Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་བརྒྱད་མོ་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་བརྒྱད་མོ་ཡིགnext

ལྷ་བརྒྱད་མོ་ཡིག


CMR042_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བརྒྱད་མོ་ཡིག་བཞུགས་སོ།། ན་མོ། སྐྱབས་གནས་དཀོན་མཆོག་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པས་མོ་ཕོབ། གསལ་པོར་ཕོབ་ཅིག །དྲང་པོར་ཕོབ་ཅིག །བཟང་ངན་རུ་ཤན་སོ་སོར་ཕྱེས་ཤིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། རུ་རྩི་རཀྟ་པྲ་བར་དྷ་ན་ཡེ་སྭཱ་ཧཱ། ཨ་དཀར་ཤིག་ཤིག་སྤྲ་མོ་ཕོབ། སུཥྚ་ཏིཥྛ་ནན་སྭཱ་ཧཱ། གྲངས་མང་བཟླ། ༼གཅིག༽ །དང་པོ་རྒྱལ་མཚན་ལ་བབ་ན། །མཁར་ལ་གསེར་འཕྲུ་ཚུགས་པ་དང་འདྲ། ཅི་བཏབ་ཅི་ཡི་མོ་ལ་བཟང་། ཁྱད་པར་ནད་པའི་མོ་ལ་བཟང་། ༼གཉིས༽ །ཕོ་རོག་ལ་བབ་ན། །མགྲོན་རྩེ་མི་མངོན་ཞྭ་རྩེ་མངོན། །མགྲོན་པོ་ཆེན་པོ་འོང་ངོ་ཡིན། །གཏམ་ངན་ལུང་པའི་མདའ་ནས་ཁྱབ། །གྲི་ངོ་དགྲ་ངོ་དམར་ངོ་ཡོད། །དགྲ་བོ་ཡོད་པས་དགྲ་བཟློག་བྱ། ༼གསུམ།༽ །སེང་གེ་ལ་བབ་ན། སེང་དཀར་མོའི་ལུས་ལ་གཡུ་རལ་རྒྱས། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །ཁྱད་པར་ནད་པའི་མོ་ལ་བཟང་། །ཁ་ཆར་བུ་ཡུག་འཚུབ་ངོ་ཡིན། ༼བཞི༽ གླང་ཆེན་ལ་བབ་ན། སྨྱུར་བ་ནོར་གྱིས་གང་། བང་མཛོད་འབྲུ་ཡིས་གང་། རི་མགོ་རྩྭ་མེད་ལ་རྩྭ་སྐྱེས། ལུང་པ་ཆུ་མེད་ལ་ཆུ་འབབ། ཤིང་སྐམ་པོ་ལ་ཡལ་ག་རྒྱས། བུ་ནོར་མེད་ལ་བུ་ནོར་འོང་། ཅི་ལ་བཏབ་ཀྱང་


CMR042_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བ་ཡིན། ༼ལྔ༽ རྟ་བརྒྱའི་རྟོད་ཕུར་ལ་བབ་ན། གངས་དཀར་རྩེ་ནས་འཁྱག་ཞུ། དགྲ་མགོ་རེ་བས་བཏུམ། །རྐང་ཐང་རྟ་ཁྲིད་མོ་ལ་བཟང་། རྔོན་པ་ཁྱི་ཁྲིད་མོ་ལ་བཟང་། ཕར་འགྲོ་མོ་ཡི་ཤུལ་རྡོ་ཆེ། ཚུར་ཡོངས་མི་ཡི་མགྱོགས་ངོ་ཆེ། ༼དྲུག༽ བེར་ག་ལ་བབ་ན། སྒོ་ལ་ནོར་མི་ཚུགས། ཕུག་གི་ཟས་ནོར་ཆད། སེམས་ཀྱི་ཅི་མང་དྲན། དོན་ཀྱིས་ཀྱང་མི་འགྲུབ། །ཤུལ་རྡོ་ཆེ་བསེ་རག་ཞུགས། བསམ་ལྷུན་ཐོན། ༼བདུན༽ རུས་སྦལ་ལ་བབ་ན། དགྲ་ཡུལ་དུ་མུན་པ་འཁྲིགས། རང་ཡུལ་དུ་སྒྲོན་མེ་སྦར། མཛོ་ཕོ་ལ་དགུ་ལུང་དགུ་བརྒྱབ་ཀྱང་། སྣ་ཐག་རང་གི་ཨོ་ལུ་ནང་དུ་ཡོད་པ་དང་འདྲ། ༼བརྒྱད༽ བྱ་དཀར་ལ་བབ་ན། བྱ་དཀར་ཀྱི་ལི་ཡོད་པའི། འགྲོ་འདུག་གི་མོ་ལ་བཟང་། སྐད་པོ་ཆེའི་སྐད་ཅིག་གོ་ནས། མིག་པོ་ཆེའི་མིག་གིས་རིགས་ནས། ཞག་གསུམ་ཚུན་ཆད་སྐད་ཆ་གསལ་པོ་ཆེན་པོ་ཅིག་གོ་འོང་ངོ་ཡིན། ལྷ་བརྒྱད་མོ་ཡིག་མངོན་ཤེས་གསལ། ཨ་རཱ་གས་བྲིས་པ་དགེའོ།། །།


previousལྷ་བརྒྱད་མོ་ཡིགnext