Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་འཇམ་དཔལ་གྱིས་མཛད་པའི་རྡེལ་མོའི་ཐབས་དཔྱད་གསལ་བའི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འཇམ་དཔལ་གྱིས་མཛད་པའི་རྡེལ་མོའི་ཐབས་དཔྱད་གསལ་བའི་མེ་ལོང་།next

འཕགས་པ་འཇམ་དཔལ་གྱིས་མཛད་པའི་རྡེལ་མོའི་ཐབས་དཔྱད་གསལ་བའི་མེ་ལོང་།


CMR042_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་གྱིས་མཛད་པའི་རྡེལ་མོའི་ཐབས་དཔྱད་གསལ་བའི་མེ་ལོང་བཞུགས་སོ།


CMR042_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ན་མོ་ཤར་གཅིག་གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དགུ་བཅུ་བཅུ་གཅིག་བཅུ་གཉིས། ཉི་ཤུ་ཉེར་གཅིག་ཉེར་གཉིས་ཉེར། སུམ་ཅུ་སོ་གཅིག་སོ་གཉིས། བཞི་བཅུ་ཞེ་གཅིག་ཞེ་གཉིས། དཀར་པོ་ཤེལ་གྱི་མོ་རྡེལ་བཞི་བཅུ་ཞེ་གཉིས་དངོས་ཀྱིས་ཚང་། སྲིད་པའི་གནམ་ཕུབ། དོང་མོའི་ས་གཞི་བཏིང་། སྟེང་དུ་ལྷ་སྲིད། བར་དུ་མི་སྲིད། འོག་ཏུ་འདྲེ་སྲིན་བྱུར་གསུམ་སྲིད། མོ་འདི་འཕགས་པ་འཇམ་དཔལ་གྱིས་གཏན་ལ་ཕབ། མ་སང་གི་ཡུལ་དུ་རྡེལ་མོ་གཏན་ལ་ཕབ། རྒྱ་ཡི་ཡུལ་དུ་གབ་རྩེ་གཏན་ལ་


CMR042_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཕབ། བོད་ཀྱི་ཡུལ་དུ་ལྷ་པྲ་གཏན་ལ་ཕབ། ཞང་ཞུང་གི་ཡུལ་དུ་ཇུ་ཐིག་གཏན་ལ་ཕབ། མེ་ཉག་གི་ཡུལ་དུ་སོག་མོ་གཏན་ལ་ཕབ། ཧོར་གྱི་ཡུལ་དུ་མདའ་མོ་གཏན་ལ་ཕབ། འཇང་གི་ཡུལ་དུ་ཆུ་མོ་གཏན་ལ་ཕབ། དེ་ནས་མོ་ཡི་དམུ་གབ་གསལ་བ་ནི། མཁར་སྒོང་ཐོགས་ཏེ། ༈ དཀོན་མཆོག་གསུམ་གྱི་བདེན་པས་རྣོ་བ་མོའི་མི་མཐོང་བ་དེ་ཕྱིས། ལྷའི་རྣ་བ་མི་གཏོར་བ་དེ་ཕྱིས། འདྲེ་ཡི་ཐོག་གུ་མི་འཛུགས་པ་དེ་ཕྱིས། མོའི་དབུ་གབ་དེ་ཕྱིས། སྨུག་པ་དེ་ཕྱིས། འཐིབ་པ་དེ་ཕྱིས། ལ་ཁ་བར་ཆོད་པ་དེ་ཕྱིས། ལུང་བ་མོས་ཆོད་པ་དེ་ཕྱིས། རྒྱལ་ཁ་


CMR042_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བློན་གྱིས་ཆོད་པ་དེ་ཕྱིས། བློན་ཁ་བྲན་གྱིས་ཆོད་པ་དེ་ཕྱིས། ཕོ་ཤི་གྲི་བོས་ཆོད་པ་དེ་ཕྱིས། མོ་ཤི་གྲི་མོས་ཆོད་པ་དེ་ཕྱིས། ཟླ་བ་ཉའི་ཆོད་པ་དེ་ཕྱིསས། སྐརྨ་རྟའི་ཆོད་པ་དེ་ཕྱིས། ཉ་ཁ་འདམ་གྱིས་ཆོད་པ་དེ་ཕྱིས། ཁྱི་ཁ་རུས་ཀྱིས་ཆོད་པ་དེ་ཕྱིས། རྟ་ཁ་སྲབ་ཀྱིས་ཆོད་བ་དེ་ཕྱིས། ཕོ་ཁ་མོའི་ཆོད་པ་དེ་ཕྱིས། བཟང་ཁ་ངན་གྱིས་ཆོད་པ་དེ་ཕྱིས། མགྱོགས་ལམ་བུལ་གྱིས་ཆོད་པ་དེ་ཕྱིས། རྣོ་ལམ་རྡུལ་གྱིས་ཆོད་པ་དེ་ཕྱིས། གོར་ཡུལ་ནས་ཕྱིས། གོར་ཆེན་ཕ་བང་གིས་ཆོད་པ་དེ་ཕྱིས། ཤིང་ཡུལ་ནས་ཕྱིས། ཤིང་ཆེན་སྡོང་པོས་ཆོད་པ་དེ་ཕྱིས། རྩྭ་ཡུལ་ནས་ཕྱིས། རྩྭ་ཆེན་འཇག་མས་ཆོད་པ་དེ་ཕྱིས། མཁན་ཡུལ་ནས་ཕྱིས། ས་ཡིས་ཕྱིས། ས་དུག་མུ་ཟིའི་ཆོད་པ་དེ་ཕྱིས། ཆུ་ཡིས་ཕྱིས། ཆུ་ཆེན་རེ་འབྱམས་ཀྱིས་ཆོད་པ་དེ་ཕྱིས། ཤུགས་སུ་བྱུང་བ་ནགས་སུ་གསལ། ཞབས་སུ་གཞོམས། མོ་ལ་རྐུ་བ། ཕྱུ་ལ་སྒྲིབ་པ། མོ་འདི་འདེབས་པ་ལ་མི་འབབ་པ། གཟའ་དང་སྐརྨ་དུས་ཚོད་ཚེས་གྲངས་ལ་མི་འབབ་པ། ལྷ་ཕྲུ་ཁྱིམ་ཕྱུ་ལ་འབབ་མི་རུང་བ་ཐམས་ཅད་དུང་གི་འབུ་བཞིན་ཕྱིས། ལྕགས་ཀྱི་བཙའ་བཞིན་


CMR042_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས། མོ་ལ་རྐུ་བ། ཕྱུ་ལ་སྒྲིབ་པ་ཐམས་ཅད་སྡིག་པ་མོ་རྐུན་མའི་སྟེང་དུ་ཕྱིར་བསྒྱུར་རོ། །ཨུཙྪ་ཏ་ཡ་ཕཊ༔ ཅེས་འཁར་སྒོང་ནུབ་ཏུ་དོར། ༈ དེ་ནས་མོ་བདར་ནི། རྣོ་བའི་ལྷ་བདར། ལྷ་མོ་གསལ་མོ་ལ་བདར། ཏིང་ངེ་འཛིན་ཀྱང་མོ་ལ་བདར། རིག་འཛིན་ཐུགས་ཀྱང་མོ་ལ་བདར། དྲང་སྲོང་ཡི་མོ་ལ་བདར། དཀོན་མཆོག་གསུམ་གྱི་མོ་ལ་བདར། ཡི་དམ་ལྷ་ཚོགས་རྣམས་ཀྱི་མོ་ལ་བདར། འཇམ་དཔལ་དབྱངས་ཀྱི་མོ་ལ་བདར། སྤྱན་རས་གཟིགས་ཀྱི་མོ་ལ་བདར། ཕྱག་ན་རྡོ་རྗེ་མོ་ལ་བདར། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་མོ་ལ་བདར། ནོར་ལྷ་གཏེར་བདག་མོ་ལ་བདར། མཁའ་འགྲོ་སྡེ་ལྔ་མོ་ལ་བདར། བན་བོན་སྲུང་མ་མོ་ལ་བདར། བཀའ་སྲུང་དམ་ཅན་རྒྱ་མཚོ་མོ་ལ་བདར། ཚངས་པ་བརྒྱ་བྱིན་མོ་ལ་བདར། རྒྱལ་ཆེན་སྡེ་བཞི། ཕྱོགས་སྐྱོང་ཞིང་སྐྱོང་། བརྟན་མ་བཅུ་གཉིས། ཐམས་ཅད་མཁྱེན་པ་ལྷ་ཆེན་བརྒྱད་ཀླུ་ཆེན་བརྒྱད་ལྷ་གཟའ་ཆེན་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། གཉེན་ཆེན་བརྒྱད། གངས་དཀར་ཏི་སེ། ཐང་ལྷ་ཡར་བཞུད། ཡར་ལྷ་ཤམ་པོ། རྨ་ཆེན་སྤོམ་ར། ཇོ་བོ་གཟེ་རྒྱལ། སྒྱོགས་ཆེན་གདོང་


CMR042_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ར། མགུར་ལྷ་བཅུ་གསུམ། དགྲ་བླ་དར་མ་མཆེད་བཞི། མགྲོན་ཡག་དར་མ་བཅུ་གསུམ། དགྲ་བླ་བྱ་ཁྱུང་། གཡའ་སྤང་སྐྱེས་གཅིག །གཡུ་འབྲུག་སི་ལེ། གནམ་སྨན་དཀར་མོ་མོ་ལ་བདར། མོ་ཕོབ་མོ་མདུད་པྲ་མོ་སྟོན། ནམ་མཁའ་ལྷའི་དྲང་མཁན། བར་སྣང་གཉན་གྱི་དྲང་མཁན། ས་གཞི་ཀླུའི་དྲང་མཁན། ཡོད་མེད་ཤེས་པ། བདེན་རྫུན་ཤེས་པ། དཀར་ནག་ཤེས་པ། ཕམ་རྒྱལ་ཤེས་པ། ཡོ་དྲང་ཤེས་པ། ཤེས་བཞི་མཐོང་བརྒྱད། མ་སང་གི་རྡེལ་མོའི་ལྷ་ཚོགས་རྣམས་ཀྱིས་མོ་ཕོབ། མོ་བདར་མོ་མདུད། མོ་བཀྲའི་ལྷ་འཁོར་སུམ་བརྒྱ་དྲུག་ཅུ་ཁྱེད་རྣམས་ལ་ཕྱག་ཏུ་རྣོ་བའི་ཡོན་འབུལ་བས་མོའི་རྣོ་སོ་མཛོད་ཅིག །གསལ་པོར་ཕོབ། མགོ་མ་གཡོག །ཁ་མ་རྫུན། ལྕེ་མ་དིག །བཟང་ངན་མ་བསྲེ། དིག་མ་བསྐོར། ཤི་གསོན་གཉིས་སྟང་ཆོད། བདེན་རྫུན་གཉིས་རྟགས་ཐོན། དཀར་ནག་གཉིས་ཤན་ཕྱེས། ཡོད་མེད་གཉིས་རྩིས་ཐོབ། ཕྱི་ནས་དགྲ་ལངས་སམ་མ་ལང་། གྱོད་བྱུངས་སམ་མ་བྱུང་། དུར་ས་བྱེའམ་མ་བྱེད། ཁྱིམ་ཕྱུ་སྟོངས་སམ་མི་སྟོང་། གྲོགས་ཕྱུ་རྟགས་སམ་མི་རྟག །མོ་ཁོག་སྟོངས་སམ་མི་སྟོང་། བུ་ཚིའི་བསེ་ར་


CMR042_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྟོངས་སམ་མི་སྟོང་། དགྲ་ཕྱུ་ལངས་སམ་མི་ལང་། རྩེ་གསུམ་ཞིགས་སམ་མ་ཞིག །རྩེ་བཞིའི་མདུན་ཞུ་གྱོན་ནམ་མ་གྱོན། གླིང་བཞི་བྱ་བླུག་བྱས་མ་བྱས། མོ་ཡི་འཛེར་བཞི་བུད་དམ་མ་བུད། རུ་སོད་བྱ་བྲལ་བབས་སམ་མ་བབ། བྱ་བྲལ་མཐུར་སྐྱ་བབས་སམ་མ་བབ། ཉིན་སྲིབ་ཤིང་སྡོང་འགུལ་ལམ་མ་འགུལ། ལྷ་ཕྲུ་ཉམས་སམ་མ་ཉམ། མ་སང་གི་རྡེལ་མོ་མ་འཆུག །སྲིད་པའི་སྨྱོ་ཆུ་མ་འཐུང་། ཤེལ་གྱི་ལོར་རྡེལ་བཞི་བཅུ་ཞེ་གཉིས་འདི་བརྩིས་ནས་ཚང་། བཏབ་ན་ཐིག་མོ་དྲང་པོར་ཕོབ་ཅིག་།ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱ་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། དེ་ནས་རྣོ་མཐོང་རྣམས་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ཕྲེང་བ་བཅད་དོ། ༈ སྤྱིར་མོ་ལ་གཅེས་པ་བཅུ་གསུམ་ཡོད། ཁྱིམ་ཕྱུ་ལ་ཁྱིམ་ཕྱུ་གཅེས། ཇག་ཕྱུ་ལ་ཇག་ཕྱུ་གཅེས། མོ་རྒྱུད་ལ་གཡའ་སྤང་གཅེས། ལེ་གུ་ལ་སྲུང་མདའ་གཅེས། སྨན་ཕྱུ་ལ་སྨན་ཕོར་ལྔ་གཅེས། སྲིད་ཕྱུ་ལ་ཆུ་མིག་གཅེས། མགྲོན་པོ་ལ་གྲོགས་ཁྱུ་གཅེས། དགྲ་ཕྱུ་ལ་རྫིའུ་གཅེས། རྗེ་རྒྱལ་གཅིག་གི་མོ་འདེབས་ན། ཕུ་རི་གསུམ་གྱི་གངས་དཀར་མ་ཞུ་དགོས། གཙོ་


CMR042_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གཅིག་གི་མོ་འདེབས་ན། གཙོ་བོའི་གྲོས་ར་མ་ཞིག་དགོས། བླ་མ་གཅིག་གི་མོ་འདེབས་ན། ཉི་མ་ཟླ་བ་སྐརྨ་གསུམ། དུས་གཅིག་མུན་པས་མ་བསྒྲིབས་དགོས། ཆོས་པ་གཅིག་གི་མོ་འདེབས་ན། ཆ་ལ་ཐོག་གི་མ་བཤིག་དགོས། བན་དེ་གཅིག་གི་མོ་འདེབས་ན། རྡོར་དྲིལ་སྐེད་ནས་མ་ཆག་དགོས། སྔགས་པ་གཅིག་གི་མོ་འདེབས་ན། རྔ་གཤང་ལག་ནས་མ་ཤོར་དགོས། སྐྱིད་མོ་གཅིག་གི་མོ་འདེབས་ན། སྐྱིད་ཀྱི་ཉི་མ་མ་ལ་དགོས། སྡུག་པོ་གཅིག་གི་མོ་འདེབས་ན། སྡུག་གི་མཆི་མ་མ་སྐམ་དགོས། ཕྱུག་པོ་གཅིག་གི་མོ་ཊྛའདེབས་ན། ཟངས་དཀར་འོ་མ་མ་བོ་དགོས། དབུལ་པོ་གཅིག་གི་མོ་འདེབས་ན། ར་ཡི་རྫིང་བུ་མ་སྐམ་དགོས། འཕན་པོ་གཅིག་གི་མོ་འདེབས་ན། ཤ་བའི་ཤ་རུ་རྒྱས་འདྲ་དགོས། ནད་པ་གཅིག་གི་མོ་འདེབས་ན། ནད་པའི་སྔས་སྟན་མ་ཞིག་དགོས། ལྷ་རྗེ་གཅིག་གི་མོ་འདེབས་ན། སྨན་ཕོར་དུག་གིས་མ་གང་དགོས། མོ་མ་གཅིག་གི་མོ་ལ་ནི། །མོ་ལ་གབ་སྨུག་མ་བྱུང་དགོས། མགར་བ་གཅིག་གི་མོ་ལ་ནི། རི་ཚ་ཁབ་ཏུ་མ་འཐོར་དགོས། བཟོ་བོ་གཅིག་གི་མོ་ལ་ནི། མཐིབ་ལྕིབ་ཁུང་བུ་མ་བུག་དགོས། ཇག་པ་གཅིག་གི་


CMR042_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལ་ནི། ཇག་པའི་སྐུང་ཆེན་མ་འགྲོགས་དགོས། དམག་ཁྲ་བོ་གཅིག་གི་མོ་ལ་ནི། མདུང་དར་སྐེད་ནས་མ་ཆག་དགོས། སྟག་ཤར་གཅིག་གི་མོ་ལ་ནི། སྟག་སྟག་དར་མ་མདས་མ་བསད་དགོས། རྐུན་མ་གཅིག་གི་མོ་འདེབས་ན། ཝ་གྲྭ་ཡག་བདས་ལ་མ་ཟིན་དགོས། སྨན་བུ་མོ་གཅིག་གི་མོ་འདེབས་ན། ཉ་མོ་སྐམ་ལ་མ་བུད་དགོས། །མ་སྲུ་གཅིག་གི་མོ་འདེབས་ན། མཚོ་ལ་ཕྲི་འཐག་མ་བྱུང་དགོས། བྱིས་པ་གཅིག་གི་མོ་འདེབས་ན། མེ་ཏོག་སད་ཀྱིས་མ་ཟོས་དགོས། སྐྱེས་ཀྱི་ཕོ་ཕྱུ་ལ། གསེར་གྱི་ཀ་བ་མ་ཆག་དགོས། གཞི་ཕྱུ་ལ། གཡུའི་གདུང་མ་མ་ཆག་དགོས། སྲོག་ཕྲུ་ལ། སྲོག་གི་ལྷ་མདའ་མ་ཆག་དགོས། ནོར་ཕྱུ་ལ་གཡང་ར་མ་ཞིག་དགོས། ཞིང་ཕྱུ་ལ། སྨད་ཀྱི་ཡུལ་གསུམ་ཆུས་མ་ཁྱེར་དགོས། བློ་ཕྱུ་ལ། བློ་ཡི་རྫིའི་མ་ཉེས་དགོས། གྲོགས་ཕྱུ་ལ། གྲོགས་ཀྱི་ཕུང་པོ་མ་ཞིག་དགོས། སྲིད་པའི་མོ་ཁོག་དགུའི་དཔྱད་ལ། ༼༡༽ཐམས་ཅད་ཁ་ལྔ་གསལ་ཡིན། ༼༢༽ ཐམས་ཅད་ཁ་སྦས་ཐབ་འདྲེའི་ངོ་ཡིན། ༼༣༽ ཐམས་ཅད་གྲོགས་ངོ་ཡིན། ༼༤༽ ཐམས་ཅད་ཕྱི་དང་གླིང་པ་ཡིན། ༈ ལིང་རྩེའི་དགུའི་རྐྱང་བཤད་སོ་


CMR042_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་རེའུ་མིག་ནི། ལྷ་ཕྲུ་དང་པོ་རུ་སྦལ་ལག་གཡས། ལོ་འབྲུག །ཁམ་ས། ཤར་ལྷོ། སྤར་ཁ་ཟོན། སྨེ་བ་བཞི་ལྗང་། ཕོ་བ་དང་པོ། དགྲ་བླ་བྱ་ཁྱུང་གི་ས། བླ་མ་རྡོ་རྗེ་སློབ་དཔོན་དང་། མི་དཔོན་གྱི་ས། ལེ་གུ་དང་སྲུང་མའི་ས། རྒས་མགོ་སེའི་ས། མོའི་མིག་དང་རྩེ་འཛིན་ཡིན། ༡༽ བབ་ན་དགྲ་བླ་དར་མ་རྩེར་ཐོན། ཝེར་མ་སོ་ལ་ཆས། ལྷ་བཟང་པོས་མགོན་སྐྱབ་བྱེད། དགྲ་བླའི་དཔའ་ཁར་ཚུགས། སྲིད་པའི་དམུ་ཐག་བརྐྱངས། ཚེའི་སྲུང་མདའ་ཚུགས། བན་བོན་ཡིན་ན་ལྷ་སྲུང་འཁོར། སྐྱེ་བོ་ཡིན་ན་དགྲ་བླ་འཁོར། ལྷ་གསོལ་བྱས་ན་བཟང་། ཅི་ལའང་བཟང་ངོ་། ༼༢༽ བབ་ན་ལྷ་མ་དགའ། སྲུང་མདའ་ཆག །ལྷ་བཙོང་ཕོད་ཀྱིས་བཙོང་། འདྲེ་ཉོ་ཕོད་ཀྱིས་ཉོས། ལྷའི་བཀའ་ཆད་འོང་། མི་ཆེན་དང་བླ་ཆེན་ཡིན་ན་མདུན་ཕོག་ངོ་ཡིན། ལ་ཁ་ཆེན་པོ་ནས་སྐྲག་སྔངས་འོང་ངོ་། །ཤ་ཆང་ཁ་ཆར་སེར་བའི་ངོ་། བཙོག་མནོལ་གྱི་ངོ་། ཁྱད་པར་འབྲུག་ལོ་པ་ལ་ངན། ཐེའུ་རང་དང་འདྲེ་གདོན། གནམ་སྒོ་བཅད། བསང་དང་གསས་མཁར་བསྟོད། ཚེ་སྒྲུབ་བྱ། བསྐང་བཤགས་བྱ། རྣམ་འཇོམས་འདོན། སྲུང་


CMR042_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་བཙུགས། འབུམ་འདོན། བཟློག་པ་བྱའོ།། ༼༣༽ བབ་ན་ལྷ་བཟང་པོས་སྡོང་གྲོགས་བྱེད། གྲོགས་ཕུགས་སུ་ཚུད། བྱ་ཁྱུང་གྲེ་བ་ཤའི་གང་། གྲོགས་ངོ་ཡིན། སེམས་ཅན་སྤྱི་མཚན་ཅན་ཕྱིན་པའི་ངོ་། ལྷ་དགའ་ཞིང་འདྲེ་ནོན། ཅི་ལ་བཏབ་ཀྱང་བཟང་ངོ་།། ༼༤༽ བབ་ན་ལྷའི་གཞི་ཚུགས་པས་བཟང་། ཕ་མཚུན་བཟང་པོ་གྲ་མ་ཉམས་པའི་ངོ་ཡིན། གཡང་གི་ལྷ་ཕྱུ་མ་ཞིག་ནད་པ་ཡིན་ན་ནད་གཞི་ཆེ་སྟེ་མི་འཆི། དེ་ཡན་ཀུན་ལ་ཡང་ཕྱི་དལ་ཆེ་སྟེ་བཟང་ངོ་།། ༈ ལྷ་ཕྱུ་བར་མ་འདི་རུ་སྦལ་གྱི་གཞོགས་གཡས་ཤར་སྟག་ཡོས་ལོ་པའི་ས་མལ། སྤར་ཁ་ཟིན། སྨེ་བ་གསུམ་མཐིང་། ཕོ་བ་འབྲིང་བ། སྐྱེས་དར་མའི་ཕྱུ། བཟའ་དཔོན་བློ་འཛིན་གྱི་ཕྱུ། རྟ་ཕོའི་ཕྱུ། མཛོ་གཡག་གི་ཕྱུ། ༼༡༽ བབ་ན་ངོ་སོ་མཐོ། སྙིང་དགའ། སྲོག་ཕྱུ་ལ་བར་ཆད་མེད། ན་ཚ་མི་ཡོང་། ཅི་ལ་ཡང་བཟང་། ༼༢༽ བབ་ན་ཕོ་གྲས་གཡས་ཀྱི་ས་ལ་ངན། བཙོག་གྲིབ་ངོ་། ཁྲག་ངོ་། བཟའ་དཔོན་ལ་ངན། ཁྱད་པར་སྟག་ཡོས་ལོར་ངན། ནད་པར་ངན། དོན་མི་འགྲུབ། སྐྱེས་དར་མ་གྱོད་ཀྱིས་ཟིན། ཕ་སྤུན་ལ་གྱོད་བྱུང་ན་དེས་


CMR042_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལན། ནོར་ལ་བོར་གཏོར་ཡོངས། ནད་པ་ལ་རྒྱལ་པོ་དང་གྲི་བོ་གདོན། མོ་ཉེའི་ཕྱོགས་ནས་འདྲེ་གདོན། གཡང་སྐྱབས་བྱ། འབུམ་འདོན། དགྲ་བྲུབ་དང་གཤིན་རྗེའི་ཚོང་བཟློག་བྱ། ༼༣༽ བབ་ན་སྐྱེས་པ་ངོ་སོ་མཐོ། གར་སོང་གྲོགས་དང་འཕྲད། ཁ་གང་གིས་ཟས་ཟ། མིག་གང་གིས་ལྟད་མོ་ལྟ། ནོར་ལ་དབང་། ད་ལྟ་མེད་ཀྱང་ད་ལྟ་རྙེད། སེམས་ཅན་སྤྱི་མཚན་ཅན་ལག་ཏུ་རྩེབ། རྟ་ལ་བཟང་། ༼༤༽ བབ་ན་ཡུལ་ཟིན་མཁར་ལ་འཕོ་འགྱུར་མེད། སྲོག་ཕྲུ་ལ་བཟང་། ཕར་འགྲོ་ལ་ཕྱི་དལ་ཆེ། ཨེ་འོང་ན་མི་འོང་། །ནད་པ་ཡིན་ན་མི་འཆིའོ།། ༈ ལྷ་ཕྲུ་ཐ་མ་རུས་སྦལ་རྐང་པ་གཡས་པ་བྱང་ཤར་གླང་། སྤར་ཁ་གིན་ཁཾ་ས། སྨེ་བ་བརྒྱད་དཀར། བྱེས་ཀྱི་བྲང་ར་ཡིན། ཟས་ནོར་གྲོགས་ཕྱུ། །ཆུང་གསུམ་གྱི་རྩེ་ར་ཡིན་ནོ།། ༼༡༽ བབ་ན་རྟ་ཕོ་དཀར་མཚན་ཅན་གྱི་ངོ་ཡིན། བུ་ཚ་ངོ་གསར་གྱི་ངོ་། རྒོད་མ་གཅིག་གིས་མི་བརྒྱ་འཚིང་། ཚོང་བྱས་ན་བཟང་། ཆུ་འགྲམ་དུ་ཟླ་བོ་དང་འཕྲད། ནད་པ་འདྲེ་གདོན། བྱང་ཤར་ནས་བུད་མེད་སྨེ་བ་ཅན་གྱི་ལག་ན་ར་ཕག་ཤའི་གདོན། ས་བདག་གནོད། བོར་བ་རྙེད། ཨེ་འོང་ན་འོང་། ཅི་ལ་ཡང་


CMR042_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། ༼༢༽ བབ་ན་ཆུང་སྲིའི་ཁ་ཟུག །བུ་ཚའི་རྩེ་ར་སྟོང་། བྱེས་སུ་སོང་ན་བྲང་རྐུན་སྡང་། རྟ་བོང་བརྟོད་ཕུར་བུད། རྐུན་ངོ་། དགྲ་བྲུབ་དང་རྐུན་ཆིང་བྱ། བུ་ཚ་གསོ་དཀའ། ཚེ་སྒྲུབ་བྱ། ཚེ་གཟུངས་བྱ། ལམ་འཕྲང་བཅོས། གླང་ལོ་པ་ལ་ངན། གཟུངས་འདུས་གྲྭ་ལྔ་གསེར་འོད་འདོན། གསས་མཁར་བསྟོད། །བྱིས་ཆུང་འཕུར་མདོས་བཅའ། ཆུང་སྲི་མནན་ནོ།། ༼༣༽ བབ་ན་གཡང་གི་ར་བ་ནང་དུ་ལྷའི་དམུ་ཐག་ཚུགས་པས་བཟང་། འཕྲལ་དུ་གྲོགས་ཡོང་། །བྱིས་ཚང་ནང་དུ་སྒོང་གསུམ་ཡོང་། རྒྱ་མཚོའི་ནང་དུ་གསེར་ཉ་འཁྱིལ། བུ་གསུམ་སྐྱེས་པས་ཡུལ་གསུམ་བཟུང་། བོར་བ་རྙེད། བློ་ཕུ་སྲོག་ཕུ་ཅི་ལ་བཏབ་ཀྱང་བཟང་ངོ་།། ༼༤༽ བབ་ན་ཡུལ་མཁར་ལ་འཕོ་འཆུགས་མེད། བུ་རྒྱུད་དཀོན། ཕ་སྤུན་ནང་འཐབ་ངོ་། །གྲོགས་ཁྱུ་ལ་བཟང་། ཨེ་འོང་ན་ཕྱི་དལ་ཆེའོ།། ༈ ཁྱིམ་པ་དང་པོ་འདི་རུས་སྦལ་གྱི་མགོ་བོ། ལོ་རྟ་སྦྲུལ་མེ། སྤར་ཁ་ལི་སྨེ་བ་དགུ་དམར། གནམ་སྨན་དཀར་མོའི་ཕྱུ། གནམ་སྒོ་ཆེ་བ། མ་ཕྱི་རྒན་རིམ་གྱི་ཕྱུ། གཉེན་དཀར་ནག་གི་ས་འཚམ་ནོར་ཕྱུ་དང་པོ། ནད་པའི་སྔས་


CMR042_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མགོ། མོ་ཡི་སྲོག་གོ ། ༼༡༽ བབ་ན་གནམ་སྨན་དཀར་མོས་མགོན། གནམ་སྒོ་གསེར་གྱི་བྱི་བས་སྲུངས། མ་སྲུ་རྒན་རིམ་ལ་བཟང་། རྟ་ནོར་གྱི་རྒྱུད་འཕེལ། གནམ་སྒོ་དམ། མོ་བཙུན་དར་མའི་མོ་ལ་བཟང་། ནད་པ་ཡིན་ན་སྨན་འཕྲོད་པས་བཟང་། ༼༢༽ བབ་ན་མ་སྲུ་དང་། རྟ་སྦྲུལ་ལོར་ངན་དུར་ངོ་། །བུ་སྲིང་གྱོད་ངོ་། ཁ་ཆར་འབབ། སྨན་ཕོར་གཏོང་། བརྩེགས་བསྣོལ་ངོ་་། གདོན་ཕྱྭ་འགག་འདྲེ་གདོན་ཞི་བརྔན་བསང་གསུམ་བྱ། གནམ་སྒོ་བཅད། ཕྲག་ལྷ་བསྟོད། རྣམ་འཇོམས་ཁྲི་ཚར་འདོན། ཁྱིམ་བདག་མོ་ན་ངོ་ཡོད། ཡང་ན་བྱེ་བྲལ་དང་། ཁང་ཁྱིམ་ལ་མེ་ཤོར་དོགས་ཡོད། མོ་འདྲེ་དང་གྲི་བོ་བཀར་རོ།། ༼༣༽ བབ་ན་ལྷ་ཡིས་སྡོང་གྲོགས་བྱེད། སྨན་འཕྲོད་སྲིད་འཕེལ། བུ་སྲིང་ཕྱོགས་ཀྱི་གྲོགས་ངོ་། ཅི་ལ་བཏབ་ཀྱང་བཟང་། ༼༤༽ བབ་ན་སྨན་གྱི་མཁར་ཡིན། ནད་པ་ཡིན་ན་གཞི་ཆེ། གཞི་གླེང་། གྲོགས་མེད། ཕྱི་དར་གྱི་ངོ། ཁ་ཆར་འབབ་དཀའ་འོ།། ༈ ཁྱིམ་པ་འབྲིང་པོ་འདི་རུ་སྦལ་ལྟོ་བ་སྟེ། གཡུ་འབྲུག་སི་ལིའི་ས་མལ་བུད་མེད་དར་མའི་ཕྱུ། ཞོ་ཆང་དང་། མ་འགྲིའི་ཕྱུ། སྲིད་ཀྱི་ཆུ་


CMR042_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མིག །ནད་པའི་ཉལ་ས། མོའི་སྙིང་ཡིན་ནོ། ༼༡༽ བབ་ན་གང་ལའང་། ཁྱིམ་བདག་མོ་ལ་བུ་ཚ་འཁོར། ཟས་ནོར་འཕེལ། དགྲ་གྱོད་མེད། ཐག་རིང་མགྲོན་། པོ་འོང་། ནོར་ཕྱུ། ཁྱིམ་ཕྱུ་ཅི་ལའང་བཟང་ངོ་། ༼༢༽ བབ་ན་མོ་བཙུན་དར་མ་བདུད་ཀྱིས་ཁྱེར། ཁྱིམ་བདག་མོ་ལ་ནད་ཀྱིས་ཐེབ། བང་མཛོད་སྟོང་གྱོད་ངོ་། བྱེ་བྲལ་ལམ་རྐུན་ངོ་། མྱ་ངན་གཏམ་ངན། སྲིད་ཀྱི་ཆུ་མིག་སྐམ། ཁྱིམ་བདག་མོའི་སྙིང་བྱུང་། ཁ་མཆུ་གྱོད་ངོ་། ནད་པའི་ཉལ་ས་སྟོང་། རབས་ཆད་དང་། དམེ་ཕོ་དང་རྒྱལ་པོ་གནོད་པའི་ས་ནས་ཚེའུ་ཕྲན་ཤའི་གདོན། རྒྱལ་མདོས། ཚ་ཚ་ཆུ་གཏོར། ཉི་ཁྲི། རྣམ་འཇོམས། སྡོང་རྒྱན། གྲོང་པ་དགུའི་ས་ནས་ཕག་སྤུ་ར་སྤྱི་བསྲེས་ལ་ངར་མི་བྱ། གོས་དམར་པོ་བཀོན་ལ་དུར་དུ་བསྲེགས། གཟུངས་འདུས་འདོན། ཐབ་བསང་དང་། གཡང་སྐྱབས་བྱ། ཁྱིམ་མཚེས་ཀྱི་འདྲེའི་གདོན། མགྲོན་པོ་སྤྱད་ནག་ལ་འཛེམ། རྒྱ་ནག་ལྷ་སྐག་ཟློག །མྱ་ངན་དགུ་ཟློག །མཁའ་འགྲོའི་སུན་ཟློག །འབུམ་དང་བསྐང་གསོལ། ཁྱི་ཐོད་ར་ཐོད་དུ་གླུད་བླུགས་ལ་རྒྱ་གྲམ་དུ་བོར། ཀླུ་བཅོས་བྱ། ཅི་ལའང་ངན་ནོ།


CMR042_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༽ བབ་ན་གསེར་གྱི་ས་གཞི་ལ་གཡུ་ཡི་ཆུ་མིག་གདོལ། ཁྱིམ་བདག་མོ་ལ་སྲི་འཁོར། གཡང་གི་མཚོ་མོ་འཁྱིལ། གྲོགས་ངོ་ཆེ། བང་མཛོད་རྣམས་གང་། སྲིད་ཕྱུ་བུ་གསུམ། བཞོན་གྱི་སྒབ་འཕེལ་ཅི་ལའང་བཟང་། ༼༤༽ བབ་ན་མི་རྒས་དང་སྐྱིད། ཉི་མ་དགོང་མོ་དྲོ། ཁྱིམ་བདག་མོའི་རིང་ལ་འཕོ་འཆུག་མེད། གཞི་གླེང་། ནད་པ་ནད་གཞི་ཆེ། ཞོ་ཆང་མེད་ན་ཡུལ་འདྲེ་གདོན། ཕྱི་དལ་ཆེ་སྟེ་གང་ལ་བཏབ་ཀྱང་བཟང་བའོ།། ༈ ཁྱིམ་ཕྱུ་ཆུང་བ་རུ་སྦལ་གྱི་མཇུག་མ་བྱང་ཆུ་ཁམས། ལོ་བྱི་ཕག །སྨེ་བ་གཅིག་དཀར། སྤར་ཁ་ཁམ། གཡང་གི་ར་བ། ནད་པའི་སྟན་མང་། གཞོན་མ་རྐང་ཕྲན་ས། བྲན་དང་། ཁྱི་ཕག་ཞིང་དང་། ཁྱིམ་ཕྱུ་ཐ་མ་ནོར་གྱིས་བང་མཛོད་གང་། སྒོ་ཐེམ་ནང་མ་ས་སྒོ་ཡིན། ༼༡༽ བབ་ན་ས་སྒོ་ཆོད་པས་བཟང་། ར་བ་འཕེལ། སྒོ་ཐེམ་དམ། ནོར་ཕྱུ་བཟང་། སྲིད་ཕྱུ་ཡང་བཟང་། ཕར་འགྲོ་ཚུར་འོང་གཉིས་ཀ་ཤུལ་རྡོ་ཡིན། ༼༢༽ བབ་ན་ཕག་བྱི་ལོ་པར་ངན། ས་སྒོ་བྱེ། སྟན་མང་ཞིག་སྙིང་སྟོང་ངོ་། །བུ་མོ་ལ་ངན། ཁ་སྨྲས་ངོ་། རྨིག་པ་ཁ་བྲག་ཅན་ལ་རྩོ་ངོ་ཡོད། དགྲ་འདྲེ་ལང་།


CMR042_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཕྱུ། མོ་འདྲེ་ཟ་འདྲེ་གདོན། གཡང་སྐྱབས་བྱ་ཞིང་གཡང་སྒོམ་བསྡམས། ས་སྒོ་བཅད། ས་བདག་འཁྲུགས་བཅོས་འབད། ༼༣༽ བབ་ན་ནོར་འཕེལ། ར་ལུག་རྐང་ཕྲན་ཀུན་ལ་བཟང་། བུ་མོ་དང་ཆུང་གསུམ་ལ་བཟང་། གྲོགས་ངོ་བཟང་ངོ་།། ༼༤༽ བོབ་ན་སྒོ་བཞི་གྱད་ཀྱིས་སྲུང་བ་ཡིན། སྒོ་ཐེམ་གླིང་། ནོར་ཕྲུ་ལ་བཟང་། ཨེ་འོང་ན་མི་འོང་། ཤུལ་རྡོ་ཡིན། ཁྱད་པར་ནད་པའི་མོ་ལ་བཟང་། ༈ ཕྱི་ཕྱུ་དང་པོ་སྲིན་པོ་ཞ་རེང་ཁྲག་མིག་གི་ཕྱུ། རུ་སྦལ་ལག་པ་གཡོན། ལྷོ་ནུབ་ལུག་གི་ཕྱུ། སྤར་ཁ་ཁེན། སྨེ་བ་གཉིས་ནག་ལ་ཁ་མཐོན་པོའི་ཕྱུ། དགྲ་ཕྱུ་ཆེ་བའོ།། ༼༡༽ བབ་ན་འདྲེ་ལན་གསེར་ཉ་བྱ་བ་དེས། ཁྱོད་ཀྱི་བ་དན་ཕྱར་བས་ངན། དགྲ་ངོ་སྐྲག་བསྔང་ངོ་། །ལུག་ལོ་པ་ལ་ངན། བཙན་དང་རྒྱལ་པོས་གནོད། གྲི་བོའི་ཕྱོགས་ནས་ཟས་ཀྱི་ངོ་། བན་བོན་གྱི་བྱད་ཁ། མི་ཆེན་གྱི་ཟས་ནོར་གྱིས་གདོན། ར་སྐྱེས་རྩེན། ཕྲུ་འཐབ་མོའི་ངོ་། ཤ་རུ་བཀྱག །ཐེའུ་རང་བཀར། རྒྱལ་མདོས་བྱ། དགྲ་བྲུབ་དང་། ཚེ་གཟུངས་འདོན། རྐུན་ངོ་ཡིན། བོར་སྟོར་ཚོལ་ན་སའི་སྟོད་ནས་རྙེད། ༼༢༽


CMR042_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བབ་ན་དགྲ་གདོན་མགོ་དེ་གྱོད་ཀྱིས་ནོན། དགྲ་ཡི་བློ་འཛིན་ཤི་ངོ་། ལུག་ལོ་པ་ལ་ངན། དེ་ལ་རབས་ཆད་ཀྱི་རྫས་ནག་པོ་གདོན། ༼༣༽ བབ་ན་ཁ་ཆར་ངོ་། ལ་ཁའི་ཁལ་པའི་ངོ་། ལྷ་ཕྲུ་བཟང་ན་དམར་ངོ་ངན་ན་གྲོགས་ཕར་སོང་ངོ་ཡིན་དེ་རྐུན་ངོ་ཡིན་ནོ།། ༼༤༽ བབ་ན་དགྲ་ར་རྒན་བཞིན་དུ་བཞི་ཁྱིག་བྱས་པས་དགྲ་མེད། ཨེ་འོང་མི་འོང་དགྲ་གྱོད་ཕྱི་དལ་ཚུད་པ་ཡིན། ༈ ཕྱི་ཕྱུ་འབྲིང་པོ་འདི་དགྲ་ཕྱུ་བར་པ་སྟེ། སྲིན་མོ་ཕག་ཞོན་གྱི་ཕྱུ། རུ་སྦལ་གཞོགས་གཡོན་པ། བྱ་སྤྲེལ་ས་མལ་སྤུར་ཁ་དྭ། སྨེ་བ་བདུན་དམར། །ཞང་པོ་དང་། ཤག་རོགས་ཀྱི་ཕྱུ། དགྲ་དར་མ་དང་རི་བརྩིབ་སྤྱང་ཐང་སྔོན་མོའི་ཕྱུ། རི་ཐང་འཚམ་གྱི་ཕྱུ། ཉི་མ་ནུབ་ཀྱི་ཟམ་སོ་ཡིན། ༼༡༽ བབ་ན་རི་རྩིབ་ཀྱི་སྤྱང་ཐོང་སྔོན་རྒྱུག་ངོ་། རྐང་ཐང་སྐྱ་བོའི་མགྱོགས་ངོ་། རི་སྐེད་ཀྱི་དགྲ་ངོ་། ནད་པ་ལ་ཚ་ཞང་དང་མི་ཆེན་གྱི་ཕྱི་ནས་འདྲེ་གདོན། མོ་མགྲོན་སྐྱས་ནག །རྫས་ནག་གདོན། བྲག་ནག་རྩ་བའི་ཀླུ་གདོན། དེ་ཡི་ཐེའུ་རང་གི་མདོས་དང་། དགྲ་བྲུབ་བྱ། བྱད་ཟློག །འབུམ་འདོན། མགོ་གསུམ་བྱ། བོར་སྟོར་ཡིན་ན་རི་སྐེད་ནས་རྙེད་དོ།། ༼༢༽ བབ་ན་


CMR042_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་དར་མ་དེ་གྱོད་ཀྱིས་ཟིན། བདུད་ཀྱི་བླ་ཤིང་སྟ་རེས་བཅད། དགྲ་ཡི་བླ་ལུག་སྤྱང་ཀིའི་ཁྱེར། དགྲ་ཚེ་ཟད་ཁྲག་ཏུ་སྐྱུགས་ཏེ་ཤི་ངོ་དགྲ་མེད། ཤར་རིགས་དང་མགྲོན་པོ་ལ་ངན། ནད་པ་བྱ་སྤྲེལ་པ་ལ་ངན། ཚ་ཚ་ལོ་གྲངས་སུམ་འགྱུར་བཏབ། རབས་ཆད་རྒྱས་པའི་ས་ནས་སྤྱད་ནད་སྣོད་ནག་གདོན། དོན་ཕྲུ་ལ་མི་འགྲུབ་བོ།། ༼༣༽ བབ་ན་རང་ཕྱུ་བཟང་ན་གྲོགས་ངོ་ཡིན། མིན་ན་གྲོགས་ཕྱི་ཤོར་ངོ་ཡིན། ནོར་ལ་གོད་ངོ་ཡིན། རྟ་ནོར་ཀུན་ལ་ངན། གཡང་སྐྱབས་བྱ། གཡང་སྒོ་བསྡམ། ༼༤༽ བབ་ན་དགྲ་ནམ་བྱུང་གི་ཐག་པས་ཟིན། དགྲ་གྱོད་ཞབས་སུ་ཚུད། མགྲོན་ཕྲུ་ལ་མི་འོང་། སྲོག་ཕྱུ། བློ་ཕྱུ་བཟང་། ལར་ཕྱི་དལ་སོ། ༈ །ཕྱི་ཕྱུ་ཐ་མ་འདི་བྱུར་མི་ལ་སྤྱན་བདུན་གྱི་ཕྱུ། རུ་སྦལ་རྐང་པ་གཡོན། ཁྱི་ལོའི་ཕྱུ། སྤར་ཁ་ཁོན། ཆུང་སྲི་ཁ་དམར་གྱི་ཕྱུ། དགྲ་ཕྲུ་ཆུང་བ་ཉན་པའི་ཁྱི་མོ་སྣ་གསང་། རྐུན་བུ་ཐག་བཟུང་གི་ཕུ། བྲན་གཡོག་དང་། སྤྲང་པོ་མཐུ་ཟད་ཀྱི་ཕྱུ། སྒོ་ཐེམ་ཕྱི་མ་འདིར། ༼༡༽ བབ་ན་རྐུ་ངོ་ཡིན། ལྷ་འདྲེས་ཉོ་ཚོང་བྱས། བཞིན་ལེན་ཡག་པས་སྤྱད། ཁ་སྨྲས་ཀྱི་ངོ་ཡིན།


CMR042_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཕྱྭ་ལ་བུ་སྲིང་དང་ཁྱིམ་མཚེས་ཀྱི་མོ་འདྲེ་གདོན། ཀླུ་དང་བྲག་སྲིན་གདོན། ཡམས་ཟློག །དགྲ་བྲུབ་བྱ། གཟུངས་འདུས་འདོན། བོར་སྟོར་མོ་ལ་ས་ཁ་སྨད་ཁ་གསལ་ངོ་ཡིན། མགྱོགས་པོ་ཡིན། ༼༢༽ བབ་ན་དགྲ་གྱོད་རྡོག་པས་ནོན། ཁྱི་ལོ་པར་ངན། གདོན་ཕྱྭ་མོ་འདྲེའི་གདོན། མུན་རུབ་ནས་ཤར་ནས་འོང་ནས་མགྲོན་པོར་གནོད། །༼༣༽ བབ་ན་སྒོ་ཐེམ་བྱི་བ་ཡིན། མིག་པ་ཁ་བྲག་ཅན་ལ་གོད་ངོ་ཡོད། །གཡུང་ཉམས། གྲོགས་ཕྱིར་ཤོར་དོགས་ཡོད། རང་ཁྱུ་དང་ཁྱིམ་ཕྱུ་བཟང་ན་གྲོགས་ཚུར་འོང་ངོ་ཡིན། རང་ཕྱུ་ངན་ན་ཆུང་སྲིའི་ཚང་བཅས་ཡིན། ༼༤༽ བབ་ན་དགྲ་གདོན་ཕྱི་དལ་ཆེ། གཞི་གླིང་ཚུར་འོང་ན་མི་འོང་། ཕར་འགྲོ་རྣམས་མི་འགྲོ། སྒོ་ཐེམ་ཕྱི་མ་དམ་པ་ཡིན། རྐྱང་བཤད་སོ་དྲུག་རྫོགས་སོ།། ༈ །།དང་པོ་རྡེའུ་དྲུག་བབ་མིང་ནི། །༡།༣།༢། འདི་སྟོད་ཀྱི་རྡེའུ་དྲུག་བར་མ་ཡིན། མི་སྲོག་ལྷའི་ཚེ་ལ་ནོར་དང་ཕྲད། ནད་པ་མི་འཆི། མོ་རབ་ཀྱི་ཡང་རྩེ། མགྲོན་པོ་འོང་སྟེ་ཁེ་འགྱོད་ངོ་། ལྷ་གསོལ་བྱ། རྒན་རྒོན་སྲོག་ཕྲུ་དག་ལ་ངན། གཞི་ཕྱུ་ལ་འཕྲལ་དུ་བཟང་སྟེ། ཕུགས་སུ་མི་རྟགས། དེ་མིན་ཅི་ལ་བཏབ་ཀྱང་


CMR042_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། །༣།༡།༢། རྡེའུ་དྲུག་རབ་ཀྱི་འོག་མ། ཕྱི་གྲོགས་ནང་དུ་ལོན། ལྷ་གྲོགས་ཕུགས་སུ་ཚུད། ལྷ་སྨན་ངོ་མཐོ། ཁ་འགྱོད་ཕྱི་རུ་བུད། དགྲ་ཕྱུ་ལ་དགྲ་མེད། མགྲོན་པོ་ལམ་དུ་ཞུགས་པ་དང་། ཚུར་འོང་ལ་ཁ་སྨྲས་ཡོང་། ལར་བཟང་། །༡།༢།༣། འདི་རྡེའུ་དྲུག་འབྲིང་པོ་བྱ་བ་ཡིན། ས་རྐོས་རྡོ་སློག་གཉན་དང་ཀླུ་མ་དགའ་བས་ཀླུ་མཆོད་བྱ། ལྷ་གསོལ། གཡང་འགུགས་བྱ། གྲོགས་ཕྱིར་ཤོར་ཏེ་ཐ་མ་རང་ལ་འཁོར། །༣།༢༡། འདི་ནི་རྡེའུ་དྲུག་འབྲིང་སྟོད་དེ། དགྲ་ངོ་ཡོད། ཁྱིམ་ཕྱུ་ཁ་འགྱོད་མི་ཁ་དགྲ་བྲུབ་བྱ། མ་སྲུའི་དུར་ས་ཉེས། གྲོགས་ཕྲུ་ལ་གཡང་གླུད་བྱ། བསང་དང་ཁྲུས་དང་ཚ་ཚ་བཏབ། །༢།༡།༣། འདི་རྡེའུ་དྲུག་འབྲིང་སྨད་ཡིན། ལྷ་སྲུང་མནོལ། བསང་མཆོད་བྱ། ཕ་ཁུ་རྒན་རིམ་ནད་ཀྱིས་ཐེབ་དོགས་ཡོད། མི་གཙང་བའི་ངོ་ཡིན། བསང་དང་ཁྲུས་བྱ། གྲོགས་ཕྱིར་ཤོར་བས་གཡང་སྐྱབས་བཅས། དུར་ས་ཉེས་པས་མཚུན་བཅོས་བྱ། ནོར་རྒྱུན་མ་འདོན། །༢།༣།༡། འདི་རྡེའུ་དྲུག་གོ་ལོག་ཡིན། ཕུག་ལྷ་མ་དགའ་བས་གསོལ་མཆོད་དྲག་པོ་བྱ། དགྲ་ལྷའི་དཔའ་བསྟོད། དགྲ་ངོ་ཡོད། དགྲ་བྲུབ་དགྲ་


CMR042_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བྱ། ནད་པ་ཡིན་ན་གཟའ་དང་རྒྱལ་པོ་གདོན། རྒྱལ་མདོས་དང་རྒྱལ་པོའི་གསོལ་ཀ་བྱ། སྐེད་སྨད་གཉིས་གཉིས་བཟང་ན་འབྲིང་། སྐྱེད་སྨད་ངན་མོ་ངན་ཡིན། །༡།༡།༤ རྡེའུ་དྲུག་བྱིས་ཆུང་ནང་བསྟན་ཡིན། མ་ལྷས་དར་ཕྱར་ལྷ་ངོ་དུང་བས་དཀར། དགྲ་མགོ་མཁར་གྱིས་ནོན་པ་ཡིན། མི་ཆེན་བླ་ཆེན་སྐད་ཆ་གསལ་སེའི་ངོ་། ནད་པར་ནད་གཞི་ཆེ་སྟེ་སྐྱོན་མེད་དོ། །ཅི་བཏབ་བཟང་། །༤།༡།༡། རྡེའུ་དྲུག་བྱིས་ཆུང་ཕྱི་བསྟན་ཡིན། དགྲ་བླ་གཞི་ལ་བཞུགས། ཁྱུང་བ་ཆུ་དགྲ་ལ་ཟུགས། ཕྱི་ནས་དགྲ་བྱུང་ཡང་རང་ལ་མི་ཚུགས། མི་ཆེན་ཞིག་དང་ལབ་དགོས་པའི་ངོ་ཡིན། ནད་པ་ཡིན་ན་རྒྱལ་པོ་གདོན། རྒྱལ་མདོས་བྱ། །༡།༤།༡། རྡེའུ་དྲུག་བྱིལ་ཆུང་གཤོག་བརྒྱང་ཡིན། ལུང་པ་གཅིག་ན་ཁྱི་སྤྱང་གཉིས། འབྲོང་གཉའ་ཕར་ཚུར་འཐེན་ངོ་ཡིན། ཀུ་ཅོ་ཟང་ཟིང་བྱད་ངོ་ཡིན། འབྲོང་ཆུ་རུ་བརྡར་བྱད་ངོ་ཡིན། ཁ་སྨྲས་གླེང་གཞིའི་ངོ། ཁྱོས་ལག་གཡས་བཀྱག་ན། ངས་གཡོན་བཀྱག །ཁྱོས་མདའ་ཕྱིར་ན་ངས་མདུང་ཕྱུར། སྐྱེས་པའི་ལྷ་དང་། འདྲེ་གཉིས་ཀྱིས་རྩོད། བསང་གསོལ། རྒྱལ་མདོས། དགྲ་བྲུབ་བྱ། །༢།༢།༢། འདི་ལ་རུ་སོད་


CMR042_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གོང་རྒྱུག་བྱས། ངན་པ་སྡུན་རྒྱུ་ཟེར། བཙན་དང་རྒྱལ་པོའི་ངོ་། ཁ་སྨྲས་ཁ་གྱོད་ངོ་། ཁ་བ་བུ་ཡུག་གི་ངོ་། ཤ་དམར་ངོ་། གཏམ་ངན་འུར་ཟིང་ངོ་། ཨེ་འོང་ན་འོང་། བུད་མེད་ཆང་ཁུར་གྱི་མགྱོགས་ངོ་། དེ་ནས་རྡེའུ་དྲུག་བབ་མིག་ཚང་། །༣་༣།༤། བཅུ་བབ་སེང་གེ་ནང་བསྟན་འདི། ཕུགས་སུ་ལྷ་ཆེན་བཞུགས་པ་ཡིན། མི་རབས་གསུམ་ལ་བཟང་བ་ཡིན། གྲོགས་ཕྱུ་ནོར་ལ་བཟང་། དགྲ་ཕྱུ་ལ་ཕྱི་དལ་ཡིན། ཨེ་འོང་ན་མི་འོང་། གདོན་ཕྱྭ་ཕུར་ཁ་གདོན། བཟློག་པ་བྱ། ནད་པའི་མོ་ལ་བཟང་། །༤།༢།༣བཅུ་བབ་སྦྲུལ་མགོ་ཕྱིར་བསྟན་ཡིན། གྲོགས་ཕྱིར་ཤོར། ཀླུ་རྒྱལ་མགོ་ཡི་ནོར་གཅིག་དེ། བྱ་རྒྱལ་ཁྱུང་གི་ཕོ་བྲང་ངོ་ཡིན། དེ་སྔ་ཕྱུག་ཀྱང་དབུལ་དོགས་ཡོད། །གྲོགས་གཅིག་མི་ལ་ནོར་དོགས་ཡོད། ནད་པ་ཡིན་ན་ནད་གཞི་བསྲུང་བ་གལ་ཆེ། །༢།༤།༣། རྡེའུ་བཅུ་ཐང་དམར་གཤོག་བརྒྱང་གི་མི་རྟའི་མགྱོགས་ངོ་། འོང་ངམ་བྱས་ན་འོང་། ཐུབ་བམ་བྱས་ན་ཐུབ་ངོ་། སྲིད་ཕྱྭ་ལ་བཟང་། ཁྱུང་རྒྱང་རོག་པོ་མཛོ་ཁྲིད་དེ། །མཛོ་ཕར་ཁྲིད་ཚུར་ཁྲིད་རྐང་སྨད་སྟོད། །༤།༤།༢། བཅུ་བབ་གྱོད་ཁ་ཕྱིར་བསྟན་བཟང་། །བསྟན་པ་


CMR042_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཐེབ་པ་ཡིན། །ནེ་གུ་འཕོང་ནག་དགྲ་ལ་ནག །མཐུ་བྱེད་ན་བཟང་། དགྲ་ཚེ་ཟད་ཁྲག་ཏུ་སྐྱག་པ་ཡིན། དམག་ལ་ཆས་ན་བཟང་། ནད་པ་ལ་ས་བདག་གདོན། དབང་ཆེན་བཅའ། །༢།༤།༤། བཅུ་བབ་གྱོད་ཁ་ནང་བསྟན་ངན། །ནེ་གུ་མཐུ་ནག་ཟོར་བས་གྱོད་ཁ་ལྷ་ལ་བསྟན། འགོ་བའི་ལྷ་དང་བྲལ། ལྷ་ཤུལ་གདོན་གྱིས་བཟུང་། ལྷ་ལ་གསོལ་མཆོད་བྱ། གདོན་ཕྱྭ་ཡུགས་ས་གདོན། ཁྲམ་ཁ་སྟོང་བཟློག་བྱ། ཕྲག་ལྷ་བསྟོད། ཨེ་འོངན་མི་འོང་། ཕ་ཁུ་རྒན་རིམ་ལ་ངན། རིམ་གྲོ་དྲག་པོ་བྱ། །༤།༢༤བཅུ་རྡེའུ་གྲོགས་ལ་སྐྱེད་ཆེད་ཡིན། ཇག་པ་ཡིན་ན་དགྲ་དང་ཕྲད་བྱེ་བྲལ་གྱི་ངོ་། གྲི་ཁ་མཚོན་བསྒྱུར་བྱ། བྲན་གཡོག་གི་ནོར་འབོར་ངོ་། དམར་ངོ་། ས་རྐོ་རྡོ་སློག་མི་ཉན། བསང་དང་ཁྲུས་བྱ། ཁྱིམ་ལྷ་མཆོད། ཁྱད་པར་ཚོང་པའི་མོ་ལ་ངན། རྡེལ་བཅུ་བབ་མིག་རྫོགས། ༈ སྐྱེད་སྨད་གཉིས་ཀྱི་བབ་མིག་ཡོད། །༣།༣།༢། འདི་གྲོགས་ཁ་ཕྱིར་བསྟན། རྐང་དུ་བབ་ན་ཞག་ཉག་མིག་ཙམ་ལ་འགོང་པོ་གདོན། བུ་རྟ་དར་མ་ནད་ཀྱིས་ཐེབ། གཡང་ཉམས་པས་གཡང་སྐྱབས་བྱའོ། །སྐྱེས་དར་མ་ན་ངོ་། འཆི་བསླུ་བྱ། ཚེ་སྒྲུབ་དང་


CMR042_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཞུ། ལམ་འཕྲང་བཅོས། སྨད་ལ་བབ་ན་ཤིན་ཏུ་ངན། ཀླུ་བསང་ཀླུ་གཏོར་ཀླུ་འབུམ་འདོན། ངན། །༣༡༢༣༣། བརྒྱད་བབ་གྲོགས་བགོས་གྲོགས་ས་ངན། གྲོགས་ཡང་ཆུང་ཐུམ་སོ་ཕྱེད་གསུམ། ཁྱིམ་བདག་མོ་ན་ངོ་ཡོད། ཚེ་སྒྲུབ་དང་ཚེ་དབང་ཚེ་གཟུངས་འདོན། སྨད་དུ་བབ་ན་བྱིས་པ་ཆུང་གསུམ་ལ་ངན། རྨིག་ཀ་ཉ་བྲག་ཅན་ལ་གོད་ངོ་ཡོད། རྣམ་འཇོམས་འདོན། །༤།༣།༡། འདི་ནི་གྲོགས་ལེན་པར་འགྲོ། སྐེད་དུ་བབ་ན་གྲོགས་ཕར་འགྲོ། སྨད་དུ་བབ་ན་རྐུན་ངོ་། སྙིང་དང་འདྲ་བའི་མི་ཡིས་བསླ་ཉེས་ཡོད། གཙུག་ཏོར་དཀར་མོའི་བཟློག་པ། རྡོ་རྗེ་སྡེར་མོ་འདོན། །༡།༣།༤བརྒྱད་བབ་གྲོགས་ནི་ཚུར་ལེན་བཟང་། སྐེད་དུ་བབ་ན་ཡོན་ཏན་ལྡན་པའི་ལག་ནས་གྲོགས་ངོ་། དགྲ་མེད་ཕོ་ལ་ནད་མེད། སྨད་བབ་ས་སྒོ་ཆོད་པས་བཟང་། ཨེ་འོང་ན་མི་འོང་། ཕྱི་དལ་ཆེ་སྟེ་བཟང་། །༣།༤།༡། བརྒྱད་བབ་སྐྱ་མི་མདུང་བཟུང་ཡིན། དགྲ་ངོ་ཡོད། ཐག་སྣ་ཕྱིར་རྒྱུ་ཡོད། །གཞི་ཕྱུ་ལ་བཟང་། ཨེ་འོང་ན་འོང་། སྨད་བབ་གོད་ངོ་ཡིན། ནོར་ལྷ་གསེར་འོད་འདོན། །༡།༤།༢། བརྒྱད་བབ་གཡང་སྒོ་ཁ་ལུང་ཟེར། སྐེད་བབ་སྐྱེས་


CMR042_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེས་འགྲོར་བཟང་། ཆུང་གསུམ་བྱིས་པའི་རྩེ་ར་བཟང་། ཕྱུགས་ཀྱི་ར་བ་གང་། དགྲ་མེད། གདོན་ཕྲུ་ལ་རྒྱལ་པོ་གདོན། རྒྱལ་འགྱོགས་བྱ། །༣།༡།༤། བརྒྱད་བབ་དཔལ་གྱི་བེའུ་བཟང་། སྐྱེས་པ་གྲོགས་དང་ཕྲད། མོ་བཙུན་ངོ་མཐོ། དགྲ་མེད། སྨད་བབ་བྱིས་པ་དང་། རྟ་ལ་བཟང་། །༤་༡་༣། བརྒྱད་བབ་གྲོགས་ལེན་ནང་མི་བཟང་། གྲོགས་ནང་དུ་ཚུད། བློ་ཕྱུ་དོན་ཕྱུ་དགྲ་ཕྱུ་གང་ལའང་བཟང་། གྲྭ་ལྔ་འདོན། སྐྱེད་སྨད་གང་ལ་བབ་ཀྱང་བཟང་བའོ། །༤།༢། བརྒྱད་བབ་གྱོད་ཁ་ཕྱིར་བསྟན་ཡིན། དགྲ་མགོ་རེ་བས་གཏུམ། ཉེས་སྐྱོན་བཟློག་པས་ནོན། གཞི་ཕྱུ་ལ་འབྲིང་། ཨེ་འོང་ན་མི་འོང་། སྨད་དུ་བབ་ན་ནོར་ཕྱིར་ཤོར་ངོ་། ནོར་བཟུང་དང་། གདུགས་དཀར། དགྲ་བྲུབ་བྱ།༢།༢།༤། བརྒྱད་བབ་གྱོད་ཁ་ནང་བསྟན་ཡིན། སྐེད་བབ་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། ནོར་ལ་གོད་ངོ་། གསེར་འོད་འདོན། ཨེ་འོང་ན་མི་འོང་། སྨད་དུ་བབ་ན་བུ་མོ་དང་བྲན་མོ་ལ་གཡོག་གི་ས་ནས་རྐྱེན་ལང་ངོ་། །ནད་པ་ལ་ཀླུ་གདོན། ཀླུའི་སྤང་ཀོང་འདོན། ས་བདག་བཅོས། །༢།༤།༢། བརྒྱད་བབ་མི་མཐོའི་ངོ་། ཕྱི་ཐར་གདོང་


CMR042_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག ཁ་མཆུ། བྱེ་བྲལ་ངོ་། ཤག་ཕར་འདེབས་ཚུར་འདེབས་ཀྱི་ངོ་། ཨེ་འོང་ན་འོང་། གཞི་ཕྱུ་ལ་འབྲིང་། ནད་པ་ཡིན་ན་སྡོང་རྒྱན་མདོས་བྱ། བསང་དང་བསྐང་བཤགས། ཁ་མཆུ་ཞི་གཟུངས་འདོན། སྐྱེད་སྨད་གང་ལ་ཡང་ངན། །༡།༡།༢། འདི་རི་རྩེ་རི་ལམ་ངོ་ནང་བསྟན་ཡིན། སྐེད་དུ་བབ་ན་མོ་ཕྱུགས་རྩེབ་ངོ་། སྨད་དུ་བབ་ཀླུན་བཟང་། རྐུན་མ་མེད། ཚུར་འོང་གི་མགྱོགས་ངོ་། ནད་པ་མི་འཆིའོ།། །༢།༡༡། རྩི་རི་ལམ་ངོ་ཕྱི་བསྟན་ཡིན། སྐྱེད་དུ་བབ་ན་སྐྱེས་པ་བྱེས་སུ་ཚེས་པར་ངན། ཁ་མཆུ་འོང་། སྨད་དུ་བབ་ན་མོ་ཕྱུགས་ཀྱི་ཐག་སྣ་ཕར་འགྲོ་ཡིན། ནད་པ་ཡིན་ན་ངན། གཤེད་མདོས། ཤེར་སྙིང་། གྲྭ་ལྔ་། འཆི་བསླུ་བྱེད། དགྲ་ངོ་ཡོད་པས་དགྲ་ཆོས་བྱའོ། །༡།༢།༡། འདི་རྩི་རི་ཁ་འཐམ་ཡིན། བུད་མེད་ལ་ངན། སྙིང་སྟོང་འོང་། སྐེད་དུ་བབ་ན་ལྷ་འདྲེ་མི་གསུམ་ཤག་འདེབས་ཀྱི་ངོ་ཡིན། བཙུན་པ་དང་བུད་མེད་ལ་གཏམ་གླེང་དགོས་ལྷ་པའི་ངོ་ཡིན། ཁ་མཆུ་ཞི་མདོ། ཤེར་སྙིང་འདོན། བསང་གསོལ་བྱ། གོད་ངོ་དང་། ཐབ་གཞོབ་མནོལ་གྱི་ངོ་ཡིན། །༤།༤།༤། འདི་སྐད་བབ་ན་གསེར་སྐད་བན་དེ་བཟང་།


CMR042_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་སྒོ་ས་སྒོ་མ་བྱེ་ན། དགྲ་གདོན་གྱོད་ཀྱིས་ཐེབ་པས་བཟང་། ནད་པར་རྒྱལ་པོ་གདོན་པས་ངན། རྒྱལ་གསོལ་བྱ། རྒྱལ་བཞི་བཅའོ། །གཞན་ལ་བཟང་། །༤།༤།༤། སྨད་དུ་གཡུ་ཤམ་ཟེར། སྒོ་གསུམ་ལྕགས་ཀྱི་འདེན་བུའི་གདན། མཁར་སྒོ་མེད་ནང་ན་རྒྱལ་པོ་སྲོག་མེད་བཞུགས། ནད་པ་ནད་གཞི་ཆེ་སྟེ་ཕུགས་སུ་དྲག །ཕར་འགྲོ་ཤུལ་རྡོ། ཚུར་འོང་འགྱོགས་ངོ་་། ཁྱད་པར་རྟ་སྔོན་ཅན་གྱི་མགྱོགས་པོ་ཡིན། ཇ་ཚེ་ཙམ་ལ་མ་སླེབ་ན། ཞག་བཞི་བར་དུ་མི་འོང་ཟེར། ཁ་ཆར་ཆེན་པོའི་ངོ་ཡིན། གཞན་གང་ལ་བཏབ་ཀྱང་བཟང་། མོ་འདི་འདྲའི་ཟུར་འདྲེས་རབ་ཏུ་བཟང་། བཅོམ་ལྡན་འདས་ཀྱིས་ལྷས་སྦྱིན་བཏུལ། ཚེ་བདུད་ཡོད་ཀྱང་ཐུབ་པར་འགྱུར། རྟ་འདེད་མོ་ལ་བཟང་། ཕྱུག་དང་བེལ་ལུག་སྐྱོང་བས་བཟང་། མཐུ་གཏད་བྱེད་ན་མྱུར་བའོ། །འདི་ནི་ཤི་ཏུ་ངན། གཤིན་རྗེའི་ཁྲམ་ལ་བཏབ། ནད་པའི་མོ་ལ་ངན། ཉི་ཟླ་གཟའ་ཡིས་ཟིན། ཤི་མིག་གསོན་ལ་ལྟ། ཤི་གསོན་ལག་པ་འབྲེལ། ད་བུའི་ཕ་མཚན་ཤོར་བ་ཡིན། ཕ་གཅིག་བུ་གཅིག་དམག་ལ་ཆས་ཏེ་བུ་གཅིག་དམག་གིས་བསད། ཇག་མོ་ལ་ངན། ནད་པ་ལ་འབུམ་


CMR042_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཤེར་སྙིང་། བརྒྱ་བཞི། རྣམ་འཇོམས་འདོན། ཅི་ལ་བཏབ་ཀྱང་ངན། ༢ མོ་འདི་རབ་ཏུ་བཟང་སྟེ། བྲག་དམར་དཀྱིལ་དུ་རྒོད་པོ་ཡོད། །ནམ་མཁའི་ངང་ནས་འཕྱོ་བ་ཡིན། ལེགས་ལྡན་ནག་པོས་བཟོ་རྒྱལ་བསོ། ཙནྡན་བེང་བཟོས་ལྷ་དམག་ཟློག །ཁྱད་པར་བུ་ཚའི་མོ་ལ་བཟང་། ད་འུས་ས་ཡུལ་བཟུང་། ནད་པ་ལ་བཟང་ངོ་། ༤ འདི་འདྲ་བབ་ན་བཟང་། འཁོར་ལོ་དྲུག་པ་ནད་ཀྱི་ཐེབ། འཚོ་བྱེད་སྨན་བཏང་ནད་ལས་གྲོལ། གཤིན་རྗེའི་ལག་ནས་མི་བླ་ཁུག །ནད་པའི་མོ་ལ་བཟང་། སྨན་པ་འགུགས་ན་བཟང་། སྡེ་ཆེན་གྱི་མོ་ལ་བཟང་། །འདི་འདྲ་བ་ནི་ངན་པར་བཤད། སྔོན་ཚེ་མུ་སྟེགས་དྲུག་པོ་དེས། བཅོམ་ལྡན་འདས་ལ་རྩོད་པ་བརྒྱབ། །ནག་གསེས་སྟག་མོ་གཟན་ལ་ཆས། རྔོན་པས་ཤ་བས་རྐང་ཟུང་བྱས་ཟེར། ཝ་མོ་སྡར་མ་རྙི་ལ་ཚུད། མགྲོན་པོ་ནད་པའི་མོ་ལ་ངན། རྟ་འདེད་གཅིག་གི་མོ་ལ་བཟང་། མི་སྤུན་ལྷ་གཉིས་ཀྱི་མོ་ལ་ངན། །འདི་འདྲ་བབ་ན་གཏོ་མི་དགོས། སྔོན་ལྷ་དབང་བརྒྱ་བྱིན་གྱིས་བདུད་ལྷས་སྦྱིན་བསྒྲལ། ལྷ་མིན་གཡུལ་ཟློག །མཐུ་གཏད་བྱེད་པར་བཟང་། དགྲ་


CMR042_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཟད་ཁྲག་ཏུ་སྐྱུགས་ཏེ་ཤི། འདྲེ་གདོན་དང་ལམ་དུ་འཕྲད། གླུད་ལེན་ཡས་འད། མགྲོན་པོའི་མོ་ལ་ངན། ཇག་པ་ལ་ངན། བུ་རྟ་ཆུང་གསུམ་ལ་ངན། བུ་མོ་འཕང་གིས་བསད། རྐུན་མའི་མོ་ལ་བཟང་། ཚེ་གཟུངས། ལམ་འཕྲང་བཅོས། ཟམ་པ་འཛུགས། མགོ་གསུམ་བྱ། །མོ་འདི་རབ་ཏུ་བྱུང་བ་ལ་བཟང་། སྡེ་སྣོད་རྒྱུད་སྡེ་ཁོངས་སུ་ཆུད། ས་ཆེན་རབ་ཏུ་ནོན་ཏེ། དབུ་ལ་གཙུག་ཏོར་རྡོལ། བུ་ཁྱིམ་པ་ལ་ངན། སྔོན་ཚེ་ཟས་གཙང་སྲས་པོ་རབ་ཏུ་བྱུང་སྟེ། རྒྱལ་བརྒྱུད་ཆད། ཕ་གཅིག་བུ་གཅིག་མོ་ལ་ངན། ཇག་མི་བརྒྱའི་གསོད་དོགས་ཡོད། ཀླུ་མཆོད། ཆུང་སྲི་མནན། ༤ མོ་འདི་འདྲ་བབ་ན་འབྲིང་དུ་དཔྱད། བདུད་རྗེ་ཇག་ལ་ཆས་ཏེ་ཤཱཀྱའི་ནོར་རྣམས་བརྐུས། མགོ་བོ་ཚལ་པ་བརྒྱད་དུ་གས་ཟེར། མགོ་ཆག་མིག་གི་མོ་ལ་ངན། སྨན་པ་འགུགས་པའི་མོ་ལ་བཟང་། བདུད་བཟློག་འཆི་བསླུ་དགྲ་བྲུབ་བྱ། སྟོན་ཞིང་ས་རྒད་པོ་ནས་ཚོང་བྱས། བྱིས་ཆུང་མ་བུ་གཟན་ལ་ཆས། ཞིང་པས་བྱིས་བསད་བྱིས་བསད་བྱིས་ཕྲུག་ལུས། གཞི་ཕྱུ་བུད་མེད་མཚོན་གྱིས་སྨྲས། བུ་ནི་ཡུལ་དུ་ལུས་པའོ། །ཁྱིམ་སར་འབུབ་པའི་མོ་ལ་ངན། ༈


CMR042_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཅིག་གསུམ་བརྩེགས་ན་འུར་ངོ་། ལྷ་གསོལ་ཆོས་འདོན་མ་བྱས་ན། ལྷའི་བཀའ་ཆད་འོང་། བསང་དང་ཚོགས་བསྐང་བྱ། མགྲོན་པོ་ལ་བཟང་། དགྲ་མེད། ནད་པ་སྐྱོན་མེད། །འདིར་གཉིས་གསུམ་བརྩེགས་ན་ཤིན་ཏུ་ངན། གསེར་གྱི་ཀ་བ་ཆག་གོ །སློབ་དཔོན་ཕ་ཁུ་རྒན་རིམ་ལ་ངན། ཕ་ཚན་མི་བདེ། འཁྲུག་པ། རྨེ་ངོ། རོ་འཛིན་ལག་པས་བླང་། ཕྱི་ཕྱུ་དར་ན་ཤིན་ཏུ་ངན། ནད་པར་ངན། དཀོན་མཆོག་ལ་སྐྱབས་འཚོལ། ཚེ་ཐར་གཅིག །གྲི་བྲུབ་བྱ། འདིར་གསུམ་བརྩེགས་ན་བཟང་། ལྷ་གྲོགས་ཕུགས་སུ་ཚུད། དབུལ་པོ་ནོར་དང་ཕྲད་ངོ་། ཡུལ་མཁར་བཟུང་བའི་མོ་ལ་བཟང་། ཕ་ཚན་འཕན་པོ་དང་ཕྱུག་པོའི་ངོ་ཡིན། ཅི་ལ་ཡང་བཟང་། །བཞི་གསུམ་བརྩེགས་ན་རབ་ཏུ་བཟང་། །ལྷ་མཁར་རྩེ་ནས་རྒྱལ་ས་ཐོན། །སྡེ་ཆེན་གྲངས་མང་གི་ངོ་ཡིན། ནད་པ་ཡིན་ན་ནད་གཞི་ཆེ་སྟེ་བཟང་། ཅི་ལའང་ཕྱི་དལ་གྱིའོ། །མི་ལྷ་རྒན་གཅིག་གི་བྱ་བ་བཏང་། འགུར་འཚེར་རྒན་མོ་ལ་ཁར་ཕྱིན། ལྷ་ཕྲུ་གསུམ་གྱི་བརྩེགས་དཔྱད་རྫོགས་སོ།། །། ༈ ཁྱིམ་ཕྱུ་གསུམ་དུ་གཅིག་གསུམ་བརྩེགས་ན། ར་


CMR042_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་རིང་ཏུག་གི་ངོ་། ཕོ་བརྒྱ་མཚོན་གྱིས་བསད། མོ་བརྒྱ་ཡུགས་སར་བུད། ངུ་འབོད་སྐྲག་སྔངས་ངོ་ཡིན། ཁ་ངན་ངོ་། དུར་ངོ་། ལྷ་ཕྱུ་བཟང་ན་གྲགས། ཕྱི་ཕྱུ་དར་ན་དམར་ངོ་། འུར་ཟིང་ལུང་པ་ཀུ་ཅོས་གང་ངོ་ཡིན། ༣ གཉིས་གསུམ་བརྩེགས་ན་ནད་ངོ་ཡིན། གཡུའི་གདུང་མ་ཆག་།ཡུལ་དཔོན་དང་། མི་རྒན་ཆེ་གསུམ་ལ་ངན། ཁྱད་པར་ནོར་ལ་ངན། ཁ་སྨྲས་དང་། ཁ་མཆུ་དགྲ་རྐུན་ངོ་། ཁྱིམ་བདག་མོ་ལ་བྱེ་བྲལ་འོང་། འབུམ་དང་བརྒྱད་སྟོང་པ་འདོན། བཟློག་པ་བྱ། གསུམ་གསུམ་བརྩེགས་ན་ཤིན་ཏུ་བཟང་། བུ་མང་གྲོགས་ཕྲད། མི་སྲོག་ལྷ་ཡིས་བཟུང་། རྣོ་མཚོན་ཤུབས་དང་ཕྲད། ནོར་གྱིས་བང་མཛོད་གང་། ཕྱུགས་གཡང་འཁོར། མ་ཤོང་གསུམ་དུ་རལ་ངོ་ཡིན། ཁྱིམ་ཕྱུ་མོ་སྐམ་ལ་བུ་སྐྱེ་ཟེར། འདི་ཡུལ་བཟུང་མཁར་བརྩེགས་པ་ལ་བཟང་། ཁྱིམ་ཕྱུ་གླེང་། ཕྱི་དལ་ཆེ། མགྲོན་པོ་ད་ལྟ་མ་སླེབ་ན། མྱུར་དུ་མི་སླེབ། ནད་པ་ནད་གཞི་ཆེ། བར་གྱི་བཞི་འཕྲིགས་ཤ་ཁྲི་ཡིན། སྟོད་དུ་བཞི་འགྲིགས་ཤིང་ཁྲི་ཟེར། འདི་ཤ་རི་ཁྲག་གི་རྒྱ་མཚོ་ཡིན། ཕྱུག་པོ་ཡིན་ན་ཐ་མ་དབུལ་དོགས་ཡོད། དབུལ་པོ་ཡིན་


CMR042_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལ་འདི་བཟང་། །འདིར་གཅིག་བབ་འདི། དུར་ངོ་། དགྲ་རྐུན་ངོ་། ཡུལ་དུ་ཁྱིམ་མཚེས་ཀུ་ཆོ་འོང་ངོ་ཡིན། མགྲོན་པོ་མྱུར་དུ་མ་སླེབ་ན་མི་འོང་། །ཚོང་ཕུ་མགྲོན་ཕྲུ་ཀུན་ལ་ངན། དགྲ་ཆོས་བྱ། འདི་འདྲ་བབ་ན་རབ་ཏུ་བཟང་། དགྲ་ཤི་གཡག་འགྱེལ། དགྲ་ཚེ་ཟད་ཁྲག་ཏུ་སྨྱུག་སྟེ་ཤི། དམག་དཔོན་དར་མ་ནད་ཀྱིས་ཐེབ། དགྲ་མི་ཟད་རྟ་ཟད་གྱོད་ཀྱིས་ཐེབ། ཕར་རྩོད་ན་རང་ཉིད་རྒྱལ། འདྲེ་མིག་ཏུ་ཕུར་པ་ཐོབ། མཐུ་བྱེད་ན་བཟང་། འགྲོན་པོ་འགྲོ་འདོད་ཀྱི་གོམ་པ་རྡོ་ལ་ཐུག །ལང་འདོད་ཀྱི་ཅོ་ཐོ་བེང་གིས་བཟུང་། ཕྱི་དལ་ཆེ་སྟེ་བཟང་། འདི་འདྲ་བབ་ན་ཡམས་ནད་ངོ་། ཕ་མྱེས་ཀྱི་གཡང་བུ་སྲིང་ལ་སོང་ངོ་ཡིན། གཡང་སྐྱབས་བྱ། ཚེ་འགུགས་བྱ་ཚུ་འདི་བབ་ན་དགྲ་ཕྱུ་མགྲོན་ཕྱུ་གང་ཡང་ངན། ཕྱི་དལ་ཡིན། མགྲོན་པོ་ཨེ་འོང་མི་འོང་། ནམ་ཕུག་ཕ་ཡུལ་མི་ལ་ཤོར། ལ་ཆེན་གཅིག་གི་ཕར་རྒྱབ་ན། དམག་་གདོང་ཆེན་གཅིག་གི་སོ་པ་ཡོད་ན་ཐང་། ནད་པར་ནད་གཞི་ཆེ། རིམ་གྲོ་དྲག་པོ་བྱ། སྨད་དུ་བཞི་འགྲིགས་གདན་ཁྲི་ཡིན། བརྩེགས་དཔྱད་རྫོགས་སོ།། ༈ །།སྲིད་པའི་རི་


CMR042_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྩེ་ནས་མ་ཉིལ་དགོས། ༢ གཉིས་རེ་བབ་ན་ཉིལ་བ་ཡིན། སྐྱེས་བུ་དར་མ་སྟག་ཆས་ལ། རྡོ་ནག་བཙའ་ཡི་མ་ཟིན་དགོས། ༢ གཉིས་རེ་བབ་ན་ཟིན་པ་ཡིན། །མར་ཁུའི་མཚོ་མོ་མ་སྐམ་དགོས། །གཉིས་རེ་བབ་ན་སྐམ་པ་ཡིན། །གཡུ་ཡི་རྒྱ་མཚོ་སྔོན་མོ་དེ། །རྒྱ་ཡི་ཐན་པས་མ་སྐམ་དགོས། གཉིས་རེ་བབ་ན་སྐམ་པ་ཡིན། །གཡུ་ཡི་གདུང་མ་མ་ཆག་དགོས། ༢ གཉིས་རེ་བབ་ན་ཆག་པ་ཡིན། །གཡང་ཡི་ར་བ་མ་རལ་དགོས། ༢ གཉིས་རེ་བབ་ན་རལ་བ་ཡིན། །མནན་ཕུག་ཐོག་གི་ཕུར་ཁ་མ་ཟུག་དགོས། ༢ གཉིས་རེ་བབ་ན་ཟུག་པའོ།། ༢ །མདའ་ཉག་ཕྲན་གྱི་མདེའུ་མ་གཏོར་དགོས། །གཉིས་རེ་བབ་ན་གཏོར་བ་ཡིན། །བྱུར་གྱི་ས་མདའ་བཙའ་ཡི་མ་ཟིན་དགོས། ༢ གཉིས་རེ་བབ་ན་བཙའ་ཡིས་ཟིན། ༈ །རྩེ་བཞིའི་མདུན་ཞུ་མ་གྱོན་དགོས། ༢་༢ གཉིས་རེ་བབ་ན་གྱོན་པ་ཡིན། །གླིང་བཞི་བྱོ་བླག་མ་བྱས་དགོས། ༢ གཉིས་རེ་བབ་ན་བྱོ་བླུག་ཡིན། །གནམ་སྒོ་ས་སྒོ་མ་བྱེ་མ་དགོས། གཉིས་རེ་བབ་ན་བྱེ་བ་ཡིན། །།རུ་སོད་འཁོར་མོ་མ་བབ་དགོས། །གཉིས་རེ་བབ་ན་འཁོར་


CMR042_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། །ར།བཙན་ས་གཞི་མ་མ་འཆུག་དགོས། །གཉིས་རེ་བབ་ན་འཆུགས་པ་ཡིན། །མོ་ལ་འཛེར་གསུམ་མ་བབ་དགོས། །གཉིས་རེ་བབ་ན་འཛེར་གསུམ་ཡིན། །མོའི་རྡེའུ་མ་གཏོར་དགོས། ༢ །གཉིས་རེ་བབ་ན་གཏོར་བ་ཡིན། །བྱ་བྲལ་བརྒྱུད་པ་མ་བབ་དགོས། འདི་འདྲ་བབ་ན་བྱ་རལ་བརྒྱུད། སྲིད་ཀྱི་ཆུ་མིག་མ་སྐམ་དགོས། ། གཉིས་རེ་བབ་ན་སྐམ་པ་ཡིན། །རུ་སོད་གོང་བརྒྱུད་མ་བྱས་དགོས། འདི་འདྲ་བ་ན་གོང་རྒྱུད་བྱས། །ཆུང་སྲིའི་ཚང་མང་མ་བཅས་དགོས་པ་འདི་འདྲ་བབ་ན་ཚང་བཅས་ཡིན། ཤ་གཅིག་གསུམ་བརྩེགས་ན་སྔང་ངོ་ཡིན། ༣ གཉིས་གསུམ་བརྩེགས་ན་དུར་ངོ་ཡིན། རྟ་གསུམ་གསུམ་བརྩེགས་ན་གྲོགས་ངོ་ཡིན། བཞི་གསུམ་བརྩེགས་ན་ས་མཁར་ཡིན། །ཕ་ཡུལ་མི་ལ་མི་འཆོར་ཞིང་། མཁར་ལྷན་བྱེད་ན་བཟང་། འདིར་གཅིག་གསུམ་ལྔ་བརྩེགས་ན་བུད་མེད་ལ་སྐྲག་སྔངས་འོང་། ༣ གཉིས་གསུམ་བརྩེགས་ན་དུར་ངོ་། །གསུམ་གསུམ་བརྩེགས་ན་གྲོགས་ངོ་། བཞི་གསུམ་བརྩེགས་ན་བུད་མེད་ཀྱི་


CMR042_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་ཕྱུ་ཟིན་ངོ་། དགྲ་མེད་གྲོགས་དང་འཕྲད་ངོ་། འདིར་གཅིག་གསུམ་བརྩེགས་ན་སྐྲག་སྔང་འོང་། གཉིས་གསུམ་བརྩེགས་ན་དགྲ་བོ་གྱོད་ཀྱིས་ཟིན་པས་བཟང་། གསུམ་གསུམ་བརྩེགས་ན་གྲོགས་ཕྱི་ཤོར་ངོ་ཡིན། སྐྲ་སྐུད་མི་ལ་འཆོར་དོགས་ཡོད། གཡང་སྐྱབས་གསེར་འོད་འདོན། འདི་འདྲ་བབ་ན་དགྲ་གདོན་ཕྱི་དལ་ཡིན་པས་བཟང་། གྲོགས་ཕྱུ་འཕྲལ་དུ་བཟང་། ཕུགས་སུ་ཕ་ཡུལ་མི་ལ་འཆོར། ༢ ལྷ་ཕྲུ་གཉིས་བབ་མགོ་ནད་ཀྱི་ངོ་། ཕོ་ཕྱུ་ལ་གཉིས་བབ་ན་ཕོ་མཆིན་ན་ངོ་། བང་ར་ལ་གཉིས་བབ་ན་རྟ་ཕྱུགས་ཀྱི་གོད་ངོ་། གནམ་སྒོར་གཉིས་བབ་ཕ་ཚན་གྱི་ན་ངོ་། ༣ སྤྱིར་བཙན་ས་གསུམ་དུ་གཅིག་བབ་མང་ན་མི་ལ་བཟང་། གསུམ་བབ་མང་ན་ནོར་ལ་བཟང་། བཞི་བབ་མང་ན་ཐམས་ཅད་ཕྱི་དལ་ཡིན། འདི་བཙན་ས་གསུམ་ཡིན། འདི་བབ་ན་རི་རབ་གླིང་བཞི་འགུལ་བ་ཡིན། སྙིང་ནོར་མི་ལ་ཤོར་ངོ་ཡིན། བཟློག་བསྒྱུར་དྲག་པོ་བྱ། ༢ འདི་ནི་གླིང་བཞི་སྟོང་ངོ་ཡིན། དགྲ་བཞི་བསྐོར་གསུམ་ཀུན་ལ་ངན། གྲི་ངོ་རྨེ་ངོ་ཡིན། ཤིན་ཏུ་ངན་པའོ། །༢༣ འདི་དགྲ་བཞི་


CMR042_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་གསུམ་ཀུན་ལ་བཟང་། རི་རབ་གླིང་བཞི་བརྟན་པ་ཡིན། གང་ལ་ཡང་བཟང་ངོ་།། ༤༤ འདི་ཕྱོགས་བཞིར་མཁར་བཞི་བརྩེགས་ཏེ་བཟང་། ཡུལ་མཁར་བཟུང་བའི་མོ་ལ་བཟང་། ཨེ་འོང་ན་མི་འོང་། ནད་འདི་འདྲ་བབ་ན་འོ་མའི་རྒྱ་མཚོ་སྐམ། ནད་པ་ཡིན་ན་ལམ་ཞུགས་ཡིན། ༈ དེ་ནས་བརྒྱ་བྱིན་དཀར་ནག་ཁྲ་གསུམ་བཤད། འདི་བརྒྱ་བྱིན་དཀར་པོ་གཏོ་མི་དགོས། འདི་བརྒྱ་བྱིན་ཁྲ་བོ་གཏོ་བྱས་ན་ཕན། བརྒྱ་བྱིན་ནག་པོ་གཏོའི་མི་འགྱུར་བས་ངན་པ་ཐ་ཆད་ཡིན། དེ་ལྟར་བབ་མིག་དཔྱད་རྒྱས་པ་རེ་མིག་ལེགས་པར་གསལ་བ་རྫོགས་སོ།། །། འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །མ་སང་གི་རྡེལ་མོའི་སྐོར་ལས་རྒྱས་པར་ཕྱུང་ན། ལོ་འབྱུང་བ་སྤར་ཁ་སྨེ་བའི་སྐོར་འགོ་གལ་ཆེ་བས། དེ་མིན་ནད་པ་འཆི་སོས་དང་། བརྩི་བྱ་གང་ཡིན་གྱི། སྲོག་ལུས་དབང་ཀླུང་གི་དར་རྒུད་མི་མཛོད། ༈ ལྷ་ཕྱུ་དང་པོ་འབྲུག་ལོ་པའི་ས་མལ་དུ། ༡༢ ༣ བབ་ན་བཟང་། གཉིས་བབ་ན། ཁྱི་ཟླའི་ཚེས་བཅུ་གཅིག་ལ་སྐག་ཐོག་ཡིན། འབུམ་དང་ཚེ་སྒྲུབ་བྱ། མོ་


CMR042_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ཡིན་ན། ལྷ་མོའི་གསོལ་ཁ་བྱ། ༈ ཁྱིམ་ཕྱུ་དང་པོ། རྟ་སྦྲུལ་ལོ་མལ་དུ། ༡༣༤ བབ་ན་བཟང་། གཉིས་བབ་ན་སྦྲུལ་ལོ་པའི་སྐག་ནི་ཕག་ཟླའི་ཚེས་དྲུག་དང་། ཉི་ཤུ་བརྒྱད་ལ་ཡོད། རྟ་ལོ་པའི་སྐག་ནི། བྱ་ཟླའི་ཚེས་གསུམ་དང་དགུ་ལ་ཡོད། དྲག་པོའི་བཟློག་པ་དང་། །པཉྩ་དམར་པོ་ལོ་གྲངས་བྱ། ཕྱི་ཕྱུ་ཆེ་ཕྱུ་འདི་ལུག་ལོ་པའི་ས་ཡིན་པས། གཉིས་བབ་ན། སྐག་ནི་གླང་ཟླ་བའི་ཚེས་བཅོ་བརྒྱད་དང་། ཉི་ཤུ་ལྔ་ལ་སྐག་ཡོད། ཚོགས་དང་བསྐང་བ། རྒྱལ་མདོས། ས་བདག་ཡོ་བཅོས། ཚ་ཚ་སེར་པོ་ལོ་གྲངས་སུམ་འགྱུར་བཏབ། གསུམ་བབ་ན་བརྒྱ་བྱིན་གདོན། ཞང་ཉེ་ལ་ངན། བཞི་བབ་ན་གདན་བགོས་བྱ་དགོས། ༈ ཕྱི་ཕྱུ་འབྲིང་པོ་བྱ་སྤྲེལ་ལོ་པའི་ས་མལ། འདིར་གཅིག་བབ་ན་སྐྲག་སྔངས་ངོ་ཡིན། གཉིས་བབ་ན་བྱ་ལོའི་སྐག་ནི། ཡོས་ཟླའི་ཚེས་བཅུ་དང་། ཉི་ཤུ་ལྔ་ལ་ཡོད་སྤྲེལ་ལོ་པའི་སྐག་ནི། སྟག་ཟླའི་ཚེས་བཅུ་གསུམ་དང་ཉི་ཤུ་དགུ་ལ་ཡོད། གཏོ་ལ་མི་ཁ་བཀར། ཕག་ཐོད་བོར། གྲི་ཟོར་བྱ། མོ་མའི་བཀར་ཡས་བྱ། ཚ་ཚ་དཀར་པོ་ལོ་གྲངས་སུམ་འགྱུར་བཏབ། ནུབ་ཕྱོགས་སུ་བསྐྱལ་


CMR042_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །གསུམ་བབ་ན་བཟང་ངོ་།། ༈ ཕྱི་ཕྱུ་ཐ་མ་འདི་ཁྱི་ལོ་པའི་ས་མལ་ཏེ། འདིར་བབ་ན་ཐེའུ་རང་གདོན། གཉིས་བབ་ན་ངན། ཁྱི་ལོ་པའི་སྐག་ནི། འབྲུག་ཟླའི་ཚེས་གཅིག །བཅུ་གཅིག་དང་ཉི་ཤུ་གསུམ་ལ་ཡོད། སྟོན་མོ་བྱ། སྤྲང་ལོང་ལ་སྦྱིན་པ་བྱ། ཚ་ཚ་སེར་པོ་ལོ་གྲངས་སུམ་འགྱུར་ནུབ་བྱང་དུ་བསྐྱལ་ན་ཐུབ་བོ། །བཞི་གསུམ་བབ་ན་བཟང་ངོ་།། ༈ ཁྱིམ་ཕུ་ཆུང་བ་འདི། ཕག་ལོ་དང་། བྱི་ལོ་པའི་ས་མལ་ཡིན་པས། འདི་གཅིག་བབ་ན་བཟང་། གཉིས་བབ་ན། བྱི་ཕག་ལོ་པར་ངན་ཏེ། ཕག་ལོ་པའི་སྐག་ནི། སྦྲུལ་ཟླའི་ཚེས་གཉིས་དང་ཉི་ཤུ་བརྒྱད་ལ་ཡོད། བྱི་ལོ་པའི་སྐག་ནི། རྟ་ཟླའི་ཚེས་གཅིག་ལ་ཡོད་དེ། དེའི་གཏོ་ལ། དགྲ་ཆོས་བྱ། གྲྭ་ལྔ་འདོན། ཚ་ཚ་སྔོན་པོ་ལོ་གྲངས་སུམ་འགྱུར་བྱང་དུ་བཞག་ན་ཐུབ་ངེས་སོ།། ༈ ལྷ་ཕྱུ་མཐའ་མ་འདི། གླང་ལོ་པའི་ས་མལ་ཡིན་པས། འདིར་གཅིག་དང་གཉིས་བབ་ན་གླང་ལོ་པའི་སྐག་ནི། ལུག་ཟླའི་ཚེས་གཉིས་དང་། ཉི་ཤུ་དྲུག་ལ་ཡོད་དེ། གྲི་ཁ་མཚོན་བསྒྱུར་བྱ། ཐེའུ་རང་གི་མདོས། ལེ་གུ་ཡིན་ན་འདྲེ་མོ་རྫ་མདོས་བྱ། འདྲེ་མོ་


CMR042_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ནོ། །པཉྩ་སེར་པོ་ལོ་གྲངས་སུམ་འགྱུར་བཏབ་ལ་བྱང་ཤར་ཕྱོགས་སུ་བཞག །བཞི་དང་གསུམ་བབ་ན་བཟང་ངོ་།། ༈ ལྷ་ཕྱུ་འབྲིང་པོ་འདི་སྐྱེས་བུ་བློ་འཛིན་དང་སྟག་ཡོས་ལོ་པའི་ས་མལ། གཅིག་བབ་ན་བཟང་། གཉིས་བབ་ན་སྟག་ཡོས་ལོ་པར་ངན། སྟག་ཡོས་ལོ་པའི་སྐག་ནི། སྤྲེལ་ཟླ་བའི་ཚེས་གསུམ་དང་བཅོ་ལྔ་ཉི་ཤུ་བདུན་ལ་ཡོད། ཡོས་ལོ་པའི་སྐག་ནི་བྱ་ཟླའི་ཚེས་གཅིག་དང་བཅུ་དྲུག་ཉེར་བརྒྱད་ལ་ཡོད། དེའི་གཏོ་ལ་གཤིན་རྗེའི་བཟློག་པ་བྱ། མཚན་བརྗོད་སྒྲོགས། ཚ་ཚ་ལྗང་གུ་ལོ་གྲངས་སུམ་འགྱུར་ཤར་དུ་བསྐྱལ་ལོ། །གསུམ་བབ་ན་སྙན་གྲགས་དོ་། བཞི་བབ་ན་བཟང་གཞི་ཕྱུ་ལ་བཟང་ངོ་།། ༈ ལར་གཅིག་པ་ཐམས་ཅད་ངོ་སོ་མཐོ། གཉིས་ཐམས་ཅད་ཁ་སྨྲས་ཐབ་དམར་འདྲེ་མོའི་ངོ་། གསུམ་ཐམས་ཅད་གྲོགས་ངོ་། དམུ་ཐག་ཡིན། བཞི་ཐམས་ཅད་ཕྱི་དལ་ཡིན། ༈ དེ་ནས་གདོན་ངོས་བཟུང་བ་ནི། ལྷ་ཕྲུ་དང་པོར་གསུམ༔ བར་དུ་གཅིག་བབ་ན་ནད་པ་སོས་ངོ་ཡིན། ལྷ་ཕྱུ་དང་པོ་དང་མར་མར་གཉིས་དང་བཞི་བབ་ན། རྗེས་སེར་པོ་རི་མོ་ཅན་སྙེབ་ནས་ཟླ་བ་བརྒྱད་སོང་ངམ། ཡང་ན་ཉི་


CMR042_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅུ་གཉིས་ཚུན། སྣོད་གཏོང་གཅིག་དང་མཉམ་དུ་འོང་བ་དེ། གོམ་པ་གསུམ་མམ་བཞིའི་མཚམས་སུ་ཡོད། དེའི་རྟགས་ལ་རྟ་ཞར་བ་གཅིག་ཡོད། །༈ ཁྱིམ་ཕྱུ་དང་པོ་འདི་ལ་སྨན་པའི་འདུག་ས་ཡིན། སྨན་པའི་གདན་ས་ནོན་གྱུར་ན། སྨན་པས་རྒྱལ་ཁ་ལེན་པ་ཡིན། ལྷ་ཕྱུ་བར་མ་ནད་པའི་འདུག་ས་ཡིན། སྨན་ཕོར་ཆུང་བ་ཡིན། གཉིས་བབ་ན་མི་རུང་། གཅིག་བབ་ན་སྨན་ཕོར་བདུད་རྩིས་གང་བ་ཡིན། ལྷ་ཕྲུ་ཆུང་བ་འདི་སྨན་ཕོར་ཆུང་བ་ཡིན། ཁྱིམ་ཕྱུ་ཐ་མ་འདི་སྨན་ཕོར་འབྲིང་བ་ཡིན། གཅིག་བབ་ན་བཟང་། ཕྱི་ཕྱུ་དང་པོ་གཉིས་བབ་ན། བན་བོན་ནམ་དགོན་སྡེ་གྲགས་པ་ཅན་གྱི་ཕུ་ནས་རྫས་སེར་པོ་གདོན། སྨན་ཨེ་ཐེབ་ལྟ་བ་ལ། གཉིས་བབ་ན་མི་རུང་། གཅིག་བབ་ན་སྨན་གྱིས་ནད་པ་སོས་པ་ཡིན། གཏོ་ལ་ནག་པོ་མགོ་གསུམ་འཕང་། ༈ ཕྱི་ཕྱུ་དང་པོ་དང་བར་མ་གཉིས་བབ་ན། སྣོད་ཁ་ཆག་པ་གཅིག་གིས་གདོན། ཡང་ན་ཟངས་བུག་པ་གཉིས་སམ། ཁ་ཆག་པ་གཅིག་གིས་གདོན། ལྷ་ཕྱུ་དང་པོ་དང་གཉིས་པར། གཉིས་བབ་ན་ངན་པ་དང་། ཁྱིམ་ཕྱུ་དང་པོ་དང་བར་མ་ལ་གཉིས་རེ་བབ་ན། བནྡེ་


CMR042_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དང་བོན་པོ་ལ་ངན་གདན་ས་ཤོར། པོ་ཏིའི་བརྩེགས་པ་ཞིག་པ་ཡིན། གནམ་གྱི་བྱ་ཐན་འོང་དོགས་ཡོད། ཕྱུགས་ལ་བེལ་གཉིས་ཁྲིད། རྟ་ལ་རྟེལ་གཉིས་འགྲོས། ད་ལོ་མ་ཡིན་སང་ཕོད་ཡིན། ༈ ཕྱི་ལ་བར་མ་ལ་གསུམ་བབ་ན། བན་བོན་གྱི་ལག་ནས་རྫས་གཅིག་ངེས་པར་ཡོད། འབུམ་ཚར་གསུམ་འདོན། ཡི་དམ་བསྐང་བཤགས་ཅི་མང་བྱེད། ནད་པ་མི་འཆི་སྔས་ཀྱི་ཞ་དང་མ་བྲལ་དགོས། འོག་གི་ཉལ་ས་མ་རུལ་དགོས། གཏན་པའི་གཏན་མ་མ་ཞིག་དགོས། དེ་གསུམ་ལ་གཉིས་རེ་བབ་པ་ཡིན། གཅིག་གསུམ་བཞི་བབ་ན་མི་འཆི་བར་བཤད། སྙིང་མིག་སྲོག་གསུམ་རྩེ་ན་འཛིན་དང་བཞི་ལ་གཉིས་བབ་ན་མི་རུང་། ལྷ་ཕྲུ་དང་པོ་དང་བར་མ་དང་། ཁྱིམ་ཕྱུ་དང་པོ་དང་བར་མ་བཞིའོ།། ༈ ལྷ་ཕྱུ་བར་མ་དང་། ཁྱིམ་ཕྱུ་གོང་མ། ཕྱི་ཕྱུ་བར་མ་དང་གསུམ་ལ། ༡ དང་བཞི་བབ་ན་བཟང་། གཉིས་བབ་ན། སྐྱེས་དར་མ་མཚོན་གྱིས་གསོད་དོགས་ཡོད། །༈ སྟོད་ཚ་བའི་ནད་ཁམས་སུ་ལ་དཔྱད། ནད་ཀྱི་ངོས་འཛིན་གང་ལ་བྱེད། མཁལ་མ་རྩིའི་འདུག་གནས་ཡིན། རྩའི་འཐེན་ཐག་སྨད་ན་ཡོད། དེའི་ངོས་


CMR042_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གང་ལ་བྱེད། སྨད་དུ་གཅིག་བབ་དེ་ལ་ཟེར། དེར་གཉིས་བབ་ནས་ཙནྡན་ནགས་ལ་མེ་ཤོར་ཡིན། དེ་དར་མ་གཅིག་གི་ལོ་ལ་ངན། བར་གྱི་མཆིན་པ་ཡིན། མཆིན་པས་ལུས་པོ་སྐྱེན་པ་ཡིན། ལྷ་ཕྲུ་དང་པོ་ལ་གཅིག་བབ་ན་ནད་མི་འཆི་བའི་རྫི་བོ་ཡིན། ཤར་ཕྱོགས་ནས་ལྕགས་ཆས་འདྲེ་ཅན་བླངས་ནས་གདོན། ཟླ་བ་བརྒྱད་ཙམ་སོང་། དེ་ནི་སྐྱེ་དཀར་པོའམ་ཁྲ་བོའི་ནང་ན་ཡོད། དེའི་རྟགས་སུ་མདའ་བཅུའམ་བརྒྱད་ཡོད། ཡང་ཁྱི་རྔ་སྣེ་དཀར་པོ་ཅན་ཞིག་ཡོད། སྨད་གྲང་བར་ངོས་འཛིན་དྲོད་ལས་སྐྱེས་པའི་སྨན་བྱས་ན་ཕན། ༈ ཕྱི་ཕྱུ་ཐ་མ་ལ་གཅིག་བབ་ནད་པའི་མོ་ལ་བཟང་། གཉིས་བབ་ན་ངན། འབུམ་དང་དབང་ཞུ། གཏོ་ནག་ཡུལ་ཟློག་བྱེད། །དཀྱིལ་འཁོར་ཞལ་བསྒྱུར་བྱ། ༈ བུ་རྟ་ཆུང་གསུམ་མོ་འདེབས་ན། སྨད་ཀྱི་སྐུ་མཁར་མ་ཞིག་དགོས། ལྷ་ཕྲུ་ཐ་མ་དང་། ཁྱིམ་ཕྱུ་བར་མ། ཐ་མ་ལ་གཉིས་རེ་བབ་ན་སྐུ་མཁར་ཞིག །ལྷ་ཕྱུ་དང་པོ་ལ་གཅིག །ལྷ་ཕྱུ་བར་མར་གཉིས། ཕྱི་ཕྱུ་དང་པོ་བཞི་བབ་ན་བུ་ཚ་ནད་པའི་མོ་ལ་བཟང་ངོ་། གཤིན་རྗེའི་ལག་ནས་བླ་འགུགས། མའི་པང་


CMR042_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བུ་ཚ་ཚར། ཁྱིམ་ཕྱུ་བར་མ་ལ་གཉིས་བབ་ན་བུ་ཚ་ནད་པའི་མོ་ལ་ངན། དུང་ཁྱུང་དཀར་པོའི་ཚང་ནང་དུ་དུག་སྦྲུལ་ནག་པོ་གཅིག་ནི་བཞུགས། དེའི་གདོན་ལ། རྫས་དམར་པོ་གཅིག་ནུབ་ཕྱོགས་ངོས་ནས་འཁྱར་བས་ལེན། ཡང་ན་རྗེས་དཀར་སེར་འདྲེས་པ་བུད་མེད་མཚན་ངན་ཞིག་གི་ལག་ནས་བླང་བས། དེ་གོམ་པ་གསུམ་མམ་བཞིའི་མཚམས་སུ་ཡོད། གཟུངས་འདུས་འདོན། གྲྭ་ལྔ་འདོན། གཟུངས་ཆེན་སྡེ་ལྔ་འདོན། ༈ ཕྱི་ཕྱུ་ཐ་མ་ལ་གསུམ་བབ་ན། བུ་ཚ་ནད་པའི་ཕྱིར་དུ་གྲོགས་སོང་ངོ་ཡིན། གདོན་ཕྱྭ་ཁྱིའི་གདོན་པ་ཡིན། བསྲུང་རིམ་གང་ཡང་བྱས་ན་ནད་པ་མི་འཆི། ༈ ཁྱིམ་ཕྱུ་གོང་འོག་གསུམ་འབྲིང་གསུམ་འདི་བུད་མེད་ཆེ་ཕྲ་ཆུང་གསུམ་གྱི་ས་མལ། དེ་གསུམ་བཟང་ན་བུད་མེད་ཆེ་ཕྲ་ཀུན་ལ་བཟང་། དེ་གསུམ་ངན་ན་བུད་མེད་ལ་ངན་པའོ། །ཁྱིམ་ཕྱུ་དང་པོར་གསུམ་བབ་ན། བུད་མེད་མི་འཆི་བའི་རྫིའུ་ཡིན། སྨན་པས་ནད་པ་སོས་པ་ཡིན། གློ་ཡི་ནད་པ་བཅོས་པ་ཡིན། སྐྱགས་བཤལ་དང་བཅས་པས་འོང་ངོ་། །དེ་འདྲ་འོང་ན་ནད་པ་འཚོ། དེ་ནི་བུད་མེད་ས་དཔྱད་ཡིན། ༈ ཁྱིམ་ཕྱུ་བར་མར་གཉིས་


CMR042_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བབ། ཕྱི་ཕྱུ་དང་པོར་གཉིས་བབ་ན། བུད་མེད་མོ་ལ་ངན་པ་ཡིན། བར་གྱི་ཐབ་ཀ་ཞིག་པ་ཡིན། སྐྱུང་ཁ་ཁྲ་ཡིས་ཁྱེར་བ་ཡིན། སྐྱུང་ཕྲུག་ཁྲ་ཡིས་ཁྱེར་བ་ཡིན། བྱང་ཤར་ནས་རྫས་སེར་པོ་གཅིག་བླངས་བས་གདོན། དེའི་རྟགས་སུ་འབྲི་ཞར་བ་གཅིག་ཡོད། ཡང་ན་རྟ་སྔོན་པོ་གཅིག་ཡོད། ཕྱི་ཕྱུ་ཐ་མར་གཅིག་བབ་ན། །བུད་མེད་མི་འཆི་བའི་རྫིའུ་ཡིན། ཁྲ་ཡི་གཤོག་པ་ཆག་པ་ཡིན། བྱིའུ་ཁ་ནས་ཤོར་བ་ཡིན། སྐྱུང་ཕྲུག་ཚང་དང་ཕྲད་པ་ཡིན། སྐྱུང་ཀ་མ་བུ་རང་མལ་ཐོན། གདོན་ཕྱྭ་ལ་མོ་འདྲེ་གདོན། འདྲེ་མོ་དགུ་མདོས་བྱ། ༈ ཁྱིམ་ཕྱུ་ཐ་མ་གཉིས་བབ་ན། བུད་མེད་ལ་ངན། བུ་མོ་འཕང་གིས་བསད། ཆུ་བྲན་གཅིག་གི་ནང་ཤེད་ནས། ཉ་མོ་སྲམ་གྱིས་ཁྱེར་བ་ཡིན། བུ་ཚ་ཞར་བ་གཅིག་གིས་གདོན། ཡང་ན་སྤྲེལ་ལོ་པས་རྫས་ཁྱེར་བས་གདོན། དེའི་རྟགས་སུ་བུ་མོ་བཞི་ཙམ་ཡོད། ༈ ཁྱིམ་ཕྱུ་ཐ་མ་ལ་གསུམ་བབ་ན་བུད་མེད་མི་འཆི་བའི་རྗེའུ་ཡིན། རྟ་དམར་པོ་གཅིག་དེའི་རྟགས་སུ་ཡོད། ཡང་ན་ཟངས་ལ་ཆགས་པ་བཞི་ཙམ་ཡོད། ཆུ་བྲན་གཅིག་གི་ནང་ཤེད་ན། ཉ་མོ་གསེར་མིག་ཐར་བ་


CMR042_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཆུ་བྱ་ནག་པོ་ཤི་བ་ཡིན། པོ་ཏི་ཞལ་ཕྱེ་ཀློག་ན་བཟང་། །ཡང་སྟེང་དུ་ལྷའི་ཕྱག་རྩེ་དགོས། བར་དུ་གཤོག་དྲུག་རྒྱས་འདྲ་དགོས། སྨད་དུ་གདན་ཁྲི་ལྟ་བཤམ་འདྲ་དགོས། ཡང་སྟེང་དུ་སེངྒེའི་གར་བྱེད་དགོས། སྨད་དུ་ཉ་མོ་འགྱུ་འདྲ་དགོས། དེ་རྣམས་ངོས་འཛིན་གང་ལ་བྱེད། ལྷ་་རང་གི་ས་མལ་ཏེ། གཉིས་བབ་ན་མི་རུང་། ཡང་གནམ་སྒོ་བྱེ་ན་གཙུགས་ཏོར་འདོན། ས་སྒོ་བྱེད་ན་སྣང་བརྒྱད་ལོ་གྲངས་འདོན། ཤིང་ཁྲི་བབ་ན་འབུམ་ལ་འུར་འདོན་བྱ། རྟ་ཕྱུ་ངན་ན་རྟ་གཟུངས་འདོན། །ནོར་ཕྱུ་ངན་ན་ནོར་གཟུགས་དང་གདུགས་དཀར་འདོན། ཞིང་ཕྱུ་ངན་ན་ཞིང་ལྷའི་བསང་མཆོད་བྱ། ཕྱི་ཕྱུ་གསུམ་དར་ན་དགྲ་བྲུབ་བྱ། དེ་ནས་སྤྱི་སྤྱད་དོ། །ད་དགྲ་བླ་བྱ་ཁྱུང་བྱ་བ་དེས། །སྲིད་པ་གསུམ་པོ་གྲོས་སུ་འདེབས། །དཔག་བསམ་ཤིང་གི་རྩེ་མོར་གནས། །དགྲ་བླ་ཡུམ་གྱི་སྐུ་མཁར་ཡིན། །མ་སྲུ་ཀུན་གྱི་སྲུང་མ་ཡིན། །ལེ་གུ་ཀུན་གྱི་སྲུང་མདའ་ཡིན། །ཇག་པ་ཀུན་གྱི་ཝེར་མ་ཡིན། །དཔའ་མཚུན་ཝེར་མ་ཉལ་ཉུལ་དེ། །གངས་སེང་དབུས་ན་འབྱོན་པའི་དུས། །རལ་གྲིའི་རྐང་ལ་ཆུ་གྲིའི་


CMR042_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཤོག །དགྲ་སྟ་ངར་མའི་ཕྱག་མཚན་ཅན། །རྨོག་རི་གངས་དཀར་རྩེ་མོ་ནས། །སྒྱུ་འཕྲུལ་འོད་ཀྱིས་མཁའ་ལ་འདུག །དེ་ཇག་པའི་མོ་ལ་དར་ན་བཟང་། །དེ་ལ་ལྷ་ཕྱུའི་རྡེལ་གཅིག་ཟེར། ༈ །ད་གནམ་སྨན་དཀར་མོ་བྱ་བ་དེ། །དུང་བྱ་ཁྱུང་གི་རྟ་ལ་ཆིབས། །འཇའ་ཚོན་སྣ་ལྔའི་འོད་ཁང་བཞུགས། །གཡའ་སྤང་ཡུལ་སྨན་འཁོར་གྱིས་བསྐོར། །བཟང་ངན་གཉིས་སུ་མེད་པར་ཟློག །དྲང་མཁན་མདུང་མཁན་རྫུ་འཕྲུལ་ཅན། །ཐོག་འབྲུག་བར་སྣང་གི་བདག་མོ་བྱེད། །མ་རྒན་སྲུ་མོ་ཀུན་གྱི་དགྲ་བླ་མོ། །བུ་མོ་གཞོན་ནུའི་རྩེད་རོལ་བྱེད། །མ་བུ་ཀུན་གྱི་ས་མཁར་ཡིན། །མ་ཕྱི་ཀུན་གྱི་འདུག་གནས་ཡིན། ༈ །ད་གཡང་སྤང་སྐྱེས་གཅིག་བྱ་བ་དེས། །གནས་པ་རྒྱ་བྲག་གི་དཀྱིལ་དུ་འདུག །གཉེན་དགྲ་བླ་འབུམ་གྱི་འཁོར་གྱིས་བསྐོར། །གོ་ཆ་རྣོ་མཚོན་ཀུན་ལ་གནས། །སྐྱེས་བུ་དར་མའི་དགྲ་བླ་བྱེད། །དེ་ཕོ་ཕྱུའི་རྡེལ་གཅིག་དེ་ལ་ཟེར། །གཡུ་འབྲུ་སི་ལི་བྱ་བ་དེ། །གནས་ནི་ལྷོ་ཡི་ཕྱོགས་སུ་གནས། །ཤེལ་མཁར་ཟུར་གསུམ་རྩེ་མོ་ན། །གནམ་ལྕགས་འཕྲུལ་གྱི་རྨོག་ཞུ་མནབ། །དུང་གི་ཁྲབ་དཀར་སྐུ་ལ་


CMR042_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །འཇའ་ཚོན་སྣ་ལྔའི་རི་མོ་ཅན། །གཙོ་བོ་གཡའ་སྤང་སི་ལེ་མ། །སྐུ་ལ་རྩེ་བལ་འཐིབ་བ་མནབ། །དེ་ཁྱིམ་ཕྱུའི་རྡེལ་གཅིག་དེ་ལ་ཟེར། །འདིར་གཉིས་བབ་ན་གཡའ་སྤང་གྱོད་ལ་འཐོགས། །གཡུ་འབྲུག་ལ་མི་ཁ་མ་ཕོག་དགོས། །གཉིས་བབ་ན་མི་ཁ་ཕོག་པས་ངན། །ལར་གཅིག་པ་ཐམས་ཅད་ཆུ་དང་ས་ཡིན། །གཉིས་པ་མེ་གསུམ་པ་ཐམས་ཅད་ཤིང་། །བཞི་པ་ཐམས་ཅད་རླུང་ཡིན། །འགྲོ་བའི་མི་ཡི་མོ་འདེབས་ན། །ས་ཆུའི་བླ་རྡེལ་མང་ན་བཟང་། །སེམས་ཅན་ནོར་གྱི་མོ་འདེབས་ན། །།རླུང་གི་མོ་རྡེལ་མང་ན་བཟང་། །འདོ་བ་རྟ་ཡི་མོ་འདེབས་ན། །ཆུ་ཡི་བླ་རྡེལ་མང་ན་བཟང་། །ལར་གཅིག་པ་ཐམས་ཅད་ལྷ་ངོ་ཡིན། །ངོ་གསུམ་བརྩེགས་ན་སྔགས་ངོ་ཡིན། །གཉིས་པ་ཐམས་ཅད་གྱོད་ངོ་ཡིན། །གྱོད་གསུམ་བརྩེགས་ན་དུར་ངོ་ཡིན། །གསུམ་པ་ཐམས་ཅད་གྲོགས་ངོ་ཡིན། །གྲོགས་གསུམ་བརྩེགས་ན་སྲུང་ངོ་ཡིན། །བཞི་པ་ཐམས་ཅད་གཞི་གླིང་ཡིན། །བཞི་གསུམ་བརྩེགས་ན་འཁང་ངོ་ཡིན། །ཡུལ་མཁར་བཟུང་བའི་མོ་ལ་བཟང་། །ནད་པའི་མོ་ལ་ངོ་གསུམ་བབ་ན་སློང་ངོ་ཡིན། །ཕྱི་ཕྱུར་ངོ་གསུམ་བབ་ན་


CMR042_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ངོ་གྱོད་ངོ་གདོན་གྱི་ངོ་། ཕོའི་དུར་ངོ་ཕོ་ལ་ངན། མོའི་དུར་ངོ་མོ་ལ་ངན། ཕྱི་ཕྱིའི་དུར་ངོ་གཉེན་བཤེས་ལ་ངན། དེ་ལྟ་བུ་དང་དཔྱད་ཆེན་རྒྱས་པར་འདོད་ན་གཞུང་ཆེན་ལ་བལྟའོ།། ༈ འཕགས་པ་འཇམ་དཔལ་དབྱངས་ལ་གུས་བཏུད་ནས། །མ་སང་རྡེལ་མོ་ཤེལ་དཀར་མེ་ལོང་འདི། །རྐང་གཉིས་མི་རྣམས་ཀུན་གྱི་གྲོས་འདེབས་མཆོག །འགྲོ་ཀུན་བློ་ཡི་མུན་པ་ཀུན་བསལ་ནས། །ལེགས་ཉེས་སྟང་འཛིན་ཀུན་ཏུ་རབ་གསལ་ནས། །འགྲོ་ཀུན་ཡོངས་ལ་ཕན་པའི་རྒྱུར་གྱུར་ནས། །བཀྲ་ཤིས་དཔལ་གྱིས་ཡོངས་ཁྱབ་བདེ་ཞིང་ལྡན། །འབད་མེད་ལྷུན་གྲུབ་གོ་འཕང་ཐོབ་པར་ཤོག །རྡེལ་སྤྱད་སྣང་གསལ་སྒྲོན་མེ་འདི། །འཇམ་དབྱངས་རྡེལ་མོ་ཞེས་པ་ན། །གལ་གནད་གང་ཆེའི་མཁོ་ཚོགས་འདི། །༧ རཱ་ག་ཨ་སྱས་འཕྲལ་དུ་བསྒྲིགས། །ཉེས་འགལ་འཇམ་པའི་དབྱངས་ལ་བཤགས། །དགེ་བས་འབྲེལ་ཚད་པྲ་གསལ་ཤོག །སརྦ་མངྒ་ལྷ་ལཾ།། །། གྲྭ་མིག་བཞི་བཅུ་ཞེ་བརྒྱད་དུ་གཞུང་བཤད་ཀྱིས་བརྒྱན་པ་ཡོད།


CMR042_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཕྱུག་མི་རབ་གཏེར་དང་འཕྲད་ངོ་ཡིན། རྟ་བོར་གྱི་མོ་ལ་འདི་བབ་ན་ངེས་པར་རྩད་ཆོད་པས་བཟང་། མི་ནོར་འཛོམ། ཞོ་ཆང་འཕྲོད། ཁྱིམ་བདག་མོ་ཚེ་རིང་། སེམས་ཅན་སྤུ་ནག་གི་བོར་སྟོར་ལ་འདི་བབ་ན་བཟང་སྟེ་ར་རིང་འོང་། །འདི་སྲུང་མའི་ལྷས་འགོ་ས་ཡུལ་བཟུང་བའི་མོ་ལ་བཟང་། །རྟ་དཀར་མཚན་ཅན་ལག་ཏུ་ཕོག་ངོ་ཡིན་པས་བཟང་། འདི་རུ་སོང་བྱ་བྲལ། ལམ་བྱ་བྲལ། མཐུ་སྐྱ་རྒྱུག མགྲིམ་པ་ཨེ་འོང་ན་འདི་བབ་ན་ངེས་པང་ཡོང་། འདི་ཚང་མོ་ལ་ལྷག་པར་བཟང་བར་བཤད། འདི་བབ་ན་སྒོ་བཞི་འཁྲུགས་ཞེས་ཡུལ་མི་ཟིན། འདི་འགུར་འཚེར་རྒན་མོ་ལ་ཁར་ཕྱིན། ཚོང་མོ་ལ་བཟང་གཞན་ལ་ངན།


CMR042_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོ་འབྲུག་སྟེ་ཁམས་ས་ཁམ་སྤར་ཁ་ཟོན་ཤར་ཕྱོགས་སྟག་ཡོས་ལོ་སྟེ་ཁམས་ཤིང་སྤར་ཁ་ཟིན། བྱང་གླང་ལོ་ཁམས་ས་སྤར་ཁ་གིན། ༨ ལྷོ་རྟ་ལོ་སྦྲུལ་ལོ་ཁམས མེ་སྤར་ཁ་ལི་ ༩ འདི་ནད་པ་ཡིན་ཉལ་ས་སྟེ་མོའི་སྲོག་རྩ། ༡༣༤ བཟང་། བྱང་བྱི་བ་ཕག་ལོ་ཁམས་ཆུ་སྤར་ཁ་ཁཾ་ ༡། ལྷོ་ནུབ་ལུག་སྟེ་ཁམས་ས་སྤར་ཁ་ཁོན་ ༢ ནུབ་བྱ་ལོ་སྤྲེལ་ལོ་ཁམས་ལྕགས་སྤར་ཁ་དྭ་ ༧ ནུབ་བྱང་ཁྱི་ལོ་ཁམས་ས་སྤར་ཁ་ཁེན་ ༦ ལྷ་ཕྱྭ་དང་པོ་དགྲ་བླ་ཁྱུང་རྒྱ་མཚོ་ས་ཟེར། གཡའ་སྤང་སྐྱེས་གཅིག་གི་ས་ཟེར། བྱིས་པ་སོགས་ཆུང་གསུམ་གྱི་རྩེ་ས་འོག་རྟ་མཛོ་ཁལ་གྱི་ཕྱུ། མ་གནམ་སྨན་དཀར་མོའི་ཕྲུ་ནད་པའི་སྨན་ཕོར། གཡུ་འབྲུག་སི་ལི་མའི་ས་ས་མལ་མ་འབྲིའི་ཕྱུ། གཞོན་མ་ར་ལུག་ཀོང་ཕྲན་དང་གྱི་ཟེ་བ་བང་མཛོད་ཀྱི་ཕྱྭ། སྲིན་པོ་ཉ་རིང་ཁྲག་མིག་གི་ས་སྟེ་དགྲ་ཕྱུ་གོང་མ། འདི་སྲིན་མོ་ཕག་ཞོན་གྱི་ས་དགྲ་ཕྱུ་བར་མ་མ་དར་དགོས་དར་ན་ངན། འདི་ཉན་པའི་ཁྱི་མོ་སྣ་གསང་གི་ཕྲུ་ཟོར་སྒོ་ཐེམ་ཕྱི་མ།


previousའཕགས་པ་འཇམ་དཔལ་གྱིས་མཛད་པའི་རྡེལ་མོའི་ཐབས་དཔྱད་གསལ་བའི་མེ་ལོང་།next