Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨན་ཆོག་དོན་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨན་ཆོག་དོན་བསྡུས།next

སྨན་ཆོག་དོན་བསྡུས།


CMR042_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ཆོག་དོན་བསྡུས་བཞུགས་སོ།། ན་མོ་བྷཻ་ཥ་ཛྱཻ་ཡེ༔ བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ འགྲོ་ལ་ཕན་ཕྱིར་བཅོམ་ལྡན་སྨན་བླ་བསྒྲུབ༔ ཆོས་རྣམས་སྟོང་ཉིད་ཡེ་ནས་རྫོགས་པ་ཆེ༔ དེ་ཡི་རང་མདངས་མཁའ་ལ་འཇའ་ཤར་ལྟར༔ ཤར་ཕྱོགས་ལྟ་ན་སྡུག་གི་གཞལ་ཡས་ཁང་༔ དེ་དབུས་སེང་ཁྲི་པདྨ་ཟླ་བའི་སྟེང་༔ རང་ཉིད་དམ་ཡེ་དབྱེར་མེད་དྲན་རྫོགས་སུ༔ བཅོམ་ལྡན་སྨན་བླ་སྐུ་མདོག་བཻཌཱུའི་མདོག༔ མཚན་དཔེས་རབ་བརྒྱན་ཆོས་གོས་རྣམ་གསུམ་གསོལ༔ ཕྱག་གཡས་མཆོག་སྦྱིན་སྨན་མཆོག་ཨ་རུ་ར༔ གཡོན་པས་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་གཟི་བརྗིད་འོད་ཟེར་འབར༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་སྔགས་གཡས་བསྐོར༔ དེ་ལས་འོད་འཕྲོས་ཤར་ཕྱོགས་ཞིང་ཁམས་སུ༔ སྨན་བླ་གྲངས་མེད་སྤྱན་དྲངས་རང་ལ་ཐིམ༔ རང་ལས་འོད་འཕྲོས་ནད་པ་ལ་སོགས་པའི༔ སེམས་ཅན་ཀུན་གྱི་ནད་དང་སྡུག་བསྔལ་བསལ༔ བཅོམ་ལྡན་སྨན་བླ་སྔོན་ཚེ་སེམས་དཔའ་ཡིས༔ སྨོན་ལམ་བཅུ་གཉིས་བཏབ་པའི་བདེན་པ་དེས༔ བདག་དང་ནད་པ་འདི་ཡི་ནད་དང་གདོན༔ ཐམས་ཅད་ད་


CMR042_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཉིད་དུ་ཞི་གྱུར་ཅིག༔ བདག་ཀྱང་སྒྲིབ་པ་ཀུན་བྱང་ཚོགས་རྫོགས་ནས༔ བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག༔ ཏདྱ་ཐཱ༔ ཨོཾ་བྷི་ཥ་ཚེ་བྷེ་ཥ་ཛུ་མ་ཧཱ་བྷི་ཥ་ཛུ་ར་ཛཱ་ས་མུཏྤ་ཏེ་ཨོཾ་བྷེ་ཥ་ཛེ་སྭཱ་ཧཱཿ ཞེས་དགོངས་གཏེར་ལས་བྱུང་བའི་འདོན་བྱ་འདི་རཱ་ག་ཨ་སྱས་སྦྱར་བའོ༔ སརྦ་མངྒ་ལཾ། བཀྲ་ཤིས། ཞལ་དྲོ། །


previousསྨན་ཆོག་དོན་བསྡུས།next