Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལོ་མ་གྱོན་མའི་སྒོམ་བཟླས།
   
   
   
   
   
   
   


 
previousལོ་མ་གྱོན་མའི་སྒོམ་བཟླས།next

ལོ་མ་གྱོན་མའི་སྒོམ་བཟླས།


CMR042_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མ་གྱོན་མའི་སྒོམ་བཟླས་ནི། བདག་དང་མདུན་དུ་ལོ་མ་ཅན། །སེར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རྡོ་རྗེ་གཡོན་སྡིགས་མཛུབ། །རྨ་བྱ་ལོ་མའི་ཤམ་ཐབས་ཅན། །པདྨ་ཉི་མའི་གདན་ལ་བཞུགས། །སངས་རྒྱས་ཀུན་གྱི་བྱིན་རླབས་རྣམས། །བདག་མདུན་ཐིམ་ཞིང་དབང་བསྐུར་གྱུར། །ཧཱུྃ། འོག་མིན་ཞིང་དང་མདངས་དགའ་བའི། །རི་ཁྲོད་ལ་སོགས་བཞུགས་གནས་ནས། །ལོ་མ་གྱོན་མ་གཤེགས་སུ་གསོལ། །པདྨ་ཉི་ཟླའི་གདན་ལ་བཞུགས། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ན། །མཆོད་པའི་རྣམ་པ་ཅི་འབྱོར་དང་། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ནད་རྣམས་མ་ལུས་ཞི་མཛད་མ། །གདོན་བགེགས་ཙིཏྟ་སྲེག་བྱེད་མ། །ནད་རིགས་ཀུན་འཇོམས་རྡོ་རྗེ་སྟེ། །ལོ་མ་གྱོན་མར་ཕྱག་འཚལ་བསྟོད། །བདག་མདུན་ལྷ་མོའི་ཐུགས་ཀ་རུ། །པཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར། །རང་གི་ཐུགས་ལས་འོད་འཕྲོས་པས། །རང་འདྲའི་ལྷ་མོ་ཡེ་ཤེས་པ། །དཔག་མེད་སྤྱན་དྲངས་བདག་མདུན་ཐིམ། །སྤྲུལ་པའི་ལྷ་མོའི་ནམ་མཁའ་གང་། །སྐུ་ལས་ཡེ་ཤེས་མེ་ཆེན་འབར། །ནད་རིགས་ཡམས་ནད་ཐམས་


CMR042_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀུན། །བྱ་སྒྲོ་མེ་ལ་བསྲེགས་བཞིན་གྱུར། །ཨོཾ་པི་ཤ་ཙི་སྭཱ་ཧཱ། ཨོཾ་པི་ཤ་ཙི་པཎྜ་ཤ་བ་རི་སརྦ་ཛྭ་ར་པྲ་ཤ་མ་ཎ་ཡེ་སྭཱ་ཧཱ། བདག་དང་བསྲུང་བྱ་ཐམས་ཅད་ཀྱི། །ནད་རིགས་བཞི་བརྒྱ་རྩ་བཞི་སོལ། །ཡམས་ནད་རིམས་ནད་ཞི་བར་མཛོད། །སྙིགས་མའི་ནད་ཀྱི་བསྐལ་པ་རྣམས། །ཁྱེད་ཀྱིས་བསྲུང་ཞིང་སྐྱབས་མཛོད་ཅིག །ཅེས་པ་འདི་ནངས་སྔ་ཕྲེང་སྐོར་རེ་བཟླས་ན་ནད་རིམས་ཐམས་ཅད་ཞི་བར་འགྱུར། བྱེ་བ་གཅིག་གིས་ནད་ངན་སྟོང་གི་ནང་དུ་སོང་ཡང་སྐྱོན་མེད་པར་ཨོ་རྒྱན་རིན་པོ་ཆེས་གསུངས་སོ། །ཞེས་པ་ཨ་རཱ་གས་སོ།། །། ༈ རང་ཉིད་ལོ་མ་གྱོན་མའི་སྐུ། །གསེར་མདོག་ལོ་མའི་ཤམ་ཐབས་ཅན། །རྡོ་རྗེ་དང་ནི་སྡིགས་མཛུབ་མཛད། །པདྨ་ཉི་གདན་ལ་བཞུགས་པར་གྱུར། །ཨོཾ་པི་ཤ་ཙི་པརྞ་ཤ་བ་རི་རོ་ག་ཛ་ར་པྲ་ཤ་མ་ཎི་སྭཱ་ཧཱ། ཨོཾ་པི་ཤ་ཙི་སྭཱ་ཧཱ། ཞེས་བཟླས་སོ། །ཨ་རཱ་གས་སོ།། །།


previousལོ་མ་གྱོན་མའི་སྒོམ་བཟླས།next