Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉེར་མཁོའི་སྔགས་འབུམ་བཀའ་གཏེར་གདམས་ངག་གསུམ་ལས་བཏུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉེར་མཁོའི་སྔགས་འབུམ་བཀའ་གཏེར་གདམས་ངག་གསུམ་ལས་བཏུས་པ།next

ཉེར་མཁོའི་སྔགས་འབུམ་བཀའ་གཏེར་གདམས་ངག་གསུམ་ལས་བཏུས་པ།


CMR042_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་མཁོའི་སྔགས་འབུམ་བཀའ་གཏེར་གདམས་ངག་གསུམ་ལས་བཏུས་པ་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི། དགེ་བཤེས་འཕགས་པ་རྣམ་རྒྱལ་ཞེས་བྱ་བས། །ཉེར་མཁོའི་གདམས་ངག་འགའ་ཞིག་དགོས་གསུངས་པས། །བཀའ་དང་གཏེར་ལུང་གདམས་ངག་མཐའ་ཡས་པས། །ཡི་དམ་སོ་སོར་ཉེར་མཁོའི་ལས་ཚོགས་ཏེ། །སོ་སོའི་བསྙེན་པ་ཐེམ་པ་མ་གཏོགས་པ། །སུ་དང་གང་ལ་བྱས་ཀྱང་ཕན་པར་དཀའ། །བྲི་ན་དཀའ་བའི་འཁོར་ལོ་ཟ་ཡིག་དང་། །རྙེད་པར་དཀའ་བའི་རྫས་སྣ་མང་པོ་ཅན། །འདོན་པར་དཀའ་བའི་སྔགས་དང་ཡིག་རིགས་སོ། །ཐོན་པར་དཀའ་བའི་ཁྲི་འབུམ་གྲངས་ཀ་སོགས། །དེ་འདྲའི་གདམས་ངག་ཟབ་ཟབ་མང་ན་ཡང་། །སྔ་མ་ལྷག་ཆད་གདམས་ངག་ཡ་ཟུང་རེ། །བྱས་པས་མི་ཕན་ལོག་ལྟ་སྐྱེ་བའི་རྒྱུ། །དེ་ཕྱིར་གདམས་ངག་མང་པོ་སྤྲོས་པ་སྐྱུངས། །ལག་ལེན་ཡོད་པའི་ཉེར་མཁོ་འགའ་ཟུང་ཙམ། །ཡི་དམ་གང་རུང་བསྙེན་པ་ཐེམ་པ་ཡིས། །ངག་བཅད་ཤ་ཆང་སྤང་ལ་སྔགས་པས་ན། །ལན་གྲངས་དུ་མར་ཕན་པའི་ལག་ལེན་ཡོད། །རེ་རེ་ཙམ་ལ་ཕན་པར་མ་གྱུར་ན། །གདམས་ངག་རྫུན་རེད་སྙམ་པའི་ལོག་ལྟ་སྤངས། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི། །ཐུབ་པས་གསུངས་པའི་དོན་དེ་དྲན་པར་བྱ། ༈ གླང་འཐབ་སྔགས་ནི། ཨོཾ་གཤིན་རྗེ་ཆུ་གླང་ཞོན་ཅིབས་པ་སྟེ་ཐི་སོད། དེ་ནས་རང་གི་སྲིན་མཛུབ་གསེར་གྱི་རྡོ་རྗེར་བསམ། སྔགས་མང་རབ་བཏབ། སྲིན་མཛུབ་ཀྱིས་ལྟེ་བ་ལ་བསྐོར། དེ་ནས་


CMR042_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བའི་དཀྱིལ་དུ་གཏད། རྡོ་རྗེའི་འོད་ཟེར་གྱིས་བསྡུས་ནས་གདོན་རྡོ་རྗེ་ལ་ཐིམ་པར་བསམ། ཤིན་ཏུ་ཟབ། ༈ དུག་སྔགས་ལ། ཨོཾ་ཧ་རི་ནི་ས་ཕྱུང་ཕྱུང་། ཕཊ་ཕཊ་ཀྲིག་ཡེལ་སྭཱ་ཧཱ། ཞེས་རྩི་དག་སྦྱར་དུག་རཏྣའི་དུག་སོགས་ཐམས་ཅད་ཐུབ། རྣོ་ཚད་ལྟ་བར་འདོད་ན་སྐུད་པ་ནག་པོར་མདུད་པ་གསུམ་རྒྱབ་ལ། མདུད་པ་རེ་ལ་སྔགས་བརྒྱ་བཏབ། དུག་གི་སྐྱེད་པ་ལ་བཅིང་ན་དུག་རིགས་འགྱེལ་ལོ། །ཕབས་ལ་བཏབ་ན་ཆང་ལོ་བར་མི་འགྱུར། ནང་པར་ལྟོ་སྟོང་ལ་བཟླས་ན་དུག་རིགས་ཀྱི་འཇིགས་པ་མེད་དོ། །རྟ་ཡི་བཙན་སྔགས་ལ། ཨོཾ་བྱེ་མ་རཀཱ་སོད། བྱེ་མ་རཀྵ་རུབ། འོམ་བུའི་ལྕག་ཚན་ཡོད་ན་བཟང་། མེད་ན་འོམ་བུ་དུམ་བུ་ལྕག་ཚན་ལ་ཟློབཏགས། ལྕག་ཚན་རླུང་ལ་བསྒོམ། རྟ་བྱེ་མའི་རིར་བསྒོམ། ལྕག་ཚན་སྔགས་ལ་རྒྱབ། ད་ནངས་ལྕག་ཚན་སྔགས་ནས་སོང་ན་བཙན་སླད་མི་འོང་། །སྒོ། ཡང་ན་སྣ་ཁྲག་གཅོད་པའི་སྔགས་ལ། ཨ་མུ་ར་རཾ་རཾ་ཞི་བ་རཾ་རཾ། སད་སད་སྭཱ་ཧཱ། སྨྱུ་གུ་ནས་ཕུ་གདབ་བོ། །གཡུ་ཐོག་ལུགས་སོ།། ༈ རྨ་གསར་པ་ལ་སྔགས་འདི་སྨྲ་བ་བཅད་ལ་སྔགས། ཨོཾ་ཙ་ལ་སེད། ཀ་རྡུར་སོད། སྒྲུང་པ་མི་སྲིད་མྱུར་དུ་འཚོ། སངས་རྒྱས་གླིང་པའི་ལུགས། ༈ མར་མེ་འབུ་སྲིན་སྲུང་ན། ཨོཾ་ཟླ་བ་ལི་ཟླ་བ་ལི་སྭཱ་ཧཱ། མང་དུ་བཟླས་སྔགས་ཆུ་ཀོང་བུའི་ཁར་བླུག །འཇའ་ཚོན་སྙིང་པོའི་གཏེར་མའོ། ༈ །ལིང་ཐོག་སྔགས་ལ། ལིང་ཐོག་ཉ་ལ་བསམ། །


CMR042_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཆུ་བྱ་ལ་བསམ། བྱས་ཉ་བསད་པ་བསམ། ཨོཾ་ཧར་ལིང་སྭཱ་ཧཱ། ས་མ་ཡ། ༈ ཁྱི་སྨྱོན་སྔགས་ནི། ཟན་ཤ་ལ་སྔགས་བཏབ། ཨོཾ་ཀ་ཀ་ཀི་ཀི་ཅ་ཅ་ཅི་ཅི་སྐྱ་རེངས་མཆེ་བའི་དབལ་སོད། སྔགས་དང་སྔགས་ཆུ་གཉིས་ཀ་བྱ། ༈ ཡང་རིམས་སྲུང་། ཨཱཿ་དམར་པོ་ཁྲག་ཁྲིག་སོད། འདི་ནངས་སྔ་མོ་སྔགས་ན་ནད་ཀུན་ཐུབ། འདི་རྣམས་བདུད་འདུལ་རྡོ་རྗེའི་གཏེར་མའོ།། ༈ རང་ཉིད་སྤྱན་རས་གཟིགས་གསལ་ནས། སྐྱབས་འགྲོ་སེམས་བསྐྱེད་བྱ། སྔགས་འདི་བཟླས་ན་ཤིག་མི་འོང་། ཨོཾ་མོ་ཆིལ་མ་ལ་མ་ཙན་ཏྲ་ཡེ་སྭཱ་ཧཱ། ༈ སྔགས་ལ། ཨོཾ་ཏི་ཐི་ནི་ནི་ཐབ་ལ་སྭཱ་ཧཱ། གདམས་ངག་འདི་རྣམས་འཆར་མེའོ།། ༈ ལམ་སྲུང་གདམས་པ་ནི། རང་དམ་པར་བསྒོམ། རྡེའུ་གཉིས་བླང་སྔགས་བདུན་བཟླས་ལ་གཡས་གཡོན་དུ་གཏོར་བས་རང་འདྲ་བའི་ཨ་ཙ་ར་བདུན་དུ་གྱུར་ནས་སྲུང་སྐྱོབ་བྱེད་ནས་གཡས་གཡོན་དུ་འགྲོ་བར་བསམ། ཨོཾ་ས་པ་ཏི་ནན་སྭཱ་ཧཱ། འགྲོ་མི་དགོས་པ་ཁ་ཆིངས་སུ་འགྲོ་ཞིང་ཆོམ་རྐུན་ཅི་ཙམ་བྱུང་ཡང་གནོད་པར་མི་ནུས་པར་ཁྱད་འཕགས་སོ།། ༈ སྒྲུབ་ཁང་དུ་བྱི་བ་མི་ཆགས་པའི་སྔགས། ཨོཾ་ཧུ་ལུ་ཧུ་ལུ་ཙནྡྷེ་སྭཱ་ཧཱ། ཡུངས་ཀར་སྔགས་ལ་གནས་ཁང་དུ་གཏོར་བས་ཐུབ་བོ། ༈ །ཚག་པ་སྲུང་ན། ཨོཾ་ཀི་ཏ་ན་ཀི་ཏ་ན་ཙི་ཀ་པ་ར་ཙི་ཀ་པ་ར་ཚག་པའི་སྲོག་ལ་ཨ་ས་ནན་སྭ་ཧཱ། ཆུ་འགྲམ་གྱི་བྱེ་མ་ལ་སྟོང་སྔགས་པས་ཐུབ་བོ།། ༈ ལོ་ཏོག་ལ་


CMR042_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འབུ་སྲིན་གྱི་གནོད་པ་སྲུང་བ་ནི། ཆུ་ཆེན་གྱི་བྱེ་མ་རོ་བསྲེགས་ཀྱི་ཐལ་བ་གཉིས་ལ་བསྲེས། ན་མ་ཨ་ཝ་ར་ནན་ཏ་ཡ་ཐ་ད་ར་མ་ཧཱ་དྷ་ན་དྷ་ཀ་ཌ་དུ་ཌ་ཌེ་སྭཱ་ཧཱ། ལན་གསུམ་མམ་བདུན་གཉིས་སོགས་སྔགས་ལ་གཏོར། ༈ ཞིང་ལ་འབུ་སྲིན་གྱི་གནོད་པ་བསྲུང་ན། ཆུ་ཆེན་གྱི་བྱེ་མ་ལ་སྔགས་བཏབ། ཨོཾ་ཨཱཿཧཱུྃ་གུ་རུ་ཏྲ་ཤང་མ་ཧཱ་ཡུང་འདུ། ས་སྲིན་ནག་པོའི་སྙིང་ལ་རྦད་རཾ་བྷྱོ༔ ཞིང་ལ་ཕན། ཨོྃ༔ གནམ་ཆོས་ལས་བྱུང་བའི་སྣ་ཁྲག་གཅོད་པ་ནི། ཨོཾ་སུ་པ་ཀི་སྭཱ་ཧཱ། འདི་མགོ་ནས་ཡར་དྲིལ་མར་ནང་བཏུམ་ལ་བྱིན། སྐེད་ནས་ལྟེབ་ཤ་ནང་བཏུམ་ལ་བྱིན། མཇུག་ནས་ཡང་དྲིལ་ཟན་ནང་བཏུམ་ལ་བྱིན། ༈ མིག་ལ་གཅར་བྱུང་ན། ཨོཾ་ཤག་སྨྲ་ཀ་ལ་ཡེ་སྭཱ་ཧཱ། ༈ ཆུ་འགགས་ལ། ཨོཾ་ཀ་ཀི་པི་ལི་ཤི་ཤང་ཡེ་སྭཱ་ཧཱ། ༈ ཡང་རྐུན་ཆིངས་འཇག་མ་སོར་བཞི་ལ་སྔགས། རྣ་ལྟག་གཡོན་དུ་བཅུག ན་མོ་རུ་ཏྲ་ཡ་མ་ཧི་རི་མི་རི་སྭཱ་ཧཱ། སྔགས་འདི་འདྲ་བ་ཕས་ཤེས་ཀྱང་བུ་ལ་མི་བྱིན། གསེར་སྲང་དག་གིས་བཀའ་རྒྱ་ཡོད། ༈ རང་ནོར་གྱི་འོ་མ་མ་སྟེར་ན། སྲུང་སྐུད་ནག་པོ་ལ། ༀ་མ་ཧེ་ཙུག་ནི་ཙུག་ཏི་ནི་སྭཱ་ཧཱ། ཞེས་མང་དུ་བཏབ་ལ་འདོགས། ༈ སྐྱུག་གནོན་སྔགས་ལ། ཨོཾ་ཤྲཱི་ཡཾ་ཝི་ནག་པོ་སོད། སྐུད་པ་ཁྲ་ཁྲེལ་ལ་སེ་ཆིངས་མདུད་པ་དགུ་རྒྱབ་སྦྲུལ་ནག་གི་སེ་ཆིངས་མདུད་པར་བསམ་མོ། ༈ སྐྱང་འཇོམས་སྔགས་ལ། ཨ་ཙ་ར་བེ་ཛ་འུབ་འདུས། རྒྱན་རྒྱལ་བའི་


CMR042_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི། ཨོཾ་ཙཀྲ་ར་ཎི་རེ། ལན་བདུན་བསྐོར་ནས་བླང་ངོ་།། ༈ མི་ནོར་ཁྲིད་མ་ཐུབ་ན། ཏ་ལ་ཡ་མ་ཤ་ཧཱུྃ། ༈ མིག་ཁ་བས་མི་ཕྱིད་པའི་སྔགས་ལ། ཨོཾ་བྱ་ཤར་ཧཱུྃ་ཕཊ་། ཁ་བ་སྔགས་མིག་ལ་འདུད། ༈ སོ་སྲིན་སྔགས་ལ། ཨོཾ་ཐ་ཀ་རུ་ཧི། ར་ཚིལ་ལ་སྔགས། བདུག་པ་བྱས་ན་ཕན་ནོ། ༈ །མངོན་ཤེས་འཆར་བའི་སྔགས་ནི། ཚེས་བཅོ་ལྔ་ནམ་ཚེས་བརྒྱ་བརྒྱད་བཟླའོ། །ཏདྱ་ཐཱ། བྷི་བ་ཙཀྵ་སྭཱ་ཧཱ། ༈ རྒྱ་ཐོར་སྔགས་ལ། ཨ་ནད་སོད། རྒྱ་ནད་སོད། ནད་ཀྱི་རྒྱལ་པོ་རྒྱ་ཐོར་སོད། རྒྱ་ཐོར་ནད་ཀྱི་རྒྱལ་པོ་སོད། འཛེར་ནད་གཏིང་ནས་ཕུད། ཆུ་སེར་མཐའ་ནས་སྐམ༔ མུ་ཟི་ནག་པོ་དང་མར་རྙིང་ལ་སྔགས་ཟབ་བོ། །སྔགས་ཐོར་བུ་འདི་རྣམས་རཱ་ག་ཨ་སྱས་ཉེར་མཁོ་བསྒྲིགས་པ་འགྲོ་བ་མང་པོ་ལ་ཕན་པར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཉེར་མཁོའི་སྔགས་འབུམ་བཀའ་གཏེར་གདམས་ངག་གསུམ་ལས་བཏུས་པ།next