Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀྲ་ཤིས་མོ་བརྒྱད་ཀྱི་མོ་བདར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀྲ་ཤིས་མོ་བརྒྱད་ཀྱི་མོ་བདར།next

བཀྲ་ཤིས་མོ་བརྒྱད་ཀྱི་མོ་བདར།


CMR042_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་མོ་བརྒྱད་ཀྱི་མོ་བདར་བཞུགས་སོ།། ཀྱཻ༔ མོ་ལ་རྐུ་ཞིང་རྩིས་ལ་སྒྲིབ༔ རྣོ་མཐོང་གཅོད་ལ་རླུ་གབ་ཅན༔ འབྱུང་པོ་གྲིབ་ཅན་གཞན་དུ་དེངས༔ ཧཱུྃ་ཧཱུྃ་མོ་རྐུན་ཨུ་ཙ་ཏ་ཡ་ཕཊ༔ ད་ནི་རྣོ་མཐོང་མོ་ལྷ་བདར༔ འགྲོ་དྲུག་རྟག་ཏུ་སྤྱན་གྱིས་གཟིགས༔ འཕགས་པ་ཐུགས་རྗེ་ཆེན་པོ་བདར༔ དུས་གསུམ་ཐོགས་མེད་ས་ལེར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་བདར༔ ཕྱི་ནང་རྟེན་འབྲེལ་ཀུན་གྱི་བདག༔ ལྷ་ལྕམ་མནྡཱ་ར་བ་བདར༔ འབྱུང་བཞི་དབང་བསྒྱུར་མཁའ་འགྲོའི་གཙོ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་བདར༔ མོ་རྩིས་ཀུན་གྱི་སྟོན་པ་མཆོག༔ སྐུ་མཆོག་འཕགས་པ་འཇམ་དབྱངས་བདར༔ ལྷ་སྲིན་ཀུན་གྱི་གཉན་པོ་ཆེ༔ བཅོམ་ལྡན་གུ་རུ་དྲག་པོ་བདར༔ མ་མོ་མཁའ་འགྲོ་ཀུན་གྱི་རྗེ༔ ཆོས་སྐྱོང་གུར་གྱི་མགོན་པོ་བདར༔ ནོར་ལྷ་འཇིག་རྟེན་སྐྱོང་བའི་རྒྱལ༔ རྒྱལ་ཆེན་རྣམ་ཐོས་སྲས་པོ་བདར༔ དེ་ལྟར་ལིང་ཚེའི་ལྷ་བརྒྱད་དང་༔ གཞན་ཡང་ཡེ་ཤེས་འཇིག་རྟེན་པའི༔ རྣོ་མཐོང་མོ་ལྷ་ཐམས་ཅད་བདར༔ བཟང་ངན་གཉིས་ཀྱིས་སྟངས་ཆོད་ལ༔ ལེགས་ཉེས་གཉིས་ཀྱི་ཤན་ཕྱེས་ཤིག༔ གཏན་གཏན་ཕོབ་ལ་ཏིག་ཏིག་སྨོས༔ ཞེས་གང་དགོས་སྨོད༔


CMR042_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྡེའུ་ནག་པོ་བདུན་དཀར་པོ་གཅིག་དང་བརྒྱད་བཞག༔ དཀར་པོ་གང་བབ་ཡིན༔ ཚུགས་གསུམ་མམ༔ ཚུགས་གཉིས་ངེས་པར་དགོས༔ གཉིས་ཀ་བཟང་ན་བཟང་ངེས། གཉིས་ཀ་ངན་ན་ངན་ངེས༔ མ་མཚུངས་ན་ཐེ་ཚོམ་པས་ཐག་ཆོད་དཀའ་གསུངས༔ ཞེས་སྤྲུལ་སྐུ་རིན་པོ་ཆེས་བཀའ་གནང་བ་ལྟར༔ བཀྲ་ཤིས་མོ་བརྒྱད་ཀྱི་མོ་ཞལ་ཤེས་དང་བཅས་པ༔ ཨ་རཱ་གས་བྲིས་པ་མངྒ་ལཾ།། །།


previousབཀྲ་ཤིས་མོ་བརྒྱད་ཀྱི་མོ་བདར།next