Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་སྨན་བླའི་དབང་ནད་རིགས་ཀུན་སེལ་སྨན་གྱི་ཆར་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་སྨན་བླའི་དབང་ནད་རིགས་ཀུན་སེལ་སྨན་གྱི་ཆར་རྒྱུན།next

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་སྨན་བླའི་དབང་ནད་རིགས་ཀུན་སེལ་སྨན་གྱི་ཆར་རྒྱུན།


CMR042_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་སྨན་བླའི་དབང་ནད་རིགས་ཀུན་སེལ་སྨན་གྱི་ཆར་རྒྱུན་ཡོད་དོ།།


CMR042_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་བྷེ་ཥ་ཛུ་ཡེ༔ འབྲུའི་ཚོམ་བུའི་སྟེང་དུ་དབང་གཏོར་ལ་ཙཀ་ལི་འཛུགས༔ མཆོད་པ་ཅི་འཛོམ་བཤམ༔ སྤྲོ་ན་སྨན་ཆོག་འདོན༔ བསྡུ་ན་བདག་མདུན་དུས་གཅིག་དྲན་རྫོགས་སུ༔ སྟོང་གསུམ་འདི་ལྟ་ན་སྡུག་གི་ཕོ་བྲང་དུ་གྱུར་པའི་ནང་དུ་བདག་དང་གཏོར་མ་སྨན་བླ་སྐུ་མདོག་བཻཌཱུརྱ་ལྟ་བུ་འོད་ཟེར་འཕྲོ་བའི་སྐུ་ཅན༔ ཆོས་གོས་གསུམ་གྱིས་བཀླུབས་པ༔ ཕྱག་གཡས་མཆོག་སྦྱིན་ཨ་རུ་ར་དང་༔ གཡོན་ལྷུང་བཟེད་འཛིན་པའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས༔ ཤར་ཕྱོགས་བེཟླུརླ་སྣང་གི་ཞིང་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཆར་བབས་པ་ལྟར་བྱོན་


CMR042_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདག་དང་གཏོར་མའི་ལྷ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ཏདྱ་ཐཱ༔ ཨོཾ་བྷེ་ཥ་ཛེ་གྷོ་ཥ་ཛུ་མ་ཧཱ་བྷི་ཥ་ཛཱི་རཱ་ཛ་ས་མུཏྠ་ཏེ་སྭཱ་ཧཱཿ ཞེས་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་ཅི་འགྲུབ་བཟླས་ལ༔ ཨོཾ་མ་ཧཱ་བྷེ་ཥ་ཛུ་ཡེ༔ ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱཿ ཧཱུྃ༔ སྐུ་མདོག་བཻཌཱུརྱ་ཡི་རི་བོ་འདྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་འཛིན་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་སློབ་མ་འདུས་ནས་ཆབ་དང་མེ་ཏོག་བཀྱེ༔ སྔོན་དུ་དབང་མ་སོང་ངམ་ནད་པ་སོགས་ཡིན་ན༔ སྔོན་འགྲོ་བགེགས་གཏོར་མཚམས་བཅད་སྲུང་འཁོར་བསྒོམ་


CMR042_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐབས་དང་བསྟུན༔ ཡང་ནད་པ་གལ་ཆེ་བ་ལྟ་བུ་ཡིན་ན་སྔོན་འགྲོའི་ཚབ་ལ། གནམ་ཆོས་ནས་བྱུང་བའི་ནད་པ་བྱིན་རླབས་ཤོག་བཀྲ་མ་བྱ༔ དེ་ནས་དབང་བཤད་ནི༔ དེ་ཡང་བཅོམ་ལྡན་འདས་སྨན་གྱི་བླ་འདི་ནི་བསྐལ་པ་གྲངས་མེད་པ་ནས་བྱང་ཆུབ་ཏུ་སེམས་བསྐྱེད༔ མཚན་ཐོས་པ་ཙམ་གྱིས་ཀྱང་ངན་འགྲོའི་སྡུག་བསྔལ་དང་ནད་ཞི་བའི་སྨོན་ལམ་དཔག་ཏུ་མེད་པ་བཏབ༔ སྨོན་ལམ་དེ་རྣམས་མ་འགྲུབ་ཀྱི་བར་དུ་བདག་སངས་མི་རྒྱ་བའི་དམ་བཅའ་ཆེན་པོ་མཛད་ནས་བསྐལ་པ་དཔག་ཏུ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པས༔ མཐར་སྨོན་ལམ་ཐམས་ཅད་འགྲུབ་ནས་སངས་རྒྱས་ཏེ༔ ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་བེཟླུརླ་སྣང་ཞེས་བྱ་བ་བདེ་སྐྱིད་ཕུན་སུམ་ཚོགས་པ་བདེ་བ་ཅན་ལྟ་བུ་ན་ད་ལྟ་ཡང་མྱ་ངན་ལས་མི་འདའ་བར་སྐུ་ཡོངས་སུ་བཞུགས་སོ༔ སངས་རྒྱས་དེའི་མདོ་རྒྱུད་དང་མན་ངག་གསོ་བ་རིག་པ་ལ་སོགས་འཇིག་རྟེན་འདིར་དར་ཚུལ་ནི༔ སྔོན་སངས་རྒྱས་ཤཱཀྱ་ཐུབ་ཆེན་གྱིས་གསོ་དཔྱད་འབུམ་པ་གསུངས་པ་འཇིག་རྟེན་མྱེས་པོ་ཚངས་པའི་ཐུགས་ལ་བཟུང་བ་ལ༔ བསྐལ་པ་བཟང་པོ་འདི་དང་པོ་ཆགས་པའི་སྐབས༔ མི་རྣམས་ཀྱི་མིང་ལ་ཤེད་བུ་ཞེས་བཏགས་སོ༔ དེར་


CMR042_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཤེད་བུ་ལ་མ་ཞུ་བའི་ནད་བྱུང་བ་ལ༔ ཚངས་པས་འབུམ་པ་ལས་བསྡུས་པ་འབུམ་ཁུ་ཚུར་གསུངས་པས༔ འཛམ་བུ་གླིང་འདིར་སངས་རྒྱས་མ་བྱོན་ཞིང་ཆོས་མ་དར་བའི་གོང་ནས་སངས་རྒྱས་སྨན་བླའི་ཐུགས་རྗེས་གསོ་རིག་དར་བས༔ ཕྱི་རོལ་པ་ལ་ཡང་དེ་ལ་བརྟེན་ནས་གསོ་རིག་དར་རོ༔ དེ་ནས་བསྟན་པ་འདི་ལ་སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་དང་པོ་བསྐོར་བའི་ཚེ་འདུལ་བ་སྨན་གྱི་གཞི་དང་༔ ཆོས་འཁོར་བར་པ་བསྐོར་བའི་ཚེ༔ རོལ་མོ་སྒྲ་གཅན་གྱི་ཤིང་དྲུང་ན་འཇམ་དཔལ་གྱིས་ཞུས་ནས༔ སྨན་བླའི་མདོ་དང་སྨན་བླ་མཆེད་བརྒྱད་ཀྱི་མདོ་གསུངས༔ གཞན་ཡང་གསེར་འོད་དམ་པ་ལ་སོགས་ནས་ཀྱང་ཞར་བྱུང་དུ་གསུངས་པ་མང་ངོ་༔ དེ་ནས་ཆོས་འཁོར་ཐ་མ་བསྐོར་བའི་ཚེ༔ བཅོམ་ལྡན་འདས་སྨན་བླའི་ཏིང་ངེ་འཛིན་ལ་བཞུགས་ནས་རྒྱུད་བཞི་གསུངས་སོ༔ དེ་དག་ཀུན་དགའ་བོ་དང་འཚོ་མཛད་གཞོན་ནུ་སོགས་ལས་བརྒྱུད་དེ་ནང་པ་ལ་དར་རོ༔ དེ་ནས་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རིན་ཆེན་སྨན་གྱི་ནགས་ཚལ་དུ་སངས་རྒྱས་སྨན་གྱི་བླ་རྩི་བཅུད་ཀྱི་ལྷ་མོ་བཅུ་དྲུག་གིས་བསྐོར་བ་ཞལ་མཇལ་ནས་སྨན་བླའི་དབང་དང་རྒྱུད་ལུང་མན་


CMR042_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཐམས་ཅད་གནང་ངོ་༔ མདོ་གཉིས་ནི་འཇམ་དཔལ་གྱིས་མཁན་པོ་བོ་དྷི་སཏཱ་ལ་དབང་ལུང་མན་ངག་དང་བཅས་པ་དངོས་སུ་གནང་བས༔ སྨན་བླའི་ཆོ་ག་རྒྱས་བསྡུས་གསུམ་མཛད་དེ༔ ཟ་ཧོར་ཡུལ་དུ་ཉིད་ཀྱི་དབོན་པོ་བོ་དྷི་སཏཱ་ཆུང་བ་ལ་གནང་༔ བོད་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིམ་དང་སྒྲིབ་སྦྱངས་ལ༔ ལྷ་ས་ཇོ་བོའི་མདུན་དང་༔ བསམ་ཡས་བྱང་ཆུབ་ཆེན་པོའི་མདུན་དུ་སྨན་བླའི་ཆོ་ག་བཙུགས་པའི་རྒྱུན་དེང་སང་ཡང་མ་ནུབ་པར་བཞུགས་སོ༔ དེ་ནས་མཁས་པ་བཻ་རོ་ཙ་ན་རྒྱ་གར་དུ་བྱོན་ཏེ༔ ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ་སོགས་མཁས་གྲུབ་མང་པོ་བསྟེན་ནས་རྒྱུད་བཞི་སོགས་སྨན་བླའི་རྒྱུད་མན་ངག་མང་པོ་བོད་དུ་བསྒྱུར་བ་དང་༔ བདུད་རྩིའི་བུམ་པ་སོགས་དབང་ལུང་མན་ངག་མང་པོ་ཨོ་རྒྱན་རིན་པོ་ཆེས་གནང་བས༔ མང་བཙུན་ཁུ་ལུ་ལ་སོགས་པ་གསོ་རིག་ལ་མངའ་བརྙེས་པའི་སོ་སོ་རིག་འཛིན་མང་པོ་ཡང་བྱུང་༔ གླང་དར་གྱིས་བསྣབས་པར་དོགས་ནས་ཕལ་ཆེར་གཏེར་དུ་སྦས་པ་ལས༔ ཕྱིས་གྲྭ་པ་མངོན་ཤེས་ཅན་དང་༔ ར་མོ་ཤེལ་སྨན་དང་༔ སྨན་པ་ཉི་འོད་གསལ་སོགས་ཀྱིས་གཏེར་ནས་བཏོན་པས་དེང་སང་དར་ཞིང་རྒྱས༔ ཡང་


CMR042_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་རིན་པོ་ཆེའི་ཐུགས་ཀྱི་སྤྲུལ་པ་གཡུ་ཐོག་ཡོན་ཏན་མགོན་པོ་དེ་རྒྱ་གར་དུ་བྱོན་པས༔ ལྷ་ལྕམ་མནྡ་ར་བ་འཇའ་ལུས་སུ་བཞུགས་པའི་མཚན༔ ལྷ་མོ་དཔལ་ཕྲེང་མར་གྲགས་པ་དེ་ཞལ་གཟིགས་ནས༔ སྨན་བླའི་དབང་ལུང་མན་ངག་གནམ་ཆོས་སུ་གནང་བ་ཡི་གེར་བཀོད་པ་ལ༔ ཤོག་དྲིལ་དཀར་དམར་གྱི་གླེགས་བམ་དང་༔ བླ་སྒྲུབ་ལ་སོགས་པའི་ཟབ་ཁྱད་དཔག་ཏུ་མེད་པ་ཡོད་ཅིང་༔ སྣེའུ་གདོང་རྒྱལ་པོའི་ཕོ་བྲང་དུ་དེ་རྣམས་སྤེལ་བའི་ཚེ་ཨ་རུ་ར་རློན་པའི་ཆར་བབས༔ ཉིད་ཀྱི་པང་དུ་ཨ་རུ་ར་རློན་པ་སྙིམ་པ་ཁ་སྦྱོར་ཙམ་ལོ་མ་དང་་བཅས་པ་གཅིག་བབས་པ་དེ་སྲས་ལ་གནང་ངོ་༔ ཡང་བོ་དྷི་སཏྭ་ཆུང་བའི་དབོན་པོ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་བོད་དུ་གདན་འདྲེན་བྱུང་བ་འབྱོན་ནམ་མི་འབྱོན་དགོངས་ནས་རྡོ་རྗེ་གདན་དུ་ཕྱག་བསྐོར་བ་མཛད་པས༔ ནམ་མཁའ་ལས་སྨན་བླ་མཆེད་བདུན་ཞལ་གཟིགས༔ བོད་དུ་སོང་དང་འགྲོ་དོན་འབྱུང་ཞིང་ངེད་བདུན་གྱི་མཆོད་པ་ཡང་དར་བར་འགྱུར་རོ༔ ཞེས་ལུང་བསྟན་ནས་བོད་དུ་བྱོན་ཏེ༔ ཉིད་ཀྱི་མེས་པོ་བོ་དྷི་ས་ཏཱས་མཛད་པའི་སྨན་བླའི་ཆོ་གའི་དབང་ལུང་སྤེལ་བས༔ ར་སྒྲེང་དང་བྱང་ངམ་རིང་


CMR042_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་བདེ་ཆེན་ལ་སོགས་དགེ་འདུན་གྱི་སྡེ་ཆེན་པོ་རྣམས་སུ་སྨན་བླའི་ཆོ་ག་ད་ལྟའི་བར་དུ་དར་ཞིང་རྒྱས་སོ༔ དེ་ནས་ལུང་བསྟན་བཀའ་རྒྱ་མ་ནས་ལུང་བསྟན་པའི༔ ཟུར་མཁར་ཨ་བོ་ཆོས་རྗེ་དེས༔ ནམ་ཐོ་རངས་ཞིག་ལ་གཡུ་ཐོག་མགོན་པོ་ཞལ་གཟིགས་བྱིན་གྱིས་བརླབས་པས༔ སྨན་བླའི་རྒྱུད་མན་ངག་ཐམས་ཅད་ལ་མཁས་པར་གྱུར་ཏེ༔ རྒྱུད་བཞིའི་དབང་གཏེར་དང་༔ ཨོ་རྒྱན་ཆེན་པོས་མཛད་པའི་གཏེར་མའི་མན་ངག་འཐོར་བུ་བ་ཐམས་ཅད་དང་༔ གཡུ་ཐོག་པ་ལ་ལྷ་མོ་དཔལ་ཕྲེང་མས་གནང་བའི་གནམ་ཆོས་ཀྱི་དོན་བསྡུས་ནས་བྱེ་བ་རིང་བསྲེལ་མཛད༔ དེ་རྗེས་ཟུར་མཁར་མཉམ་ཉིད་རྡོ་རྗེས་མཚན་ཉིད་བསླབས་པའི་སྐབས་སུ་རྒྱལ་བའི་དབང་པོས་དེང་སང་མཚན་ཉིད་བསྟན་པ་དར་ཆེ༔ གསོ་རིག་འདི་ནུབ་པར་ཉེ་བས༔ ཁྱེད་ཟུར་མཁར་བའི་དུས་དང་༔ སྐྱེ་བ་གཉིས་ཀ་ཡིན་པས༔ གསོ་རིག་སྦྱོང་གསུངས་པས་སྨན་བླའི་རྒྱུད་མན་ངག་ཐམས་ཅད་ལ་མཁས་པར་མཛད་པས་ཟུར་མཁར་བ་རྗེས་མར་གྲགས༔ རྒྱུད་བཞི་པར་དུ་འཁོད་པའི་ཞལ་བཀོད་དང་༔ སྨན་བླའི་རྒྱུད་མན་ངག་གི་བཤད་སྒྲུབ་ཀྱི་རྒྱུན་བཙུགས་སོ༔ དེ་ནས་སློབ་དཔོན་ཀླུ་སྒྲུབ་


CMR042_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ པཎྜི་ཏ་དཔའ་བོ་དང་༔ དྭགས་པོ་ལྷ་རྗེས་མཛད་པ་སོགས༔ གསར་མ་ལུགས་ཀྱི་གསོ་རིག་མང་དུ་ཡོད་ན་ཡང་ཆེར་མ་དར༔ དེང་སང་གངས་རིའི་ཁྲོད་འདིར་ནད་པ་རྣམས་ཀྱིས་སྨན་ཟ་བ་དང་སྨན་པ་འབོད་ཅིང་སྨན་བླའི་མཚན་ཐོས་པ་འདི་ནི༔ ཨོ་རྒྱན་རིན་པོ་ཆེ་དང་༔ པ་གོར་བེ་རོ་ཙ་ན་གཉིས་ཁོ་ནའི་བཀའ་དྲིན་ཡིན་ནོ༔ དེ་ལྟར་བོ་དྷི་སཏྭ་དང་༔ གྲྭ་པ་མངོན་ཤེས་ཅན་སོགས་ནས་བརྒྱུད་པའི་དབང་ལུང་གི་རྒྱུན་ཡང་ཅི་རིགས་པར་ཐོབ་མོད་ཀྱི༔ དེ་ལ་འདི་ནི་པ་གོར་བེ་རོ་ཙ་ནའི་ཐུགས་ཀྱི་འོད་ཟེར་ལས་བྱུང་བ་རིག་འཛིན་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་སྐབས་སུ་སངས་རྒྱས་སྨན་གྱི་བླ་རྨི་ལམ་དུ་མཇལ་ནས༔ ནད་པ་བྱིན་རླབས་ཤོག་ཁྲ་མ་གནང་༔ སྤྲེལ་ལོ་ཐ་སྐར་ཟླ་བའི་ཚེས་གསུམ་ནུབ་སྨན་བླ་དངོས་སུ་ཞལ་གཟིགས་ནས་སྒྲུབ་ཐབས་གནང་ངོ་༔ དགུང་ལོ་བཅུ་བདུན་གླང་ལོའི་དཔྱིད་སྐུ་མཚམས་ལ་བཞུགས་སྐབས༔ སྔོན་བེ་རོ་ཙ་ནའི་དུས་ཀྱི་བག་ཆགས་སད་དེ༔ སྨན་བླའི་སྒྲུབ་ཐབས་དང་དབང་འདིའི་རྩ་ཚིག་དགོངས་གཏེར་ལས་ཕབ་པ་ཡིན་ནོ༔ དེ་ལ་དབང་འདིའི་ཕན་ཡོན་ནི༔ སངས་རྒྱས་སྨན་བླའི་མདོ་གཉིས་


CMR042_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཤཱཀྱ་ཐུབ་པས་གསུངས་པའི་དོན་བསྡུས་ཏེ་བཤད་ན༔ ཚངས་པར་སྤྱོད་པ་རྣམས་ཚུལ་ཁྲིམས་མི་ཉམས་པ་དང་༔ ནད་ཀྱིས་དབང་པོ་དང་ཡན་ལག་མ་ཚང་བའམ་ཉམས་པ་རྣམས་དབང་པོ་ཡན་ལག་རྫོགས་པར་འགྱུར་བ་དང་༔ ནད་ཐམས་ཅད་རབ་ཏུ་ཞི་ཞིང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནད་མེད་པར་འགྱུར་བ་དང་༔ བྱད་ཁ་དང་རིག་སྔགས་ཀྱི་གནོད་པས་མི་ཚུགས་པ་དང་༔ རྒྱལ་པོའི་འཇིགས་པ་དང་ཆད་པ་ལས་ཐར་བ་དང་༔ ཟས་དང་གོས་དང་ལོངས་སྤྱོད་ཀྱིས་མི་ཕོངས་པར་འགྱུར༔ གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་གཡོག་བདུན་འབུམ་བདུན་འབུམ་དང་བཅས་པས༔ སྲུང་ཞིང་སྐྱོང་བ་དང་གནོད་པ་ཐམས་ཅད་ལས་ཟློག་པར་བྱེད་པ་དང་༔ ཕྱག་ན་རྡོ་རྗེ་དང་ཚངས་པ་དང་བརྒྱ་བྱིན་གྱིས་ཀྱང་དུས་རྟག་ཏུ་བསྲུང་བ་དང་༔ དབུལ་ཞིང་ཕོངས་བའི་སྨན་པ་དང་སྨན་མི་རྙེད་པའི་ནད་ཐམས་ཅད་ཞི་བ་ཚེ་འདི་ལ་ཕན་པའི་རིམ་གྲོ་དང་༔ བུད་མེད་རྣམས་ཀྱང་བུད་མེད་ཀྱི་སྐྱེ་སྒོ་ཆོད་ནས་ཕྱིན་ཆད་སྐྱེས་པར་འགྱུར་བ་དང་༔ ཚེ་འདིར་སེར་སྣ་དང་འཕྲོག་བཅོམ་གྱི་ཉེས་པས་ཕྱི་མ་ཡི་དྭགས་སུ་སྐྱེས་ན་ཡང་དེ་མ་ཐག་ཏུ་སྨན་བླ་དྲན་ནས་ཐར་ཏེ༔ ཕྱུག་ཅིང་


CMR042_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཆེ་བར་སྐྱེས་ནས་སྦྱིན་པ་གཏོང་བར་འགྱུར་བ་དང་༔ ཚེ་འདིར་སྡིག་སྒྲིབ་དང་ཆོས་དང་གང་ཟག་ལ་ལོག་ལྟ་བྱས་པས་དམྱལ་བར་སྐྱེས་ན་ཡང་དེ་མ་ཐག་ཏུ་སངས་རྒྱས་སྨན་བླ་དྲན་ནས་ཐར་ཏེ༔ མིར་སྐྱེས་ནས་ཆོས་སྤྱོད་པར་འགྱུར་ཏེ༔ རིམ་གྱིས་སངས་རྒྱས་ཐོབ་པ་དང་༔ ཚེ་འདིར་ཕྲག་དོག་གིས་བདག་བསྟོད་གཞན་ལ་སྨད་པའི་ཉེས་པས༔ དུད་འགྲོར་སྐྱེས་ན་ཡང་དེ་མ་ཐག་སྨན་བླ་དྲན་ནས༔ མྱུར་དུ་ཐར་ཏེ་མི་ཤེས་རབ་ཅན་དུ་སྐྱེས་ནས་ཆོས་སྤྱོད་ཅིང་རིམ་གྱིས་སངས་རྒྱས་ཐོབ་པ་དང་༔ མདོར་ན་འདིའི་དབང་འདི་ཐོབ་ན་ལྟ་ཅི་སྨོས༔ མཚན་རྣ་ལམ་དུ་བསྒྲགས་ན་ཡང་ངན་སོང་དུ་འགྲོ་བའི་གོ་སྐབས་མེད་པར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མདོ་ལས་གསུངས་སོ༔ དེ་ལྟར་ཕན་ཡོན་ཆེ་ཞིང་བརྒྱུད་པ་ཉེ་བས་བྱིན་རླབས་ཀྱི་སོ་མ་ཉམས་པའི་དབང་ཞུ་བའི་ཕྱིར༔ མཎྜལ་ཕུལ༔ ས་གཞི་སྤོས་སོགས། ད་བླ་མ་བཅོམ་ལྡན་འདས་སྨན་བླར་གསལ་བའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་དང་༔ ཁྱད་པར་བདེ་གཤེགས་སྨན་བླ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔


CMR042_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ད་མདུན་གྱི་གཏོར་མ་འདི་ཡང་སངས་རྒྱས་སྨན་གྱི་བླ༔ འཁོར་སྨན་བླ་མཆེད་བརྒྱད་སེམས་དཔའ་བཅུ་དྲུག༔ ཚངས་པ་དང་བརྒྱ་བྱིན་རྒྱལ་པོ་བཞི༔ གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ལ་སོགས་པ་ཉི་མ་དང་འོད་ཟེར་ལྟར་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་སྙམ་པ་གྱིས་ལ་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སེམས་མཆོག་ཡིད་འོང་བསྐྱེད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ གསུམ་མམ་ཚིག་ཐ་མ་གསུམ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྟོང་གསུམ་འདི་ལྟ་ན་སྡུག་གི་ཕོ་བྲང་དུ་གྱུར་པའི་ནང་དུ༔ ཁྱེད་རང་རྣམས་


CMR042_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་བླ་སྐུ་མདོག་བཻཌཱུརྻ་ལྟ་བུ་འོད་ཟེར་འཕྲོ་བའི་སྐུ་ཅན༔ ཆོས་གོས་གསུམ་གྱིས་བཀླུབས་པ༔ ཕྱག་གཡས་མཆོག་སྦྱིན་ཨ་རུ་ར་དང་༔ གཡོན་ལྷུང་བཟེད་འཛིན་ཅིང་པད་ཟླ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་སྒོམས་ཤིག༔ དྲིལ་བུ་དབྱངས་དང་བཅས་པས༔ དེ་ཡི་གནས་གསུམ་འབྲུ་གསུམ་མཚན༔ ཨོཾ་དཀར་ཨཱཿཋདམར་ཧཱུྃ་མཐིང་དང་། ས་བོན་ལས་ནི་འོད་འཕྲོས་པས༔ སྨན་བླ་ཡེ་ཤེས་པ་དུང་ཕྱུར༔ ཁ་བ་བུ་ཡུག་འཚུབ་བཞིན་བྱོན༔ སློབ་མར་གཉིས་སུ་མེད་པར་ཐིམ༔ ན་མོ་མ་ཧཱ་བྷེ་ཥ་ཛཱི་ཡེ་ཨཱཿ་ཝེ་ཤ་ཡ་ཨ་ཨཱཿ༔ སྤོས་དང་རོལ་མོ་སྔགས་དམིགས་ཡུན་རིང་བྱའོ༔ རྡོ་རྗེ་མགོར་བཞག་ལ༔ ཡེ་ཤེས་པ་དེ་བརྟན་པར་གྱུར༔ ཏིཥྛ་བཛྲ༔ ད་སྐུ་གསུང་ཐུགས་ཀྱི་དབང་གསུམ༔ བྱིན་རླབས་བཀའ་བསྒོ་དང་བཞི་ལས༔ དང་པོའི་དོན་དུ་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་བཅོམ་ལྡན་སྨན་བླ་ལ༔ གསོལ་འདེབས་སྐུ་ཡི་དབང་བསྐུར་སྩོལ༔ དེ་ལྟར་གསོལ་བ་བཏབ་པས༔ གཏོར་མ་སྨན་བླར་གསལ་བའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་པས༔ ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ནས་


CMR042_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་སྨན་བླ་མཆེད་བརྒྱད་ཀྱི་སྐུ་ཆེ་ཕྲ་དཔག་ཏུ་མེད་པ་ཁ་བ་བུ་ཡུག་ལྟར་སྤྱན་དྲངས་ནས༔ ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ གཏོར་མ་དབྱངས་དང་བཅས༔ ཧཱུྃ༔ བཞི་བརྒྱ་རྩ་བཞིའི་ནད་འཇོམས་པའི༔ བཻཌཱུརྱ་ཡི་རི་བོ་འདྲ༔ འོད་ཟེར་འཕྲོ་བའི་རྒྱལ་པོ་ཡི༔ སྐུ་ཡི་དབང་མཆོག་སྦྱིན་གྱིས་ལོངས༔ ཏདྱ་ཐཱ༔ ཨོཾ་བྷི་ཥ་ཛུ་བྷི་ཥ་ཛུ་མ་ཧཱ་བྷི་ཥ་ཛུ་རཱ་ཛ་ས་མུཏྟ་ཏེ་སཱ་ཏ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོ༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐུ་མདོག་བཻཌཱུརྱ་ཡི་རི་བོ་འདྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་འཛིན་སྐུ་ཡི་བཀྲ་ཤིས་ཤོག༔ འོ་དེས་ལུས་ཀྱི་སྒྲིབ་པ་དག༔ སྐུའི་དབང་ཐོབ༔ ལུས་ཀྱི་ནད་གདོན་ཞི༔ ལུས་ལ་སྤྲུལ་སྐུའི་ས་བོན་ཐེབས་པའོ༔ ད་གཉིས་པའི་དོན་དུ་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་བཅོམ་ལྡན་སྨན་བླ་ལ༔ གསོལ་འདེབས་གསུང་གི་དབང་བསྐུར་སྩོལ༔ དེ་ལྟར་གསོལ་བ་བཏབ་པས་གཏོར་མ་སྨན་བླར་གསལ་བའི་མགྲིན་པའི་ཨཱཿཡིག་ལས་འོད་ཟེར་དམར་པོ་འཕྲོས་པས༔ ཤར་ཕྱོགས་ཀྱི་


CMR042_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་ཁམས་རྣམས་ནས་དབྱངས་དང་གསལ་བྱེད་སྨན་བླ་མཆེད་བརྒྱད་ཀྱི་གཟུངས་དང་སྙིང་པོ་ཉེ་སྙིང་གི་ཡིག་ཕྲེང་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག༔ གཏོར་མ་བཟུང་དབྱངས་དྲིལ་བུ་དང་བཅས༔ ཧཱུྃ༔ བཞི་བརྒྱ་རྩ་བཞིའི་ནད་འཇོམས་པའི༔ བཻཌཱུརྱ་ཡི་རི་བོ་འདྲ༔ འོད་ཟེར་འཕྲོ་བའི་རྒྱལ་པོ་ཡི༔ གསུང་གི་དབང་མཆོག་སྦྱིན་གྱིས་ལོངས༔ ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱཻ་བྷེ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱཿ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐུ་མདོག་བཻཌཱུརྱ་ཡི་རི་བོ་འདྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་འཛིན་གསུང་གི་བཀྲ་ཤིས་ཤོག༔ དེས་ངག་གི་སྒྲིབ་པ་དག༔ གསུང་གི་དབང་ཐོབ༔ ངག་ལ་ལོངས་སྐུའི་ས་བོན་ཐེབས་པའོ༔ ད་གསུམ་པའི་དོན་དུ་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་བཅོམ་ལྡན་སྨན་བླ་ལ༔ གསོལ་འདེབས་ཐུགས་ཀྱི་དབང་བསྐུར་སྩོལ༔ དེ་ལྟར་གསོལ་བ་བཏབ་པས་གཏོར་མ་སྨན་བླར་གསལ་བའི་


CMR042_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས༔ ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་ནས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་༔ ཨ་རུ་ར་རྣམ་པར་རྒྱལ་བ་དང་༔ བདུད་རྩིས་གང་བའི་ལྷུང་བཟེད་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པར་སྒོམས་ཤིག༔ ཅེས་གཏོར་མ་དབྱངས་དང་བཅས་པས༔ ཧཱུྃ༔ བཞི་བརྒྱ་རྩ་བཞིའི་ནད་འཇོམས་པའི༔ བཻཌཱུརྱ་ཡི་རི་བོ་འདྲ༔ འོད་ཟེར་འཕྲོ་བའི་རྒྱལ་པོ་ཡི༔ ཐུགས་ཀྱི་དབང་མཆོག་སྦྱིན་གྱིས་ལོངས༔ ཏདྱ་ཐཱ༔ ཨོཾ་བྷི་ཥ་ཛུ་བྷེ་ཥ་ཛུ་མ་ཧཱ་བྷི་ཥ་ཛི་རཱ་ཛ་ས་མུཏྤ་ཏེ་སྭཱ་ཧཱཿ ཙིཏྟ་ཨ་བྷི་ཥིཉྩཧཱུྃ༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐུ་མདོག་བཻཌཱུརྱ་ཡི་རི་བོ་འདྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་འཛིན་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་སེམས་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་དབང་ཐོབ༔ སེམས་ལ་ཆོས་སྐུའི་ས་བོན་ཐེབས་པའོ༔ ད་བཞི་པའི་དོན་དུ་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་སྨན་བླ་མཆེད་བརྒྱད་ལ༔ གསོལ་འདེབས་དབང་དང་བྱིན་རླབས་སྩོལ༔ ད་གཏོར་མ་འདི་ཉིད་སྨན་


CMR042_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མཆེད་བརྒྱད་འཁོར་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་བཅས་པ༔ སྟེང་གི་ཆ་ལ་རིག་འཛིན་བརྒྱུད་པའི་བླ་མ་སྤྲིན་ལྟར་འཁྲིགས་པ༔ ཕྱིའི་མཐའ་སྐོར་དུ་འཇིག་རྟེན་སྐྱོང་བ་དང་གནོད་སྦྱིན་སྡེ་དཔོན་བཅུ་གཉིས་ཁྲོམ་ལྟར་འཚོགས་པ༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་གཏོར་མ་དང་ཐ་དད་མེད་པར་བྱོན་ནས༔ གསོལ་བ་ཇི་ལྟར་བཏབ་པ་དང་༔ སོ་སོའི་སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་པའི་བཀའ་དྲིན་ཐམས་ཅད་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབས་ནས༔ ཡེ་ཤེས་པ་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་དབྱེར་མེད་པར་ཐིམ་པས༔ འཇིག་རྟེན་པ་རྣམས་ཀྱིས་ཀྱང་རང་རང་གིས་དམ་བཅས་པ་ལྟར་སྲུང་ཞིང་སྐྱོབ་པར་ཞལ་གྱིས་བཞེས་པའི་མོས་པ་མཛོད་ཅིག༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོས་བྱིན་གྱིས་རློབས་ཤིག༔ དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོས་བྱིན་གྱིས་རློབས་ཤིག༔ དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོས་བྱིན་


CMR042_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས་ཤིག༔ དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པས་བྱིན་གྱིས་རློབས་ཤིག༔ དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱིས་བྱིན་གྱིས་རློབས་ཤིག༔ དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱིས་བྱིན་གྱིས་རློབས་ཤིག༔ དེ་བཞིན་གཤེགས་པ་ཆོས་རྒྱ་མཚོའི་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པས་བྱིན་གྱིས་རློབས་ཤིག༔ སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པས་བྱིན་གྱིས་རློབས་ཤིག༔ བྱང་ཆུབ་སེམས་དཔའ་ཉི་ལྟར་སྣང་མཛད་དང་ཟླ་ལྟར་གསལ་མཛད་དང་༔ འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་སེམས་དཔའ་བཅུ་དྲུག་གིས་བྱིན་གྱིས་རློབས་ཤིག༔ འཕགས་པ་ཀུན་དགའ་བོ༔ གུ་རུ་པདྨ་འབྱུང་གནས༔ མཁན་པོ་བོ་དྷི་སཏྭ༔ མཁས་པ་བེ་རོ་ཙ་ན་ལ་སོགས་པ་རིག་འཛིན་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག༔ སློབ་མ་འདི་རྣམས་ཀྱི་རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག༔ ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་ནས་ངན་སོང་གི་སྐྱེ་སྒོ་


CMR042_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་དེ༔ སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྐྱེས་ནས་མྱུར་དུ་འཚང་རྒྱ་བར་བྱིན་གྱིས་རློབས་ཤིག༔ ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་༔ གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་གཡོག་བདུན་འབུམ་བདུན་འབུམ་དང་བཅས་པ་རྣམས་ཀྱིས་ཀྱང་༔ སྔོན་གྱི་དམ་ཚིག་ཞལ་གྱིས་བཞེས་པ་བཞིན་དུ༔ སློབ་མ་འདི་རྣམས་ལ་བསྲུང་བ་དང་བསྐྱབ་པར་མཛོད་ཅིག༔ ཏདྱ་ཐཱ༔ ཨོཾ་བྷཻ་ས་ཛྱེ་སོགས། ཧཱུྃ༔ སྐུ་མདོག་བཻཌཱུརྱ་ཡི་རི་བོ་འདྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་འཛིན་ལྷ་ཚོགས་བཀྲ་ཤིས་ཤོག༔ མེ་ཏོག་འཐོར་ཞིང་༔ དེས་བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག༔ བདུད་རྩི་སྨན་གྱི་ལྷ་ཚོགས་ཀྱི་དབང་ཐོབ༔ བདེ་བ་ཆེན་པོའི་ས་བོན་ཐེབས་པ་ཡིན༔ དེ་ལྟར་དབང་ཐོབ་ནས༔ ཤེས་ན་སྨན་བླའི་ཆོ་ག་འདོན་ཞིང་བསྙེན་པ་བྱ༔ མི་ཤེས་ན་ཡང་༔ སངས་རྒྱས་སྨན་གྱི་བླ་བཻཌརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ཞེས་པ་རབ་བརྒྱ༔ འབྲིང་ཉེར་གཅིག༔ ཐ་མ་བདུན་རེ་མ་ཆག་པར་བྱས་ན༔ ནད་ཐམས་ཅད་ཞི་བ་དང་༔ ཕྱི་མ་ངན་སོང་དུ་མི་འགྲོ༔ གལ་ཏེ་


CMR042_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་ཆེ་བས་ལན་གཅིག་སོང་ཡང་མྱུར་དུ་ཐར་ནས་ལྷ་མིའི་མཐོ་རིས་སུ་སྐྱེ་སྟེ༔ རིམ་གྱིས་བྱང་ཆུབ་ཐོབ་པར་བཅོམ་ལྡན་འདས་ཀྱི་མདོ་ལས་གསུངས་པས་ཡིད་ཆེས་པས་ཡི་དམ་དུ་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད༔ དུས་འདི་ནས་བཟུང་སྟེ་བྱང་ཆུབ་བར༔ བཅོམ་ལྡན་སྨན་གྱི་བླ་འདི་ཉིད༔ ཡི་དམ་ལྷ་རུ་གཟུང་བར་བྱ༔ ད་གཏང་རག་ཏུ་མཎྜལ་ཕུལ་བ་འདིའི་རྗེས་ཟློས་མཛོད༔ ལི་ཡི་མཎྜལ་རིན་ཆེན་བསྒྱུར་བྱས་ནས༔ ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་བྱས་ནས༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་ཐུགས་རྗེས་བདག་གཞན་གཟིགས༔ སློབ་མ་གྲོལ་ནས་རང་རང་གིས་ནུས་པ་གསོ་ཕྱིར་ཅུང་ཟད་བཟླས་ལ༔ བདག་མདུན་གྱི་ཡེ་ཤེས་པ་དང་དམ་ཚིག་པ་རང་ཉིད་ལ་ཐིམ༔ འཇིག་རྟེན་པ་བཛྲ་མུཿ དགེ་བ་འདི་ཡིས་མྱུར་དུ་བདག༔ ཅེས་སོགས་བསྔོ་བ་བྱས་ལ་མི་དམིགས་པར་བཞག་གོ༔ ཡང་ནད་པ་ཁག་ཆེན་གཅོང་ནད་ཀྱིས་ཡུན་རིང་མནར་བ༔ ཟུངས་ཟད་འཆི་ལ་ཁད་རང་མིན་པ་སྨན་དང་རིམ་གྲོ་གང་གིས་ཀྱང་ངོ་སོ་མེད་པ༔ གདོན་ཤས་ཆེ་བ་གྲིབ་ཁ་ཆེ་བ༔ ངོ་ཤེས་དག་གིས་ཁྱེད་ཤེས་ཕན་ཐབས་ཟེར་བ་བློ་བཀལ་ནས་བྱུང་བ་དག་ལ༔ གཞན་བཀའ་གཉན་ཅིང་མཛེས་ཆ་ཆེ་བའི་དབང་ཆེན་པོ་དག་བསྐུར་ཀྱང་ཕན་དཀའ༔ འདིའི་དང་པོ་དབང་རྒྱས་པ་གཅིག་ཚར་བར་བྱས་ལ༔ སླར་དབང་སྒྲུབ་དང་བསྙེན་པ་ཅི་


CMR042_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མང་བྱས་ཏེ༔ དབང་བསྡུས་པ་འདི་ལ་རབ་བརྒྱ་རྩ་བརྒྱད་འབྲིང་ལོ་གྲངས༔ ཐ་མ་ཉེར་གཅིག་སོགས་དང་༔ ལོ་གྲངས་སུམ་འགྱུར་སོགས༔ དམིགས་པ་གསལ་བར་བྱས་ཏེ་བསྐུར་ན༔ ཚེ་ཟད་ལས་ཟད་བསོད་ནམས་ཟད་པ་གསུམ་འཛོམ་ན་སངས་རྒྱས་ཀྱིས་ཀྱང་བཟློག་ཏུ་མེད༔ དེ་མིན་ལས་ནད་ཡིན་ཀྱང་ཅུང་ཟད་དྲག་ཁ་འོང་སྟེ༔ སངས་རྒྱས་འདིའི་སྨོན་ལམ་གྱི་སྟོབས་ཡིན༔ རང་ལ་ཡང་བཀའ་མི་གཉན༔ ཚེ་དབང་བརྒྱ་རྩ་སོགས་རང་གི་ཚེ་ལ་གླུ་གཟན་པར་སྨྲ་སྲོལ་གདའ༔ འདི་ནི་བྱ་སླ་ཉེས་མེད་ཕན་ཆེའོ༔ དེ་ལ་ཐོག་མར་མཎྜལ་ཕུལ་ནས་སྐབས་རེ་ལ་བཅུའམ་ཉི་ཤུ་སོགས་གང་འོས་བསྐུར་རྗེས་གཙོ་བོས་ཇི་ལྟར་དང་མཎྜལ་རེ་རེའི་ཆོག་གོ༔ གྲྭ་པ་མང་ན་སྔགས་འུར་འདོན་མང་དུ་བྱེད་བཅུག་པས་བྱིན་རླབས་ཆེའོ༔ ད་སློབ་དཔོན་སྨན་བླ་གཙོ་རྐྱང་དང་གཏོར་མ་སྨན་བླ་མཆེད་བརྒྱད་འཁོར་དང་བཅས་པ་གསལ་བ་ལ་གསོལ་བ་འདེབས་སྙམ་པས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་སྨན་བླ་མཆེད་བརྒྱད་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ དེ་ལྟར་གསོལ་བ་བཏབ་པས་མདུན་གྱི་སངས་རྒྱས་སྨན་བླ་འཁོར་བཅས་ཀྱིས་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས༔ ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ནས༔ བཅོམ་ལྡན་འདས་སྨན་བླ་


CMR042_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་བརྒྱད་ཀྱི་སྐུ་ཆེ་ཕྲ་དཔག་ཏུ་མེད་པ་དང་༔ གསུང་སྔགས་ཀྱི་ཕྲེང་བ་དང་༔ ཐུགས་རྡོ་རྗེ་རྩེ་ལྔ་དང་ཨ་རུ་རྣམ་པར་རྒྱལ་བ་དཔག་ཏུ་མེད་པ་ཁ་བ་བུག་ཡུག་ལྟར་སྤྱན་དྲངས་ནས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ བཞི་བརྒྱ་རྩ་བཞིའི་ནད་འཇོམས་པའི༔ བཻཌཱུརྱ་ཡི་རི་བོ་འདྲ༔ འོད་ཟེར་འཕྲོ་བའི་རྒྱལ་པོ་ཡི༔ དབང་མཆོག་དམ་པ་སྦྱིན་གྱིས་ལོངས༔ ཏདྱ་ཐཱ༔ ཨོཾ་བྷི་ཥ་ཛེ་གྷོ་ཥ་ཛུ་མ་ཧཱ་བྷེ་ཥ་ཛྭ་རཱ་ཛ་ས་མུཏྟ་ཏེ་སྭཱ་ཧཱཿ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་མཱི༔ ཧཱུྃ༔ སྐུ་མདོག་བཻཌཱུར་ཡི་རི་བོ་འདྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་འཛིན་ལྷ་ཡི་བཀྲ་ཤིས་ཤོག༔ དེས་སྒྲིབ་པ་ཐམས་ཅད་དག༔ དབང་ཐམས་ཅད་ཐོབ༔ ནད་གདོན་བར་ཆད་ཐམས་ཅད་ཞི༔ བྱང་ཆུབ་ཀྱི་ས་བོན་ཐེབས་པའོ་ཞེས་དེ་ལ་གྲངས་བཟུང་བར་བྱའོ༔ ཚིགས་བཅད་ཐམས་ཅད་ལ་དབྱངས་རིང་ཐུང་སྣ་ཚོགས་དང་༔ སྔགས་བརྗོད་ཚེ་དྲིལ་བུ་བསིལ་བ་དང་༔ གཙོ་ཆེར་བྱིན་འབེབས་དམིགས་པ་ཡིན་པས་སྤོས་དུད་དང་༔ བཀྲ་ཤིས་དུས་མེ་ཏོག་འཐོར་བ་སོགས་བྱས་པས༔ ཚིག་ཉུང་ཡང་དང་བ་འདྲེན་པ་དང་༔ མཁས་པས་


CMR042_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ཀྱང་ཟབ་ལ་རྒྱ་ཆེ་བ་ཞིག་སྣང་ངོ་༔ དབང་བརྒྱ་གྲུབ་ནས་འདི་གསང་སྔགས་ཡིན་པས་ཚོགས་དང་རང་གི་ཆོས་སྐྱོང་ལ་གཏོར་མ་འབུལ་བ་སོགས་རྒྱས་པར་གྲུབ་ན་བཀྲ་ཤིས་ཕན་ཐོགས་བྱིན་རླབས་བབ་ཆེ་བའི་རྟེན་འབྲེལ་ཡོད༔ ཅེས་བྱ་བ་འདི་ནི་སྤྲུལ་སྐུ་ཉིད་ཀྱིས་བཀའ་གནང་ནས༔ བདག་རཱ་ག་ཨ་སྱས་བསྒྲིགས་པ་སྟེ༔ དབང་འདི་དགོངས་གཏེར་ལ་གནམ་ཆོས་ནས་ཁ་སབ་འོས་ས༔ ལོ་རྒྱུས་སོགས་ནི་བདག་གིས་བགྱིས་པ་ལ་འགལ་བ་མཆིས་ན་བཤགས་ཤིང་༔ དགེ་བས་སེམས་ཅན་ཐམས་ཅད་ནད་ཀྱི་སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousདགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་སྨན་བླའི་དབང་ནད་རིགས་ཀུན་སེལ་སྨན་གྱི་ཆར་རྒྱུན།next