Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རྟེན་འབྲེལ་བརྟག་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟེན་འབྲེལ་བརྟག་ཐབས།next

རྟེན་འབྲེལ་བརྟག་ཐབས།


CMR042_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་བརྟག་ཐབས་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR042_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཀྐི་ནི། གསང་བ་ཡེ་ཤེས་མཁའ་འགྲོ་ལ་བཏུད་ནས། །རྟེན་འབྲེལ་བརྟག་ཐབས་ཉེར་མཁོ་བྲི་བར་བྱ། །སྟོང་པའི་ངང་ལས་ཤར་ཤིང་། ལྷོ་མེ། ནུབ་ལྕགས། བྱང་ཆུ་དབུས་སའི་གཞལ་ཡས་ཁང་གི་དབུས་སུ། རང་ཉིད་སངས་རྒྱས་མཁའ་འགྲོ་སེར་མོ་འཁོར་ལོ་དང་གསེར་གྱི་ས་གཞི་བསྣམས་པ། ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ་རྡོ་རྗེ་དང་ལྗོན་ཤིང་། ལྷོར་རིན་ཆེན་མཁའ་འགྲོ་དམར་མོ་རིན་པོ་ཆེ་དང་མེ་དཔུང་། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ་པདྨ་དང་ལྕགས་སྒྲོག །བྱང་དུ་ལས་ཀྱི་མཁའ་འགྲོ་མཐིང་ནག་རྒྱ་གྲམ་དང་བུམ་པ་ཆུས་བཀང་བ་བསྣམས་པ། དེ་


CMR042_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཁས་རང་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོའི་གདན་བཏེག་པར་བསྐྱེད། མན་ངག་ལྟར་འབྱུང་བ་ལྔའི་བསྙེན་པ་བསྐྱལ། མེ་ཏོག་དང་འབྲུ་སྣ་ཚོགས་པའི་གཏོར་མ་རྩ་སྔགས་ཀྱིས་འབུལ་དུས་འབྱུང་བའི་ལྷ་མོ་རྣམས་མདུན་གྱི་ནམ་མཁར་བཞུགས་པས་གསོལ་བར་བསམ། མཁའ་འགྲོ་ལྔ་པོ་འབྱུང་ལྔའི་ཁམས། །རྟེན་འབྲེལ་འབྱུང་བ་ལྔ་ལ་སྒྱུར། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཡུམ་ཆེན་ལྔ་ལ་ཕྱག་འཚལ་བསྟོད། །རྟེན་འབྲེལ་བཟང་པོ་བསྟན་དུ་གསོལ། །རྟེན་འབྲེལ་ངན་པ་གཤེད་ལ་སྒྱུར། །ཅེས་གསོལ་བ་བཏབ་བོ། སྐྱ་རེངས་ཤར་ནས་ནམ་ལངས་བར་རྡོ་རྗེ་མཁའ་འགྲོའི་དུས། ཉི་མ་ཤར་ལ་ཁད་དེ་སངས་


CMR042_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མཁའ་འགྲོའི་དུས། ཉི་དྲོས་ནས་ཕྱེད་ཚུན་ཆད་རིན་ཆེན་མཁའ་འགྲོ། ཉིན་ཕྱེད་དྲང་དེ་སངས་རྒྱས་མཁའ་འགྲོ། ཉི་མ་ཕྱེད་ཡོལ་ནས་དགོང་ཆེན་ཚུན་དེ་པདྨ་མཁའ་འགྲོ། །དགོང་ཆུང་ནས་ཉི་མ་ནུབ་ནས་དམར་ཐག་ཆད་ཚུན་ཆད་ལ་ལས་ཀྱི་མཁའ་འགྲོ། ་་་དམ་པའི་ལུགས་ལ་ནི་སངས་རྒྱས་མཁའ་འགྲོ་བྱེད་དོ།། མུན་རུབ་ནས་ནམ་ཕྱེད་ལ་མ་ཟིན་ཚུན་དེ་ལས་ཀྱི་མཁའ་འགྲོ། ནམ་ཕྱེད་ནས་སྐྱ་རེངས་མ་ཤར་བར་དེར་སངས་རྒྱས་མཁའ་འགྲོའི་དུས་ཚོད་ཡིན་ནོ། །ནད་པའི་གདོན་ངོས་བཟུང་བ་ནི། རྡོ་རྗེ་མཁའ་འགྲོའི་དུས་སུ་ནད་པ་ཡོད་ཟེར་ནས་བྱུང་ན་རྟེན་འབྲེལ་འདྲི་ན། འདྲེ་ནི་བདུད་དང་མ་མོ་དང་། དམ་སྲི་དང་འབྱུང་པོ་བསྡོང་བས་གདོན། ཕ་མྱེས་ཀྱི་ཟ་འདྲེ་དེ་མི་ནག་པོ་དང་བྱ་ནག་པོ་ཞིག་ཏུ་སྤྲུལ་ནས་གནོད་པར་བྱེད་དོ། །ནད་ནི་འཁྲུ་བའམ། སྐྱུགས་པའམ། སྐྱངས་པའམ། ཤར་ཕྱོགས་ནས་ཤིང་ཆའམ། ཟས་ངན་གྱི་རྒྱབ་ནས་འདྲེ་མོ་དང་ས་བདག་གདོན། གློ་བའམ། སྙིང་གཟེར་བའམ། རོ་སྟོད་ན་བ་འོང་དོགས་ཡོད། ཁྱེད་ལ་ཁྱིམ་མཚེས་རྐང་པ་འཐིང་བའི་མི་གཙང་བ་ཡོད་ཐང་། ཁང་པའི་བྱང་ནས་ས་དབྱིབས་སམ། རྡོ་བ་གྲུ་བཞི་ཡོད་ཐང་།


CMR042_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ལྷོ་ནས་ས་དབྱིབས་སམ་རྡོ་གྲུ་གསུམ་ཡོད་ཐང་། དེ་གཉིས་གཅིག་ཀླུའི་རྒྱུག་སྲང་ཡོད་པས། དེའི་རྟགས་ལ་ཁང་པ་འཚག་པ་འོང་། ཐབ་ཀ་ཤར་ནས་ལྟ་འམ། ཆུ་ར་ཟངས་ཁ་ཆག་པ་གཅིག་ཡོད་ཐང་། དེ་ལ་དམ་སྲི་མོ་གཅིག་འཁྲི་བས་ཕུག་སྲིས་ཟད་མགྱོགས། ནོར་ཕྱུགས་རྭ་ཅོ་ཅན་གྱིས་ཕན་མི་ཐོགས་ཉན་ཡོད། མེ་གོང་ངམ་ལྷོར་ལྟ་བའམ། ཁྱིམ་ན་ཆང་མི་ཞིམ་པའམ། ཆང་བཟི་བྱེད་པ་ཡོད། བན་དེའམ་སྐྱ་མ་སེར་གྱི་རྒྱབ་ནས་བེ་ཧར་གནོད། ཞག་གཅིག་ནས་ཁྱིམ་དེར་ནད་པ་གཅིག་འོང་། ཡང་ན་གཅན་སྤྱང་ལ་ར་ལུག་སོགས་ཤོར་བའམ། གོད་ཁ་འོང་། ༈ རིན་ཆེན་མཁའ་འགྲོའི་དུས་སུ། རྟེན་འབྲེལ་དྲི་བའི་ནད་པ་ཡོད་ཟེར་ནས་བྱུང་ན། གྲི་བོ་དང་གྲི་མོས་རིའི་འདྲེ་བཙན་དང་བསྡོངས་ནས་གནོད། རྟ་དམར་པོ་ལ་ཟངས་ཀྱི་དྲ་བ་བཀལ་ནས་ཁ་གདངས་པ་གཅིག་དང་། ཁྱོད་ཀྱི་ཁྱིམ་ན་ཟངས་སྤྱད་དམ། རྫོ་ས་དམར་པོའམ་རྫས་འོད་ཅན་ལ་གྲི་བོ་འཁོར། དེས་བྱ་དམར་པོ་དང་རྟ་དམར་པོ་ཞིག་སྤྲུལ་ནས་གནོད། ནད་པ་ལ་ཡང་དེས་གནོད། ན་ལུགས་ནི་ཁ་སྐམ་ཚ་དྲོད་ཆེ། སྙིང་ག་རོ་སྟོད་ན་བའམ། བྲང་རྒྱབ་དང་རྩིབ་


CMR042_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་གཟེར། ཡང་ན་ཚད་པའམ་ཁྲག་སྐྱུགས་པའམ། མཚོན་ཟུག་པ་ལྟར་དུ་ན་ན་ཐང་། ཁྱེད་ཚང་སྤུན་མང་བའམ། ཡང་ན་ནང་མི་མཐུན་པ་ཡོད་ན་ཐང་། ཐབ་ཀའི་རྒྱབ་ངོས་ན་རང་འཐག་ཡོད་ན་ཐང་། མོ་འདྲེ་དང་རྒྱལ་པོས་གདོན། ཕུག་སྲིས་མི་སྨེ་ནོར་ཕྱུགས་བོར་སྟོར་རམ་གོད་ཁ་འོང་དོགས་ཡོད། མོ་ཉེ་ཕྱོགས་སུ་ཟས་ངན་སྐྱེལ་དགོས་པའམ། ཁ་འགྱོད་འོང་དོགས་ཡོད། ༈ པདྨ་མཁའ་འགྲོའི་དུས་སུ་རྟེན་འབྲེལ་དྲི་བའམ་ནད་པ་ཡོད་ཟེར་ན། འགོང་པོ་དང་ཐེའུ་རང་རྒྱལ་བསེན་བསྡོངས་ནས་གནོད། བན་དེའམ་སྡེ་པའམ་དགོན་པའམ། ལྷ་ཁང་ནས་བྱུང་བའི་སེ་ར་དཀར་མཚན་ཅན་ནམ། འོད་ཅན་ནམ་སྐྱ་བོ་ལ་རྒྱལ་འགོང་དང་ཐེའུ་རང་འཁྲི་ནས་མི་ནོར་ཐམས་ཅད་ལ་གནོད། རྨི་ལམ་ཡང་རྒྱལ་བླ་ཆེན་པོ་ཡང་ཡང་རྨིས་ན་ཐང་། རྒྱལ་འགོང་དེ་བྱ་དཀར་པོ་གཅིག་དང་ཁྱི་དཀར་པོ་གཅིག་དང་། སྤྲེའུ་རྟེན་རིཀཱ་གཅིག་ཏུ་སྤྲུལ་ནས། ངེད་མི་ནོར་ཐམས་ཅད་ལ་གནོད་པ་བསྐྱལ་བ་་ཡིན་ཟེར་ཞིང་འདུག །ཤར་ཕྱོགས་ཀྱི་ཤིང་ལ་གནས་པའི་འདྲེ་མོ་གཅིག་གིས། བུད་མེད་རལ་པ་ཅན་གཅིག་ཏུ་སྤྲུལ་ནས་གནོད། ན་ལུགས་ནི་ལུས་ལྡི་བའམ་རོ་སྟོད་རྒྱས། མགོ་


CMR042_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁ་མི་བདེ་བའམ། གློ་ལུ། སྙིང་མི་དགའ་རིགས་མི་བརྟེན། ཁྱོད་ཁྱོད་འོང་བའམ། ནུ་མ་བྲང་བཤུལ་གཟེར་ན་ཐང་། ལྷོ་ཕྱོགས་ནས་ཤ་དམར་རམ། །ཡང་ན་རྒྱལ་བསེན་འཁྲི་བའི་འགྲིམ་པ་ཁྱིམ་དུ་ཕྱིན་པའི་ནད་ཁག་བསླངས། ཁྱོད་ཚང་མིང་སྲིང་མང་པོ་ཡོད་པའམ། ཡང་ན་ཁྱིམ་བདག་ལ་ན་ཚ་མང་བ་གཅིག་ཡོད་ན་ཐང་། སྒོ་ནུབ་ཏུ་བསྟན་པའམ། ཡང་ན་ཁྱི་སྔོན་པོའམ་ནག་པོ་ཡོད་ན་ཐང་། མཆིག་ལྷོ་ངོས་ན་ཡོད་པའམ། ཡང་ན་ཆུ་ར་བྱང་ངོས་ན་ཡོད་ན་ཐང་། ཁྱེད་ཚང་ལ་ནོར་དཀར་པོའམ། དཀར་མཚན་ཅན་གཅིག་གིས་ཕན་ཐོགས། ༈ ལས་ཀྱི་མཁའ་འགྲོའི་དུས་སུ་རྟེན་འབྲེལ་དྲི་བའམ་ནད་པ་ཡོད་ཟེར་ན། ཕུང་སྲི་དང་ཀླུ་བསེན་ནག་པོ་དང་གངས་བསེན་སོགས་མོ་གདོན་གྱིས་གནོད། ཀླུའི་རིགས་ཀྱིས་ཀྱང་གནོད། སྤྱད་ནག་གཅིག་ལ་མོ་འདྲེ་འཁྲི་བ་དེས་བུད་མེད་ཅིག་གིས་གླང་དམར་པོ་གཅིག་ཁྲིད་པར་སྤྲུལ་ནས་མི་ནོར་ཐམས་ཅད་ལ་གནོད། ཕག་གཅིག་ཁ་དམར་ཐབས་སེ་ས་སློག་ཅིང་འདུག་སྟེ་ཀླུ་ས་བདག་གིས་གནོད། ཀླུ་བསེན་གནས་སར་ཐབ་གཞོབ་ཤོར་བའམ། ས་རྐོ་རྡོ་སློགས་བྱས་པས་ཕོག་ཐུག་སོང་བ་འདྲ། ནད་ནི་


CMR042_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལྗིད་བསྣག་བྱས་པ་ལྟར་ན་བའམ། ལུས་ལྗིད་ཡང་ན་ལུས་སྦྲིད་བ་སྤུ་རྩེ་བའམ། གློ་སྙིང་ན་ཚིག་པ་ཟ་ཞིང་མི་དགའམ་ཕོ་མཆིན་མི་བདེ། ཡང་ན་དམུ་ཆུ་དང་སྐྲངས་པ་འཁྲུ་སྐྱུགས་ཤུ་ཐོར་གང་རུང་འབྱུང་སྟེ། མདོར་ན་ཀླུ་ས་བདག་གི་ནད་གང་རུང་གཅིག་འོང་། ཉི་མ་དགུང་མོའི་འགྲིམ་པ་གཅིག་གི་རྒྱབ་ནས་མོ་འདྲེ་ངོ་སྲབ་པའམ། སྐྲ་བྱི་བོངས་ཐུང་བ་གཅིག་གིས་མི་ནོར་ཐམས་ཅད་ལ་གནོད། ཁྱེད་ཚང་ལ་སྒོ་ལྷོར་ལྟ་བའམ་ཁྱི་སྔོན་པོའམ་ཡང་ན་ཁྱིམ་བདག་མོ་ཤ་སྔོན་བའམ་སྐྱ་སེར་ཡོད་ན་ཐང་། རང་འཐག་བྱང་ན་ཡོད་པའམ། ཡང་ན་ཁྱིམ་ན་ཆང་ཞིག་ཡོད་ན་ཐང་། ཁྱིམ་མཚེས་ཀྱི་འདྲེ་མོས་གདོན་པས་བུ་ཚའམ་ཆུང་གསུམ་སོས་དཀའ། ༈ སངས་རྒྱས་མཁའ་འགྲོའི་དུས་སུ་རྟེན་འབྲེལ་དྲི་བའམ་ནད་པ་ཡོད་ཟེར་ན། གཉན་དང་ས་བདག་དང་གཟའ་དང་གཤིན་རྗེས་གནོད། བན་དེ་ཞྭ་ཐེབ་ཅན་ལག་ན་འཁར་བ་བཟུང་། ཁལ་དུ་དྲེའུ་ཁྲིད་པ་གཅིག་དང་ཐེའུ་རང་སྤྲེའུའི་མགོ་ཅན་གཅིག་གིས་སྐབས་སྐབས་སུ་ར་བ་ཉུལ་ལོ། །བུད་མེད་རལ་པ་ཅན་གཅིག་གིས་སིལ་པོ་གཅིག་རྒྱབ་ལ་ཁུར་ནས་འདུག་སྟེ་ཁྱེད་ཚང་གི་ཕ་མྱེས་རང་སའམ། སྔར་ང་གནས་ས་བཤིག་པ་ཡིན་


CMR042_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ནས་གནོད། སྤྱོད་ཆ་སེར་པོའམ་རྫས་འོད་ཅན་ནམ། ཀླུ་ནད་ཅན་གྱི་ལག་ནས་བྱུང་བའམ། སེ་ར་ལ་གདོན་འཁྲི། ཁྱེད་ཚང་སྔར་སྔགས་པའམ། བན་བོན་དང་འགྲས་པ་འདྲ། བྱད་ཁས་གནོད། ནད་ལུས་ལྗིད་པའམ། དང་ཁ་འགག །མཁལ་རྐེད་མན་ཆད་ཚག་ཚིག་ན་བའམ། ཕོ་མཆིན་ན། ཡང་ན་རོ་སྟོད་ན་བའམ། །འཆུས་པའམ། ཤུ་བ་བས་ལྡག་ཕོལ་མིག་གམ། སྐྲངས་ལྷོག་སོགས་ནད་སྣ་ཚོགས་འོང་དོགས་ཡོད། ཉི་མ་བྱང་ཕྱོགས་སུ་ཟས་མི་གཙང་བའམ། ཆང་སྐྱུར་འཐུང་བའམ། ཡུགས་ས་མོ་དང་ཁ་མཆུའམ། གཏམ་སྙོག་བྱས་པས་ནད་ཁག་བསླང་པ་འདྲ། ཁྱེད་ཚང་ཁྱིམ་སྒོ་ཤར་ལྷོར་བལྟ་བའི་ཆུ་ར་ནུབ་ཏུ་ཡོད་པའམ་རང་འཐག་བྱང་ན་ཡོད་ཐང་་། ཡོན་བདག་མོ་ཡོན་བདག་ལ་ངག་བྱམས་པའམ། ཡང་ན་ནད་བུའམ་གཅོང་ནད་ཅན་ཡོད་ན་ཐང་། ཡང་ན་ཁང་པའི་སྒོ་རྩ་ཞིག་ཏུ་ཤིང་རྩི་བསྐུང་པ་ཡོད་པའམ་ཁྱིམ་ན་ཆོས་པོ་ཏི་ཡོད་ན་ཐང་། ༈ ཡང་ནད་པའི་རིམ་གྲོ་ལ་གདན་འདྲེན་པར། རྟ་རོག་པོ་བྱུང་ན་ཕོ་གདོན་རིགས་ཀྱིས་གནོད། རྟ་དམར་པོ་བྱུང་ན་གྲི་བོས་གདོན། རྟ་དཀར་པོ་བྱུང་ན་རྒྱལ་པོས་གདོན། རྟ་ནག་པོ་


CMR042_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་བདུད་རིགས་ཀྱིས་གནོད། བུད་མེད་བྱུང་ན་ཕོ་འདྲེས་གནོད། དེ་ནས་རྣལ་འབྱོར་པ་རང་བྱེས་ལ་འགྲོ་དུས། རྐང་གཡས་པ་རྡོ་ལ་བརྡབ་ན་གྲི་བོས་གནོད། གཡོན་བརྡབ་ན་གྲི་མོས་གནོད། ཐེམ་པའི་འོག་ཏུ་རྐང་པ་ཤོར་བའམ། རྐང་པ་ལ་མི་གཙང་བ་འགོས་བྱུང་ན། ནད་པ་དེས་སྔར་དཀོན་མཆོག་གསུམ་ལ་དེས་བརྡབ་པའམ་མི་གཙང་བ་བྱས་པའི་ལས་ངན་པའི་རྟགས་ཡིན། ནད་པའི་རྩ་ན་རུས་པ་ཤ་མེད་གསར་པ་གདའ་ན་གྲིར་ཤི་བ་གསར་པས་གདོན། རུས་པ་ཤ་མེད་པ་རྙིང་པ་གདའ་ན་གྲིར་ཤི་བ་རྙིང་པས་གདོན། དང་པོ་ནད་པ་ལ་ཕྲད་མ་ཐག་ནད་པ་དེ་ཁ་ཤར་དུ་ལྟ་ནས་འདུག་ན་རྒྱལ་པོས་གདོན། ལྷོར་ལྟ་བ་དང་འཕྲད་ན་གཤིན་རྗེས་གདོན། ནུབ་ཏུ་ལྟ་བ་དང་འཕྲད་ན་ཀླུས་གདོན། བྱང་དུ་ལྟ་བ་དང་འཕྲད་ན་གནོད་སྦྱིན་གྱིས་གདོན། དེ་གང་ལ་ཡང་ཆ་གསུམ། འབྱུང་བཞི་གླུད་གཏོར། བྱབ་ཁྲུས་རྣམས་ཀྱིས་ཕན་པར་སྣང་། སློབ་དཔོན་པདྨས་མཛད་པའི་རྟེན་འབྲེལ་བརྟག་ཐབས་སངས་རྒྱས་གླིང་པའི་གཏེར་ལས་བྱུང་བ་དང་། རྗེ་དམ་པ་སངས་རྒྱས་ཀྱིས་མཛད་པའི་ཞི་བྱེད་ཀྱི་ཆ་ལག་རྟེན་འབྲེལ་བརྟག་ཐབས་མི་འདྲ་བ་གཉིས་དང་དེ་གསུམ་བསྟུན་ཅིང་རྨོངས་པས་


CMR042_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གོ་དཀའ་བའི་ཚིག་རྣམས་ཅུང་ཟད་བཀྲོལ། ཉེ་བར་མི་མཁོ་བ་རྣམས་རེ་ཞིག་བསལ། གོ་བ་ལེན་ཚུལ་དང་སྨྲ་ཚུལ་གསལ་བར་བྱས་ཏེ། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོའི་ལས་ཚོགས་སུ་དམིགས་ནས་རྣལ་འབྱོར་པ་ཀརྨ་ཨ་རཱ་གས་ལེགས་པར་སྦྱར་བའོ། །མངྒ་ལཾ།། ༧ འདི་བྲིས་འགལ་འཁྲུལ་ཉེས་པ་ཅི་མཆིས་པ། །ཡེ་ཤེས་མཁའ་འགྲོ་འབྱུང་བའི་ལྷ་ལ་བཤགས། །དགེ་བས་མ་རྒན་སེམས་ཅན་མ་ལུས་པ། །གཉིས་འཛིན་འཁྲུལ་པའི་ནད་གདོན་ལས་གྲོལ་ནས། །གཉིས་མེད་བདེ་བ་ཆེན་པོར་ལྷུན་གྲུབ་ཤོག །ཐམས་ཅད་ཀུན་མཁྱེན་ཨོ་རྒྱན་རིན་པོ་ཆེ། །རྟེན་འབྲེལ་མངོན་སུམ་གཟིགས་པའི་དམ་པ་རྗེ། །སྣང་སྲིད་འབྱུང་ལྔའི་བདག་མོ་མཁའ་འགྲོ་ལྔ། །དེ་དག་གཞུང་དང་གསུང་ལ་དཔང་པོ་ཡིན། །བདག་གི་མི་ཤེས་རྨོངས་པའི་གཏི་མུག་ཅན། །གཞན་གྱི་ལེགས་ཉེས་ཤེས་པ་ག་ལ་ཞིག །རང་ཉིད་དོ་ནུབ་འཆིའམ་མི་ཤེས་སམ། །དེ་ཕྱིར་རྫུན་སྨྲས་ཉེས་པ་ང་ལ་མེད། །འོན་ཀྱང་བརྩམས་གྱི་ཉེས་པ་བཤགས་སོགས་བྱས། །དེ་ཡང་མཁས་པ་རྣམས་ཀྱི་ཕྱག་བཞེས་ཡིན། །ཨྠྀི། བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརྟེན་འབྲེལ་བརྟག་ཐབས།next