Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ལོ་མ་ཅན་གྱི་གཏོར་སྒྲུབ་ཟིན་བྲིས་གསལ་བར་བཀོད་པ།
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ལོ་མ་ཅན་གྱི་གཏོར་སྒྲུབ་ཟིན་བྲིས་གསལ་བར་བཀོད་པ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ལོ་མ་ཅན་གྱི་གཏོར་སྒྲུབ་ཟིན་བྲིས་གསལ་བར་བཀོད་པ།


CMR042_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ལོ་མ་ཅན་གྱི་གཏོར་སྒྲུབ་ཟིན་བྲིས་གསལ་བར་བཀོད་པ་བཞུགས་སོ། །


CMR042_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་ན་མོ་པརྞ་ཤ་ཝ་རཱི་ཡེ། འཕགས་མ་རི་ཁྲོད་མ་ལ་ཕྱག་འཚལ་ནས། དེ་ཡི་གཏོར་སྒྲུབ་མན་ངག་གསལ་བཀོད་བྱ། ལྷ་མོ་ཉིད་ཀྱིས་བཀའ་གནང་བྱིན་གྱིས་རློབས། །དུས་ངན་སྙིགས་མ་བསོད་ནམས་མར་འགྲིབ་དུས། །དུ་རུ་ཀ་ཡི་དམག་ཚོགས་སྡེ་ལྔ་འབྱུང་། །དེ་ཡི་ནང་ནས་ནད་ཀྱི་དུ་རུ་ཀ །བཀའ་དང་བསྟན་བཅོས་གཞུང་ནས་མ་གྲགས་པའི། །འགོས་ནད་མང་པོ་དར་བས་མི་ཐོག་འབུད། །ནད་རྟགས་མེ་ཆུ་གོ་ལོག་སྟོན་པའི་ཕྱིར། །རྩི་སྨན་ཅིས་ཀྱང་མི་ཕན་དུག་ཏུ་འགྲོ། །དེ་དག་སྲུང་དང་ཟློག་དང་ཞི་བའི་ཐབས། །ལོ་མ་གྱོན་མའི་སྒྲུབ་ཐབས་ཚེམ་པ་ལྔ། །གནས་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བ། །གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པའི་ཐབས། །ལི་སྡེར་ཤིང་སོགས་ཞི་བའི་སྣོད་ཀྱི་ནང་། །གཏོར་


CMR042_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྔ་པོ་དཔེའུ་རིས་ལྟར་བཅའ། །དེ་ལ་ཙཀ་ལི་བདུན་པ་དཔེའུ་རིས་ལྟར། །མ་ནོར་གཏོར་མ་སོ་སོར་བཙུགས་ལ་བཤམས། །ཤོག་གུ་གཙང་མར་ནད་བདག་ལིངྒ་ནི། །མངོན་རྟོགས་ནང་ནས་འབྱུང་བ་ལྟ་བུར་བྲིས། །གཞུང་ལྟར་འགུགས་གཞུག་མང་དུ་བྱས་ནས་ཀྱང་། །ཐེམ་འོག་གམ་ནི་འོག་ཕྱོགས་ལམ་ལ་མནན། །སྟེང་དུ་རྡོ་ལེབ་རྡོ་རྗེ་རྒྱ་གྲམ་མནན། །རྒྱུན་དུ་འདོན་དུས་དེ་ལ་མནན་དམིགས་བྱ། །གལ་ཏེ་མནན་པ་ལ་སོགས་མ་འགྲུབ་ཀྱང་། །དམིགས་པ་ཁོ་ན་བྱས་པས་ཆོག་པ་ཡིན། །དཔོན་སློབ་མང་ན་བརྒྱ་ཚར་བསོག་པའམ། །གཅིག་པུ་ཡིན་ན་ཞག་འགའ་སྒྲུབ་པ་བྱེད། །སྒྲུབ་པ་མ་ཐོན་ནའང་ཚར་མང་འདོན། །གློ་བུར་ཙཀ་ལི་གཏོར་མ་མ་འཛོམས་ཀྱང་། །ཟླུམ་གཏོར་ལྔ་ཚོམ་གཅིག་ལ་བཏོན་ཀྱང་རུང་། །ཚར་གྲངས་ཅི་


CMR042_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་བཏོན་རྗེས་རང་དོན་ལ། །གཏོར་མ་དེ་ཡིས་བདག་འཇུག་དབང་ཡང་བླང་། །གྲྭ་སློབ་ཡོན་བདག་ལ་སོགས་གལ་ཆེན་ལ། །གཏོར་མ་དེ་ཡིས་རྗེས་གནང་སྤྱི་ལྟར་བྱ། །བདག་འཇུག་དབང་བསྐུར་གྲུབ་བམ་མ་གྲུབ་རུང་། །གཏོར་མ་བསྲུང་བྱ་ཀུན་གྱིས་དངོས་གྲུབ་རོལ། །དངོས་གཞི་ཆོ་ག་འདི་ཉིད་འདོན་བསྒོམ་སྦྲགས། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་བའི་རིམས་ནད་རྒྱུན་གཅོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ དཀར་གསུམ་མངར་གསུམ་སྨན་གྱི་མཚོ༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ བདག་དང་མདུན་དུ་ལོ་མ་ཅན༔ སེར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་རྡོ་རྗེ་གཡོན་སྡིགས་མཛུབ༔ རྨ་བྱ་ལོ་མའི་ཤམ་ཐབས་ཅན༔ པདྨ་ཉི་མའི་གདན་ལ་བཞུགས༔ མདུན་བསྐྱེད་ཞབས་འོག་ཤིང་ལོ་མ༔ ལྗང་མོ་ཁྲོ་མོའི་ཆ་ལུགས་རྫོགས༔ ཟླ་བ་ཕྱེད་པའི་དབུ་རྒྱན་ཅན༔ ཕྱག་ན་ཆུ་ཤེལ་ཞགས་པ་འཛིན༔ རྟ་ལྗང་ཆིབས་ནས་ཝ་མོ་ཁྲིད་གཙོ་འཁོར་གནས་གསུམ་ཡིག་འབྲུ་གསུམ༔ ཐུགས་ཀའི་པོ་ལས་འོད་འཕྲོས་པས༔ སངས་རྒྱས་ཀུན་གྱི་བྱིན་རླབས་


CMR042_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༔ བདག་མདུན་ཐིམ་ཞིང་དབང་བསྐུར་གྱུར༔ ཨོཾ༔ རྒྱ་རྒྱ་རྒྱ་མ༔ ཧཱུྃ༔ འོག་མིན་ཞིང་དང་མདངས་དགའ་བའི༔ རི་ཁྲོད་ལ་སོགས་བཞུགས་གནས་ནས༔ འོ་མ་གྱོན་མ་གཤེགས་སུ་གསོལ༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ན་མཆོད་པའི་རྣམ་པ་ཅི་འབྱོར་དང་༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ ནད་རྣམས་མ་ལུས་འཇོམས་མཛད་ཅིང་༔ གདོན་ཀུན་ཙིཏྟ་སྲེག་བྱེད་མ༔ ནད་རིགས་ཀུན་འཇོམས་རྡོ་རྗེ་སྟེ༔ ལོ་མ་གྱོན་མར་ཕྱག་འཚལ་བསྟོད་བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ནད་རིགས་བཞི་བརྒྱ་རྩ་བཞི་སོལ༔ ཡམས་ནད་རིམས་ནད་ཞི་བར་མཛོད༔ སྙིགས་མའི་ནད་ཀྱི་བསྐལ་པ་ལ༔ ཁྱེད་ཀྱིས་བསྲུང་ཞིང་སྐྱབས་མཛོད་ཅིག༔ ཨོཾ༔ ཐོག་གུ་བུ་བྱ་བཏབྱ༔ ཀ་བ་རྣམ་དག་བྱང་ཆུབ་སེམས་མའི་ལུས༔ ཁ་ནས་ཧཱུྃ་ཧཱུྃ་ཕཊ་ཀྱིས་དགྲ་བོ་ཟློག༔ གང་ན་བཞུགས་ཀྱང་བདག་ལ་ཐུགས་གཟིགས༔ ང་ཡི་བར་ཆད་ཐམས་ཅད་ད་སོལ་ཅིག༔ ཅ་ལེ་ཅོ་ལེ་མང་པོ་མ་མཛད་ཅིག༔ ཚབ་ཆོབ་མ་མཛད་བདག་ལ་སྐྱོར་སྟོན་ཅིག༔ ཇ་ཆང་ཕུད་ཀྱིས་ཁྱེད་ནི་རྟག་ཏུ་


CMR042_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད༔ ཉ་མ་ལ་སོགས་བདག་གི་འཁོར་རྣམས་ཀྱིས༔ ཏོ་ཏེ་མི་བྱེད་ཁྱེད་ལ་གསོལ་བ་འདེབས༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་བརྒྱན༔ དོན་རྣམས་འགྲུབ་མཛད་མ་ལ་ཕྱག་འཚལ་ལོ༔ ན་བ་ལྟ་བུ་རྟ་ཕོ་ཆིབས་ནས་བྱོན༔ སྤར་ཁ་བརྒྱད་དང་བཅས་པ་བཟློག་ཏུ་གསོལ༔ ཕ་མའི་རིང་ནས་ཁྱེད་ལ་གསོལ་བ་འདེབས༔ བ་གཅིག་ཡོད་ནའང་ཁྱེད་ལ་བསྔོས་ནས་བཤས༔ མ་མོ་ཁྱོད་ནི་ཞལ་གཅིག་ཕྱག་གཉིས་མ༔ གཙུག་ན་ཟླ་བ་ཕྱེད་པས་རབ་ཏུ་བརྒྱན༔ ཚ་བ་འཇོམས་པའི་ཆུ་ཤེལ་གཡས་ན་བསྣམས༔ ཛ་ཝ་ག་ཏིའི་ཞགས་པ་གཡོན་ན་བསྣམས༔ ཝ་མོ་ཁྲིད་ནས་མཚན་གྱི་གུང་ལ་རྒྱུ༔ ཞ་བོའི་ལག་ནས་བྱུང་བའི་དབྱུག་པ་ཡོད༔ ཟབ་བེར་ངུར་སྨྲིག་ན་བཟའ་བདག་ལ་ཡོད༔ འ་ག་ཏཱ་ཡི་འབྲས་བུ་བདག་ལ་ཡོད༔ ཡོ་འགུལ་མེད་པའི་བསྙེན་པ་བདག་གིས་བགྱིད༔ ར་དཀར་ཕོ་མོའི་འོ་ཞོ་བདག་ལ་ཡོད༔ ལ་ཆེན་བརྒྱབ་ནའང་ཁྱེད་ལ་གསོལ་བ་འདེབས༔ ཤི་ན་མ་གཏོགས་ཁྱེད་ལ་གསོལ་བ་འདེབས༔ ས་ཆ་གང་ན་ཡོད་ཀྱང་ཐུགས་རྗེས་ཟུང་༔ ཧ་ཀ་ས་ལ་མ་ཕོག་བདག་ལ་ཡོད༔ ཨཱཿ་ལི་ཀཱ་ལི་ཅི་ཐོན་བརྗོད་ཅིང་ཡོད༔ ཨཱཿ་ལི་ཀཱ་ལི་


CMR042_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད༔ དག་པོ་མི་ཤེས་ན་བྲིས་ནས་བཞག་ཡོད་པས་ཆོག༔ ཧཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་གཏོར་མ་བདུད་རྩིའི་མཚོ༔ ཁ་དོག་དྲི་རོ་ཕུན་སུམ་ཚོགས༔ ལྷ་མོ་དཔོན་གཡོག་མཉེས་བྱེད་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃ༔ ཨོཾ་པི་ཤ་ཙི་སྭཱ་ཧཱུྃ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ༔ ཨོཾ་པི་ཤ་ཙི་ར་མ་ཁ་ཡེ་སྭཱ་ཧཱཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཤར་གྱི་གཏོར་མ་མེ་ཏོག་ཅན་ཉེར་སྤྱོད་ཀུན་ལ་སོགས་པ་ཡི༔ ཞི་བའི་མཆོད་སྤྲིན་རྒྱ་མཚོ་འདི༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བ་ལིཾ་ཏ་ཁཱ་ཧི་པཱུ་ཙ་ཧོ༔ ཧཱུྃ༔ ལྷ་མིན་མི་ལ་གཡུལ་རྒྱལ་ནས༔ ལྷ་རྣམས་མ་དགའ་གཡུལ་གཏུགས་བྱས༔ ལྷ་རྣམས་ལྷ་མིན་གཡུལ་རྒྱལ་ནས༔ ལྷ་མོ་རྣམས་ཀྱི་མཆོད་པ་ནི༔ རིམས་ནད་ནི་ཕྱིར་མཆོད་པ་འབུལ༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད༔ ཕྱོགས་བཅུའི་སངས་རྒྱས་དེ་རྣམས་ལ༔ བདེན་པ་ཆེན་པོ་ཡོད་དམ་མེད༔ བདེན་པ་ཆེན་པོ་ཡོད་གྱུར་ན༔ ཕྱོགས་བཅུའི་སངས་རྒྱས་དེ་རྣམས་ཀྱི༔ མཐུ་དང་བདེན་པ་ཆེན་པོ་ཡིས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ རིམས་ནད་ཐམས་ཅད་ཞི་བར་


CMR042_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ གལ་ཏེ་བདེན་པ་མེད་ན་ནི༔ སངས་རྒྱས་རྣམས་ཀྱི་བྱིན་རླབས་ནི༔ ཅུང་ཟད་ཙམ་ཡང་མེད་པ་ཡིན༔ དེ་ཕྱིར་རིམས་ནད་མེད་པར་མཛོད༔ ཨོཾ་ཨོཾ་ཨོཾ༔ ས་མ་ཡ༔ ཛཱ་ར་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ནུབ་ཀྱི་གཏོར་མ་གྲི་གུག་ཅན༔ འདོད་པའི་ཡོན་ཏན་ལྔ་ལ་སོགས༔ དབང་གི་མཆོད་སྤྲིན་རྒྱ་མཚོ་འདིས༔ ཕྱོགས་བཅུ་དུས་དྲུག་སངས་རྒྱས་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བ་ལིཾ་ཏ་ཁཱ་ཧི་པཱུ་ཛ་ཧཱུྃ༔ ཧཱུྃ༔ ཕྱོགས་བཅུའི་སངས་རྒྱས་དྲུག་དང་བཅས༔ དེ་དུས་སངས་རྒྱས་ཐམས་ཅད་བྱོན༔ དེ་དུས་བྱོན་པའི་སངས་རྒྱས་རྣམས༔ བདེན་པ་ཡོད་མེད་ད་ལྟའོ༔ སངས་རྒྱས་ཁྱེད་ཀྱི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི་རིམས་ནད་འདི་ནི་ཞི་བར་མཛོད༔ མ་ཡེངས་མ་འཁྲུལ་དག་གསོན་ཅིག༔ བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ དུས་ངན་སྙིགས་མ་འདི་ཡི་དུས༔ ཚེ་ལ་བརྐུ་བའི་ནད་ངན་འདུག༔ སྲོག་ལ་འཇབ་པའི་ནད་ངན་འདུག༔ སྐུ་ལ་བསྡོ་བའི་ནད་ངན་འདུག༔ འདི་རྣམས་ཐམས་ཅད་ཞི་བར་མཛོད༔ གལ་ཏེ་ཞི་བར་མ་བྱས་ན༔ ཕྱོགས་བཅུ་དུས་དྲུག་སངས་རྒྱས་དེ༔ རྣམས་ལ་བདེན་པ་


CMR042_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡིན༔ ཨ་ཨ་ཨཱཿ༔ ས་མཡ༔ ཛཱ་ར་ཤིནཾ་ཀུ་རུ་ཡེ་སྭཱ་ཧཱཿ གཏོར་མ་གྲུ་བཞི་ཡུ་བ་ཅན༔ རྒྱལ་སྲིད་བདུན་ལ་སོགས་པ་ཡི༔ རྒྱས་པའི་མཆོད་སྤྲིན་རྒྱ་མཚོ་འདི༔ དུས་དྲུག་ཕྱོགས་བཅུའི་སངས་རྒྱས་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བ་ལིཾ་ཏ་ཁཱ་ཧི་པཱུ་ཛ་ཧོ༔ ཧཱུྃ༔ བདུད་དང་ལྷ་གཉིས་གཡུལ་གཏུགས་ནས་༔ དེ་དུས་ལྷ་རྣམས་།གཡུལ་རྒྱལ་དུས༔ ལྷ་མོ་རྣམས་ཀྱིས་ཕྱོགས་བཅུ་ཡི༔ སངས་རྒྱས་རྣམས་ལ་མཆོད་པ་ནི༔ དུས་དྲུག་ཏུ་ནི་མཆོད་པར་བྱས༔ སངས་རྒྱས་རྣམས་ཀྱང་དེ་དུས་མཉེས༔ དེ་དུས་ནད་རིམས་བསལ་བ་བཞིན༔ ད་ཡང་བདག་གི་ནད་རིམས་སོལ༔ བདེན་པ་ཨི་འདུག་ད་ལྟའོ༔ དུས་ངན་སྙིགས་མར་སྐྱེས་པ་ཡི༔ བདག་ཅག་དཔོན་སློབ་འཁོར་བཅས་རིམས་ནད་རྩེག་མོ་འདི་ཉིད་ནི༔ བླ་མའི་སྐུ་ལ་བསྡོས་སུ་བཙུགས༔ དེ་ལ་བདེན་པ་མེད་པའམ༔ ཡོད་ན་རིམས་ངན་ད་ཞི་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ༔ ཛཱ་ར་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱཿ ཧཱུྃ༔ བྱང་གི་གཏོར་མ་ཟུར་གསུམ་ཅན༔ དྲག་པོའི་མཆོད་སྤྲིན་དཔག་མེད་པ༔ ཁྲོ་བོ་ཁྲོ་མོ་ཐམས་ཅད་དང་༔ མ་མོ་མཁའ་འགྲོ་ཐམས་ཅད་མཆོད༔


CMR042_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་ཀྲོ་དྷ་དྷ་ཀི་དེ་ཝི་བྷ་ལི་ཏ་ཁཱ་ཧི་པཱུ་ཛ་ཧོ༔ ལོ་མའི་ཤམ་ཐབས་སྨད་དུ་གསོལ༔ མ་མོ་ཐམས་ཅད་དབང་དུ་སྡུད༔ ཅེ་སྤྱང་གཟུགས་ཅན་ནད་བདག་མོ༔ ཁྱོད་ཀྱི་དབང་དུ་སྡུས་གྱིས་ལ༔ ནད་ཀུན་ཞི་བའི་ཕྲིན་ལས་མཛོད༔ མདུན་གྱི་འོག་ཏུ་ས་ཡི་དོང་༔ ཁ་དོག་མཐིལ་ཡང་ཐར་མེད་ནང་༔ ཅེ་སྤྱང་གཟུགས་ལ་མཆེ་བཞི་ཡི༔ བྲང་མདོར་སླེབ་ཅིང་སྐྲ་མཚམས་སླེབ༔ ནུ་གཉིས་གཡས་གཡོན་གྲུ་མོའི་ཐད༔ སླེབས་ཏེ་ཚོན་དུ་ནད་རྐྱལ་གཉིས་ཕྲག་ན་ཁུར་ཞིང་ལག་ཏུ་ཐོགས༔ ཤིན་ཏུ་འཇིགས་པའི་མིག་གཉིས་ལ༔ ལོང་ལོང་དཔུང་གཉིས་ཧཱུྃ་ཛདང་༔ ཁ་ནང་མཱ་ར་ཡ་ཁྲད་དང་༔ མགྲིན་པའི་གཡས་དང་གཡོན་གཉིས་ལ༔ ཞོན་ཞོན་གྲུ་མོ་ཆག་ཆག་གི༔ ཡིག་འབྲུ་དང་བཅས་གསལ་བར་གྱུར༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ རི་ཁྲོད་མ་དང་ཤིང་ལོ་མའི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བདག་ཅག་རྣམས་ལ་གནོད་པ་ཡི༔ ནད་འདྲེ་རིམས་ཀྱི་སྣ་འདྲེན་ཀུནེ༔ ནད་བདག་ཅེ་སྤྱང་གཟུགས་ལ་ཁུག༔ ཛཧཱུྃ་བཾ་ཧོས་དབྱེར་མེད་གྱུར༔ ཧཱུྃ༔ བདུད་དང་ལྷ་རྣམས་གཡུལ་གཏུག་དུས༔ དེ་དུས་ལྷ་ཕམ་བདུད་རྒྱལ་


CMR042_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ སངས་རྒྱས་རྣམས་ལ་བར་ཆད་བྱས༔ དེ་དུས་ཐམས་ཅད་སྐྲག་ཅིང་འདར༔ ཉི་མ་ཟླ་བ་ཐང་ལ་བྲུལ༔ སངས་རྒྱས་རྣམས་ཀྱིས་བདུད་མ་ཐུལ༔ དེ་ལྟར་བྱས་ན་བདེན་པ་མེད༔ གལ་ཏེ་བདེན་པ་ཡོད་གྱུར་ན༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ རིམས་ནད་ཐམས་ཅད་ད་ཞི་མཛོད༔ བླ་མའི་སྐུ་ལ་བསྡོ་བ་དང་༔ སངས་རྒྱས་བསྟན་པ་བཤིགས་པ་དང་༔ དཀོན་མཆོག་དབུ་འཕང་སྨད་པ་དང་༔ གསང་སྔགས་ཆོས་ལ་སྡང་བ་དང་༔ སྡེ་དགོན་ཡོ་བྱད་རྐུ་བ་དང་༔ བསམ་གཏན་པ་ཡི་སེམས་དཀྲུག་དང་༔ སྐྱེ་བོ་སྡིག་ལ་དགའ་བ་དང་༔ དགེ་བ་སྡིག་ལ་སྒྱུར་བྱེད་པའི༔ ཞིང་བཅུ་ཚང་བའི་དགྲ་བོ་ནི་ཐམས་ཅད་འདི་ཡི་ལུས་ལ་ཚང་༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས༔ དེ་དུས་བདུད་རྣམས་བཏུལ་བ་ཡིས༔ རིམས་ངན་འདི་ནི་ད་ཐུལ་ཅིག༔ ཧཱི༔ཧཱི༔ཧི༔ ས་མ་ཡ༔ སརྦ་ཛྭ་ར་ཕཊ༔ ཅེ་སྤྱང་གཟུགས་ཅན་ནད་བདག་མོ༔ རིམ་དགུའི་ས་ཡི་འོག་ཏུ་སོང་༔ དེ་སྟེང་རླུང་མེ་ཆུ་ས་དང་༔ རི་རབ་གླིང་བཞི་བཅས་པས་ནོན༔ ཨོཾ་པི་ཤ་ཙི་སྭཱ་ཧཱཿ སརྦ་ཛྭ་ར་མཱ་ར་ཡ་སྟམྦྷ་ཡ་ན་ཤ་ཡ༔ ཨོཾ་


CMR042_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཧཱུྃ་ལམ་སྟམྦྷ་ཡ་ནན༔ བདག་མདུན་ལྷ་མོས་ཐུགས་ཀ་ནས༔ པཾ་མཐར་སྔགས་འཕྲེང་གཡོན་དུ་འཁོར༔ རང་གི་ཐུགས་ལས་འོད་འཕྲོས་པས༔ རང་འདྲའི་ལྷ་མོ་ཡེ་ཤེས་པ༔ དཔག་མེད་སྤྱན་དྲངས་བདག་མདུན་ཐིམ༔ སྤྲུལ་པའི་ལྷ་མོས་ནམ་མཁའ་གང་༔ བར་སྣང་ས་གཞི་ཐམས་ཅད་གང་༔ སྐུ་ལས་ཡེ་ཤེས་མེ་ཆེན་འབར༔ ནད་རིམས་ཡམས་ནད་ཐམས་ཅད་ནི༔ བྱ་སྒྲོ་མེ་ལ་བསྲེགས་ལྟར་གྱུར༔ ཨོཾ་པི་ཤ་ཙི་པརྞ་ཤ་ཝ་རི་སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱཿ ཞེས་བཟླས་བསྙེན་པ་ཅི་འགྲུབ་དང་༔ ཤིང་ལོ་མ་ཡི་ཐུགས་ཀ་རུ༔ བཾ་མཐར་སྔགས་ཕྲེང་གཡོན་འཁོར་དང་ཕྱག་གི་ཆུ་ཤེལ་འོད་ཟེར་གྱིས༔ ནམ་མཁའ་བར་སྣང་ལྷ་མོ་བསྐུལ༔ དེ་དག་སྐུ་ལས་བདུད་རྩི་ནི༔ སྨན་གྱི་ཆར་རྒྱུན་ཆར་བབས་པས༔ ནད་རིམས་ཡམས་ནད་ཐམས་ཅད་དང་༔ བདེ་སྟོང་ཉམས་རྟོགས་འབར་བར་གྱུར༔ ཨོཾ་པི་ཤ་ཙི་པཎྜ་ཤ་ཝ་རི་སརྦ་རཾ་ཁཾ་པྲ་མ་ཡེ་སྭཱ་ཧཱཿ སྤྲུལ་པའི་ལྷ་མོ་བདག་མདུན་ཐིམ༔ མདུན་བསྐྱེད་ལོ་མ་གྱོན་མ་ཡི༔ ཕྱག་གཡས་རྡོ་རྗེ་དེ་ཉིད་ལས༔ འོད་ཟེར་ཉི་འོད་འཆར་ལྟར་དུ༔ འཕྲོས་པས་འོད་ཟེར་དེ་ཉིད་ནི༔ གང་ཕོག་ནད་


CMR042_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་ཚུགས་གྱུར༔ ཨོཾ་པི་ཤ་ཙི་ས་ཧཱ༔ ཨོཾ་པི་ཙི་རཾ་ཁཾ་ཡེ་སྭཱ་ཧཱཿ བཛྲ་རཀྵ་ཀུ་རུ་ཡེ་སྭཱ་ཧཱཿ བསྙེན་པ་ཅི་འགྲུབ་བཟླས་པའི་རྗེས༔ གསོ་བྲན་བྱས་པས་ཆོག་པ་སྟེ༔ བརྒྱ་རྩ་མན་ནས་གསུམ་བདུན་ཡན༔ ཅི་འགྲུབ་རྟགས་དང་བསྟུན་པས་མཆོག༔ འདི་སྐབས་གཞན་ལ་དབང་བསྐུར་ནས༔ རྒྱས་པར་རྗེས་གནང་སྤྱི་ལྟར་ཏེ༔ བསྡུ་ན་བདག་འཇུག་ཡིག་ཆུང་སྟེ༔ བཏོན་པས་དབང་བསྐུར་ཚང་བ་སྟེ༔ གལ་ཆེན་ཡིན་ན་གསུམ་བདུན་ཞིག༔ བདག་འཇུག་ཡིག་ཆུང་མི་དགོས་ཏེ༔ མདུན་བསྐྱེད་བླ་མ་དབྱེར་མེད་བསམ༔ ས་གཞི་སྤོས་སོགས། གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང་སློབ་དཔོན་ལོ་མ་ཅན་རྣམས་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ཞེས་ལན་གསུམ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་


CMR042_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སེམས་མཆོག་ཡིད་འོང་བསྐྱེད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཞེས་བརྗོད༔ དེ་ནས་ཁྱེད་རང་རྣམས་ཀྱིས་མོས་པ་འདི་ལྟར་སྒོམས་ཤིག༔ གཏོར་མ་འདི་དང་སློབ་དཔོན་གཉིས་ཀ་ལོ་མ་ཅན༔ གོང་དུ་མངོན་རྟོགས་ལྟར་དུ་བསྒོམ༔ ཁྱེད་རང་གི་སྤྱི་བོར་བཞག་པའི་ཚེ༔ གཏོར་མ་ལོ་མ་ཅན་དང་༔ སློབ་དཔོན་གཉིས་ཀའི་བྱིན་རླབས་ཞུགས་པར་གྱུར་པར་སྒོམས་ཤིག༔ ཅེས་གཏོར་མ་མགོར་བཞག༔ ཧཱུྃ༔ འོག་མིན་ཞིང་དང་མདངས་དགའ་བའི་རི་ཁྲོད་ལ་སོགས་བློབཞུགས་གནས་ནས༔ འོ་མ་གྱོན་མ་གཤེགས་སུ་གསོལ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་པི་ཤ་ཙི་པཎྜ་ཤ་སོགས། ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་བདུན་བརྗོད༔ དེ་ནས་ལོ་མ་གྱོན་མ་འདི་ཉིད་ཡི་དམ་དུ་བཟུང་སྙམ་པས་རྗེས་ཟློས་གྱིས་ཤིག༔ གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ ས་གཞི་སྤོས་ཆུས་སོགས། རང་ལ་ཚད་རུ་ལ་སོགས་ཀྱི༔ རིམས་ནད་འཚེ་བ་མང་བ་ལ༔ འདི་ཡི་ཆོ་ག་བདག་འཇུག་བཅས༔ བརྒྱ་རྩ་བླངས་ན་ཤིན་ཏུ་ཕན༔ གལ་ཆེན་གཞན་ལའང་དེ་དང་མཚུངས༔ ལོ་མ་ཅན་དང་ཤིང་ལོ་མ༔


CMR042_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཨོྃ༔ གཉིས་ཀའི་སྒྲུབ་པ་ཚང་འདོད་ན༔ ཆོ་ག་འདི་ཉིད་དུས་བཞིར་གཏང་རྒྱུན་དུ་ཐུན་མགོར་ལོ་མ་ཅན༔ ཐུན་མཇུག་ཤིང་ལོ་མ་ཉིད་བསྙེན༔ རྟགས་ནི་ལྷ་མོ་སྤྱི་དང་མཚུངས༔ སྨན་དང་ཆུ་ཤེལ་རྙེད་པ་རྨིས༔ མཚམས་ནི་གྲོལ་ཁ་བདག་འཇུག་བླངས༔ སྒྲུབ་པའམ་ནི་དབང་བསྐུར་མཇུག༔ རི་ཁྲོད་མ་དང་ཤིང་ལོ་མར༔ ཐུགས་ལ་འགལ་བ་ཐམས་ཅད་བཤགས༔ ཕྱག་འཚལ་མཆོད་ཅིང་བསྟོད་པར་བགྱི༔ གཡོག་མོ་འོད་ཞུ་དཔོན་མོར་ཐིམ༔ ལྷ་མོ་ཡེ་ཤེས་རང་ལ་ཐིམ༔ དམ་ཚིག་ལྷ་མོ་གཏོར་མར་ཐིམ༔ བདག་ཉིད་མཐའ་ནས་དབུས་སུ་ཡལ༔ རྒྱལ་བའི་ཡུམ་གྱི་དགོངས་པ་རྟོགས༔ དགེ་བས་འགྲོ་བའི་ནད་ཀུན་ཞི༔ བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག༔ ཅེས་པ་འདི་ནི་ས་ཕྱོགས་སུ༔ སྟོད་སྨད་ཀུན་ནས་རིམས་ནད་དལ༔ ཕོག་ནས་མི་ཐར་འཆི་འདུག་ཕྱིར༔ རོ་ཁུར་བ་རྣམས་ནད་མེད་ཀྱང་༔ གསོན་ལ་བསྙུང་བའི་དུས་ངན་བྱུང་༔ དེ་ཚེ་རཱ་ག་ཨ་སྱ་ཡིས༔ ལྷ་མོ་ཉིད་ལ་གསོལ་བཏབ་པས༔ འདི་ཉིད་བསྒྲིགས་ན་ཕན་ཆེ་སྟེ༔ ཐེང་ཆོག་ཡིན་གསུངས་ལུང་བསྟན་བྱུང་༔ དེ་ཕྱིར་ཆུ་ཕོ་བྱི་བའི་ལོ༔ དབྱར་ཟླ་ར་བའི་ཚེས་བཅུར་བསྒྲིགས༔ ཡི་གེ་དགེ་བའི་མིང་གིས་བྲིས༔ ཙཀ་ལི་བཅའ་ཚོགས་དཔེའུ་རིས་ལྟར་རོ། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ལོ་མ་ཅན་གྱི་གཏོར་སྒྲུབ་ཟིན་བྲིས་གསལ་བར་བཀོད་པ།next