུགས་སེ་ཡུག །ཤོ་ཁོག་སྐམ་པོ་གོས་སུ་གྱོན། །རུས་པ་བཙའ་ཅན་ཁ་ན་མུར། །ཁྱི་སྤྱང་འཛིན་ཅིང་བཤུག་གླུ་ལེན། །ཁྱིམ་བྱ་འཇོལ་མོ་རྟ་རུ་ཞོན། །སྐྱ་ག་ཁྲ་མོ་རོལ་དུ་ཁྲིད། །དེ་འདྲའི་བསེ་རག་སྤུན་དགུ་དེ། །མི་གདོན་དེ་ནི་མི་བརྩེ་ན། །བསེ་རག་ལྷར་ཡང་མི་མཆོད་དེ། །བསེ་རག་འདྲེར་ཡང་མི་བཀར་ཏེ། །གནོད་ཅིང་འཚེ་བར་གྱུར་པ་ན། །འབུ་སྐོགས་བྱ་ཐོད་རུས་རྐྱེན་གསུམ། །བསེ་རག་རྣམས་ལ་རྫོངས་སུ་འདེབས། །དགྲ་ཡི་ཡུལ་དུ་ད་ཆོས་ཤིག །བསེ་རག་བཀར་རོ་མ་ལྡང་ཞིག །བསེ་རག་བཅད་དོ་མ་སྐྱེ་ཞིག །ཕྱིན་ཆད་འཁོར་འདིར་མ་གནོད་ཅིག །བསེ་རག་འགྲོ་ན་འགོང་པོ་ཁྲིད། ༈ །དེ་ནས་འདྲེ་ལ་འགོང་པོ་སྔ། །ཕ་ནི་བདུད་པོ་འགོང་ཆེན་ཡིན། །མ་ནི་པྲ་ཟ་རུ་རིང་མ། །དེ་གཉིས་སྡེབ་ངན་འཚོགས་པ་ལ། །བུ་ནི་འགོང་པོ་སྤུན་དགུ་བྱུང་། །རི་བོང་རྣ་རིང་རྟ་རུ་ཞོན། །གླ་བ་མགྲིན་རིང་རོལ་དུ་ཁྲིད། །མི་ཕོའི་བློ་ལ་འགོང་པའི་འགོང་པོ་དང་། །བུད་མེད་སྲིད་ལ་འགོང་བའི་འགོང་པོ་


CMR042_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྟ་ཕོའི་བང་ལ་འགོང་བའི་འགོང་པོ་དང་། །དཀར་གྱི་ཞོ་ལ་འགོང་བའི་འགོང་པོ་དང་། །སྒྱུར་གྱི་ཆང་ལ་འགོང་པའི་འགོང་པོ་དང་། །གཞོང་ཐོག་ཟན་ལ་འགོང་བའི་འགོང་པོ་དང་། །མཆིག་ཐོག་ཕྱེ་ལ་འགོང་བའི་འགོང་པོ་དང་། །དེ་ལྟར་འགོང་པོ་སྤུན་དགུ་དེས། །མི་གནོད་དེ་ནི་མི་བརྩེ་ན། །འགོང་པོ་ལྷར་ཡང་མི་མཆོད་དེ། །འགོང་པོ་འདྲེ་ཡང་མི་བཀར་ཏེ། །གནོད་ཅིང་དེ་ནི་འཚེ་བ་ན། །གླ་རིལ་རི་རས་རྐྱལ་སྟོང་དང་། །འགོང་ཡས་སྣ་དགུའི་རྫོངས་གདབ་བོ། །འགོང་པོ་དགྲ་ཡི་ཡུལ་དུ་སྐྱས་གདབ་བོ། །འགོང་པོ་བཀར་རོ་མ་ལྡང་ཞིག །འགོང་པོ་བཅད་དོ་མ་སྐྱེ་ཞིག །དགྲ་ལ་རྦད་དོ་ཆོ་རེ་རེ། །འགོང་པོ་འགྲོ་ན་གྲི་བོ་ཁྲིད། ༈ ཀྱཻ། དེ་ནས་འདྲེ་ལ་གྲི་བོ་སྔ། །ཕ་ནི་གནམ་གྲི་ཝལ་ཝོལ་བྱ་བ་ཡིན། །མ་དེས་ས་གྲི་ཕྱུད་མ་ཕྱོལ། །དེ་གཉིས་སྡེབ་ངན་འཚོགས་པ་ལ། །བུ་ནི་གྲི་བོ་སྤྱན་དགུ་བྱུང་། །གྲིར་གྲིར་ཤི་བའི་ཡུ་མར་དང་། མདའ་གྲིར་ཤི་བའི་ལྟོང་དམར་དང་། །མདུང་གྲིར་ཤི་བའི་རྩེ་དམར་དང་། །རྔབ་གྲིར་ཤི་བའི་གྷོ་སྐྱ་དང་། །རྡོ་གྲིར་ཤི་བའི་དབུག་ལྐུགས་དང་། །མེ་གྲིར་ཤི་བའི་གསུར་


CMR042_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གཞོབ་དང་། །ཆུ་གྲིར་ཤི་བའི་འདར་ཤང་དང་། །ལྕེབ་གྲིར་ཤི་བའི་ཐག་བཤལ་དང་། །དེ་ལྟར་གྲི་བོ་སྤུན་དགུ་དེས། །ཤ་ཕོ་རུ་བཅུ་རྟ་རུ་ཞོན། །ཕག །ནག་སྒུར་པོ་རོལ་དུ་ཁྲིད། །གྲི་བྱ་ཕོ་རོག་ཀླད་ན་ལྡིང་། །གྲི་ཁྱི་སྤྱང་ཀུ་རོལ་དུ་ཁྲིད། །མི་གནོད་དེ་ནི་མི་བརྩེ་ན། །གྲི་བོ་ལྷར་ཡང་མི་མཆོད་དེ། །གྲི་བོ་འདྲེར་ཡང་མི་བཀར་ཏེ། །གནོད་འཚེ་གདོན་དུ་གྱུར་པ་ན། །ཕག་དང་ཕོ་རོག་ཤ་རུ་དང་། །མདའ་ཆག་གཞུ་ཆག་ཕུབ་རྣམས་ནི། །གྲི་བོ་ཁྱོད་ལ་རྫོང་གདབ་བོ། །གྲི་བོ་དགྲ་ཡི་ཡུལ་དུ་སྐྱེས་ཐོབ་ཅིག །གྲི་བོ་བཀར་རོ་མ་ལྡང་ཞིག །གྲི་བོ་བཅད་དོ་མ་སྐྱེ་ཞིག །དགྲ་ལ་རྦད་དོ་ཆོ་རེ་རེ། ༈ །གྲི་བོ་འགྲོ་ན་གོད་འདྲེ་ཁྲིད། །གོད་འདྲེ་ཕ་དེ་ཤ་ཟན་བྱ་རོག་གདོང་། །མ་དེ་ཁྲག་ལྡག་སྤྱང་སྔོ་མ། །དེ་གཉིས་སྡེབ་ངན་འཚོགས་པ་ལ། །བུ་ནི་གོད་འདྲེ་སྤུན་དགུ་སྲིད། །ཆེ་གསུམ་ནོར་གྱི་གོད་འདྲེ་དང་། །གཅན་གཟན་འཕར་བ་སྤྱང་ཀིའི་མགོ །ཤ་ལ་ཟ་ཞིང་ཁྲག་ལ་འཐུང་། །འབྲིང་གསུམ་བ་བོང་གོད་འདྲེ་དེ། །བྱ་རོག་ཤ་འགྱུར་ཤ་སྐད་བྱེད། །གློ་ཧོན་གཟའ་དང་ལྷོག་པ་དང་། །རྔོ་རྐུ་ཤིག་དང་


CMR042_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྦབ་གཡང་འཆག །ཆུང་གསུམ་ར་ལུག་གོད་འདྲེ་བྱེད། །དེ་ལྟར་གོད་འདྲེ་སྤུན་དགུ་དེ། །ཕག་ནག་སྒུར་པོ་རྟ་རུ་ཞོན། །ཕོ་ཁ་སུ་ལུ་ཞྭ་རུ་གྱོན། །གོད་ཀོ་ནག་པོ་གོས་སུ་གྱོན། །རྒྱུ་མ་ནག་པོའི་སྐེ་རགས་བཅིངས། །གཡས་ན་བཤའ་གྲི་སྟ་རེ་ཕྱར། །གཡོན་ན་གོད་སྐྱེ་ནག་པོ་ཁུར། །དེ་ལྟར་གོད་འདྲེ་སྤུན་དགུ་དེ། །མི་གནོད་དེ་ནི་མི་བརྩེ་ན། །གོད་འདྲེ་ལྷར་ཡང་མི་མཆོད་ཅིང་། །གོད་འདྲེ་འདྲེ་ཡང་མི་བཀར་རོ། །གནོད་ཅིང་འཚེ་བར་བྱེད་པ་ན། །རྡང་དུམ་ཁེབ་ཐོག་སྣ་གཅུ་དང་། །ཤ་ཁྲག་རུས་པ་བཙོག་ཆངས་དང་། །གོད་འདྲེ་ཁྱོད་ལ་རྫོང་བཏབ་བོ། །གོད་འདྲེ་དགྲ་ཡི་ཡུལ་དུ་སྐྱས་ཆོས་ཤིག །གོད་འདྲེ་བཀར་རོ་མ་ལྡང་ཞིག །གོད་འདྲེ་བཅད་དོ་མ་སྐྱེ་ཞིག །དགྲ་ལ་རྦད་དོ་མ་ལྡང་ཞིག །གོད་འདྲེ་འགྲོ་ན་ནད་འདྲེ་ཁྲིད། ཀྱཻ། ནད་འདྲེའི་ཕ་དེ་ཇ་ལོ་གཅོད་ཕོ་ཆེ། །མ་དེ་འདུད་ཁ་ཟང་ལིང་བ། །དེ་གཉིས་སྡེབ་ངན་འཚོགས་པ་ལ། །བུ་ནི་ནད་འདྲེ་སྤྱན་དགུ་སྲིད། །རླུང་དང་མཁྲིས་པ་བད་ཀན་དང་། །གཟའ་དང་མ་ཞུ་དུག་རིགས་དང་། །གཉན་སྲིན་བཞི་བརྒྱའི་ནད་ཀྱི་བདག །འུག་པ་མིག་སེར་རྟ་རུ་ཞོན། །


CMR042_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གཟེ་མོ་རྐང་རིང་རོལ་དུ་ཁྲིད། །ཨ་ན་ཨ་ཚ་གཟེར་མཁུན་བདག །ཁྱོད་ལ་མི་གནོད་དེ་ནི་མི་བརྩེ་ན། །ནད་འདྲེ་ལྷར་ཡང་མི་མཆོད་དེ། །ནད་འདྲེ་འདྲེ་ཡང་། མི་བཀར་རོ། །གནོད་ཅིང་འཚེ་བར་གྱུར་པ་ན། །གླད་མ་ཆངས་བུ་ངར་གླུད་དང་། །ཤ་ཁྲག་རུས་གསུམ་ཞྭ་གོས་ལྷམ་གསུམ་དང་། །ཡས་སྟགས་སྣ་ཚོགས་དུག་ཟས་སྣ་དགུ་ཡིས། །ནད་འདྲེ་རྣམས་ལ་རྫོངས་སུ་འདེབས། །ནད་འདྲེ་དགྲ་བོའི་ཡུལ་དུ་སྐྱེས་ཆོས་ཤིག །ནད་འདྲེ་བཀར་རོ་མ་ལྡང་ཞིག །ནད་འདྲེ་བཅད་དོ་མ་སྐྱེ་ཞིག །ནད་འདྲེ་དགྲ་ལ་རྦད་ཆོ་རེ་རེ། །ནད་འདྲེ་འགྲོ་ན་མུག་འདྲེ་ཁྲིད། ཀྱཻ། མུག་འདྲེ་དེ་ཡི་ཕ་སྨོས་པ། །ནམ་མཁའི་ལྷོ་བུན་བང་ན་འགྲིམས། །དམུ་འདུང་བླ་འཁྱམ་ཀང་ཀའི་མགོ །མ་ནི་དམུ་ཟ་ཉ་མིག་སྐད་ངན་བསྒྲགས། །དེ་གཉིས་སྡེབ་ངན་འཚོགས་པ་ལ། །བུ་ནི་མུག་འདྲེ་སྤྱན་དགུ་སྲིད། །མི་སྤྲུལ་དེ་ནི་དགུ་རུ་སྤྲུལ། །མི་བརྫུ་དེ་ནི་དགུ་རུ་རྗེས། །ཕྱུག་པོའི་དབུལ་འདྲེ་བྱེད་པའི་དུས། །མཛོ་དང་དྲེལ་ལ་སྤྲུལ་ཞིང་བརྫུ། །ཕྱུག་པོའི་དབུལ་འདྲེ་བྱེད་པའི་དུས། །གྱོད་སྣ་འདྲེན་པའི་གླ་བ་དང་། །ཕུང་འདྲེ་དགུ་དང་སྤྲུལ་ཞིང་


CMR042_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུ། །ནད་རིགས་གདོན་རིགས་འདྲེ་ཡི་རིགས། །ཀུན་དང་བསྡོངས་ཏེ་སྤྲུལ་ཞིང་བརྫུ། །དེ་འདྲའི་མུག་འདྲེ་སྤུན་དགུ་དེ། །མི་གནོད་དེ་ནི་མི་འཚེར་ན། །སྲིན་བྱ་ཁུ་ཡུག་མིག་སེར་ཞོན། །ར་ཡུ་ལུག་ཡུ་རོལ་དུ་ཁྲིད། །ངན་སྡུག་ན་ཤི་ཁ་ནས་བསྒྲགས། །ནམ་མཁའི་ལྷོ་བུན་བཞིན་དུ་འཐིབས། །དེ་འདྲའི་མུག་འདྲེ་སྤུན་དགུ་དེ། །མི་གནོད་དེ་ནི་མི་བརྩེ་ན། །མུག་འདྲེ་ལྷར་ཡང་མི་མཆོད་དེ། །མུག་འདྲེ་འདྲེ་ཡང་མི་བཀར་རོ། །གནོད་ཅིང་འཚེ་བར་བྱེད་པ་ན། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །གནོད་ཅིང་འཚེ་བར་གྱུར་པ་ན། །ཡས་དགུ་ཐག་བཅུ་ཞྭ་ལྷམ་རྣམས། །མུག་འདྲེ་ཁྱོད་ལ་རྫོངས་སུ་འདེབས། །མུག་འདྲེ་དགྲ་ཡི་ཡུལ་དུ་ད་ཆོས་ཤིག །མུག་འདྲེ་བཀར་རོ་མ་ལྡང་ཞིག །མུག་འདྲེ་བཅད་དོ་མ་སྐྱེ་ཞིག །དགྲ་ལ་རྦད་དོ་ཆོ་རེ་རེ། །མུག་འདྲེ་འགྲོ་དང་ཐེའུ་རང་ཁྲིད། ཀྱཻ། ཐེའུ་རང་ཕ་ནི་སྟག་འཚུར་སྐྱེས་གཅིག་པོ། །མ་ནི་སྒང་མ་སྙིང་ཆུང་སྣ་རུ་མ། །དེ་གཉིས་སྡེབ་ངན་འཚོགས་པ་ལ། །བུ་ནི་ཐེའུ་རང་སྤུན་དགུ་བྱུང་། །སྐྱེས་བཟང་དེ་ནི་ལུས་གཅིག་པོ། །དཔྲལ་བའི་དབྱིངས་ན་མིག་གཅིག་པོ། །བྲང་གི་མདོ་ན་


CMR042_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་གཅིག་པོ། །ཁ་ཡི་ནང་ན་སོ་གཅིག་པོ། །སྙོབ་པར་བྱེད་པའི་ལག་གཅིག་པོ། །མགོ་ན་རལ་པ་སྒྲ་གཅིག་པོ། །འགྲོ་བར་བྱེད་པའི་རྐང་གཅིག་པོ། །སྤྲུལ་པ་སྣ་ཚོགས་དུ་མ་འགྱེད། །ནངས་སྔ་ཕར་ན་འགྲོ་བའི་ཚེ། །སྟག་ཆས་ཁྲ་དང་སི་ལི་ལི། །ནུབ་མོ་ཚུར་ལ་འོང་བའི་དུས། །བས་དྲི་དེ་ནི་ཐུ་ལུ་ལུ། །ཕོ་ཡི་ལུས་ལ་། གནོད་པའི་དུས། །ན་ཆུང་མཛེས་སྡུག་ཅན་དུ་སྤྲུལ། །ཐིག་ལེ་བརྐུ་ཞིང་ལུས་མདངས་འཆོར། །ཚེ་སྲོག་གཅོད་ཅིང་ཁ་དབུགས་ལེན། །མོ་ཡི་ལུས་ལ་གནོད་པའི་དུས། །རག་ཤ་སྐྱེས་བཟང་གཅིག་ཏུ་སྤྲུལ། །དུས་མིན་མངལ་ཁྲག་འབབ་ཏུ་འཇུག །སྟོང་སྦྲུམ་བྱེད་ཅིང་ཚེ་སྲོག་གཅོད། །ཟླ་དགུ་ཁྲག་ཏུ་བསྒྱུར་བ་དང་། །ཕོ་ལུས་མོ་རུ་བསྒྱུར་བ་དང་། །གནོད་བྱེད་ཐེའུ་རང་སྤུན་དགུ་དེ། །མི་སྤྲུལ་དེ་ནི་དགུ་རུ་སྤྲུལ། །ར་རྒན་རུ་རིང་རྟ་རུ་ཞོན། །ར་སླག་ཁྲ་མོ་གོས་སུ་གྱོན། །དེ་འདྲའི་ཐེའུ་རང་སྤུན་དགུ་དེས། །བདག་དང་ཡོན་གྱི་བདག་པོ་ལ། །མི་གནོད་དེ་ནི་མི་བརྩེ་ན། །ཐེའུ་རང་ལྷར་ཡང་མི་མཆོད་ཅིང་། །ཐེའུ་རང་འདྲེ་ཡང་མི་བཀར་རོ། །གནོད་ཅིང་འཚེ་བར་གྱུར་པ་ན། །ར་


CMR042_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཤ་ཁྲག་རུས་སྤུ་དང་། །ཆོ་ལོ་དུག་ཤོ་དར་ཟབ་རྣམས། ཐེའུ་རང་ཁྱོད་ལ་རྫོངས་སུ་འདེབས། །ཐེའུ་རང་བཀར་རོ་མ་ལྡང་ཞིག །ཐེའུ་རང་བཅད་དོ་མ་སྐྱེ་ཞིག །དགྲ་བོའི་ཡུལ་དུ་སྐྱས་ཆོས་ཤིག །དགྲ་ལ་རྦད་དོ་ཆོ་རེ་རེ། །ཐེའུ་རང་འགྲོ་ན་མི་ཁ་ཁྲིད། །མི་ཁ་དེ་ཡི་ཕ་སྨོས་པ། །སྟོང་ཕྱ་འོད་ནག་བྱ་བ་ཡིན། །མ་ནི་སྟོང་བྱ་མ་ཝང་བྱ་བ་ཡིན། །དེ་གཉིས་སྡེ་ངན་འཚོགས་པ་ལས། །བུ་ནི་མི་ཁ་སྤུན་དགུ་བྱུང་། །རྒྱ་ཡི་མི་ཁ་ཇ་དང་བསྡོངས། །འཇང་གི་མི་ཁ་དར་དང་བསྡོངས། །ཧོར་གྱི་མི་ཁ་མདའ་དང་བསྡོངས། །བོད་ཀྱི་མི་ཁ་འབྲུ་དང་བསྡོངས། །མི་ཡི་མི་ཁ་གསེར་དང་བསྡོངས། །མོན་གྱི་མི་ཁ་གཟི་དང་བསྡོངས། །བལ་པོའི་མི་ཁ་རམ་དང་བསྡོངས། །ཀོང་པོའི་མི་ཁ་རྩོད་དང་བསྡོངས། །དམུ་ལུང་མི་ཁ་དངུལ་དང་བསྡོངས། །དེ་ལྟར་མི་ཁ་སྤུན་དགུ་དེ། །བྲ་བ་རྣ་དམར་རྟ་རུ་ཞོན། །སྲེ་མོང་དམར་མོ་རོལ་དུ་ཁྲིད། །ལྕམ་པ་གཡེར་མ་བྲ་བོ་ས། །ཚྭ་སྒོག་རམ་རུག་ཐུམ་པོ་ཁུར། །ཤང་ཤང་བྲ་མཆུ་ལས་ལ་མག །འཕེན་ཟེར་རྨང་བའི་མི་ཁ་དང་། །ཆེ་ཟེར་ཆུང་བའི་མི་ཁ་དང་། །ཕྱུག་ཟེར་དབུལ་བའི་མི་ཁ་


CMR042_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྐྱིད་ཟེར་སྡུག་པའི་མི་ཁ་དང་། །བརྒྱག་ཟེར་ལྟོགས་པའི་མི་ཁ་དང་། །དེ་ལྟར་མི་ཁ་སྤུན་དགུ་དེས། །ཡུལ་སྡེ་འཁྲུག་པའི་འདྲེ་ཡང་མི་ཁས་བྱེད། །དཔོན་གཡོགས་འཁྲུག་པའི་འདྲེ་ཡང་མི་ཁས་བྱེད། །ཕུ་ནུ་འཁྲུག་པའི་འདྲེ་ཡང་མི་ཁས་བྱེད། །ཚ་ཞང་འཁྲུག་པའི་འདྲེ་ཡང་མི་ཁས་བྱེད། །མ་བུ་བྱེ་བའི་འདྲེ་ཡང་མི་ཁས་བྱེད། །མནའ་སྙིང་འཐབ་པའི་འདྲེ་ཡང་མི་ཁས་བྱེད། །ཚགས་སེར་བྱེ་བའི་འདྲེ་ཡང་མི་ཁས་བྱེད། །མི་སྤྱན་བྱེ་བའི་འདྲེ་ཡང་མི་ཁས་བྱེད། །ཤག་རོགས་བྱེ་བའི་འདྲེ་ཡང་མི་ཁས་བྱེད། །དེ་ལྟར་མི་ཁ་སྤུན་དགུ་ལ། །བཀར་བའི་ཡས་སུ་བྲ་བ་སྦྱིན། །འདི་ཨོག་མ་ཡོད་པས་གྲི་བོ་ཐུབ། །གཞུག་གུ་མེད་པས་འདྲེ་མོ་ཐུབ། །ལྟག་པ་སྐྱ་བས་ཡལ་འདྲེ་ཐུབ། །སྲིན་མོ་ཟངས་ཀྱི་སྣ་དམར་ལ། །རྒྱ་འགྲོ་མི་ལ་ཁྲིམས་གཏམ་བྱེད། །དབུས་འགྲོ་མི་ལ་ཆོས་གཏམ་བྱེད། །བོད་ཀྱི་མི་ལ་ཁ་མཚར་གཏོང་། །སྒོམ་ཆེན་མིན་ཏེ་རླུང་ཆས་བྱེད། །བག་མ་མིན་ཏེ་བཟུར་འདུག་བྱེད། །ཙ་ཙ་ཙི་ཙི་དཔའ་སྐད་འདོན། །དེ་མི་ཁ་བཀར་བའི་ཡས་སུ་གཏོང་། །ད་མི་ཁ་མི་གནོད་འཚེ་བ་ན། །མི་ཁ་


CMR042_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་ཡང་མི་མཆོད་དེ། །མི་ཁ་འདྲེ་ཡང་མི་བཀར་ཏེ། །གནོད་ཅིང་དེ་ནི་འཚེ་བ་ན། །ཚྭ་གཡེར་རམ་རུག་ལྕམ་པ་བྲ་བོ་དང་། །ཁྱི་སྤུ་ར་བལ་སྒོག་པ་དང་། །ཡས་དགུ་ཐག་བཅུ་རྫོངས་སུ་འདེབས། །དགྲ་ཡི་ཕྱོགས་སུ་སྐྱས་ཆོས་ཤིག །མི་ཁ་བཀར་རོ་མ་ལྡང་ཞིག །མི་ཁ་བཅད་དོ་མ་སྐྱེ་ཞིག །མི་ཁ་བྲུབ་བོ་མ་ལྡང་ཞིག །དེ་ནས་གླུད་ཡས་ཁ་ཕྱིར་བསྒྱུར་ལ་ལམ་བསྟན་པ་ནི། ཀྱི། སྲིད་པ་སྔོན་གྱི་འདྲེ་གདོན་ཚོགས། །འདི་ན་འདུག་པའི་གནས་མལ་མེད། །ཁྱིམ་ནི་མི་བདེ་ཀཾ་ལ་ཀཾ། །སྦྲ་ནི་མི་བདེ་ཧར་མ་ཧོར། །མི་ལ་འདྲེ་གདོན་ཆགས་ས་མེད། །ནོར་ལ་འདྲེ་གདོན་གནས་ས་མེད། །འདྲེ་སྐྱེས་ཤར་གྱི་ཕྱོགས་སུ་སོང་། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །ནག་པོ་རྒྱ་ཡི་ཡུལ་རེ་བཟང་། །འདྲེ་ཕོ་རྒྱུད་རྒྱལ་ས་འཛིན་དུ་ཡོད། །འདྲེ་མོ་རྒྱུད་བཙུན་མོ་བྱེད་ས་ཡོད། །འདྲེ་བྲན་བློན་པོ་བྱེད་ས་ཡོད། །བང་མཛོད་བདག་མེད་འབུམ་ཕྲག་ཡོད། །བཟའ་བའི་ཟ་ཆེ་དེ་ན་ཡོད། །བཏུང་བའི་སྐྱེམས་བཟང་དེ་ན་ཡོད། །འགྲོགས་པའི་རོགས་བཟང་དེ་ན་ཡོད། །འདྲེ་སྐྱས་ཤར་དུ་ཤ་ར་ར། །ཤར་ཕྱོགས་འགྲོ་བའི་ལམ་སོ་དེར། །སུ་དང་ཕྲད་པ་དེ་


CMR042_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྱུར། །སྒྱུར་ཅིག་སྒྱུར་ཅིག་ས་མ་ཡ། །ཨུ་ཙ་ཏ་ཡ་ཕཊ། ཀྱཻ། སྲིད་པ་སྔོན་གྱི་འདྲེ་གདོན་ཚོགས། །འདྲེ་སྐྱས་ལྷོ་ཡི་ཕྱོགས་སུ་སོང་། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །འཇང་ནག་པོ་རྒྱལ་པོ་ཡུལ་རེ་བཟང་། །འདྲེ་ཕོ་རྒྱུད་ཀྱི་རྒྱལ་ས་འཛིན་ས་ཡོད། །འདྲེ་མོ་རྒྱུད་བཙུན་མོ་བྱེད་ས་ཡོད། །འདྲེ་བྲན་བློན་པོ་བྱེད་ས་ཡོད། །བང་མཛོད་བདག་མེད་འབུམ་ཕྲག་ཡོད། །བཟའ་བའི་ཤ་ཆེན་དེ་ན་ཡོད། །བཏུང་བའི་སྐྱེམས་བཟང་དེ་ན་ཡོད། །འགྲོགས་པའི་གྲོགས་བཟང་དེ་ན་ཡོད། །འདྲེ་སྐྱས་ལྷོ་ན་ཤ་ར་ར། །ལྷོ་ཕྱོགས་འགྲོ་བའི་ལམ་སོ་དེར། །སུ་དང་ཕྲད་པ་དེ་ལ་སྒྱུར། །སྒྱུར་ཅིག་སྒྱུར་ཅིག་ས་མ་ཡ། །ཨུ་ཙ་ཏ་ཡ་ཕཊ། ཀྱཻ། སྲིད་པ་སྔོན་གྱི་འདྲེ་གདོན་ཚོགས། །འདྲེ་སྐྱས་ནུབ་ཀྱི་ཕྱོགས་སུ་སོང་། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །མོན་པ་ལུག་ཕྱུག་ཡུལ་རེ་བཟང་། །འདྲེ་ཕོ་རྒྱུད་རྒྱལ་ས་འཛིན་ས་ཡོད། །མོ་རྒྱུད་བཙུན་མོ་བྱེད་ས་ཡོད། །འདྲེ་བྲན་བློན་པོ་བྱེད་ས་ཡོད། །ལུག་དང་བང་མཛོད་བདག་མེད་ཡོད། །བཟའ་བའི་ཤ་ཆེན་དེ་ན་ཡོད། །བཏུང་བའི་སྐྱེམས་བཟང་དེ་ན་ཡོད། །འདུག་པའི་གྲོགས་བཟང་དེ་


CMR042_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡོད། །འདྲེ་སྐྱས་ནུབ་ཏུ་ཤ་ར་ར། །ནུབ་ཕྱོགས་འགྲོ་བའི་ལམ་སོ་དེར། །སུ་དང་འཕྲད་པ་དེ་ལ་སྒྱུར། །སྒྱུར་ཅིག་སྒྱུར་ཅིག་ས་མ་ཡ། །ཨུ་ཙ་ཏ་ཡ་ཕཊ། ཀྱཻ། སྲིད་པ་སྔོན་གྱི་འདྲེ་གདོན་ཚོགས། །འདྲེ་སྐྱས་བྱང་གི་ཕྱོགས་སུ་སོང་། །ཉི་མ་བྱང་ཕྱོགས་ཕ་ཀི་ན། །ནོར་དང་སོག་པོ་ཡུལ་རེ་བཟང་། །འདྲེ་ཕོ་རྒྱུད་རྒྱལ་ས་འཛིན་ས་ཡོད། །མོ་རྒྱུད་བཙུན་མོ་བྱེད་ས་ཡོད། །འདྲེ་བྲན་བློན་པོ་བྱེད་ས་ཡོད། །རྟ་དང་དཀོར་མཛོད་བདག་མེད་ཡོད། །བཟའ་བའི་ཟ་ཆེ་དེ་ན་ཡོད། །བཏུང་བའི་སྐྱེམས་བཟང་དེ་ན་ཡོད། །འདུག་པའི་གྲོགས་བཟང་དེ་ན་ཡོད། །འདྲེ་སྐྱས་བྱང་དུ་ཤ་ར་ར། །བྱང་ཕྱོགས་འགྲོ་བའི་ལམ་སོ་དེར། །སུ་དང་འཕྲད་པ་དེ་ལ་སྒྱུར། །སྒྱུར་ཅིག་སྒྱུར་ཅིག་ས་མ་ཡོ། །ཨུ་ཙ་ཏ་ཡ་ཕཊ། གནོད་བྱེད་ཡུལ་དུ་སྐྱེས་ཆོས་ཤིག །བསེ་རག་ཡུལ་དུ་སྐྱེས་ཆོས་ཤིག །འགོང་པོའི་ཡུལ་དུ་སྐྱེས་ཆོས་ཤིག །གྲི་བོའི་ཡུལ་དུ་སྐྱས་ཆོས་ཤིག །གོད་འདྲེའི་ཡུལ་དུ་སྐྱེས་ཆོས་ཤིག །གདུག་འདྲེའི་ཡུལ་དུ་སྐྱེས་ཆོས་ཤིག །ཐེའུ་རང་ཡུལ་དུ་སྐྱེས་ཆོས་ཤིག །མི་ཁའི་ཡུལ་དུ་སྐྱེས་ཆོས་ཤིག །སྲིད་པའི་འདྲེ་དགུ་


CMR042_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱས་ཆོས་ཤིག །གཙུག་ལག་གདོན་བཅུ་སྐྱས་ཆོས་ཤིག །སྔ་འདྲེ་ཕྱི་འདྲེ་གདོན་ཐམས་ཅད་དགྲ་བོའི་ཡུལ་དུ་སྐྱས་ཆོས་ཤིག །ཅེས་དགྲ་ཕྱོགས་སུ་བསྐྱལ་ལོ། །སྲུང་ཁ་བའི་འཁོར་ལོ་བྷྱོ་མཚམས་བཅད་དོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའདྲེ་དགུ་སྐྱས་འདེབས།next