Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་གཏེར་ལས་ལོ་མ་ཅན་གྱི་གཏོར་དབང་ལུང་བསྟན་བྱིན་རླབས་ཅན།
   
   
   
   
   
   
   
   


 
previousཐུགས་གཏེར་ལས་ལོ་མ་ཅན་གྱི་གཏོར་དབང་ལུང་བསྟན་བྱིན་རླབས་ཅན།next

ཐུགས་གཏེར་ལས་ལོ་མ་ཅན་གྱི་གཏོར་དབང་ལུང་བསྟན་བྱིན་རླབས་ཅན།


CMR042_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གཏེར་ལས་ལོ་མ་ཅན་གྱི་གཏོར་དབང་ལུང་བསྟན་བྱིན་རླབས་ཅན་བཞུགས་སོ༔


CMR042_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཤམཐ༔ ན་མོ་པརྞ་ཤ་ཝ་རི་ཡེ༔ ལོ་མ་ཅན་གྱི་དབང་སྒྲུབ་ནི༔ གཏོར་མ་དཔེའུ་རིས་ལྟར་བཅའ༔ བདག་དང་མདུན་དུ་ལོ་མ་ཅན༔ སེར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་རྡོ་རྗེ་གཡོན་སྡིགས་མཛུབ༔ རྨ་བྱ་ལོ་མའི་ཤམ་ཐབས་ཅན༔ པདྨ་ཉི་མའི་གདན་ལ་བཞུགས༔ སངས་རྒྱས་ཀུན་གྱི་བྱིན་རླབས་རྣམས༔ བདག་མདུན་ཐིམ་ཞིང་དབང་བསྐུར་གྱུར༔ ཨོཾ་པི་ཤ་ཙི་པཎི་ཤ་ཝ་རི་སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱཿ སྔགས་ནི་ཕྲེང་སྐོར་གཅིག་གཉིས་བཟླ༔ དེ་ནས་ཁྲུས་བྱས་མཎྜལ་ཕུལ༔ སྔོན་དབང་མ་བསྐུར་ན་བགེགས་གཏོར་ཕུལ༔ མཚམས་བཅད༔ འོ་ན་ལོ་མ་ཅན་གྱི་གཏོར་


CMR042_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལུང་བསྟན་བྱིན་རླབས་ཅན་འདི་ནི༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ༔ མེ་སྤྲེལ་ས་ག་ཟླ་བའི་ཡར་ཚེས་གཅིག་གི་སྔ་དྲོ་ལོ་མ་ཅན་མངོན་རྟོགས་ལྟ་བུ་ཞབས་རྡོ་རྗེ་སྐྱིལ་ཀྲུང་ཅན་གཅིག་ཞལ་གཟིགས་པས་དངོས་སུ་གསུངས་པའི་ཕྱིར༔ བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པ་ཡིན་ལ༔ ཕྱག་གཉིས་མ་འདིའི་དབང་ཆོས་ཀྱི་དབང་ཕྱུག་གིས་མཛད་པ་ཡང་ཐོབ་པས༔ བཀའ་གཏེར་གཉིས་ཀ་ཡིན་ལ༔ ལོ་མ་ཅན་གྱི་གཟུངས་གཉིས༔ སྒྱུ་འཕྲུལ་དྲྭ་བ༔ སཾ་བུ་ཏྲི༔ དངོས་གྲུབ་བསྟན་གཟིགས་ཀྱི་རྒྱུད་ལས༔ པདྨ་གླིང་པ་དང་༔


CMR042_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་འདུལ་རྡོ་རྗེའི་གཏེར་ཁ་སོགས་ནས་རིམས་ནད་ཞི་བ་དང་སྲུང་བ་རྒྱུན་གཅོད་པའི་མཆོག་དམ་པ་ནི༔ ལོ་མ་གྱོན་མ་འདི་ཡིན་པར་གསུངས་སོ༔ དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ༔ ས་གཞི་སྤོས་སོགས་བརྗོད༔ གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང་༔ སློབ་དཔོན་ལོ་མ་ཅན་རྣམས་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ཞེས་ལན་གསུམ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ ཞེས་དང་པོ་ཚང་མ་གཅིག༔ དེ་ནས་ཚིག་བཞི་པོས་ཆོག༔ དེ་ནས་ཁྱེད་རྣམས་མོས་པ་འདི་ལྟར་སྒོམས་ཤིག༔ གཏོར་མ་འདི་དང་སློབ་དཔོན་གཉིས་ཀ་ལོ་མ་ཅན་སེར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་རྡོ་རྗེ་གཡོན་སྡིགས་མཛུབ༔ རྨ་བྱ་ལོ་མའི་ཤམ་ཐབས་ཅན༔ པདྨ་ཉི་མའི་གདན་ལ་བཞུགས༔ ཁྱེད་རང་གི་སྤྱི་བོར་བཞག་པའི་ཚེ༔ གཏོར་མ་ལོ་མ་ཅན་དང་སློབ་དཔོན་གཉིས་ཀའི་བྱིན་རླབས་ཞུགས་པར་སྒོམས་ཤིག༔ གཏོར་མ་ལག་ཏུ་ཐོགས་ལ༔ ཧཱུྃ༔ འོག་མའི་ཞིང་དང་མདངས་དགའ་ཡི༔ རི་ཁྲོད་ལ་སོགས་བཞུགས་གནས་ནས༔ ལོ་མ་གྱོན་མ་གཤེགས་སུ་གསོལ༔ དབང་བསྐུར་བྱིན་གྱིས་


CMR042_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་ཏུ་གསོལ༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ནད་རིགས་བཞི་བརྒྱ་རྩ་བཞི་སོགས༔ ཡམས་ནད་རིམས་ནད་ཞི་བར་མཛོད༔ སྙིགས་མའི་ནད་ཀྱི་བསྐལ་པ་ལ༔ ཁྱོད་ཀྱིས་སྲུང་ཞིང་སྐྱབས་མཛོད་ཅིག༔ ཅེས་གཏོར་མ་མགོར་བཞག༔ སྔགས་ལན་བདུན་བརྗོད་ཚེ༔ སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་ནད་གདོན་ཐམས་ཅད་བསྲེགས་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་ནད་གདོན་ཐམས་ཅད་བཀྲུས༔ ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལོ་མ་ཅན་གྱི་སྐུར་གྱུར་ནས་བདག་དང་བསྲུང་བྱ་ཐམས་ཅད་ལ་ཐིམ་པས་དབང་དང་བྱིན་རླབས་ཐོབ་ནས་ལོ་མ་ཅན་གྱི་སྐུར་གྱུར་པར་བསྒོམ༔ སྔགས་ཚན་བདུན་པོ་བརྗོད༔ ཨོཾ་པི་ཤ་ཙི་པརྞ་ཤ་ཝ་རི་སརྦ་རཾ་ཁཾ་ཡེ་པྲ་མ་ན་ཡེ་སྭཱ་ཧཱཿ ཨོཾ་པི་ཤ་ཙི་རཾ་ཁཾ་ཡེ་སྭཱ་ཧཱཿ ཨོཾ་པི་ཤ་ཙི་ཛཱ་ར་པྲ་ཤ་མ་ནི་སྭཱ་ཧཱཿ ཨོཾ་པི་ཤ་ཙི་པརྫུ་ཤ་ཝ་རི་ཛྭ་ལ་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་པི་ཤ་ཙི་སྭཱ་ཧཱཿ བཛྲ་ཨཱཿ་བེ་ཤ་ཡ་ཨ་ཨཱཿ༔ ཡེ་ཤེས་པ་འབེབས༔ ཨོཾ་པི་ཤ་ཙི་པརྞ་ཤ་ཝ་རི་སརྦ་ཛྭ་ར་པྲ་ཤ་མ་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩམཾ༔ ཨོཾ་པརྞ་ཤ་ཝ་རི་སྭཱ་ཧཱཿ ཛཱ་ར་རཀྵ་རཀྵ༔ མེ་


CMR042_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གཏོར་ཞིང་༔ ནད་རྣམས་མ་ལུས་འཇོམས་བྱེད་ཅིང་༔ གདོན་ཀུན་ཙིཏྟ་སྲེག་བྱེད་མ༔ ནད་རིགས་ཀུན་འཇོམས་ལྷ་མོ་སྟེ༔ ལོ་མ་གྱོན་མའི་བཀྲ་ཤིས་ཤོག༔ དེ་ནས་ལོ་མ་ཅན་འདི་ཉིད་ཡི་དམ་དུ་བཟུང་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས་བརྗོད༔ ས་གཞི་སྤོས་སོགས༔ ཞེས་པ་འདི་གནམ་ཆོས་གཞུང་ལས་གབ་འཁྲུགས་སྡེབ་པ་དང་༔ ཁ་བཀང་དགོས་པ་རྣམས་བཀང་སྟེ༔ ལྕགས་ཕོ་ཁྱིའི་ལོ་ནག་པ་ཟླ་བའི་ཡར་ཚེས་བཅུ་གཅིག་གི་ཉིན༔ འཚོ་མཛད་པདྨ་བསམ་བཟང་རིམས་ནད་ཀྱི་བྲོ་ཚབས་ཆེ་བའི་ཚེ༔ གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ལ༔ ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་༔ དགེ་བས་སྙིགས་དུས་ཀྱི་ནད་ཀྱི་དུ་རུ་ཀའི་དམག་ཚོགས་བཟློག་པར་གྱུར་ཅིག༔ དབང་གཏོར་མ་གྲུབ་ན་ཡང་སྤྱི་གཏོར་གྱིས་ཆོག་པར་གསུངས་སོ༔ ཡི་གེ་པ་ནི་གླིང་གི་དགེ་བཤེས་པདྨ་དད་པས་བྲིས་སོ༔ འདིའི་དབང་གཅིག་ཐོབ་ན་ཡང་བསྙེན་པ་སོགས་རུང་ཞིང་༔ འདིའི་དབང་མང་དུ་ཐོབ་ན་ནད་ངན་གྱི་རིགས་ན་བ་ལ་ཕན་པ་དང་༔ ནད་མི་འཕྲོ་བ་དང་༔ རིམས་ནད་ཀྱི་འཇིགས་པ་ལས་རང་གཞན་བསྲུང་བའི་མཆོག་དམ་པ་ཡིན་པས༔ གསུམ་ལྔ་བདུན་བཅུ་གསུམ་ཉེར་གཅིག་ལོ་གྲངས་བརྒྱ་རྩ་སོགས་སྐབས་དང་བསྟུན་པས་རིམས་ནད་ལ་ཕན་པ་དང་༔ བསྲུང་བའི་ཐབས་ལ་བཀའ་གསར་རྙིང་གཏེར་གསུམ་ནས་འདི་བས་ཟབ་པ་མེད་གསུངས་སོ༔ མངྒ་ལཾ༔ བྷནྟུ༔


previousཐུགས་གཏེར་ལས་ལོ་མ་ཅན་གྱི་གཏོར་དབང་ལུང་བསྟན་བྱིན་རླབས་ཅན།next