Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་སྨན་བླའི་སྒོམ་བཟླས་སྤྲོས་མེད་ཨ་ཏི་ཡོ་ག་ལྟར་ཉམས་སུ་ལེན་ཐབས་ཉོན་མོངས་སེལ་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་སྨན་བླའི་སྒོམ་བཟླས་སྤྲོས་མེད་ཨ་ཏི་ཡོ་ག་ལྟར་ཉམས་སུ་ལེན་ཐབས་ཉོན་མོངས་སེལ་བྱེད།next

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་སྨན་བླའི་སྒོམ་བཟླས་སྤྲོས་མེད་ཨ་ཏི་ཡོ་ག་ལྟར་ཉམས་སུ་ལེན་ཐབས་ཉོན་མོངས་སེལ་བྱེད།


CMR042_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན༔ སྨན་བླའི་སྒོམ་བཟླས་སྤྲོས་མེད་ཨ་ཏི་ཡོ་ག་ལྟར་ཉམས་སུ་ལེན་ཐབས་ཉོན་མོངས་སེལ་བྱེད་བཞུགས་སོ༔ ན་མོ་བྷཻ་ཥ་ཛྱཻ་ཡེ༔ སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ༔ བདག་རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ མ་འགྲོ་དྲུག་བདེ་ལ་འགོད་པའི་ཕྱིར༔ བདག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེ༔ དོན་སྨྲ་བརྗོད་ཡོད་མེད་རྟག་ཆད་བྲལ༔ གཤིས་སྟོང་པའི་རང་མདངས་རིག་པའི་རྩལ༔ གནས་ལྟ་ན་སྡུག་གི་ཕོ་བྲང་དབུས་རང་བཅོམ་ལྡན་བདེ་གཤེགས་སྨན་གྱི་བླ༔ སྐུ་མཐིང་གསལ་ནམ་མཁའ་དྭངས་པའི་མདོག༔ མཚན་དཔེ་བྱད་གཟི་བརྗིད་འོད་དུ་འབར༔ གཡས་མཆོག་སྦྱིན་རྣམ་རྒྱལ་ཨ་རུ་ར༔ གཡོན་བེཟླུར་སྒྱུ་ལྷུང་བཟེད་བདུད་རྩིས་བཀང་༔ ཞབས་རྡོ་རྗེ་སྐྱིལ་ཀྲུང་པད་ཟླའི་སྟེང་༔ དར་དམར་པོ་ཆོས་གོས་རྣམ་གསུམ་བཀླུབས༔ ཐུགས་ཟླ་སྟེང་ཧཱུྃ་མཐིང་སྔགས་ཀྱིས་བསྐོར༔ ཞིང་ཤར་ཕྱོགས་བེཌཱུརྨ་སྣང་ནས༔ རང་འདྲ་བའི་ཡེ་ཤེས་སྤྱན་དྲངས་བསྟིམ༔ དེ་སྒོམ་མཁན་རང་གི་སེམས་ཉིད་དོ༔ དེ་མ་བཅོས་ལྷུག་པར་རང་ཞལ་བལྟ༔ དེ་བལྟས་པས་དུག་


CMR042_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རང་སར་ཞི༔ དཔེ་ཆུ་རླབས་ཆུ་ལ་ཐིམ་པ་བཞིན༔ གནས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཀུན༔ ད་སེལ་མཛད་སྨན་པའི་རྒྱལ་པོ་ཡིན༔ དེ་རྟོགས་ན་བླ་མེད་རྒྱུད་སྡེའི་དོན༔ ཆོས་ཕྱག་རྒྱ་ཆེན་པོ་དེ་ཉིད་རང་༔ དོན་བཅོམ་ལྡན་སྨན་བླ་རང་གི་སེམས༔ སེམས་སྟོང་པའི་རང་མདངས་སྨན་བླའི་སྐུ༔ ཕྱི་སྣོད་འཇིག་རྟེན་ལྟ་ན་སྡུག་ཕྱི་རྩི་བཅུད་རང་བྱུང་ནད་སེལ་སྨན༔ ནང་འགྱུ་བ་རང་གྲོལ་དུག་ལྔ་དང་༔ ཉོན་མོངས་པ་བརྒྱད་ཁྲི་སེལ་བའི་སྨན༔ དོན་བསྐྱེད་རྫོགས་ཟུང་འཇུག་འདི་བསྒོམས་པས༔ རྟེན་འབྲེལ་རྩི་སྨན་སྦྱར་བ་ཡིས༔ ནད་འདུ་བ་རྣམ་བཞི་ཞི་བར་ཤོག༔ ནང་རང་སེམས་ཆོས་སྐུར་སྦྱོར་བ་ཡིས༔ མ་འགྲོ་དྲུག་སྡུག་བསྔལ་སེལ་བར་ཤོག༔ ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱཻ་བྷེ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱཿ ཞེས་བསྐྱེད་རྫོགས་ཟུང་འཇུག་ཨ་ཏི་ཡོ་ག་ལྟར་ཉམས་སུ་ལེན་ཐབས༔ དགོངས་གཏེར་ཐུགས་ཀྱི་ཟུར་རྒྱན་རཱ་ག་ཨ་སྱས་བྲིས་པའོ། །དགེའོ།། །།


previousདགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་སྨན་བླའི་སྒོམ་བཟླས་སྤྲོས་མེད་ཨ་ཏི་ཡོ་ག་ལྟར་ཉམས་སུ་ལེན་ཐབས་ཉོན་མོངས་སེལ་བྱེད།next