Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནད་གདོན་ཀུན་སེལ་རིམ་གྲོ་གཏོར་འབུལ།
   


 
previousནད་གདོན་ཀུན་སེལ་རིམ་གྲོ་གཏོར་འབུལ།next

ནད་གདོན་ཀུན་སེལ་རིམ་གྲོ་གཏོར་འབུལ།


CMR042_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་ཀུན་སེལ་རིམ་གྲོ་གཏོར་འབུལ་ཞེས་བྱ་བ་བཞུགས་སོ༔ ཀེ་ཀེ་རུའི་རྒྱ་ཅན་ལེགས་པར་སྣང་ངོ་༔


CMR042_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ཡེ༔ པད་འབྱུང་འཆི་བ་མེད་ལ་ཕྱག་འཚལ་ལོ༔ སྙིགས་དུས་འགྲོ་ལ་ཕན་པར་བྱ་བའི་ཕྱིར༔ ནད་གདོན་ཀུན་སེལ་རིམ་གྲོ་གཏོར་འབུལ་ནི༔ གབ་འཁྲུགས་བསལ་ཏེ་སྤྲུལ་སྐུའི་གསུངས་བཞིན་བཀོད༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ སྤྲུལ་པའི་རིག་འཛིན་མི་འགྱུར་རྡོ་རྗེ་དེ༔ དགུང་ལོ་དགུ་ནི་བཞེས་པའི་དུས་ཚོད་ལ༔ ཟངས་རི་འབར་བ་རྩེ་དགུའི་ཉེ་ལོགས་སུ༔ ཉམས་དང་རྨི་ལམ་འདྲེས་པའི་སྐབས་ཤིག་ན༔ གནོད་སྦྱིན་དམར་པོ་ཤན་པ་དམར་ནག་དེ༔ རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པར་བྱུང་༔ འདི་ལྟར་རིམ་གྲོ་འདི་ཉིད་ལུང་བསྟན་ནས༔ འདི་ཡིས་ནད་རིགས་གདོན་རིགས་ཐམས་ཅད་ལ༔ ཕན་པར་འགྱུར་ཞེས་ལུང་དུ་བསྟན་པ་སྟེ༔ ཐུགས་ཐོག་ཉིད་


CMR042_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལན་འགའ་མཛད་པས་ཀྱང་༔ རྟེན་འབྲེལ་ལེགས་ཤིང་ཕན་ཐོགས་ཆེ་བར་བྱུང་༔ དེ་ནས་དགུང་ལོ་བཅུ་གཅིག་ལོན་པའི་དུས༔ གཞུང་གི་རྩ་ཚིག་ཡི་གེར་བཀོད་ན་ཡང་༔ རྒྱུད་ཚིག་འདྲ་བས་ཕྱག་ལེན་ཐེབས་པར་དཀའ༔ དེ་ནས་སྤྲུལ་སྐུའི་གསུངས་བཞིན་ཕྱག་ལེན་བཅས༔ འདི་ནི་ཤིན་ཏུ་གསལ་བར་བྲིས་པའོ༔ དང་པོ་དཀྱིལ་འཁོར་རབ་ནི་རྡུལ་ཚོན་ཏེ༔ རས་བྲིས་སམ་ནི་ཤོག་བུར་བྲིས་ཀྱང་རུང་༔ དེ་ཡང་རྒྱས་བསྡུས་འབྲིང་པོའི་བྲི་ལུགས་གསུམ༔ པདྨ་འདབ་བཞི་ལྟེ་བ་མཐིང་ཀ་ལ༔ ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ༔ མཚམས་བཞིར་པད་ཚབ་སྔོན་པོ་བྱ་བ་སྟེ༔ ཤར་གྱི་པད་ཤུན་དམར་པོ་བྱ་བ་སྟེ༔ ལྷོ་ཡི་པད་ཤུན་ལྗང་གུ་བྱ་བ་ཉིད༔ ནུབ་ཀྱི་པད་ཤུན་དཀར་ཞིང་བྱང་ཤུན་སྔོ༔ དེ་རྒྱབ་པདྨའི་གོང་རས་ནག་


CMR042_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱ༔ དེ་རྒྱབ་དུར་ཁྲོད་བཀོད་པ་ཚང་བ་དང་༔ དེ་རྒྱབ་རྡོ་རྗེའི་ར་བ་མེ་རི་བྲི༔ འབྲིང་ནི་ལས་བཞི་རྡོ་ར་མེ་རིས་བསྐོར༔ བསྡུས་པ་འདབ་བཞི་མུ་ཁྱུད་སེར་པོས་བསྐོར༔ འདབ་བཞི་བྲི་ལུགས་ཚོན་སོགས་གོང་དང་མཐུན༔ དཀྱིལ་འཁོར་ལྟེ་བར་ལྷ་བཤོས་གཅིག་བཞག་སྟེ༔ འདབ་བཞི་ཤར་སྟེང་སྣོད་ནང་དཀར་གཏོར་གཅིག༔ ལྷོ་རུ་རྟ་དང་ནུབ་ཏུ་དམར་གཏོར་དང་༔ བྱང་དུ་མཛོ་མོའི་གཟུགས་རྣམས་ཟན་ལ་བྱ༔ དཀྱིལ་འཁོར་ནུབ་ངོས་དུར་ཁྲོད་སྟེང་དུ་ནི། བུམ་པ་ཁ་རྒྱན་བཅས་པ་བཤམས་པ་རྣམས༔ དཀྱིལ་འཁོར་དེ་ནི་རང་གི་གཡས་སུའོ༔ རང་གི་གཡོན་ངོས་སྣོད་ནི་གཙང་མ་རུ༔ དབུས་སུ་གཏོར་མ་སྟོད་ཟུར་གསུམ་པ་ལ༔ མར་གྱི་བརྒྱན་བཏགས་དེ་ཡི་གཏོར་རྒྱན་ལ༔ ཤར་དུ་ཤོག་དཀར་གཡས་སུ་ཤོག་ནག་དང་༔ རྒྱབ་ཏུ་ཤོག་དམར་བྱང་དུ་ཤོག་ལྗང་དང་༔ སྟེང་དུ་ཤོག་སེར་དུམ་རེ་སྟོད་དུ་སྦྱར༔ དེ་ཡི་ཤར་དུ་ཟན་ལ་པར་བཏབ་པའི༔ ཤར་དུ་སེང་གེ་ནུབ་ཏུ་ཁྱི་ཡི་གཟུགས༔ བྱང་དུ་ཕག་དང་ཤར་ལྷོར་ར་ཡི་གཟུགས༔ ལྷོ་ནུབ་ལྕོག་རྡོག་ལྷོ་རུ་དམར་གཏོར་གཅིག༔ ནུབ་བྱང་ལྕོག་རྡོག་བྱང་ཤར་འབྲང་གི་གཟུགས༔ ཇ་ཕུད་རྔ་ཡབ་དང་བཅས་བཤམས་པར་བྱ༔ རང་མདུན་ཤིང་གཉིས་ཕར་ལ་བརྐྱངས་བའི་ངོས༔ རེ་བྱེད་ཅེས་ཀྱི་ཙཀླུ་རྣམས་བཤམས་ཏེ༔ རང་ངོས་གཡས་ནས་ཕར་ལ་རིམ་པ་ལྟར༔ རྒྱལ་མཚན་ཁུར་བུ་ཆུང་བ་གདམས་པ་འཛིན༔ ཁྲབ་ཆེན་མི་ཡི་སྤོས་འཛིན་རྟ་དང་དྲེལ༔ བཻ་རོ་ཕོ་རྣམས་བཀྲམ་ཞིང་གཡོན་ངོས་སུ༔ གཡོན་ངོས་མི་ནི་བྱི་ལའི་མགོ་ཅན་ལ༔


CMR042_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བལ་ལྗང་གཡོན་པས་ལྕགས་ཀྱུ་ལག་ཏུ་འཛིན༔ མཛོ་གཡག་མཛོ་མོ་འབྲི་ཡི་གཟུགས་དང་ནི༔ ལམ་གྱི་གཡས་གཡོན་སྟག་གཟིག་གིས་བསྲུང་ལ༔ བམ་རོ་མོ་རྣམས་རིམ་པར་ཕར་ལ་བཀྲམ༔ དེ་ནས་འདི་ལྟར་གྱེར་སྒོམ་བྱ་བ་ཡིན༔ དཀོན་མཆོག་ཀུན་འདུས་པདྨ་འབྱུང་གནས་ལ༔ བདག་དང་བསྲུང་བྱ་ནད་པ་སྐྱབས་སུ་མཆི༔ ཚེ་རབས་མང་པོའི་མ་རྒན་ནད་པ་འདིའི༔ ནད་གདོན་བར་ཆད་བདག་གིས་བསལ་བར་བྱ༔ ཨ་ཆོས་རྣམས་དམིགས་མེད་ཡེ་ནས་རྫོགས་པ་ཆེ༔ དེ་ཡི་རང་མདངས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་སྣང་སྲིད་ཀུན་གྱི་སྟོབས་བསྡུས་པ། གནོད་སྦྱིན་དྲག་པོ་ཤན་པ་དམར་ནག་ནི༔ རབ་ཁྲོས་དམར་ནག་ཞལ་གཅིག་ཕྱག་བཞི་པ༔ སྤྱན་གསུམ་ཞལ་གདངས་མཆེ་གཙིགས་ཧ་ཧ་རྒོད༔ ཁྲག་རལ་གྱེན་གཟིངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕྱག་བཞི་གཡས་གཉིས་རལ་གྲི་གྲི་གུག་དང་༔ གཡོན་གཉིས་ཐོད་ཕྲེང་བྷནྡཱ་ཙིཏྟ་འཛིན༔ སྟག་གི་ཤམ་ཐབས་བེར་ཆེན་དམར་པོ་གསོལ༔ ཟངས་ཀྱི་ཁྱུང་དམར་བཅིབས་ཤིང་མེ་འོད་འཕྲོ༔ དེ་ཡི་ཙིཏྟ་པདྨ་དམར་པོ་ནི༔ འདབ་བརྒྱད་གྱེན་དུ་ཁ་བྱེའི་ཟེའུ་འབྲུ་ལ༔ སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་ནི༔ སྐུ་མདོག་


CMR042_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ག་རྡོ་རྗེ་དྲིལ་བུ་འཛིན༔ མཚན་དཔེ་རབ་རྫོགས་དར་དང་རིན་ཆེན་བརྒྱན༔ གཟི་བརྗིད་མདངས་ལྡན་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཡེ་ནས་དམ་ཡེ་དབྱེར་མེད་གསལ་བ་ཡི༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐིང་གའི་མཐར༔ སྔགས་ཀྱིས་བསྐོར་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་སྲས་བཅས་ཀུན་གྱི་བྱིན་རླབས་དང་༔ ཡི་དམ་ཆོས་སྐྱོང་དྲེགས་པ་ཐམས་ཅད་ཀྱི༔ མཐུ་སྟོབས་ནུས་པ་ཀུན་བསྡུས་བདག་ལ་ཐིམ༔ བར་ཆད་རྐྱེན་ངན་བཟློག་པའི་སྟོབས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདམིགས་པ་དང་བཅས་བསྙེན་པ་བརྒྱ་ཙམ་བཟླ༔ པད་འབྱུང་རྩ་བ་གསུམ་གྱི་བདེན་པ་དང་༔ ཆོས་སྐྱོང་ཤན་པ་དམར་ནག་བདེན་པའི་མཐུས༔ ནད་པ་འདི་ཡི་ནད་གདོན་བར་ཆད་ཀུན༔ སྐད་ཅིག་ད་ལྟ་ཉིད་དུ་ཞི་གྱུར་ཅིག༔ ཨོཾ་ཨཱཿཙྪཱཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཨེ་ཧེ་མ་རུ་རྩེ་གུ་ཎ་ཧིཏྲི་ཧཱུྃ་ཛཿ ནད་པ་འདིའི་ནད་གདོན་བར་ཆད་ཀུན་སརྦ་ཤིནཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་པ་དེ་ནི་ལན་བདུན་བརྗོད་པར་བྱ༔ ཧཱུྃ༔ དེ་རིང་ཡུལ་གཞན་དག་ན་ནི༔ ཆོས་སྐྱོང་གཉེན་པོ་གཞི་བདག་ཀུན༔ དེ་རིང་དགྲ་བོའི་སྟེང་དུ་ཆོས༔ རྨེ་


CMR042_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་མ་གནོད་ཅིག༔ གདོན་བགེགས་ཐམས་ཅད་སོ་སོའི་གནས་སུ་གཤེགས༔ ༈ གདོན་རྫོངས་ཐིག་རྒྱ་ཅན་བཞུགས་སོ༔ ཧཱུྃ༔ རྣལ་འབྱོར་བདག་གིས་གདོན་རྫོངས་སོ༔ རྫོངས་སོ་རྒེའི་གདོན་རྫོངས་སོ༔ སྤོས་ཀྱི་དུད་པས་གདོན་རྫོངས་སོ༔ རྫོངས་བཞིན་ཁྱོད་ཉིད་འགྲོ་བར་གྱིས༔ མི་རོ་འདི་ཡིས་གདོན་རྫོངས་སོ༔ རྫོངས་བཞིན་ཁྱོད་ཉིད་འགྲོ་བར་གྱིས༔ ཟས་སྣ་རྣམས་ཀྱི་གདོན་རྫོངས་སོ༔ རྫོངས་བཞིན་ཁྱོད་ཉིད་འགྲོ་བར་གྱིས༔ དམག་དཔོན་རྒྱལ་པོས་གདོན་རྫོངས་སོ༔ རྫོངས་བཞིན་ཁྱོད་ཉིད་འགྲོ་བར་གྱིས༔ རྟ་དྲེལ་ཁྱུ་ཡི་གདོན་རྫོངས་སོ༔ རྫོངས་བཞིན་ཁྱོད་ཉིད་འགྲོ་བར་གྱིས༔ གདོན་ཁྱོད་བཻ་རོ་ཕོ་ཡིས་དེད༔ ཀྱུ་ཧུ་ལེ་ཡི་གདོན་ཁྱོད་དེང་༔ མཛོ་མོ་འབྲི་ཁྱུའི་གདོན་རྫོངས་སོ༔ རྫོངས་བཞིན་ཁྱོད་ཉིད་འགྲོ་བར་གྱིས༔ མཛོ་གཡག་ཁྱུ་ཡིས་གདོན་རྫོངས་སོ༔ སྟག་གཟིག་གྲུས་མས་གདོན་རྫོངས་སོ༔ བཻ་རོ་མོ་ཡི་གདོན་ཁྱོད་དེད༔ རྫོངས་བ་བཞིན་དུ་ཁྱོད་སོང་ཞིག༔ རྫོངས་བཞིན་མི་འགྲོ་འདིར་འདུག་ན༔ བདག་ཉིད་ཆེན་པོ་ཐུགས་ཁྲོས་ཏེ༔ གནམ་ས་མེ་ཡི་ཕུང་


CMR042_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པོས་གང་༔ བར་སྣང་གནམ་ལྕགས་རྡོ་རྗེ་དང་༔ ཧཱུྃ་དང་སྡིག་པའི་དྲྭ་བས་བཀང་༔ ཁྱོད་ཉིད་མགོ་བོ་འགེམས་བྱས་ཏེ༔ རྡོ་རྗེ་དམྱལ་བར་ལྟུང་ཏ་ར༔ དེ་བས་ད་ལྟ་ཕྱིར་། དེངས་ཤིག་རྗེ་འདི་ལ་ད་ཕྱིན་ཆད༔ མ་གནོད་གནོད་ན་ལྕགས་སྡིག་གིས༔ ཁྱོད་ཀྱི་སྙིང་ཁྲག་འཇིབས་ཏ་ར༔ བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་རྣམས་ཀྱི་བརྟུལ་ཞུགས་དང་༔ མཁའ་འགྲོ་ཆོས་སྐྱོང་སྟོབས་མཐུ་ཡིས༔ ཁྱོད་ཀྱི་སྙིང་ལ་ལྕགས་སྡིག་ཞུགས༔ དེ་ཡིས་སྙིང་ཁྲག་ཐམས་ཅད་འཇིབས༔ གནམ་ས་གནམ་ལྕགས་རལ་གྲི་འབེབས༔ ཁྱོད་ཀྱི་མགོ་བོ་དེ་ཡིས་འགེམས༔ རྒྱབ་ནས་བསྐལ་པའི་མེ་ཡིས་དེད༔ སྔོན་ནས་མུན་ནག་ཆེན་པོས་ཁྲིད༔ རྡོ་རྗེའི་དམྱལ་བར་ལྟུང་བ་ལ༔ བདག་ཉིད་ཆེན་པོ་གདོན་མི་ཟ༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ་བཞི་བརྗོད༔ རིམ་གྲོ་གཏོར་འབུལ་གྱི་ལྷན་ཐབས་སུ་སྤྲུལ་སྐུ་ལ་མ་ནིང་གིས་དངོས་སུ་གསུངས་པའོ༔ ཤུ་བྷཾ་༈ དེ་ནས་ཙཀྐི་མདུན་ནས་ཕོར་ལ་བསྡུ༔ དེ་ནས་སྔགས་འདི་དྲག་ཏུ་བརྗོད་པར་བྱ༔ བྷྱོ་མི་མི་ལྷ་ཧཱུྃ་ཕཊ༔ ཨ་ཨཱཿ་ཨི་རི་རི༔ ཀ་ཁ་གྷ་ཏྲ་ཧཱུྃ་ཧཱུྃ་ཕཊ༔ དེ་ནས་རང་ཉིད་ལག་ཏུ་ནས་གཏོར་ལ༔ ཀ་ལ་ཁ་ག་བྷྱོ༔ རྨི་མི་སྲོག་


CMR042_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ༔ ཌཱཀྐི་ཐམས་ཅད་བྷྱོ༔ བྷྱོ་ཐམས་ཅད་བྷྱོ་མ་ཐིམ༔ བྷྱོ་བྷྱོ་བྷྱོ༔ དེ་ནས་ཇ་ཕུད་དེ་ཉིད་ཕྱོགས་བཅུར་གཏོར༔ མཎྜལ་ཞིང་ཁམས་སྲིད་ཀྱང་ག་ལ་རུང་༔ དེ་ནས་དཀར་གཏོར་བཤམས་པ་དེ་ཉིད་བྲན༔ བྷཾ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི༔ དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ རྣལ་འབྱོར་ཆེན་པོ་བདག་ཉིད་ལ༔ དད་པ་དང་ནི་དམ་ཚིག་གིསཾ༔ གནོད་བྱེད་ཐམས་ཅད་འདི་རུ་འདུས༔ ཕཊ༔ ཅེས་བརྗོད་དཀར་གཏོར་དེ་ཉིད་ཕུལ་བར་བྱ༔ དེ་ནས་ལྷོ་ཡི་དམར་གཏོར་བྲན་ལ་བཟུང་བཅུག་སྟེ༔ ཧཱུྃ༔ རྗེ་འདི་ལ་གནོད་བྱེད་རྣམས༔ གཙྩ་རི་ཡི་གནས་སུ་གཤེགས༔ ཕཊ༔ ཅེས་བརྗོད་དེ་ཉིད་ཕུལ་དུ་བཅུག༔ དེ་ནས་འདི་བཟླས་དམར་གཏོར་གཅིག་ལ༔ སྔགས་བཟླས་པ་ཡི་ཕུ་ནི་འདེབས་པར་བྱ༔ ཨོཾ་ཏྲག་ཏྲ་ཅང་སྭཱ་ཧཱཿ ཕྲེང་སྐོར་ཙམ་བཟླ༔ དམར་གཏོར་རྩེ་མོ་བཅད༔ ར་དང་ལུག་དང་ནོར་དང་གསུམ༔ རྟ་དང་དྲེལ་དང་བ་དང་གསུམ་འཕེལ་བར་གྱུར་ཅིག༔ ཅེས་བརྗོད་ལྕོག་རྡོག་གཅིག་ནི་ཕུལ་བར་བྱ༔ ལྷོ་ནུབ་ཀྱི་ལྕོག་རྡོག་མེ་ལ་བསྲེག་པར་བྱ༔ ཤར་གྱི་ཤོག་བུ་དཀར་པོ་བཏོག་ལ་འཕེན༔ ལྷའི་གནོད་པ་སྒྱུར་ཅིག༔ ལྷོ་ཡི་ཤོག་ནག་བཏོག་ལ་འཕེན་ནས། བདུད་ཀྱི་གནོད་པ་སྒྱུར༔ ནུབ་ཀྱི་ཤོག་


CMR042_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བཏོག་ལ་འཕངས་ནས༔ བཙན་གྱི་གནོད་པ་སྒྱུར༔ བྱང་གི་ཤོག་ལྗང་བཏོག་ལ་འཕངས་ནས༔ གནོད་སྦྱིན་གྱི་གནོད་པ་སྒྱུར༔ སྟེང་གི་ཤོག་སེར་བཏོག་ལ་འཕངས་ནས༔ རྒྱལ་པོའི་གནོད་པ་སྒྱུར༔ ཞེས་བརྗོད༔ སངས་རྒྱས་ཀུན་འདུས་ཐུགས་རྗེ་ཚད་མེད་པར༔ གུ་རུ་པདྨ་འབྱུང་གནས་བདེན་པ་ཡིས༔ ནད་གདོན་མྱུར་དུ་ཞི་བའི་བཀྲ་ཤིས་ཤོག༔ སྣང་སྲིད་དྲེགས་པའི་སྡེ་དཔོན་མཐུ་སྟོབས་བདག༔ ཤན་པ་དམར་ནག་འཁོར་བཅས་མཐུ་སྟོབས་ཀྱིས༔ ནད་གདོན་བར་ཆད་མྱུར་ཞི་བཀྲ་ཤིས་ཤོག༔ སྣང་སྲིད་ཐམས་ཅད་འོད་ཞུ་བདག་ལ་ཐིམ༔ བདག་ཉིད་ཤན་པ་འོད་ཞུ་པད་འབྱུང་ལ༔ པད་འབྱུང་འོད་ཞུ་ཐུགས་སྲོག་ཧཱུྃ་ལ་ཐིམ༔ ཧཱུྃ་ཡང་གྱེན་རྫོགས་མི་དམིགས་སྟོང་པ་ཉིད༔ ལྷ་དང་འདྲེ་དང་ནད་གདོན་ལ་སོགས་པ༔ ཡང་དག་དོན་ལ་རྡུལ་ཙམ་གྲུབ་པ་མེད༔ ཐམས་ཅད་རང་གི་སེམས་ཉིད་གཅིག་པུས་འཕྲུལ༔ སེམས་ནི་ཡེ་ནས་ཡོད་མེད་རྟག་ཆད་བྲལ༔ ཨ་ཨ་ཨ༔ འདི་ཉིད་བྱེད་ཚེ་ཐེབ་ཙེ་གཙང་མའི་ནང་༔ ཆུ་གཙང་གིས་བཀང་དེ་ཡི་ནང་དུ་ནི༔ ཅོང་ཞི་འབྲུག་ཤི་ང་རྡོ་རུས་བབ་ལ་དང་༔ རོ་སོལ་བཙག་རྣམས་ཞིབ་བཏགས་ཕྱེ་མ་བཏབ༔ རང་གི་རྒྱབ་ཀྱི་ཕྱོགས་སུ་


CMR042_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པར་བྱ༔ དེ་ནི་ས་ལེའུ་སྨན་ཞེས་བྱ་བ་ཡིན༔ འདི་ལྟར་རྫས་དང་བཅའ་སོགས་དམིགས་རིམ་དང་༔ འདོན་བྱ་བཅས་པ་མ་ནོར་ཚང་བ་ནི༔ ཐེ་ཚོམ་མེད་པར་བྱས་པར་གྱུར་ན་ནི༔ རིགས་ཀུན་ལ་ཕན༔ ཁྱད་པར་དུས་ངན་སྙིགས་མའི་ནད་ལ་ཕན༔ གཟའ་ཀླུ་སྡེ་བརྒྱད་ལ་སོགས་གདོན་རྣམས་ཞི༔ ཁྱད་པར་རྒྱལ་བསེན་ས་བདག་ནད་ལ་ཕན༔ དུས་ཀྱི་དབང་གིས་འདི་ཉིད་ཕན་ཐོགས་བསྲུང་ཕྱིར་ཤིན་ཏུ་རྣོ༔ གནོད་སྦྱིན་ཆེན་པོའི་གསུངས་པའི་རྒྱུད་ཚིག་ལས༔ སྤྲུལ་སྐུ་ཉིད་ཀྱིས་ཇི་ལྟར་གསུངས་པ་རྣམས༔ རྡོ་རྗེའི་ཚིག་ལ་ནོར་འཁྲུལ་ཅི་མེད་དོ༔ འོན་ཀྱང་ཁྱེར་བདེ་རཱ་ག་ཨ་སྱས་བསྒྲིགས༔ སྐུ་ཉིད་ལ་བརྟེན་ནས༔ མི་རྣམས་ནད་དང་གདོན་ལས་ཐར་གྱུར་ཅིག༔ མངྒ་ལཾ།། ཨྠྀི༔ ཟབ་བོ༔ རྒྱ་རྒྱ་རྒྱ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousནད་གདོན་ཀུན་སེལ་རིམ་གྲོ་གཏོར་འབུལ།next