Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
བཅུ་གསུམ་ཚུགས་ཀྱི་མོ་ཡིག་མངོན་ཤེས་འཕྲུལ་གྱི་མེ་ལོང་ནམ་མཁའ་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུ་གསུམ་ཚུགས་ཀྱི་མོ་ཡིག་མངོན་ཤེས་འཕྲུལ་གྱི་མེ་ལོང་ནམ་མཁའ་གསལ་བ།next

བཅུ་གསུམ་ཚུགས་ཀྱི་མོ་ཡིག་མངོན་ཤེས་འཕྲུལ་གྱི་མེ་ལོང་ནམ་མཁའ་གསལ་བ།


CMR042_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ཚུགས་ཀྱི་མོ་ཡིག་མངོན་ཤེས་འཕྲུལ་གྱི་མེ་ལོང་ནམ་མཁའ་གསལ་བ་ཞེས་བྱ་བ་བཞུགས་སོ།། རྒྱ་གར་སངས་རྒྱས་ཆོས་མོ་ཁྱད་པར་ཅན་གྱི་རྣོ་མཐོང་ཟེར་བའི་བཅུ་གསུམ་ཚུགས་བཏབ་པ་ནི། འདེབས་མཁན་གྱིས་སེམས་ཀློད་ཅིང་མོ་ནས་ཕུད་ལྷག་རྣམས་བྲེ་གང་མཆོད་ཅིང་མོ་བདར་བ་ནི་འདི་སྐད་དོ།།


CMR042_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མཿསངྒྷ་ཡ། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། །དགེ་འདུན་གྱི་བདེན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་གྱི་བདེན་པས་མོ་ཕོབ། འཕགས་པ་ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པ་རྣམས་ཀྱིས་མོ་ཕོབ། འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མོ་ཕོབ། རིགས་ལྔའི་སངས་རྒྱས་དང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་མོ་ཕོབ། མཁྱེན་རབ་ཀྱི་མངའ་བདག་


CMR042_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་མོ་བདར། ཐུགས་རྗེ་དང་སྙིང་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས་ལ་མོ་བདར། མཐུ་སྟོབས་ཀྱི་མངའ་བདག་དཔལ་ཕྱག་ན་རྡོ་རྗེ་ལ་མོ་བདར། ཤེས་རབ་ཆེ་བའམ་མཆོག་ཤཱ་རིའི་བུ་སོགས་འཕགས་པ་ཉན་ཐོས་ཆེན་པོ་བརྒྱད་ལ་མོ་བདར། འཕགས་པ་ཀླུ་སྒྲུབ་སོགས་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལ་མོ་བདར། ས་ར་ཧ་དང་ཀུ་ཀུ་རི་པ་སོགས་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ལ་མོ་བདར། ཕ་གཅིག་དམ་པ་རྒྱ་གར་སོགས་གྲུབ་ཐོབ་ཕོ་མོ་བཞི་བཅུ་ལ་མོ་བདར། ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་ནས་བརྒྱུད་པའི་རྙིང་མ་


CMR042_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའམ་རིག་འཛིན་གསར་མ་བརྒྱུད་པའི་བླ་མ་རྣམས་ལ་མོ་བདར། ཐེག་པ་དགུ་དང་རྒྱུད་སྡེའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་མོ་བདར། ཞིང་དང་གནས་ཡུལ་དུར་ཁྲོད་ལ་གནས་པའི་དཔའ་བོ་མཁའ་འགྲོ་ཐམས་ཅད་ལ་མོ་བདར། སངས་རྒྱས་ཀྱི་ཆོས་སྐྱོང་བར་མཛད་པའི་ཆོས་སྐྱོང་སྲུང་མ་ཐམས་ཅད་ལ་མོ་བདར། ལྷ་ཆེན་པོ་བརྒྱད་ལ་མོ་བདར། ཀླུ་ཆེན་པོ་བརྒྱད་ལ་མོ་བདར། གཟའ་ཆེན་པོ་བརྒྱད་ལ་མོ་བདར། ནོར་སྲུང་ཆེན་པོ་བརྒྱད་ལ་མོ་བདར། འཇིགས་བྱེད་ཆེན་པོ་དགུ་ལ་མོ་བདར། རྒྱལ་པོ་ཆེན་པོ་བཞི་ལ་མོ་བདར། རྒྱུ་སྐར་ལྷ་མོ་ཉི་ཤུ་རྩ་བརྒྱད་ལ་མོ་བདར། དཔལ་མགོན་བདུན་ཅུ་རྩ་ལྔ་ལ་མོ་བདར། ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་གཙོར་མཛད་པའི་རྩིས་ལྷ་སུམ་བརྒྱ་དྲུག་ཅུ་དང་རྫུ་འཕྲུལ་ལ་དབང་ཞིང་མངོན་ཤེས་སྟོན་པའི་མོ་ལྷ་སུམ་བརྒྱ་དྲུག་ཅུ་ལ་མོ་བདར། བསྲོ་བསྲོ་མོ་ཡི་མྱེས་པོ་མི་ཤེས་དགུ་ཤེས་ཤེས་བཞི་མཐོང་བརྒྱད་རྣམས་ཀྱིས་མོ་ཕོབ། རྣོ་མཐོང་མོ་ལྷའི་རྒྱལ་པོ་རྣམས་ཀྱིས་མོ་ཕོབ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་གྱི་དོན་དུ་མོ་ལེགས་པར་སྟོན་ཅིག །བསྲོ་བསྲོ་མོ་ལ་དགའ་བ་


CMR042_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཕ་བདར། ཡབ་བདར། ཡབ་ཚངས་པ་གསེར་གྱི་རྒྱལ་པོ་བདར། མ་བདར། ཡུམ་བདར་ཡུམ་གཡུའི་ན་ཁྲ་སྔོན་ལ་མོ་བདར། སྲིན་པོའི་མཚོ་ལ་མེ་འབུད་པ་ལྷབ་ཀྱིས་འབར་བ་ལ་མོ་བདར། རྣོ་མཐོང་མོ་ལྷའི་རྒྱལ་པོ་རྒྱལ་མོ་རྣམས་ཀྱིས་མོ་ཕོབ་ཅིག །གཞན་ཡང་ལོ་ལྷ་སུམ་བརྒྱ་དྲུག་ཅུའི་ལྷ་ལ་མོ་ཕོབ་ཅིག །སྟོང་གསུམ་སྲིད་པའི་གཞི་བདག་དང་། འཛམ་གླིང་འདི་ཡི་གཞི་བདག་ལ་མོ་བདར། སྒོས་གངས་ཅན་བོད་ཀྱི་གཞི་བདག །ཡང་དགོས་ས་ཆ་འདི་ཡི་གཞི་བདག་ཕ་རི་ཚུ་རི་ཉིན་སྲིབ་ལ་གནས་པ། སོགས་དང་ཕ་མྱེས་རྒྱུད་ཀྱི་དགྲ་ལྷ་སོགས་ཞེས་པ་ནས་མོ་བདར་རོ་དེ་ནས། ཁྱེད་རྣམས་ལ་རྫུན། ང་མ་བསླུ། མགོ་མ་གཡོག །ཞལ་མ་བསྐུང་། །གཏིང་མ་བཀག །མོ་འདི་དྲང་དུ་ཕོབ་ཅིག །བདེན་བརྫུན་གཉིས་ཀྱི་ཤན་ཕྱེས་ཤིག །ཡག་ཉེས་གཉིས་ཀྱི་སྟོང་ཆོད་ཅིག །ཏིག་ཏིག་ཏུ་ཕོབ། གསལ་གསལ་དུ་སྟོན། འམ་འམ་དུ་བྲིས། སིང་སིང་དུ་སྨོད་ཅིག །གཞན་ཅི་ལི་བྱ། ཀུན་ལི་སྨོད། དོ་གལ་ཁྱད་པར་ཅན་གྱི་མོ་སྒོ་འདི་སྨོད་པ་ཡིན་པས་གསལ་ལྷང་ལྷང་དུ་ཕོབ་ཅིག་སྟོན་ཅིག །ཅེས་


CMR042_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ནས་ཕྲེང་བ་ལྷུ་གཅིག་བཅད་ནས་ལྷུ་དེ་ལའང་བཞི་རེ་བཅད་པའི་རྗེས་སུ་ལུས་པ་དེའི་གྲངས་ལ་ནས་འབྲུའམ་རི་མོ་བྲིས་པ་དེ་གཅིག་པ་དང་། དེ་ལྟ་བུའི་བཅད་ལུགས་བཅུ་གསུམ་གྱི་བར་དུ་བྱས་ནས་བཅད་པ་ནི་མོ་རྐྱང་ཞེས་པའོ། །བཅུ་གསུམ་དང་པོ་ཚར་གཅིག །བར་དུ་ཚར་གཅིག་ཐ་མ་ཚན་གཅིག་བྱས་ནས་གསུམ་དུ་དཔྱད་པ་ནི་ངེས་པ་ཅན་དུ་འབྱུང་བའོ། །དེ་ནས་མོ་ཡི་འབྲེལ་པ་བཤད་པ་ནི། ནད་པའི་མོ་ལ་གཅིག་ཡིན་ན། ངོ་མཐོང་མང་པོ་འབྱུང་ན་རྐང་ཐང་གཉིས་འགྲུལ་དང་མི་དམེ་ཕོ་གདོལ་ཅན་གདོན། ནད་ནི་ཚ་བ། དགེ་མཆོད་བྱ་དགོས། མོ་དག་མང་པོ་བྱུང་ན་གཟེར་ངོ་ཡིན། ནད་ཚ་གྲང་འདྲེས་པའི་ངོ་ཡིན། དམེ་ཕོ་དང་བོན་པོའི་གདོན། ༈ ཁ་སྨྲས་མང་པོ་བྱུང་ན་ཡུགས་ས་མ་དང་དབང་པོ་མ་ཚང་བའི་གདོན། ནད་བད་ཀན་ཡིན། ལྷ་བསང་བྱ། ༈ ཕྱི་དལ་མང་པོ་བྱུང་ན་སྐྱ་མི་དང་རྐང་ཐང་གདོན། ནད་རླུང་ཡིན། ཡས་སོགས་བྱ། གསུང་རབ་ཀློག་པ་དང་སིང་སྟོན་བྱའོ།། ༈ ད་སྤྱི་དཔྱད་ནི་གཅིག་པ་ཐམས་ཅད་ངོ་མཐོ་ཡིན། གཉིས་པ་ཐམས་ཅད་ཁ་སྨྲ་ཡིན། གསུམ་པ་ཐམས་ཅད་མོ་དག་གྲོགས་ངོ་ཡིན། ༠༠ བཞི་པ་ཐམས་ཅད་ཕྱི་དལ་ཡིན། ༠་དེ་ལ་གཅིག་བཟང་། གཉིས་ངན།


CMR042_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཟང་། ༠༠ བཞི་འབྲིང་ཙམ་ཡིན་ནོ། །ད་ལོ་པ་ལ་དཔྱད་པ་ནི། ༅། གཅིག་པ་བྱི་བ་ལོ་པའི་ལོ་ལམ་ཡིན། རང་ས་འགྱུར་མེད་ཡིན། རྡོག་པོ་ཆས་པའི་དང་པོ་ཡིན། འདུག་ན་གཞི་ཡིན། འགྲོ་ན་ལམ་ཡིན། ༅། གཉིས་པ་གླང་ལོ་པའི་ལོ་མལ་ཡིན། སྒོ་ཕྱི་ནང་གཉིས་ཀྱི་ས་མཚམས་ཡིན། གྲུ་ཁ་རབ་སོའི་ས་མཚམས་ཡིན། བུ་སྲིང་གླང་རིང་ཡིན། ཉི་མ་ཤར་ཕྱོགས་ཀྱི་དགྲ་ས་ཡིན། བུ་མོའི་མཐའ་ཕྱུ་ཡིན། ཁྱིམ་མཚེས་དང་བྲན་འཁོར་གྱི་ཕྱུ་ཡིན། གཉིས་པ་འདི་བཟང་དགོས། ། གསུམ་པ་སྟག་ལོ་པའི་ལོ་མལ་ཡིན། སྙིང་དགའ་བ་རྣམས་ཀྱི་དང་པོ་ཡིན། ཐབ་འགྲམ་དང་སྐྱེས་འགྲམ་བུ་ཚ་ཆུང་གསུམ་གྱི་ཕྱུ་ཡིན། མགྲོན་པོ་ཤ་ཆང་གི་ཕྱུ། ཁྱིམ་པའི་མ་ཁོལ་ཆུང་བ། གྲོགས་ཁྱུ་དང་བློ་ཕྲུ་ཆུང་བ་ཡིན། །བཞི་པ་ཡོས་ལོ་པའི་ལོ་མལ་ཡིན། གྲོགས་ཕྱུའི་སྤྱང་ར་ཆེ་བ་ཡིན། ཁྱིམ་པའི་ཆུང་བ་བདུད་རྩིའི་སྨན་ཕོར་ཡིན། སྨན་འཚོ་ནད་པའི་ཁར་རླུག་པ་ཀླུ་ཁྱིམ་ཡོད་ཀྱི་ཀ་བ་བཙུགས་པ་ཡིན། ལྔ་བ་འབྲུག་ལོ་པའི་ལོ་མལ་ཡིན། དགྲ་དར་ལ་རབ་ཀྱི་ཕྱུ་ཡིན། འདྲེ་གདོན་གཉིས་ཀྱི་ཕྱུ་ཡིན། རྐུན་མའི་ཕྱུ་ཡིན། བུ་སྲིང་དང་མག་པའི་ཕྱུ་ཡིན། སྨན་པའི་ཕྱུ་ཡིན། ཉི་མ་ལྷོ་ཕྱོགས་ཀྱི་


CMR042_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཕྱུ་ཡིན། དྲུག་པ་སྦྲུལ་ལོ་པའི་ཕྱུ་མལ་ཡིན། མ་པང་དང་བཞོན་ཟོ་ཡིན། བ་དང་མཛོ་མོའི་ཕྱུ། རྟ་རྒོད་མ་དང་ཆང་རྫས་པའི་ཕྱུ། བྱའི་སྒོ་ང་དྲང་ཕྱུ་ཡིན། རང་ཕྱུ་ཡིན་པས་བཟང་དགོས། བདུན་པ་རྟ་ལོ་པའི་ལོ་མལ་ཡིན། སྐྱེས་དར་མ་དང་རྟ་ཕོ་མཛོ་ཕོའི་ཕྱུ། ཕ་ཡུལ་དང་འོག་རྟ་འགེལ་མཛོ་མདའ་གཞུ་སྒ་སྟན་གྱི་ཕྱུ། གཞིའི་ཁྱིམ་མཛེས། བྱེས་ཀྱི་འགྲོན་རོགས། སྨན་ཤིང་གི་ཡལ་ག་བཞིན་ནོ། །བརྒྱད་པ་ལུག་ལོ་པའི་ལོ་མལ་ཡིན། སྨན་ཤིང་གི་སྡོང་ཕྱིའི་ལྕགས་རི་ཡིན། སངས་རྒྱས་ཆོས་ཀྱི་བསྒོམ་ཁང་ཡིན། བནྡེ་དང་སྐྱེས་དར་མའི་ཕྱུ་ཡིན། རང་ཕྱུ་འགྱུར་མེད་ཆོས་ཀྱི་སྙིང་པོ་ཡིན། །དགུ་པ་སྤྲེལ་ལོ་པའི་ལོ་མལ་ཡིན། ཉི་མ་ནུབ་ཕྱོགས་ཀྱི་དགྲ་ཕྱུ། གཉན་དང་ས་བདག་བདུད་ཀྱི་གཤར་ལམ། གནམ་སྒོ་ཡིན། །ཕྱི་ཕྱུ་འགྱུར་མེད་ཡིན། །བཅུ་པ་བྱ་ལོ་པའི་ལོ་མལ་ཡིན། བརྒྱའི་ཚོང་ཕྱུ་ཡིན། ལ་ཁ་མཐོ་ཕྱུ་ཡིན། མོའི་ཁག་བཟུང་ཡིན། ཁྱིམ་ཕྱུ་ཆེ་བ་ཡིན། མོ་བཙུན་གྱི་ཕྱུ། ཟས་ནོར་སྙིང་དམར་ཅན་གྱི་ཕྱུ། གྲོགས་ཁྱུ་དོན་ཕུ་ཆེ་བ་ཡིན། རྒོད་མ་དང་མཛོ་མོའི་ནུ་མ་ཐོན་ཕྱུ་ཡིན། །བཅུ་གཅིག་ཁྱི་ལོ་པའི་ལོ་མལ་ཡིན། དགྲ་བླའི་གནས་ཕྱུ་ཡིན། རང་ཕུ་འགྱུར་མེད་ཡིན།


CMR042_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ཤིང་རྩེ་རྒྱལ་ཡིན། ལྷ་མཆོད་པའི་ཕྱུ་ཡིན། བདུད་དང་བཙན་དང་རང་ཕྱུ་ཡིན། ཕ་ཁུ་རྒན་རབས་དང་མ་ཕྱི་རྒན་རབས་ཀྱི་ཕྱུ་ཡིན། ཟས་ནོར་གང་དམར་ཕྱུ་ཡིན། བཅུ་གཉིས་ཕག་ལོ་པའི་ལོ་མལ་ཡིན། རིམ་གྱི་ཤ་མཐའ་ཨེ་རིང་ཡིན། ཕྱི་ཕྱུ་འགྱུར་མེད་ཡིན། ཤ་མཐའ་བྲན་དམར་ཡིན། ཉི་མ་ཕྱོགས་ཀྱི་དགྲ་ཕྱུ་ཡིན། ཕྱི་ཕྱུ་ལ་ལོང་དགོས། དགྲ་ཨེ་འོང་དེ་ཡིས་ཤེས། །བཅུ་གསུམ་པ་ཐ་མ་གནས་ཕུགས་ཡིན། བླ་མ་སློབ་དཔོན་གོང་མ་ཆོས་བརྒྱུད་བན་བཙུན་གྱི་ཕྱུ་ཡིན། ཕྱི་ཆ་མདའ་ཀྱང་ཡིན། སང་ཕོད་དེང་སང་ཡིན། དཔག་བསམ་ཤིང་གི་རྩེ་མོ་ཡིན། རྨ་བྱའི་གསུང་སྙན་སྒྲོགས་པའི་ཕྱུ་ཡིན་པས་བཟང་དགོས། ༈ ད་ཁྱིམ་ཕྱུ་ལ་བཏབ་པ་ཡིན་ན་འདི་ལྟར་དཔྱད། གཅིག་པ། བཞི་པ། དྲུག་པ། བདུན་པ། བརྒྱད་པ། བཅུ་པ། བཅུ་གཅིག །བཅུ་གསུམ་རྣམས་བཟང་དགོས། གལ་ཏེ་གཅིག་པ་འགྱོད་ན་ས་བདག་དབང་ཆེན་བྱ། གཉིས་པ་འགྱོད་ན་ས་སྒོ་བཅད། གསུམ་པ་འགྱོད་ན་ཆུང་གསུམ་ལ་སིང་སྟོན་བྱ། བཞི་དང་དྲུག་འགྱོད་ན་ཆོས་ཀློག །སྟོན་མོ་བྱ། བདུན་བརྒྱད་འགྱོད་ན་བསྐང་བ་ཚོགས་འཁོར་བྱ། དགུ་པ་བཅུ་པ་འགྱོད་ན་གཡུང་དྲུང་གི་གཏོ་ཐིག་བྱ། བཅུ་གཅིག་འགྱོད་


CMR042_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ན་དགྲ་བླའི་བསང་མཆོད་བྱ། བཅུ་གཉིས་འགྱོད་ན་ངོམ་གྱི་བཅོས་པ་བྱ། བཅུ་གསུམ་པ་འགྱོད་ན་ཕ་བཙུན་གྱི་བཅོས་པ་བྱའོ། ༈ །ད་ཁྱིམ་ཕྱིའི་ཁོག་དཔྱད་དང་ཕྱི་ཕྱུ་དཔྱད་པ་ནི། ཕྱི་ཕྱུའི་། དགྲ་ཕྱུ་བཞི་ནི། གཉིས་པ། ལྔ་པ། དགུ་པ། བཅུ་གཉིས་པོ་དང་བཞི་ཡིན། དེའི་ནང་དུ་ལྔ་དང་བཅུ་གཉིས་དབང་ཆེ། བཅུ་གཉིས་ལ་མོ་དག་བབ་ན་གྲོགས་ཕྱི་ས་ལ་འགྲོ་ངོ་རང་ཡིན། །ཁོག་དཔྱད་ནི། གཅིག །གསུམ། བཞི། དྲུག །བདུན། བརྒྱད། བཅུ། བཅུ་གཅིག་པ་སོགས་ཚན་པ་བརྒྱད་པོ་རང་ཕྱུ་ཡིན་པས་དགོས། མཁར་འཛིན་རྩེ་འཛིན་དབང་ཆེ་བས་བཟང་དགོས། དེའང་སྲོག་མིག་སྙིང་གསུམ་ནི། གཅིག་པ་མོའི་མིག །བཅུ་གཅིག་སྲོག །བརྒྱད་པ་སྙིང་། བཅུ་མོའི་སྙིང་ཁྱིམ་ཡིན། ༈ ད་ནི་དོན་ཕྱུ་ཞིག་བཏབ་ན། །གསུམ་དང་བཅུ་དང་བཅུ་གསུམ་ལ་ངོ་མཐོ་བབ་ན། དོན་འགྲུབ་ལ་སྡོད་དོན་འཕྲོད། དེ་གསུམ་ཁ་སྒྲ་དང་ཕྱི་དལ་བབ་ན་དོན་མི་འགྲུབ་མི་འཕྲོད། ༈ ད་སྲོག་ཕྱུའི་རིགས་ལ་བཏབ་པ་ཡིན་ན། དང་པོ་སྐྱེས་དར་མ་ཡིན་ན། གཅིག །བཞི། བདུན། བརྒྱད། བཅུ། བཅུ་གཅིག་རྣམས་བཟང་དགོས། དེ་རྣམས་ངན་ན་བཟློག་པ་བྱ། ཚོགས་གསོག་བྱ། མཚུན་བཅོས་དང་གྲི་བྲུབ་བྱ། ཚེ་


CMR042_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་བྱ། བུ་ཚ་ཆུང་གསུམ་ཞིག་ཡིན་ན།། གསུམ། བཞི། དྲུག །བརྒྱད། བཅུ་གཅིག་བཟང་དགོས། གསུམ་ངན་ན་ཆུམ་ཆུང་གསུམ་ཡས་བོར། དྲུག་ངན་ན་བསྲུང་བཏབ་བྱ། བརྒྱད་ངན་ན་ལྷ་ངོ་བསྟོད། བཅུ་གཅིག་ངན་ན་འབྲུ་ཕ་གསུམ་གྱི་གླུད་མདོས་བོར། ཚེ་རྫི་འདོན། ཆུང་ཡས་བོར། ༈ མི་རྒན་ཞིག་ཡིན་ན། བཞི། བདུན། བརྒྱད། བཅུ། བཅུ་གཅིག་རྣམས་བཟང་དགོས། དེ་རྣམས་ངན་ན་རྟ་རྒན་གྱི་གཞུང་རུས་དང་། ཚེ་ཟད་པའི་ས་རྡོ་ཤིང་གསུམ་གྱི་ཡས་བོར། མཚུན་བཅོས་བྱ། དགྲ་བླའི་བསང་མཆོད་དང་གཡང་སྐྱབས་བྱའོ།། ༈ ད་ཁྱིམ་བཟུང་བུད་མེད་ཀྱི་སྲོག་ཕྱུ་ཡིན་ན། བཞི། དྲུག བཅུ་བཟང་དགོས། དེ་གསུམ་ངན་ན་ཁྱི་མོའི་གཞུང་རུས་དང་། ཡུག་པོའི་རྩམ་པས་ངར་མི་དང་། སྲིན་མོའི་མདོས་བྱའོ།། ༈ བུ་མོ་ཆུང་གསུམ་མམ་དར་མའི་སྲོག་ཕྱུ་ཡིན་ན། གཉིས། དྲུག་བཟང་དགོས། དེ་ངན་ན་འཇོལ་མོང་གསོབ་རབ་དང་རབས་ཆད་ཀྱི་ཆངས་བསྐྱད་བོར། ༈ བནྡེའི་སྲོག་ཕྱུ་ལ། གཅིག །བདུན། བརྒྱད། བཅུ་བཟང་དགོས། དེ་རྣམས་ངན་ན་ཀློག་འདོན་འབྱུང་བཞིའི་ཚ་ཚ། ཆུ་གཏོར་དང་ཟློག་པ། མཆོད་རྟེན་བཞེངས། བསྐང་བཤགས་དང་ཚེ་སྒྲུབ་


CMR042_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། བརྒྱད་པ་བཟང་ན་ཞེས་པའོ།། ༈ བོན་པོའི་སྲོག་ཕུ་ལ། བཞི། བདུན། དགུ། བཅུ་གཅིག་བཟང་དགོས། དེ་རྣམས་ངན་ན་གཤིན་རྗེ་ལ་འཇལ། ཐར་སྒོ་བྱ། ཞི་བ་བསྐང་བཤགས་བྱའོ། །དེ་རྣམས་བྱས་སྐབས་བདེ་བའི་དུས་ཀྱི་སྲོག་ཕྱུའི་དཔྱད་ཐིག་གོ ། ༈ ད་ནད་པའི་རིགས་ཀྱི་སྲོག་ཕྲུ་ལ་སྤྱི་དཔྱད་དང་སྒོས་དཔྱད་གཉིས་ལས། དང་པོ་སྤྱི་དཔྱད་ནི། ཕྱི་ཕྱུ་|ཐམས་ཅད་ཕྱི་དལ་དགོས། མོ་ཁོག་བཟང་དགོས། སྐྱེས་པ་བུད་མེད་ཆུང་གསུམ་གང་ཡིན་དེའི་རང་ཕྱུ་བརླིང་དགོས། ཕྱི་ཕྱུ་འཛམ་དགོས། མོའི་རྩེ་མོ་ཐོན་དགོས། སྒོས་སུ་དཔྱད་པ་ནི། བུད་མེད་ལ་དྲུག་དང་བཅུ་བཟང་དགོས། དེ་བཞིན་དུ་བུ་མོ་ལ་གཉིས་དང་བཞི། བནྡེ་ལ་བརྒྱད་དང་བཅུ་གསུམ། བོན་པོ་ལ་དགུ། སྨན་པ་ལ་བཞི་དང་བདུན། སྐྱེས་དར་མ་ལ་བདུན། མ་ཕྱི་ལ་བཅུ། བུ་ཚ་ལ་གསུམ་སོགས། དེ་རྣམས་འོང་ཆེ་བས་བཟང་ངན་དཔྱད་པ་དང་། དེའི་གནས་མལ་དང་གཞི་འཛིན་རྩེ་འཛིན་གསུམ་དཔྱད་པ་གལ་ཆེ། བདུན་པ་ནད་པའི་ཉལ་ཕྱུ་ཡིན་པས་ངན་དགོས། བརྒྱད་པ་ནད་པའི་མགོ་སྔས་ཡིན་པས་བཟང་དགོས། ༈ ད་མགྲོན་ཕྱུ་ལ་བཏབ་པ་ཡིན་ན། ཕྱི་དལ་ཆེ་དགོས། རང་ཕྲུ་དར་དགོས། ཡང་ན་ཕྱི་བཟང་ནང་བཟང་བྱུང་ན་ཕོ་ཉ་


CMR042_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཆོས་ཡིན། རང་ཕྱུ་དར་ནས་ཕྱི་ཕྱུ་ངན་ན་དགྲ་མེད། རང་ཕྱུ་གཅིག་དང་གསུམ་བབ་ན་ཕྱི་ཕྱུ་གཉིས་དང་བཞི་བབ་ན། ཟིན་གྱི་དམུ་གབ་དགྲ་ལ་བཀབ་ངོ་ཡིན། དེ་བར་དང་མཐར་བཟློག་བྱུང་ན་དགྲ་ཡི་དམུ་གབ་ཀྱི་ཟིན་བཀབ་ངོ་ཡིན་པས་དགྲ་བྲུབ་བྱ། གཅིག་བདུན་བཅུ་གཅིག་ལ་ཁ་སྨྲས་བབ་ཅིང་། གཉིས་ལྔ་དགུ་བཅུ་གཉིས་ལ་ངོ་མཐོ་བ་ན་བྲོས་མི་ཁོམ་ངོ་ཡིན་པས་ཡུལ་དེར་སེར་བ་དང་གཅན་གཟན་སོགས་ཟིན་འགྲོགས་བྱུང་ན་དེས་ཐུབ། དེ་མ་བྱུང་ན་དགྲ་བོ་བྲུབ་ས་ཤིན་ཏུ་གལ་ཆེ། ༈ ད་ནི་ཨེ་འོང་མི་འོང་གི་མོ་ཡིན་ན། གཅིག་མོ་དག །གཉིས་ཁ་སྨྲས་བབ་ན་ཤུལ་རྡོ་ཡོད། གཅིག་མོ་དག་གཉིས་ལ་བཞི་བབ་ན་ཕྱི་དལ་ཡིན། ཨེ་འོང་ན་ཕྱི་ཕྱུ་ངོ་མཐོ་བབ་ན་འོང་། ཨེ་འཕྲད་ན་འཕྲད། གསུམ་ལ་ངོ་མཐོ་བབ་ན་རྡོག་ཞབས་སུ་རླུང་སོང་བས་འོང་ངོ་། གཅིག་དང་གཉིས་ལ་ཁ་སྨྲས་བབ་ན་འོང་། ཕྱི་ཕྱུ་ལ་ཕྱི་དལ་དང་ཁ་སྨྲས་བབ་ན་མི་འོང་། མི་འཕྲད་དོ། །ཕྱི་བཟང་ནང་བཟང་བྱུང་ན་ཕོ་ཉ་རང་ཆས་ཡིན། ཕྱི་ངན་ནང་ངན་བྱུང་ན་དགྲ་ཕུང་ཟིན་བརླག་ཡིན། །༈ ད་ནི་གདོན་དོ་ཞིག་བཟུང་བ་ལ་བཏབ་ན། རང་ཕྲུ་དང་ཕྱི་ཕྱུ་གཉིས་རེ་བབ་ན། གྲི་བོའི་གདོན། གྲི་བོ་འདུལ་བའི་ཆོ་ག་བྱ། གྲི་ཡས་བོར། གཟུངས་


CMR042_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་༔ རང་ཕྱུ་ངོ་མཐོ་བབ་ནས་གཉིས་དང་ལྔ་ལ་ཁ་སྨྲས་བབ་ན། རྫས་ནག་དང་ཟས་ངན་ཟས་རླུང་ས་ཅན་གཅན་སློའི་གདོན། ཡང་ལྔ་ཡན་ཆོད་ལ་གཉིས་རེ་བབ་ན་ལྔ་ཡན་ཆོད་བཟང་ན། བུ་ཚ་བུད་མེད་གསུམ་ཀའི་འདྲེ་གདོན། ཤ་དམར་གདོན། གཟུངས་འདོན། ཁྲུས་འདོན་ཁྲུས་དང་བཤགས་པ་བྱ། ཡང་གཅིག་དང་དགུ་ལ་རེ་རེ་བབ་ནས་བཞི་དང་དྲུག་ལ་གཉིས་གཉིས་བབ་ན། ཞང་པོ་དང་དམེ་ཕོའམ་མི་རྐང་ཐང་དང་ཤ་དམར་གདོན། ལྔ་ལ་ངོ་མཐོ་བབ་ན་མི་དམར་བ་ཞིག་གིས་གདོན། ༈ ད་ནོར་མོ་ཞིག་བཏབ་ན། །གསུམ་པ་གྱོད་ན་བིལ་ལུག་ཆུང་གསུམ་ལ་ངན༔ དྲུག་པ་གྱོད་ན་སེམས་ཅན་མོ་རིགས་སྙིང་དམར་ཅན་ཅིག་ཤི། བདུན་པ་གྱོད་ན་ཕོ་རིགས་ལ་ངན། བརྒྱད་གྱོད་ན་སེམས་ཅན་སྣ་མ་ཞིག་ཤི། བ་ལ་བཞི་དང་དྲུག་བཟང་དགོས། འབྲི་ལ་བརྒྱད་དང་བཅུ་གཅིག་བཟང་དགོས། ལུག་ལ་གསུམ་དང་བརྒྱད་བཟང་དགོས། ར་ལ་གཅིག་དང་གསུམ་བཟང་དགོས། ༈ ད་ནི་རྟ་ལ་མོ་ཞིག་བཏབ་ན། གསུམ་གྱོད་ན་རྟེའུ་ལ་ངན། དྲུག་གྱོད་ན་རྒོད་མ་ལ་ངན། བདུན་གྱོད་ན་ཕོའམ་གསེབ་ལ་ངན། བརྒྱད་གྱོད་ན་ཕོ་རྒན་ལ་ངན། བཅུ་གྱོད་ན་ཕོ་མོ་གང་མང་རུང་བ་ལ་ངན་པས་རྟ་གཟུངས་འདོན། རྟ་བོན་རྟ་གླུད་འཇལ། རྟ་


CMR042_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བསང་བྱ། རྟ་བཅོས་ཤེས་ཚད་གཏོ་བྱ། ༈ ད་ནི་ལོ་ལ་མོ་ཞིག་བཏབ་ན། ལྔའི་བར་དུ་རེ་རེ་དང་གསུམ་གསུམ་རེ་བབ་ན་ཞིང་ལ་ལྗང་ཐོན་ལོ་ཡག །འགྱོད་ན་ངན་པས་ལོ་གཏོ་བྱ། བཞི་དྲུག་བརྒྱད་བཅུ་གཅིག །བཅུ་གསུམ་རྣམས་བཟང་དགོས། རང་ས་འགྱོད་ཅིང་ཕྱི་ཕྱུ་བཞི་ལ་རེ་རེ་གསུམ་གསུམ་བབ་ན་བཙའ་སད་སེར་གསུམ་འོང་བས་བསྲུང་བ་བྱའོ། ༈ ། ད་ནི་ཆང་མོ་ཞིག་བཏབ་ན། དྲུག་གི་བར་དུ་བསྒྲུང་བ་ཡིན་ཏེ། གཅིག་པ་ཆང་རྫ་འཛིན་པ། གཉིས་པ་ཆང་ཚོང་། གསུམ་པ་གླུ་འབྲུ། བཞི་བ་ཆང་ཟོམ། ལྔ་པ་ཁུར་ཐག །དྲུག་པ་མགྲོན་པོའི་ཕྱུ། ད་གཅིག་གྱོད་ན་རྫ་མའི་ཁ་སྨྲས་སོ། །གཉིས་གྱོད་ན་ཆང་ཚང་ལ་འདྲེ་ཞུགས་ངོ་ཡིན་པས་སྤོ་དགོས། གསུམ་གྱོད་ན་ཆང་བསྡད་དོ། །བཞི་གྱོད་ན་ཟོམ་མམ་ཕོམ་ལ་ཁ་སྨྲས་འོང་། ལྔ་གྱོད་ན་ཆང་ལ་ཁ་སྨྲས་འོང་། དྲུག་གྱོད་ན་མགྲོན་པོ་ལ་ཁ་སྨྲས་འོང་། ༈ ད་ནི་སྲིད་ཕྱུ་ལ་བཏབ་པ་ཞིག་ཡིན་ན། བརྒྱད་པ་ངོ་མཐོའམ་མོ་དག་བྱུང་ན་བུ་སྐྱེ། དྲུག་དང་བརྒྱད་ལ་ཕྱི་དལ་དང་ཁ་སྨྲས་བྱུང་ན་བུ་མོ་སྐྱེ། གཉིས་ལ་གསུམ་ལ་རེ་རེའང་བབ་ན་བུ་སྐྱེ། གཉིས་དང་གསུམ་བཞི། དྲུག་ལ་ཁ་སྨྲས་བྱུང་ན་སྲིད་འགོག ༈ ད་ནི་དབེན་ཕྱུ་ལའམ་ས་ཆ་ཡུལ་བཟུང་ལ་བཏབ་པ་ཞིག་


CMR042_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། གཅིག་ས་བདག་གནས་མལ་ཡིན་པས་བཟང་དགོས། གཉིས་ཧོམ་ཁུང་ཕྱག་གི་ཕྱུ་ཡིན་པས་རས་དགོས། གསུམ་གཏེར་ཕོར་གྲུ་གསུམ་གྱི་ཕྱུ་ཡིན་པས་བཟང་དགོས། བཞི་གླུ་ཁ་གཏད་པ་ཡིན་པས་བཟང་དགོས། ལྔ་དགྲའི་མ་ཏྲི་གི་ཕྱུ་ཡིན་པས་ངན་དགོས། དྲུག་རང་གི་གནས་མལ་གྱི་དལ་ཡིན་པས་བཟང་དགོས། བདུན་གྲོགས་མཆེད་པ་ཡིན་པས་བཟང་དགོས། བརྒྱད་བནྡེ་དང་མཆོད་རྟེན་གྱི་ཕྱུ་ཡིན་པས་བཟང་དགོས། དགུ་བྱེད་སྟག་དང་སློབ་དཔོན་གྱི་ཕྱུ་ཡིན་པས་བཟང་དགོས། བཅུ་མཐུ་ཆེན་དང་དབང་འཛིན་གྱི་ཕྱུ་ཡིན་པས་བཟང་དགོས། བཅུ་གཅིག་དགྲ་བླ་དར་འཛིན་གྱི་ཕྱུ་ཡིན་པས་བཟང་དགོས། བཅུ་གཉིས་ངམ་གྱིལ་བྱང་གི་དགྲ་ཕྱུ་ཡིན་པས་རལ་དགོས། བཅུ་གསུམ་དཔག་བསམ་ཤིང་གི་རྩེ་མོ་ཡིན་པས་བཟང་དགོས། ༈ ད་ནི་ཇག་རྒྱུག་པའམ་དགྲ་ལ་རྒོལ་བ་བྱེད་པའི་མོ་ཡིན་ན། མོ་ཁོག་གི་ས་ཆ་ཡུལ་བཟུང་དང་འདྲ་སྟེ། རིང་ཕྲུ་དར་ནས་ཕྱི་ཕྱུ་ཆགས་ན་དགྲ་ཐུབ། ཕྱི་ཕྱུ་དར་ནས་རང་ཕྱུ་ཆགས་ན་རང་ཕུང་། །ཕྱི་འགྱོད་ནང་འགྱོད་དགྲ་ཕུང་ཟིན་བརླག་འོང་། ནང་དར་ནས་ཕྱི་ཆགས་ན་རང་རྒྱལ། ཕྱི་དར་ནས་ནང་ཆགས་ན་དགྲ་རྒྱལ་བའོ། ༈ །ཡང་བྱེད་འདྲེན་པ་ཞིག་ལ་བཏབ་པ་ཡིན་ན། བརྒྱད་སངས་རྒྱས་ཆོས་


CMR042_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱུ་བཟང་ན་བརྗེ་རྒྱལ། དགུ་བཟང་ན་བོན་པོ་རྒྱལ། ༈ བྱད་ཨེ་ཟུག་མི་ཟུག་ལྟ་བ་ལ། ལྔ་དང་བདུན་ལ་དཔྱད། ལྔ་ཆགས་ནས་བདུན་དར་ན་ཟུག །ལྔ་དར་ནས་བདུན་ཆགས་ན་མི་ཟུག ༈ །ཚུར་ལོག་མི་ལོག་ལྟ་བ་ནི། བརྒྱད་དང་བཅུ་གཉིས་དར་རྒུད་དཔྱད། གཉིས་ཀ་དམའ་ན་ལོག་ངོ་ཡིན། བརྒྱད་ངན་ཅིང་བཅུ་གཉིས་བཟང་ན། བཟང་ལམ་ངན་གྱིས་ཆོད་པས་ལོག་གོ །བརྒྱད་བཟང་བཅུ་གཉིས་ངན་ན་མི་ལོག་གོ །བརྒྱད་སངས་རྒྱས་ཆོས་ཀྱི་ཕྱག་རྩེ་བནྡེའི་གནས་མལ་ཡིན་པ་དར་དགོས། དགུ་གཤེན་རབ་ཀྱི་ས་ཡིན་པས་དར་ན་བོན་པོ་རྒྱལ། །དེ་ལྟར་དཔྱད་པར་བྱའོ། ༈ །ད་ནི་རེ་རེ་བཞིན་དུ་རང་རང་གོང་དཔྱད་བྱ་བ་ནི། གཅིག་པ་ཐམས་ཅད་ངོ་མཐོ་ཡིན། རང་བར་བབ་ན་བཟང་ཞིང་ཐམས་ཅད་བཀའ་ཉན་ཉན་ཅིང་རྐང་ཐང་བེར་ག་ཅན་ནམ། ཡང་ན་སྐྱ་པ་རྐང་ཐང་འདྲེས་མའི་གོས་དཀར་མཚན་ཅན་སྣུམ་ཅན་འོང་བའི་ངོ་ཡིན། གཉིས་པ་ཐམས་ཅད་ཁ་སྨྲས་བབ་སྟེ་འཁོན་འཐབ་དང་རྫས་ནག་དང་ཆར་ཞོད་རླུང་འཚུབ་ཤ་ལྟམར་སློང་ངོ་ཡིན། གསུམ་པ་ཐམས་ཅད་གྲག་ངོ་ཡིན་པས་རང་ཕྱི་ལ་མང་དུ་བབ་ན་གྲོགས་ངོ་རྫས་སྔོན་པོ་འོད་ཅན་འོང་བའི་ངོ་ཡིན། བཞི་པ་ཐམས་ཅད་ཕྱི་དལ་ཏེ། ཁ་ཆར་བུ་ཡུག་གྲོ་སྟོང་སྐྱེ་སྟོང་


CMR042_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱར་བའི་ངོ་ཡིན། རྫབ་ཁྲ་བོ་སྨེ་ཅན་ཅོག་འདྲེ་ཅན་དང་རབས་ཆད་བླ་གནས་ཡིན་ཡང་རང་ཕྱུ་རྣམས་ལ་བབ་ན་འབྲིང་ངོ་། ༈ །ད་ནི་མོ་ཡི་ལེན་དཔྱད་པ་ནི། གཅིག་པའི་ལེན་བཅུ་གཅིག་པ་ཡིན། གཉིས་ལེན་བཞི་དང་བཞི་ལེན་བརྒྱད་པ་ཡིན། གསུམ་ལེན་དྲུག་དང་དྲུག་ལེན་བཅུ་གཉིས་པ་ཡིན། ལྔ་ལེན་བཅུ་པ་ཡིན། བོདུན་དང་དགུ་ལ་ལེན་མེད་དོ། །དེ་ལྟ་བུ་དཔྱད་པར་བྱ་བ་ནི༔ ངོ་མཐོ་ལེན་ལ་ཁ་སྨྲས་ངན། ཁ་སྨྲས་ལེན་ལ་ངོ་མཐོ་བཟང་། ངོ་མཐོ་ལེན་ལ་ཕྱི་དལ་ངན། ཕྱི་དལ་ལེན་ལ་མོ་དག་བཟང་། མོ་དག་ལེན་ལ་ཁ་སྨྲས་ངན། ཁ་སྨྲས་ལེན་ལ་མོ་དག་བཟང་བ་ཡིན། སྤྱིར་མོ་འདི་ལ་གནས་མལ་དང་བཟང་ངན་འབྲིང་གསུམ་མཆན་ལེན་གལ་ཆེའོ། །དེ་བཟང་ན་བཟང་མཆན་དཔྱད། །བཟང་ངན་རྒྱང་ལེན་བྱང་གསུམ་ཀ་བཟང་ན་བཟང་ཐག་ཆོད། གསུམ་ཀ་ངན་ན་ངན་ཐག་ཆོད། འདྲེས་མ་ཐག་ཐུམ་དུ་བབ་ན་མོ་ཡི་སྟོད་སྨད་དཔྱད་པ་གལ་ཆེའོ། །གནས་མལ་དང་བཞི་འཛིན་རྩེ་འཛིན་རྣམས་དཔྱད་པ་གལ་ཆེའོ། །དེའི་ནང་ནས་སྙིང་མིག་སྲོག་གསུམ་དཔྱད་པ་གལ་ཆེའོ། ༈ །ད་ནི་མོ་དཔྱད་གཞུང་རྐྱང་དར་དུ་བྱ་བ་ནི། གཅིག་པ་རང་ཕྲུ་འགྱུར་མེད་ཡིན། རྡོག་པོ་ཆས་ཀྱི་དང་པོ། འདུག་ན་གཞི་འགྲོ་ན་ལམ་ཡིན། གཅིག་


CMR042_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་བཟང་། མགྲོན་ལ་འགྲོ་ན་རྡོག་པོ་ལ་གྲོགས་ཡོད། གཉིས་བྱུང་ན་རྡོག་པོ་ན་ཁ་སྨྲས་ཡོད། མི་གཅིག་པོར་ངན། ནད་ཕོག་ན་འཆི་དོགས་ཡོད། གདོན་ཕྱྭ་ལ་གོས་ནག་གོན་པ་ལ་གདོན། བང་ནག་ཁང་ནག་སྦྲ་ནག་སྤྱད་ནག་གདོན། གསུམ་བྱུང་ན་མོ་དག་ཡིན། དོན་དག་ཅི་ལ་བཏབ་ཀྱང་བཟང་། བཞི་བྱུང་ན་ཕྱི་དལ་ཡིན་མོ་འཇམ་པོ་ཡིན། ༈ གཉིས་པ་སྒོ་ཕྱི་མ་ནང་གི་ས་མཚམས་ཡིན། སྒོ་ཁྱི་བྲན་འཁོར་གྱི་ཕྱུ་ཡིན། གཅིག་བྱུང་ན་བཟང་། གཉིས་བྱུང་ན་ངན། སྒོ་ཕྱི་ནང་ས་མཚམས་ལ་ཁ་སྨྲས་ཡོད། བྲན་དང་སྒོ་ཁྱི་ཤི་ངོ་ཡིན། སྔོན་ནས་ཤི་ན་དེ་ཡིས་ཆོད། མ་ཤི་ན་ཤི་དོགས་ཡོད། མགྲོན་ལ་འགྲོ་ན་དོན་མི་འགྲུབ། གདོན་ཕྱྭ་ལ་མོ་བཙུན་བྱེ་བྲལ་ཅན་ལ་ངན། སྐྱེ་ཐུང་བ་ཤ་རྩ་ནག་པ་སྨྲ་བ་མང་བ་དེ་འདྲ་བ་ཞིག་ལ་གནོད༔ གཏོ་ལ་ཤིང་སྒོ་ཆུང་ངུ་དང་ཐལ་བའི་བུད་མེད་བོར། གསུམ་བྱུང་ན་མོ་དག་ཡིན་ཅི་ལ་བཏབ་ཀྱང་བཟང་། བཞི་བྱུང་ན་ཕྱི་དལ་ཡིན། དོན་མེད་དགྲ་མེད་འཇམ་པོ་ཡིན། ༈ གསུམ་པ་ཆེ་གསུམ་གྱི་འདུན་ས། ཆུང་གསུམ་གྱི་རྩེ་ར་ཡིན། རྫི་འདུག་ཆུང་བ་ཡིན། གཅིག་བྱུང་ན་བཟང་། གཉིས་བྱུང་ན་ངན་ཤི་ངོ་ཡིན། གདོན་ཕྱུ་ལ་ཐབ་གཞོབ་དང་མི་ཆེན་གདོན། མགྲོན་


CMR042_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲོ་ན་དོན་མི་འགྲུབ། གསུམ་བྱུང་ན་ཅི་ལ་བཏབ་ཀྱང་བཟང་། བཞི་བྱུང་ན་ཕྱི་དལ་མོ་འཇམ་པོ་ཡིན། ༈ བཞི་པ་གྲོགས་ཕྱུའི་གཡང་ར་ཆེ་བ། ཁྱིམ་ཕུ་ཆུང་བ་ཡིན། གཅིག་བྱུང་ན་བཟང་། མགྲོན་ལ་འགྲོ་ན་བཟང་། རྫས་སྨར་དམར་པོ་འདོན། བུ་སྐྱེས་དགྲ་མེད་གྲོགས་དང་འཕྲད། ཅི་ལ་བཏབ་ཀྱང་བཟང་། གཉིས་བྱུང་ན་ཅི་ལ་བཏབ་ཀྱང་ངན། གདོན་ཕྱྭ་ལ་ཤ་མར་གདོན། །གསུམ་བྱུང་ན་གྲོགས་ངོ་ཡིན། དོན་དག་བཞི་བྱུང་ན་ཕྱི་དལ་མོ་འཇམ་པོ་ཡིན། ༈ ལྔ་པ་ཕྱི་ཕྱུ་ཆེན་པོ་ཡིན། ༧ གཅིག་བྱུང་ན་ངན། མི་ཆེན་ལ་ངན། ཞིག་རལ་འོང་། བུ་སྨད་དང་བཟའ་ཚོདཔོན་ལ་ངན། དགྲ་ངོ་ཡིན་པས་དགྲ་བྲུབ་བྱ། བཙན་བཀར་ཤ་རུ་དང་གྲི་ཡས་བོར། ཨེ་འོང་ན་འོང་། ཨེ་འཕྲད་ན་འཕྲད། ༧ གཉིས་བྱུང་ན་དགྲ་ཐུབ་འདྲེ་འདྲ་ཐུལ། དགྲ་མེད་བཟང་། ༧ གསུམ་བྱུང་ན་ཕུགས་ཀྱི་ཟས་ནོར་སྨར་པོ་སྒོར་ཤོར་ངོ་ཡིན། ནང་གི་གྲོགས་ཕྱི་ལ་འཐོར་ངོ་ཡིན། ནོར་སྟོར། གཡང་ཉམས་མགྲོན་ལ་འགྲོ་ན་ངན་ནོ། ༧ བཞི་བྱུང་ན་ཕྱི་དལ་མོ་འཇམ་པོ་ཡིན། ༈ དྲུག་པ་བཞོན་མ་དང་མོ་བཙུན་གྱི་ཕྱུ་ཡིན། ༧ གཅིག་བྱུང་ན་ཁྱིམ་ཕྱུ་བཟང་། བུ་སྐྱེ་དོན་འགྲུབ་དགྲ་མེད་བཙལ་འཚོལ་རྙེད། སྟོར་བ་རྙེད། ཅི་ལ་བཏབ་ཀྱང་


CMR042_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། ༧ གཉིས་བྱུང་ན་གཞོན་མ་ལ་ངན། མོ་བཙུན་ཤི་ངོ་ཡིན། གདོན་འབྱུང་པོ་ཡིན་པས་སྔོན་བྱུང་ན་དེས་ཐུབ། གདོན་ཕྱྭ་ལ། ཕྱད་ནག །ཁ་ནག །གོས་ནག་གདོན། རབས་ཆད་ཀྱི་རུས་ཟོས་ས་གདོན། འགགས་གྲིའམ་རོ་དང་བབ་ལ་གདོན། གཏོ་ལ་ཁྲུས་ཆོག་བྱ། ཀླུ་བཅོས་བྱ། ༧ གསུམ་བྱུང་ན་མོ་དག་ཡིན་པས་བཟང་། ༧ བཞི་བྱུང་ན་ཕྱི་དལ་འཇམ་པོ་ཡིན། དོན་མི་འགྲུབ། ཨེ་འོང་ན་མི་འོང་། བཙལ་བ་མི་ལོན། མགྲོན་ལ་འགྲོ་ན་དོན་མི་འགྲུབ། ཕྱི་དལ་ཆེའོ། ༈ །བདུན་ལམ་ཕོ་རྟ་ཕོ་མཛོ་ཕོའི་ཕྱུ། ༧ གཅིག་བྱུང་ན་བཟང་། མགྲོན་ལ་འགྲོ་ན་དོན་འགྲུབ། སེམས་ཅན་ཕོ་རིགས་ལོན། བཙལ་བ་དང་སྟོར་བ་རྙེད། ཅི་ལ་བཏབ་ཀྱང་བཟང་། ༧ གཉིས་བྱུང་ན་ངན། མི་ཆེན་དང་སྤྱད་ཁྲ་བོའི་གདོན། རྟའི་སྒ་སྟན་དང་རྫས་ཁྲ་བོ་གདོན། དོན་མི་འགྲུབ། བཙལ་བ་མི་རྙེད། ཨེ་འོང་ན་མི་འོང་། རྟ་ལ་ཉན་འོང་བས་རྟ་ཕོ་ལ་སོགས་ཤི་དོགས་ཡོད། རྟིང་ཕོ་ལྔ་བརྒྱ་གྱེར་བྱ། གཏོར་ཟློག །དགྲ་བྲུབ་དང་གོད་བྲུབ་བྱ། གཡང་ལེན་རྣམས་བྱ། མཛོ་རྟའི་ཐོད་བོར། ༧ གསུམ་བྱུང་ན་བཟང་། ཟས་རྙེད་དོན་འགྲུབ་གྲོགས་ཅི་ལ་བཏབ་ཀྱང་བཟང་། ༧ བཞི་བྱུང་ན་ཨེ་འོང་ན་མི་


CMR042_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། ནད་པ་སོས་ངོ་ཡིན་པས་མི་འཆི། མོ་འཇམ་པོ་ཡིན། ༈ བརྒྱད་བནྡེའི་ཕྱུ་ཡིན། ༧ གཅིག་བྱུང་ན་བཟང་། ལྷ་མཆོད་དང་དགྲ་བླའི་མཆོད་པ་ཀླུ་མཆོད་བྱས་ན་བཟང་། ༧ གཉིས་བྱུང་ན་ངན། ལུག་ལོ་པ་ལ་ངན། བནྡེའི་བྱད་དང་བཙོག་ནལ་གདོན། ལུག་གི་ཤ་ལྤགས་སྣུམ་རིགས་ཐུད་དང་མར་སོགས་གདོན། བནྡེའི་མོ་ལ་ངན། གཏོ་ལ་ཀླག་འདོན་དང་གཟུངས་ཁྲུས་གཡང་ལེན་ཀླུ་མཆོད་བྱས་ན་བཟང་། ༧ གསུམ་བྱུང་ན་མོ་དག་ཡིན། བནྡེ་ལ་བཟང་། ཚེ་རིང་གྲོགས་རྙེད། ཅི་ལ་བཏབ་ཀྱང་བཟང་། ༧ བཞི་བྱུང་ན་ཕྱི་དལ་ཡིན། མོ་འབྲིང་ཙམ་ཡིན། ༈ དགུ་པ་ཕྱི་ཕྱུ་མི་འབྲིང་རྒྱུད་ཀྱི་ཕྱུ་ཡིན། ༧ གཅིག་བྱུང་ན་བརྗེ་ལ་བཟང་། དགྲ་སྐྱེ་ལ་ལྐོག་ན་དགྲ་ངོ་ཡོད། ཐུག་གཏོར་དོགས་ཡོད། དགྲ་བླ་དང་བོན་པོ་གདོན། ཕོ་གདོན་ཡིན། ༧ གཉིས་བྱུང་ན་དགྲ་མེད། གནོད་པ་མེད། ཁྱད་པར་དུ་ནུབ་ཕྱོགས་ཀྱི་དགྲ་ལྕུ་ཆགས། བོན་པོའི་བྱད་དང་དགྲ་ངོ་འཇམ། ༧ གསུམ་བྱུང་ན་གྲོགས་ཕྱི་ཕྱུ་ལ་ཐོར་བས་ངན། བཙལ་བས་མི་ལོན། སྟོར་བས་མི་རྙེད། ༧ བཞི་བྱུང་ན་དགྲ་ཕྱུ་ལ་དགྲ་མེད། གདོན་ཕྱྭ་ལ་གདོན་མེད། མོ་འཇམ་པོ་ཡིན། ༈ བཅུ་པ་ཁྱིམ་ཕྱུ་ཆེ་བ་མོ་བཙུན་དང་ཟས་ནོར་སྙིང་དམར་ཅན་གྱི་ཕྱུ།


CMR042_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཡི་སྙིང་འདི་ལ། ༧ གཅིག་བྱུང་ན་བཟང་ངོ་ཡིན། གནང་ལམ་ཡིན་པས་གནང་རྙེད། དོན་འགྲུབ་ཤག་རྒྱལ། རྨང་པོའི་བུ་རྙེད། གྲོགས་ཕྲུ་ལ་གྲོགས་ཡོད། མགྲོན་ཕྲུ་ལ་དགྲ་མེད། གཙོ་བོ་བརྒྱ་འདུས་དབང་ཆོད་ཅིག་གིས་བྱེད་པ་ཡིན། ཤིང་སྐམ་ལ་ལོ་མ་རྒྱས། བྲག་སྐམ་ལ་ཆུ་རྡོལ། མོ་སྐམ་ལ་བུ་སྐྱེ་བའི་དབང་ཐང་ཡོད། །སྟོར་བ་རྙེད། ཅི་ལ་བཏབ་ཀྱང་བཟང་། ༧ གཉིས་བྱུང་ན་གཙོ་བོ་བརྒྱད་འདུས་ཀྱང་དབང་ཆོད་བྱེད་མི་གཅིག་ཀྱང་མེད་པའི་ངོ་ཡིན། བ་དང་མོ་བཙུན་ཤི་ངོ་ཡིན། བཞོ་ཟོ་སྟོང་པའི་ངོ་ཡིན། ཨེ་འཕྲད་ན་མི་འཕྲད། ཨེ་ཕྱིན་ན་མི་ཕྱིན། །གདོན་ཕྱྭ་ལ་རི་ཁ་མཐོན་པོའི་ས་ནས་གཡང་སློ་དང་རི་དྭགས་ཀྱི་སློ་རྒྱུད་ནས་བར་ཐིལ་བཙན་ཐིལ་གནམ་ཐིལ་རྣམས་གདོན། གཏོ་ལ་མོ་འདྲེ་རྫ་མདོས་གནམ་ཐེལ་མདོས་ཐེའུ་རང་བཀར། ༧ གསུམ་བྱུང་ན་བཟང་མོ་དག་ཡིན། ཚེ་རིང་ནད་མེད། སྟོར་བ་རྙེད། དོན་འགྲུབ། འདྲེ་ཐུལ། དགྲ་མེད། ཅི་ལ་བཏབ་ཀྱང་བཟང་། ༧ བཞི་བྱུང་ན་དགྲ་མེད། མོ་༧ འཛམ་པོ་ཡིན། ༈ བཅུ་གཅིག་དགྲ་བླའི་ཕྱུ་ཡིན། ༧ གཅིག་བྱུང་ན་དགྲ་བླའི་ངོ་སོ་མཐོན་པོ་ཡིན། དགྲ་ཐུབ་འདྲེ་ཐུལ། ཅི་ལ་བཏབ་ཀྱང་བཟང་། ༧ གཉིས་བྱུང་ན་དགྲ་བླ་ལྐུགས་པའི་ངོ་


CMR042_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། མགྲོན་པོ་གཉིས་འགྲུལ་ལམ་ཁྱི་ཁྲིད་གཉིས་འགྲུལ་གདོན། གཏོ་ལ་གླང་ཆེན་སྣ་བསྒྱུར་བྱ། ནད་པ་ཡོད་ན་ཤི་དོགས་ཡོད། ༧ གསུམ་བྱུང་ན་བཟང་། ༧ བཞི་བྱུང་ན་ཕྱི་དལ་ཆེ། དགྲ་མེད་གྲོགས་མེད་ཡིན། ༈ བཅུ་གཉིས་ཕྱི་དལ་ཆེ་བ་ཡིན། གཅིག་བྱུང་ན་མི་ཆུང་རྒྱུད་མགྲོན་ཆུང་བ་ལ་ངན་ན་ངོ་ཡོད། ཕག་ཤ་དང་སྤྱད་ནག་གོས་ནག །རྫས་ནག །ཟས་ནག་གདོན། ༧ གཉིས་བྱུང་ན་བཟང་། དགྲ་མེད་འདྲེ་མེད་དོ།། ༧ གསུམ་བྱུང་ན་ནོར་ཤོར། གྲོགས་ཕྱི་ཕྱུ་ལ་འཐོར། སྙིང་སྟོང་ཡོད། གཡང་ཉམས་ངོ་ཡིན། ཕྱུགས་གཏོར་དོགས་ཡོད། དགྲ་བྲུབ། གོད་བྲུབ་བྱ། གཡང་ལེན་རབ་ཏུ་བྱའོ།། ༧ བཞི་བྱུང་ན་མོ་འཇམ་པོ་ཡིན། ༈ བཅུ་གསུམ་མོ་ཡི་རྫིའུ་ཡིན་པས། ༧ གཅིག་བྱུང་བཟང་། དགྲ་ཐུབ། འདྲེ་ཐུལ། དོན་འགྲུབ༔ ནད་པ་སོས། སྲིའུ་གསོ་ན་ཐོན། རྒྱལ་ཁ་ཐོབ། ཤིང་སྐམ་ལོ་མ་སྐྱེས། བྲག་སྐམ་ལ་ཆུ་རྡོལ། རྨང་པོར་བུ་སྐྱེས། དགྲ་སོད། གནང་ཐོབ། ཅི་ལ་བཏབ་ཀྱང་བཟང་བའོ། ༧ །གཉིས་བྱུང་ན་ངན། མདུན་ཞུ་ཡིན། རྨེ་རྨུག་ནལ་གསུམ་གྱི་མགོ་ནོན་པ་ཡིན། དཔག་བསམ་ཤིང་གི་རྩེ་མོ་ཐོག་གིས་བཅད། མི་དཀར་པོ་མགོ་ནག་པོ་བྱ་བ་ཡིན། འདྲེ་ཁྱིམ་ན་


CMR042_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གབ། གདོན་ཕྱྭ་ལ། ཁང་ནག་སྦྲ་ནག་སྐྱས་ནག་གདོན། མི་མདུན་ཆེན་པོ་ཕོག་པ་གདོན། དགྲ་མགོ་ཐོག་འབྱུང་ཉན་ཡོད། དགྲ་བྲུབ་དགྲ་མནན་བྱ། རྣམ་འཇོམས་ཁྲུས་ཆོག་བྱ། ཀླུ་གཉན་བཅོས། ༈ གསུམ་བྱུང་ན་བཟང་། ཚེ་རིང་། ནོར་རྙེད། བཙལ་བ་རྙེད། ནད་པ་སོས། ཅི་ལ་བཏབ་ཀྱང་བཟང་། དགེ་ལེགས་འཕེལ། བཅུ་གསུམ་ཚུགས་ཀྱི་མོ་ཡིག་མངོན་ཤེས་འཕྲུལ་གྱི་ལྡེ་མིག་འདི་ནི་ཨ་རཱ་གས་མཛད་པའོ། །སརྦ་མངྒ་ལཾ།། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབཅུ་གསུམ་ཚུགས་ཀྱི་མོ་ཡིག་མངོན་ཤེས་འཕྲུལ་གྱི་མེ་ལོང་ནམ་མཁའ་གསལ་བ།next