Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་མ་མདུང་གང་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉི་མ་མདུང་གང་མ།next

ཉི་མ་མདུང་གང་མ།


CMR042_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཉི་མ་མདུང་གང་མ་ཁུངས་བཙུན་དག་པ་བཞུགས་སོ། །ཉེར་དགུ་ནས་བཟུང་ཉི་མ་མདུང་གང་ཙམ་ལ་ཁ་ནུབ་ཏུ་བལྟས་ལ། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་གསང་བའི་བདག་པོ་བསྒྲུབ། །ལན་གསུམ། ཨོཾ་སྭ་བྷ་ཝས་སྦྱང་། །སྟོང་པའི་ངང་ལས་པད་ཉི་རི་རབ་སྟེང་། །རང་ཉིད་ཧཱུྃ་ལས་གསང་བདག་སྐུ་མདོག་མཐིང་། །ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཆས་རྣམས་རྫོགས། །རྡོ་རྗེ་ཕྱར་ཞིང་སྡིགས་མཛུབ་སྦྲུལ་ཞགས་གདེངས། །བརྐྱང་བསྐུམ་ཞབས་ཀྱིས་མེ་དཔུང་ཀློང་ན་བཞུགས། །འབྲུ་གསུམ་གྱིས་མཚན་ཡེ་བསྟིམ་དབང་རྫོགས་གྱུར། །ཨོཾ་བཛྲ་པཱ་ཎི་ཨརྒྷཾ་སོགས། ཤརྡ་པྲ་ཏཱིཙྪ་སྭཱ་ཧཱ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །སོགས་ཀྱིས་བསྟོད། ཏདྱ་ཐཱ། ཨོཾ་ནི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ར་ཛྷཱ་པ་ཡ་ཏི་སྭཱ་ཧཱ། །ཞེས་སོ། །ཙཎྜ་མ་ཧཱ་བརྒྱ་རྩ་བཟླ། རང་མདུན་ཁྲག་མཚོ་གྲུ་གསུམ་ནང་དུ་ནི། །རཱ་ཧུ་ལ་ནི་དུད་ཁ་མགོ་དགུ་པ། །མགོ་ལུས་མིག་གང་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་བཞི་དང་པོ་ཐལ་སྦྱར་འོག་མ་གཉིས། །སྦྲུལ་


CMR042_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་མདའ་གཞུ་འཛིན་ཅིང་གདོང་སྨད་པ། །མཐེབ་ཚིགས་ཙམ་པ་བཀའ་ཉན་ཚུལ་དུ་གྱུར། །བསྙེན་སྔགས་ལྔ་བཅུས་ཁོ་ཉིད་དཀར་པོར་སོང་། །བདུན་ཅུ་སོང་བས་སྦྲུལ་མཇུག་ཁོང་པར་ཐིམ། །གོ་ལྔ་སོང་བས་ཞལ་རྣམས་རྩ་ཕྱག་ཐིམ། །སྦྲུལ་མཇུག་ལྷག་མེད་རྐང་པ་གཅིག་ཀྱང་སྐྱེས། །བརྒྱ་རྩ་བཟླས་པས་ལག་གཉིས་རྩ་ཕྱག་ཐིམ། །ཕྱག་མཚན་རང་ལ་ཕུལ་ཞིང་སྲོག་སྙིང་ཕུལ། །ལུས་ཀྱི་རྒྱན་རྣམས་རིན་ཆེན་རྒྱན་གྱུར་ཏེ། །མཛེས་ཤིང་ཡིད་འོང་ལྷ་ཡི་གཟུགས་སུ་གྱུར། །གཏོར་མ་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་བ་སོགས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས། གསུམ་བརྗོད། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་བི་ཛ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་པཱ་ཎི་ཨ་ཛ་མ་ནྱ་ཨ་བི་རཱ་ཙ་ཡེ་སྭཱ་ཧཱ། པུཤྩ། དྷུ་པེ། ཨཱཿ་ལོ་ཀེ། གྷནྡྷེ། ནེ་ཝི་ཏྱ། ཤཐཱ་ཨཱཿཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པའི། །མཐུ་སྟོབས་ནུས་པ་བསམ་མི་ཁྱབ། །རཱ་ཧུ་ལ་ཞེས་རབ་གྲགས་པའི། །སྲུང་མ་ཁྱོད་ལ་བདག་བསྟོད་དོ། །བདག་ཅག་དཔོན་སློབ་མི་ནོར་བཅོས། །སྟེང་གདོན་གཟའ་ཡི་གནོད་པ་སོགས། །གདོན་དང་བགེགས་དང་ནད་ཀུན་ལས། །


CMR042_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་བར་དུ་བསྲུང་བར་མཛོད། །རཱ་ཧུ་ལ་ཡིས་ཁས་བླངས་ནས། །རྒྱ་མཚོའི་ཕར་འགྲམ་སོང་བར་གྱུར། །རཱ་ཧུ་ལ་ས་པཱ་རི་ཝཱ་ར་གཙྪ། ཞེས་གཏོར་མ་ནུབ་ངོས་སུ་དོར། །ཨོཾ་ཉི་མ་ནན། ཟླ་བ་ནན། ཀླད་པ་ནན། སྙིང་མགོ་ནན། གཞི་རྩེ་ལྟག་ཁུང་ནན། ཨེ་ཙི་ཏྲི་མ་ཏྲ་ཟློག །ཨེ་ནཱ་ག་ཤིག །ནཱ་ག་སོད། ནཱ་ག་ཟློག །ན་ག་ཀའི་མགོ་ལ་ནན། ཨ་རཱ་གས་མགྱོགས་པར་བྲིས་སོ། །ཁྲག་མཚོ་དེ་ཡང་སྐམ་པར་བསམ། །སྟོང་ཉིད་དུ་བཞག །འདི་རྒྱབ་རེས་ཉི་ཤུ་དགུ་བར་མ་ཆག་ན་སྐྱེ་བ་འབུམ་ཚོ་གསུམ་དུ་གཟའི་གནོད་པ་མི་འབྱུང་གསུངས་ཏེ། ཟླ་བ་དགུ་ལ་མ་ཆག་ན་ལག་བླངས་མའོ། །མངྒ་ལཾ། །འདིའི་ཕྱག་ལེན་ཁྱུང་པོ་ཞག་གཅོད་འབྱུང་གནས་ནས། རི་སྤྲུལ་རིན་པོ་ཆེ་ཀརྨ་མཁས་མཆོག་གིས་གསན། དེ་ལ་ཀུན་གཟིགས་མཉྫགྷོ་ཥས་གསན།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཉི་མ་མདུང་གང་མ།next