Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲུང་བ་ལྔའི་ཆོ་ག་ནད་གདོན་ཀུན་སེལ།
   
   
   
   
   
   


 
previousསྲུང་བ་ལྔའི་ཆོ་ག་ནད་གདོན་ཀུན་སེལ།next

སྲུང་བ་ལྔའི་ཆོ་ག་ནད་གདོན་ཀུན་སེལ།


CMR042_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བ་ལྔའི་ཆོ་ག་ནད་གདོན་ཀུན་སེལ་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR042_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དེ་ཝཱི་པཉྩ་ཡེ། སྲུང་བ་ལྔ་ཡི་ཆོ་ག་ནི། །རབ་ཏུ་རྡུལ་ཚོན་དཀྱིལ་འཁོར་ནི། །དབུས་སུ་འདབ་བཞི་མུ་ཁྱུད་བྲི། །བསྡུ་ན་ནས་ཚོམ་ལྔ་ཡིས་ཆོག །དེ་དབུས་མཆོད་རྟེན་པུ་རི་བཤམས། །མེད་ན་སཱཙྪ་འམ་ཐུབ་པའི་སྐུ། །ཡང་ན་བྲིས་པའི་མཆོད་རྟེན་རུང་། །ཡང་ན་གནས་བཅུའི་ཐང་ཀ་བཤམས། །དབུས་སུ་གཏོར་མ་ཟླུམ་པོ་དང་། །ཕྱོགས་བཞིར་དཀར་གཏོར་བཞི་ཡི་ནང་། །འབྲུ་སྣ་མེ་ཏོག་བླུགས་པ་བཤམས། །གཏོར་མ་བཞི་ཡི་རྩེ་ལ་ནི། རྒྱལ་ཆེན་སྡེ་བཞིའི་ཙཀ་ལི་བཙུགས། །ཞོ་ཕུད་འོ་ཕུད་ཕྱེ་མར་དང་། །འབྲུ་སྣ་བསང་མཆོད་དུས་ལྟར་བཤམས། །མཆོད་པ་སྣ་བདུན་བསྐོར་བཤམས་བྱ། །ཟུར་བཞིར་མདའ་དར་བཞི་ཡང་བཙུགས། །ཚོན་སྐུད་སྣ་ལྔའམ་དཀར་ནག་དམར། །གཅིག་བསྒྲིམ་འདོམ་


CMR042_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཙམ་ཞིག་བཤམས། །མདུན་དུ་ས་སྟེགས་གཙང་མའམ། །སླ་ངའི་ནང་དུ་ཤིང་རྩི་དང་། །ཤུག་པ་ལ་སོགས་བསང་ཁང་ལྟར། །ཐམས་ཅད་ཆུ་གཙང་བྲན་ལ་བཞག༔ བདག་གིས་སེམས་ཅན་ཀུན་དོན་དུ། །རིག་པའི་ལྷ་མོ་ལྔ་བསྒྲུབ་སྟེ། །འགྲོ་བའི་སྡུག་བསྔལ་སེལ་བར་བྱ། །རང་ཉིད་ལྷ་མོ་ལྔར་གསལ་བའི། །ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །རིག་པའི་ལྷ་མོ་ལྔ་པོ་ནི། །སངས་རྒྱས་བྱང་སེམས་ཚོགས་དང་བཅས། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བདག་དང་བསྲུང་བྱ་ཐམས་ཅད་ཀྱི། །སྡིག་ལྟུང་ལས་ཀུན་མཐོལ་ཞིང་


CMR042_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །དགེ་བསོད་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་ཅིང་། །མྱ་ངན་མི་འདའ་རྟག་བཞུགས་གསོལ། །དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །བླ་མེད་བྱང་ཆུབ་སེམས་བསྐྱེད་དོ། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ཚོགས་ཞིང་རང་གི་སྙིང་ཁར་ཐིམ། །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་དང་། །རྭ་གུར་མེ་རི་སྲུང་འཁོར་རྒྱ་ཆེན་ནང་། །པདྨ་འདབ་བཞི་ཟླ་གདན་ལྔ་ཡི་དབུས། །རང་ཉིད་རིག་པའི་རྒྱལ་མོ་ལྔ་གྱུར་ཏེ། །དབུས་སུ་པཾ་ལས་སོ་སོར་འབྲང་མ་ནི། །སེར་ནག་དཀར་བའི་ཞལ་གསུམ་སྤྱན་གསུམ་གསུམ། །དར་དང་རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་བཞུགས། །ཕྱག་བཅུ་གཡས་ལྔ་རལ་གྲི་རྡོ་རྗེ་མདའ། །མཆོག་སྦྱིན་ཡུ་བ་ཐུགས་ཀར་གནས་པའི་གདུགས། །གཞུ་དང་རྒྱལ་མཚན་རིན་ཆེན་ཆུན་པོ་དང་། །དགྲ་སྟ་དུང་རྣམས་གཡོན་གྱི་ཕྱག་ན་བསྣམས། །ཤར་དུ་ཧཱུྃ་ལས་སྟོང་ཆེན་རབ་འཇོམས་དཀར། །ཞལ་གཅིག་པ་ལ་ཕྱག་ནི་དྲུག་པ་སྟེ། །གཡས་གསུམ་རལ་གྲི་མདའ་དང་མཆོག་སྦྱིན་ཕྱག །གཡོན་གསུམ་ཞགས་པ་གཞུ་དང་དགྲ་སྣ་འཛིན། །ལྷོ་རུ་མཾ་ལས་རྨ་བྱ་ཆེན་


CMR042_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལྗང་། །ཞལ་གཅིག་ཕྱག་གཉིས་སྒྲོ་མདངས་མཆོག་སྦྱིན་ཕྱག །ནུབ་ཏུ་ཧཱུྃ་ལས་གསང་སྔགས་རྗེས་འཛིན་ནག །བྱང་དུ་ཛ་ལས་བསིལ་བའི་ཚལ་མ་དམར། །གཉིས་ཀ་ཞལ་གཅིག་ཕྱག་ནི་བཞི་མ་སྟེ། །གཡས་གཉིས་རལ་གྲི་མཆོག་སྦྱིན་གཡོན་གཉིས་ན། །དགྲ་སྟེ་ཞགས་པ་འཛིན་ཅིང་ཉི་མའི་གདན། །ཀུན་ཀྱང་དར་དང་རིན་ཆེན་རྒྱན་གྱིས་བཀླུབས། །རོལ་པའི་སྟབས་ཀྱིས་འགྱིང་བའི་ཚུལ་གྱིས་བཞུགས། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དང་། །རང་རང་ཐུགས་ཀའི་ས་བོན་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །ཛཧཱུྃ་བཾ་ཧོ༔གཉིས་སུ་མེད་པར་གྱུར། །དབང་ལྷ་རིགས་ལྔ་སྤྱན་དྲངས་དབང་བསྐུར་ནས། །དབང་རྟགས་གཙོ་མོ་ལ་ནི་རིན་འབྱུང་དང་། །རྣམ་སྣང་དོན་གྲུབ་འོད་དཔག་རིམ་བཞིན་བརྒྱན། །རང་གི་ཐུགས་ལས་སྤྲུལ་པའི་མཆོད་ལྷའི་ཚོགས། །མཆོད་རྫས་དུ་མ་འཛིན་པས་བདག་བསྐྱེད་ཀླུ་མཆོད། །དེ་ཝི་པཉྩ་ཨརྒྷཾ་སོགས། ཉོན་མོངས་ལྔ་པོ་རྣམ་དག་ཅིང་། །ཕུང་པོ་ལྔ་ཡི་ངོ་བོ་ཉིད། །རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ནི། །རིག་པའི་ལྷ་མོ་ལྔ་ལ་བསྟོད། །


CMR042_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་ཐུགས་ཀར་ཟླ་སྟེང་ས་བོན་མཐར། །རང་རང་སྔགས་ཕྲེང་འོད་ཟེར་གྱིས། །སངས་རྒྱས་ཀུན་མཆོད་བྱིན་རླབས་བསྡུས། །འགྲོ་ཀུན་སྒྲིབ་པ་སྦྱངས་བར་གྱུར། །ཨོཾ་་ཨཱཿཋཔྲ་ཏི་སཱ་རེ་པྲ་ཧཱུྃ། ཨོཾ་ཨཱཿཋམ་ཧཱ་ས་ཧ་སྲ་པྲ་མརྡ་ནི་ཧཱུྃ་ཧཱུྃ། ཨོཾ་ཨཱཿམ་ཧཱ་མ་ཡུ་རི་མཾ་ཧཱུྃ། ཨོཾ་ཨཱཿམ་ཧཱ་མནྟ་ཨ་ནུ་དྷཱ་རི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿམ་ཧཱ་ཤཱི་ཏ་བ་རི་ཛ་ཧཱུྃ༔ ཞེས་ཅི་ནུས་བརྗོད་བསྙེན་པ་བྱ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། རིམ་གྱིས་ཐམས་ཅད་སྟོང་པ་ལས། །བྷྱོ་ལས་གཞན་ལས་ཁང་པ་ནི། །གྲུ་བཞི་སྒོ་བཞི་རྟ་བབས་སོགས། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །ཕྱོགས་བཞིར་ཐེམ་སྐས་ལྡན་པ་ཡི། །ཕྱི་ཁྱམས་མཚོ་དང་རྫིང་བུ་ནི། །ཆུ་བྱ་སྣ་ཚོགས་བཅས་པ་དང་། །དཔག་བསམ་ཤིང་དང་བུམ་པ་བཟང་། །མེ་ཏོག་སྣ་ཚོགས་ཀྱིས་ཁྱབ་པ། །རྡོ་རྗེའི་རྭ་བ་འོད་ཟེར་གྱིས། །ཕྲེང་བས་ཀུན་ནས་བསྐོར་བ་ཡི། །དབུས་དང་ཕྱོགས་བཞི་གཡས་གཡོན་དང་། །སྒོ་བཞི་པདྨ་ཟླ་བའི་གདན། །བུམ་པ་ཧཱུྃ་ལས་གཞལ་ཡས་ཁང་། །བཅུད་ནི་བོ་ལས་བདུད་རྩིའི་མཚོ། །དེ་ནང་པཾ་ལས་པད་འདབ་བཞི། །དབུས་དང་འདབས་བཞིར་ཟླ་བའི་གདན། །གཞལ་


CMR042_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་གི་ཁྱམས་རྣམས་སུ། །གཏོར་མ་དཀར་གསུམ་བདུད་རྩིའི་མཚོ། །ཡིད་མཐུན་ལོངས་སྤྱོད་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན། །ས་དང་བར་སྣང་གང་བར་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། བདག་བསྐྱེད་ཐུགས་ཀའི་འོད་ཟེར་གྱིས། །ལྷ་མོ་ལྔ་དང་མགྲོན་གྱི་ཚོགས། །སྤྱན་དྲངས་གདན་ལ་བཞུགས་པར་གྱུར། །ཧཱུྃ། མགོན་པོ་ཀུན་གཤེགས་ཐུགས་རྗེ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །འདྲེན་པའི་བསྟན་པ་སྲུང་བ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །རིག་པའི་རྒྱལ་མོ་ཆེན་མོ་ལྔ། །ཚངས་དང་བརྒྱ་བྱིན་རྒྱལ་ཆེན་བཞི། །རང་རང་འཁོར་ཚོགས་དཔུང་དང་བཅས། །མཆོད་པ་འབུལ་གྱིས་བཞེས་སླད་དུ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །རྒྱལ་ཆེན་སྡེ་བཞི་བཀའ་འཁོར་ན། །དྲི་ཟ་གྲུལ་བུམ་ཀླུ་གནོད་སྦྱིན། །གདོན་རིགས་དུང་ཕྱུར་གྲངས་མེད་སྒྱུ་རྣམས། །མདོ་སྡེའི་ཞགས་པས་དྲངས་ནས་ཀྱང་། །སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །ཛཧཱུྃ་བཾ་ཧོ༔ཏིཥྛ་ལྷན། །དཀྱིལ་འཁོར་དབུས་དང་བུམ་པའི་ནང་། །ལྷ་མོ་ལྔ་པོ་


CMR042_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སུ་གསོལ། །རབ་འཕགས་མདུན་གྱི་བར་སྣང་ལ། །ཐུབ་སྐུ་གསེར་གྱི་ཁ་དོག་ལ། །མཚན་རྣམས་ཀྱིས་ནི་རབ་ཏུ་བརྒྱན། །མཆོད་རྟེན་རིང་བསྲེལ་འཕགས་པའི་ཚོགས། །གསེར་གྱི་མཆོད་སྡོང་དང་ཡང་འདྲ། །མེ་ཏོག་པདྨ་བཞིན་དུ་རྒྱས། །ཚངས་པས་སྤྲུལ་པའི་གཞལ་མེད་ཁང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །གཡས་གཡོན་ཚངས་དང་བརྒྱ་བྱིན་གཉིས། །ཐལ་མོ་སྦྱར་ནས་འཁོད་པར་གྱུར། །དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་རུ། །དཔལ་དང་གཟི་བརྗིད་འབར་བ་ཡི། །རྒྱལ་པོ་ཆེན་པོ་དཔལ་དང་ལྡན། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་སྤྱན་མི་བཟང་། །བྱང་ཕྱོགས་ན་ནི་ལུས་ངན་པོ། །ཆོས་ཀྱི་གོ་ཆ་བསྒོས་གྱུར་ཏེ། །བཟང་པོའི་ཁྲི་ལ་བཞུགས་སུ་གསོལ། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོ་དཔག་མེད་མཆོད། །ཐུབ་པའི་དབང་པོ་མཆོད་རྟེན་བཅས། །ཕྱག་འཚལ་སྐྱེས་བུ་དཔལ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་བསྟོད། །རིག་པའི་རྒྱལ་མོ་ལྔ་པོ་དང་། །ཚངས་དང་


CMR042_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བྱིན་རྒྱལ་ཆེན་བཞི། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །བུམ་ནང་ལྷ་མོ་ལྔ་པོ་བསྐུལ། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་བདུད་རྩིས་གང་བར་གྱུར། །ཨོཾ་མ་ཎི་དྷ་རི་བཛྲ་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཝ་རེ་ཝ་ར་པྲ་ཝ་ར་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་མ་ཡུ་རི་བདུ་རཱཛཱི་ཧཱུྃ་ཧཱུྃ་ཕྲཊ་ཕྲཊ་སྭཱ་ཧཱ། ཨོཾ་བི་མ་ལེ་བི་པུ་ལེ་ཛ་ཡ་ཝ་རེ་ཨ་མྲྀ་ཏེ་བི་ར་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར། ཨིནྡྲི་ཡ་ཝ་ལ་བི་ཤཱ་དྷ་ནི་རུ་རུ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧུ། རེ་རེ་ལ་ཡང་བརྒྱ་རྩ་བརྒྱད་བཟླ། བུམ་ལྷ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པར་བསམ། དེ་ནས་ནད་པ་མདུན་དུ་བཞག །ཙོག་པུར་རྐང་ལག་བསྣོལ་ཏེ་འདུག །སྐུད་པ་ཁྲ་བོས་གཉའ་བ་ནས། །སྲིན་ལག་གཉིས་དང་རྐང་པའི་མཐེབ། །གཉིས་བཏགས་སྐུད་པས་རྒྱ་གྲམ་བྲི། །ནད་གདོན་དུག་དང་བྱད་སྟེམས་སོགས། །སྐུད་པ་དེ་ལ་ཐིམ་པར་བསྒོམ། །ཤིང་སྣས་མེ་སྦར་དུད་པ་བཏང་། །སྦྱིན་སྲེག་བླངས་བར་གྱིས་ཟེར་དུས། །མཆོད་པའི་ཕུད་རྣམས་མེ་ལ་ཕུལ། །གཏོར་མ་ལྔ་པོ་འོ་མའམ། །ཆུ་གཙང་བྲན་ལ་ཨ་ཀཱ་རོ། །ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། །ཧཱུྃ། རྫོགས་སངས་རྒྱས་དང་དེ་ཡི་སྲས། །


CMR042_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་དང་ནི་རང་སངས་རྒྱས། །རིག་པའི་རྒྱལ་མོ་ཆེན་མོ་ལྔ། །ཚངས་པ་དང་ནི་བརྒྱ་བྱིན་སོགས། །རིགས་བྱེད་ཀུན་གྱི་ཕ་རོལ་ཕྱིན། །སྐྱེ་བོ་དགའ་མཛད་སྨན་པའི་རྗེ། །འཇིག་རྟེན་ཐམས་ཅད་གསོ་མཛད་པ། །གནོད་སྦྱིན་སྲིན་པོ་གང་དག་རྣམས། །ཕྱོགས་དང་ཕྱོགས་མཚམས་གནས་པ་དང་། །ས་ཡི་འོག་དང་ས་ཡི་སྟེང་། །ནམ་མཁའ་དག་ལ་གནས་པའི་གདོན། །ཐམས་ཅད་གཏོར་མ་འདི་བཞེས་ལ། །ནད་གདོན་བྱད་སྟེམས་དུག་རྣམས་སོལ། །ན་མསརྦ་བུདྡྷ་བྷྱོ་དྷི་སཏཱ་དེ་ཝ་པཉྩལོ་ཀ་པཱ་ལ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་བརྗོད། གཏོར་མ་ལག་ཏུ་ཐོགས་ནས། ནད་པ་ལ་གཡས་གཡོན་དུ་བསྐོར་ཞིང་། དེ་བཞིན་གཤེགས་པའི་མཚན་དང་། སྟོབས་དང་། དབང་ཕྱུག་དང་བྱིན་གྱིས་རླབས་ཀྱིས་བསྲུང་བྱ་འདི་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཕྱོགས་ཐམས་ཅད་དུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། དེ་ནས་དབུས་ཀྱི་གཏོར་མ་ཁང་སྟེང་ངམ་གུང་ཁར་ཕུལ་བཅུག །ཕྱེ་མར་སོགས་མེ་ནང་དུ་མཆོད་བཅུག་ཅིང་། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་དང་། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང་། །འཕྲོག་མའི་བུ་དང་བཅས་པ་


CMR042_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །བདག་གི་མེ་ཏོག་སྤོས་དག་དང་། །སྦྱིན་སྲེག་འདི་ནི་བླངས་བར་གྱིས། །དེ་དག་གིས་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །ནད་རྣམས་ཐམས་ཅད་བཅོམ་པར་འགྱུར། །བསྲུང་བྱ་འདི་ཡི་འཇིགས་པ་དང་། །གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། རྒྱལ་པོ་ཡུལ་འཁོར་སྲུང་བ་ཡང་། །མེ་ཏོག་ཚོགས་ལྟར་རྒྱས་གྱུར་ཅིག །ཀ་ལ་པིང་ཀའི་སྒྲ་དབྱངས་ཅན། །ཁུ་བྱུག་དང་ནི་རྨ་བྱའི་སྒྲ། །རྔ་དང་འབྲུག་གི་སྒྲ་སྒྲོག་པ། །ཐུབ་ཆེན་གནོད་སྦྱིན་སྲིན་པོ་དང་། །དྲི་ཟ་སྟོང་ཕྲག་དྲུག་ཅུ་བཞི། །ཤར་གྱི་ཕྱོགས་ཆའི་ཕྱོགས་ན་གནས། །འཁོར་བཅས་གཏོར་མ་འདི་བཞེས་ལ། །དྲི་ཟ་ལས་གྱུར་ནད་དང་གདོན། །ཐམས་ཅད་ཞི་ཞིང་མེད་པར་མཛོད། །ཨོཾ་དྷྲྀ་ཏ་རཱཥྛ་ཡ་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་བྱ། དེ་ནས་གཏོར་མ་ལག་ཏུ་ཐོགས་ལ་ནད་པ་ལ་གཡས་གཡོན་དུ་བསྐོར་ཞིང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་མིང་དང་། སྟོབས་དང་། དབང་ཕྱུག་དང་། བྱིན་གྱིས་བརླབས་ཀྱིས་བསྲུང་བྱ་འདི་ཡི་གདོན་ཐམས་ཅད་དང་། གནོད་པ་ཐམས་ཅད་ལས་


CMR042_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བར་གྱུར་ཅིག་སྭཱ་ཧཱ། བསྲུང་བྱ་འདི་ཤར་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཞེས་ཤར་ཕྱོགས་སུ་ཕུལ་ལ་ཙཀ་ལི་ཚུར་བླང་། ཡང་མཆོད་པ་བྱ། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་དང་། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང་། །འཕྲོག་མའི་བུ་དང་བཅས་པ་ཡང་། །བདག་གི་མེ་ཏོག་སྤོས་དག་དང་། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གིས་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །ནད་རྣམས་ཐམས་ཅད་བཅོམ་པར་འགྱུར། །བསྲུང་བྱ་འདི་ཡི་འཇིགས་པ་དང་གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །གྲུམ་བུམ་ཡི་དྭགས་སྲུལ་པོ་དག །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས། །ལྷོ་ཕྱོགས་ཆ་ཡི་ཕྱོགས་ན་གནས། །འཁོར་བཅས་གཏོར་མ་འདི་བཞེས་ལ། །གཤིན་རྗེ་གྲུལ་བུམ་ལས་གྱུར་པའི། །ནད་གདོན་གནོད་པ་མེད་པར་མཛོད། །ཨོཾ་བེ་རུ་ཌྷ་ཀཱ་ཡེ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་ལན་གསུམ་མམ་བདུན་བརྗོད་ལ། གཏོར་མ་སྔར་ལྟར་ནད་པ་ལ་བསྐོར་ཞིང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཡི་མིང་དང་། སྟོབས་དང་།


CMR042_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་དང་བྱིན་གྱིས་བརླབས་ཀྱིས། བསྲུང་བྱའི་གདོན་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག་སྭཱ་ཧཱ། བསྲུང་བྱ་ལྷོ་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱཿ ཅེས་ལྷོ་ཕྱོགས་སུ་ཕུལ། ཡང་མཆོད་པ་བྱ། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་དང་། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང་། །འཕྲོག་མའི་བུ་དང་བཅས་པ་ཡང་། །བདག་གི་མེ་ཏོག་སྤོས་དག་དང་། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གིས་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །ནད་རྣམས་ཐམས་ཅད་བཅོམ་པར་འགྱུར། །བསྲུང་བྱ་འདི་ཡི་འཇིགས་པ་དང་། །གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། རྒྱལ་པོ་མིག་མི་བཟང་བ་ཡང་། །ཀླུ་དང་འདབ་བཟང་གསང་བ་སོགས། །སྟོང་ཕྲག་དྲུག་ཅུ་རྩ་བཞི་དག །ནུབ་ཀྱི་ཕྱོགས་ཀྱི་ཆ་ལ་གནས། །འཁོར་བཅས་གཏོར་མ་འདི་བཞེས་ལ། །ཀླུ་ལས་གྱུར་པའི་ནད་དང་གདོན། །ཐམས་ཅད་ཞི་ཞིང་མེད་པར་མཛོད། །ཨོཾ་བྷེ་རུ་པཀྵ་ཡེ། ས་པ་རི་ཝཱ་ར་ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་བདུན་བརྗོད། གཏོར་མ་ལག་ཏུ་ཐོགས་ལ་


CMR042_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པ་ལ་བསྐོར་ཞིང་། རྒྱལ་པོ་ཆེན་པོ་མིག་མི་བཟང་གི་མིང་དང་། སྟོབས་དང་། དབང་ཕྱུག་དང་། བྱིན་གྱིས་བརླབས་ཀྱིས་བསྲུང་བྱ་འདི་རྣམས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། བསྲུང་བྱ་ནུབ་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཞེས་ནུབ་ཕྱོགས་སུ་ཕུལ། ཡང་མཆོད་པ་གཅིག་བྱ། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་དང་། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང་། །འཕྲོག་མའི་བུ་དང་བཅས་པ་ཡང་། །བདག་གི་མེ་ཏོག་སྤོས་དག་དང་། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གིས་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །ནད་རྣམས་ཐམས་ཅད་བཅོམ་པར་འགྱུར། །བསྲུང་བྱ་འདི་ཡི་འཇིགས་པ་དང་གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། རྒྱལ་པོ་ཆེན་པོ་རྣམ་ཐོས་བུ། །གནོད་སྦྱིན་གསང་སྔགས་མི་མཛད་ཅན། །སྟོང་ཕྲག་དྲུག་ཅུ་རྩ་བཞི་དག །བྱང་གི་ཕྱོགས་ཆའི་ཕྱོགས་ན་གནས། །འཁོར་བཅས་གཏོར་མ་འདི་བཞེས་ལ། །གནོད་བྱེད་ལས་གྱུར་ནད་དང་གདོན། །ཐམས་ཅད་ཞི་ཞིང་མེད་པར་མཛོད། །ཨོཾ་བཻ་ཤྲ་ཝ་ཎ་ཡ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལི་


CMR042_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་བརྗོད་ལ། གཏོར་མ་བཟུང་ལ་ནད་པ་ལ་བསྐོར་ཞིང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཡི་མིང་དང་། སྟོབས་དང་། དབང་ཕྱུག་དང་། བྱིན་གྱིས་བརླབས་ཀྱིས་བསྲུང་བྱ་འདི་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། བསྲུང་བྱ་བྱང་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཞེས་གཏོར་མ་བྱང་དུ་ཕུལ། སླར་ཡང་མཆོད་པ་བྱེད་ཅིང་། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་དང་། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང་། །འཕྲོག་མའི་བུ་དང་བཅས་པ་ཡང་། །བདག་གི་མེ་ཏོག་སྤོས་དག་དང་། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གིས་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །ནད་རྣམས་ཐམས་ཅད་བཅོམ་པར་འགྱུར། །བསྲུང་བྱ་འདི་ཡི་འཇིགས་པ་དང་གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། དེ་ནས་རལ་གྲི་ལག་ཏུ་ཐོགས་ལ། གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་དང་ཉན་ཐོས་དང་། །ཚངས་དབང་དང་ནི་འཇིག་རྟེན་སྐྱོང་། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་དང་། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། །


CMR042_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་མ་བུ་དང་བཅས་པ་ཡང་། །དེ་དག་མཐུ་དང་གཟི་བརྗིད་ཀྱིས། །རོ་ལངས་ལས་ཀྱང་ཆད་གྱུར་ཅིག །རྡོ་རྗེས་རིན་ཆེན་ཕུག་པ་དང་། །མེ་ཡིས་བུད་ཤིང་བསྲེགས་པ་དང་། །རླུང་གིས་སྤྲིན་ནི་འཐོར་བ་དང་། །ཉི་མས་ནགས་ཚལ་སྐེམ་བྱེད་པ། །བདེན་པའི་ཚིག་ནི་འདི་དག་གིས། །བྱད་སྟེམས་ལས་རྣམས་ཚིམ་པར་ཤོག །རྒྱས་པར་བུམ་བསྐྱེད་སྐབས་ཀྱི་སྔགས་ལྔ་སྦྲེལ། འབྲིང་པོ་བདག་བསྐྱེད་སྐབས་ཀྱི་སྔགས་ལྔ་སྦྲེལ། བསྡུ་ན་ནི། ཨོཾ་མ་ཎི་དྷ་རི་བདྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕྲཊ་ཕྲཊསྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཾ་སྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཨོྃ་ཛ་སྭཱ་ཧཱ། ཞེས་པ་ལྷ་མོ་ལྔའི་སྔགས་བསྡུས་པ་དང་། ཨོཾ་སརྦ་བྷན་ཀ་ཁོརྡ་ཙྪེ་ད་ན་ཡེ་སྭཱ་ཧཱ། ཞེས་པ་ཅི་མང་བརྗོད་ཅིང་ཚོན་སྐུད་གྲི་ཡིས་བཅད་ལ་བཀྲོལ་ལ། སྔགས་རྗེས་མ་བཟླ་ཞིང་དུམ་བུ་མང་དུ་གཏུབས། ཡོད་ན་ཡུངས་ཀར་མེད་ན་འབྲུ་གང་འཛོམ་དང་མཉམ་དུ་སྐུད་དུམ་གོང་གི་ལྷ་མོ་ལྔའི་སྔགས་མཇུག་ཏུ། ནད་གདོན་སརྦ་ཛྭ་ལ་རཾ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བདུན་ནམ་ཉེར་གཅིག་གི་སྦྱིན་སྲེག་གིས་མེ་ནང་དུ་བསྲེགས་ལ། ལྷ་ཐམས་ཅད་ཀྱིས་གསང་སྔགས་འདི་དག་གི་བྱད་དང་། རོ་ལངས་དང་། སྨན་དང་། སྔགས་དང་། དུག་དང་། དུག་སྦྱར་མ་རྣམས་བཅད་དོ། །བཤིག་


CMR042_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གོ། །ཕམ་པར་བྱས་སོ། །སྭཱ་ཧཱ། ལྔ་བ་དང་། ཤུ་བ་དང་། སྨྱོ་བ་དང་། འབྲས་དང་། འབྲུམ་བུ་དང་། རྐང་འབམ་དང་། དུག་འཐུང་བ་ལས་ཐར་བར་འཚལ་ལོ། །ཞེས་བརྗོད་ལ་ནས་འཐོར། དེ་ནས་བུམ་པ་ལག་ཏུ་ཐོགས་ལ། སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །རང་རྒྱལ་དག་གི་གཟི་བརྗིད་དང་། །དགྲ་བཅོམ་རྣམས་ཀྱི་མཐུ་དག་དང་། །གསང་སྔགས་འཛིན་པ་ཐམས་ཅད་དང་། །ཤཱ་རིའི་བུ་ཡི་ཤེས་རབ་དང་། །མོའུ་འགལ་བུ་ཡི་རྫུ་འཕྲུལ་དང་། །མ་འགགས་པ་ཡི་མིག་དང་ནི། འོད་སྲུང་སྦྱངས་བའི་ཡོན་ཏན་དང་། །ཀཽཎྜི་ནྱ་ཡི་སྔར་ཐོབ་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཚངས་པ་ཡི་ནི་བྱམས་པ་དང་། །བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་། །དབང་ཕྱུག་ཆེན་པོའི་སྟོབས་དག་དང་། །སྡེ་དཔོན་རྣམས་ཀྱི་མཐུ་དང་ནི། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །བསྲུང་བྱ་འདི་ཡི་ནད་དང་གདོན། །འབྱུང་པོའི་དུག་ནི་དུག་མེད་ཤོག །དུག་མེད་དུག་རྣམས་དག་གྱུར་ཅིག །གོང་གི་རྩ་སྔགས་ལྔའི་མཇུག་ཏུ། ༀ་ཨེ་ཧོ་ཤུདྡྷེ་


CMR042_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ། ཙིཏྟ་བི་ཤུདྡྷེ་ཨ་ཨཱཿ་སྭཱ་ཧཱ། ཞེས་བརྗོད་ཅིང་ཡན་ལག་ལྔ་ཁྲུས་བྱ། བུམ་ཆུ་བཏུང་། དེ་ནས་ཚིག་རེའི་མཚམས་སུ་སྔགས་རེ་བརྗོད་ཅིང་མེ་ལོང་ངོས་ནས་ཁྲུས་རེ་བྱ། འབྲས་དང་རྨ་དང་ཤུ་བ་དང་། །གཡན་པ་དང་ནི་འབྲུམ་བུ་དང་། །ལྡོག་པ་དང་ནི་གཡའ་བ་ཡི། །ནད་སོགས་གནོད་པ་རབ་ཏུ་བཅོམ། །སྔགས་དང་ཁྲུས་བྱ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །དཀོན་མཆོག་གསུམ་ལ་དུག་མི་མངའ། །དཀོན་མཆོག་གཟི་ཡིས་དུག་བཅོམ་མོ། །དུག་རྣམས་གཏན་ནས་དག་གྱུར་ཅིག །སྔགས་དང་ཁྲུས་བྱ། འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །བསྲུང་བྱའི་དུག་ནི་དུག་མེད་ཤོག །དུག་རྣམས་གཏན་ནས་དག་གྱུར་ཅིག །འབྱུང་བཞི་དུག་གི་མ་ཡིན་ཏེ། །འབྱུང་བཞི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་ནི་ས་ཡི་ནང་དུ་སོང་། །གང་བའི་སྣོད་དུ་དུག་སོང་ཞིག་སྭཱ་ཧཱ། ཞེས་རྡོ་རྗེ་དང་སྒྲོ་མདངས་


CMR042_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྱབ་པའི་ཚུལ་བྱས་ལ། ཞེས་ཁྲུས་ཆུ་ས་ཡི་ནང་དུ་བླུགས་བཅོལ། དེ་ནས་ལག་གཡོས་རྡོ་རྗེ་ཕྱར་ཞིང་། སངས་རྒྱས་རྣམས་ཀྱི་གཟི་བརྗིད་དང་། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང་། །ཐམས་ཅད་སྐྱོབ་པའི་བདེན་ཚིག་དང་། །ལོག་པར་དད་སེལ་ཏིང་འཛིན་དང་། །གསེར་ཞེས་བྱ་བའི་ཡེ་ཤེས་དང་། །འོད་སྲུང་གི་ནི་རྫུ་འཕྲུལ་དང་། །ཤཱཀྱ་སེང་གེའི་མཐུ་རྣམས་དང་། །རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་རབ་བཅོམ་སྟེ། །འདི་ལ་རྟག་ཏུ་བདེ་ལེགས་ཤོག །བདེན་པའི་བདེན་ཚིག་འདི་དག་གིས། །ནད་པ་རྣམས་ནི་ནད་སེལ་ཞིང་། །ཉེས་པ་ཐམས་ཅད་འཕྲོག་བྱེད་པ། །བསྲུང་བ་བདུད་རྩིར་འགྱུར་བར་ཤོག །དེ་ནས་རྡོ་རྗེ་མགོར་བཞག་ལ། ཚངས་པ་དང་། བརྒྱ་བྱིན་དང་། །རྒྱལ་པོ་ཆེན་པོ་བཞི་དང་། དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་དང་། གནོད་སྦྱིན་སྟོབས་པོ་ཆེ་དང་། འཕྲོག་མ་ཀླུ་ལ་སོགས་པའི་མིང་གིས་དཀོན་མཆོག་གསུམ་ལ་མཆོད་པར་བགྱིའོ། །དེ་རྣམས་སྟོབས་དང་དབང་ཕྱུག་དང་། གཟི་བྱིན་གྱིས་འདི་ལ་བདེ་ལེགས་སུ་གྱུར་ཅིག །འདི་ལ་བསྲུང་


CMR042_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱིས་ཤིག །དེ་ནས་ལྷ་མོ་ལྔ་པོ་སོ་སོའི་སྔགས་མཇུག་ཏུ། ལྷ་ལྔའི་སྔགས་ནི། ༀ་ཨཱཿཔྲ་ཏི་ས་རེ་པྲ་ཧཱུྃ། ཨོཾ་ཨཱཿམ་ཧཱ་ས་ཧ་སྲ་པྲ་མརྡ་ནི་ཧཱུྃ་ཧཱུྃ། ཨོཾ་ཨཱཿ་མ་ཧཱ་མ་ཡུ་རི་མཾ་ཧཱུྃ། ཨོཾ་ཨཱཿམ་ཧཱ་མནྟྲ་ཨ་ནུ་དྷ་རི་ཧཱུྃ་ཧཱུྃ། ཨོཾ་ཨཱཿམ་ཧཱ་ཤཱི་ཏ་བ་རི་ཛཿཧཱུྃ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་ཅིང་མགོ་དང་རྐང་ལག་བཞིར་རྡོ་རྗེ་བསྣོལ་མར་བཞག །དེ་ནས་མེ་ཏོག་གཏོར་ཞིང་། སངས་རྒྱས་རྣམས་ཀྱིས་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་པར་གྱུར། །ལྷ་མིན་རྣམས་ཀྱིས་ཟླ་བ་ཕམ། །ནམ་མཁའ་ལྡིང་གིས་རྒྱ་མཚོ་ཕམ། །མེས་ནི་ཤིང་རྣམས་ཕམ་པར་གྱུར། །ཆུས་ནི་མེ་རྣམས་ཕམ་པར་འགྱུར། །རླུང་གིས་སྤྲིན་རྣམས་རབ་ཏུ་ཕམ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕམ། །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་རྫུན་མ་ལགས། །བདེན་པའི་བདེན་ཚིག་འདི་དག་གིས། །བསྲུང་བྱ་འདི་ལ་ནད་དང་གདོན། །ཕྱིར་རྒོལ་བ་ནི་ཀུན་ལས་རྒྱལ། །སྡིག་པ་ཐམས་ཅད་རབ་ཏུ་ཕམ་སྭཱ་ཧཱ། ལྷ་མོ་ལྔ་ཡི་སྔགས་མཇུག་ཏུ། ཛ་ཡེ་


CMR042_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། བི་ཛ་ཡེ་སྭཱ་ཧཱ། ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་རོ། །དེ་ནས་རྗེས་ཆོག་སྤྱི་ལྟར་བྱའོ། །དེས་སྲུང་བ་ལྔའི་ཆོ་ག་རྫོགས་སོ།། །།འདིའི་དབང་བསྐུར་བར་འདོད་ན། སྐུ་གསུང་ཐུགས་ཀྱི་རྗེ་གནང་སྤྱི་ལྟར་ལས། བཀྲ་ཤིས་རྫས་རྟགས་གང་རུང་གིས་མཐའ་བརྟེན་ནས། གཏོར་མའི་བཀའ་བསྒོ་བ་ཡང་བྱའོ། །དེ་ཡང་གཟུངས་ཆེན་སྡེ་ལྔ་ལས། ནད་པ་རྣམས་ནི་གསོ་བྱ་བ། །དེ་ནས་རབ་ཏུ་ཤེས་པར་བྱ། །ཞེས་སོགས་དང་། སྤོས་ཆབ་སྣ་ཚོགས་སྦྱར་བྱས་ཏེ། །བུམ་པ་ཆེན་པོའི་ནང་དུ་བླུགས། །གང་བྱད་སྟེམས་ཀྱིས་ཕོག་པ་དེ། སྐུད་པ་དེས་བཅིངས་ཏེ། བུམ་པའི་ཆབ་ཀྱིས་བཀྲུ་བར་བགྱིའོ། །སྐུད་པ་ཡང་མཚོན་གྱིས་བཅད་དེ། ཞུགས་ཀྱི་ནང་དུ་དོར་བར་བྱའོ། །ཞེས་དང་། བསྐྱེད་པ་ཙམ་དང་། རྡོ་རྗེས་བྱབ་པ་ཙམ་གྱིས་དུས་མ་ཡིན་པ་འཆི་བ་དང་། ནད་ཆེན་པོ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེའི་ནད་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར་རོ། །རྒྱུན་རིང་དུ་ན་བ་ལ་བྱབས་པ་ཙམ་གྱིས་རབ་ཏུ་ཞི་བར་འགྱུར་རོ། །ཞེས་གསུངས་སོ།། ༈ ཨེ་མ། ཐུབ་པའི་བཀའ་དངོས་བྱིན་རླབས་ནུས་ལྡན་འདི། །ཟབ་ཀྱང་སྔོན་ཆད་སུས་ཀྱང་མ་བསྒྲིགས་ལུས། །ལྕགས་ཕོ་ཁྱི་ལོ་སྟག་ཟླའི་ཉ་བསྐོར་ནས། །གྲྭ་ལྔ་གཅིག་ཤེས་ཀུན་གྲོལ་རྡོར་ཕྲེང་དང་། །དེ་བཞིན་སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་དང་། །མི་ཏྲ་བརྒྱ་རྩ་ལ་སོགས་གོ་བསྟུན་ནས། །སྔགས་དང་ཞལ་ཕྱག་ལ་སོགས་ཞུ་དག་བྱས། །བསྒྲིགས་པ་རུང་དང་མི་


CMR042_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཐེ་ཚོམ་པས། །ཞག་མང་ལུས་ཚེ་ཡར་ངོའི་ཚེས་བཅུ་ནུབ། །ཚོགས་དང་མཆོད་པ་ལ་སོགས་གཟབ་པའི་ཚེ། །མཛེས་སྡུག་ལྟ་ན་སྡུག་པའི་བུ་མོ་ལྔས། །འཛུམ་ཞིང་འཇིགས་པའི་འཕྲང་ལས་སྒྲོལ་བར་རྨིས། །ཕྱིར་ནངས་ཉིད་ནས་གསར་དུ་བརྩམ་འདོད་སྐྱེས། །བྲིས་པས་དེ་ཉིན་ཉིད་ལས་ལེགས་པར་འགྲུབ། །ཐུབ་པའི་བཀའ་ལ་བར་ཆོད་མ་ལགས་སོ། །འོན་ཀྱང་ཉེས་པར་གྱུར་ན་འཆགས་བགྱི་ཞིང་། །ཕྱི་རབས་ནད་པ་ཀུན་ལ་ཕན་པར་ཤོག །ཅེས་པ་འདི་ནི་༧ རཱ་ག་ཨ་སྱས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousསྲུང་བ་ལྔའི་ཆོ་ག་ནད་གདོན་ཀུན་སེལ།next