Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
ཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་མདུན་གྱི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་མདུན་གྱི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།next

ཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་མདུན་གྱི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།


CMR043_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་མདུན་གྱི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས།


CMR043_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རས་ཆུང་པ། བླ་མ་ཟངས་རི་པ། འགྲོ་མགོན་རས་པ། རྒྱལ་སྲས་ཞི་བ། དཔལ་ལྡན་ཀརྨ་པ་ནས་རིམ་པར་བརྒྱུད་པ་ནི། ཕྱག་རྡོར་གཏུམ་ཁྱུང་ཁྱུང་ཤམ་ཅན་གྱི་སྒྲུབ་ཐབས་ནི། གནས་དབེན་ཞིང་ཡིད་དུ་འོང་བར། རྡོ་རྗེ་གཏུམ་པོའི་སྐུ་གཟུགས་བཀྲམ་པའི་མདུན་དུ་མཎྜལ་བྱ། ཉེར་སྤྱོད་ལྔ་དང་གཏོར་མ་ཟླུམ་པོ་དཀར་དམར་གྱིས་བརྒྱན་པ་དང་བཟའ་བཅའ་སྣ་ཚོགས་ཀྱིས་བསྐོར་བ་བཤམས། རང་ཉིད་སྟན་བདེ་བར་འདུག་ལ། སྐྱབས་འགྲོ་སེམས་བསྐྱེད་དང་ཚད་མེད་བཞི་བྱ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། །ཆོས་རྣམས་མི་དམིགས་སྟོང་ཉིད་གྱུར། །ཧཱུྃ་ལས་གནམ་ལྕགས་འཁོར་ལོ་ནི། །རྩིབས་བཅུ་རྣོ་དབལ་དང་ལྡན་པ། །ཡངས་ཤིང་རྒྱ་ཆེ་དེ་ཡི་


CMR043_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ནང་། །རྡོ་རྗེའི་གཏམས་པའི་གུར་དུ་གྱུར། །དེ་དབུས་པདྨ་འདབ་བརྒྱད་ཀྱི། །ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ། །མཐིང་ནག་འོད་ཀྱི་དོན་གཉིས་བྱས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །བདག་ཉིད་རྡོ་རྗེ་གཏུམ་པོ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་རྡོ་རྗེ་རྩེ་ལྔ་ཕྱར། །གཡོན་པས་ཐུགས་ཀར་སྡིགས་མཛུབ་བསྒྲེངས། །ཞལ་གདངས་མཆེ་བ་རྣམ་པར་གཙིགས། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །དེ་བཞིན་སྨིན་མ་སྨ་ར་འབར། །ཐོད་པ་སྐམ་པོའི་དབུ་རྒྱན་ཅན། །ཀླུ་བརྒྱད་སྦྲུལ་གྱི་སྐུ་བཅིངས་པ། །སྙན་ཆེ་དཔུང་


CMR043_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་མགུལ་རྒྱན་དང་། །སྐེ་རགས་ཕྱག་གདུབ་ཞབས་གདུབ་མཛད། །སྐུ་སྨད་སྟག་གི་ཤམ་ཐབས་མཛད། །ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་བས། །གནོད་བྱེད་མཐའ་དག་རབ་མནན་ཞིང་། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །འདབ་བརྒྱད་ཉི་སྟེང་ཧཱུྃ་རེ་ལས། །རྡོ་རྗེ་གཏུམ་པོ་རང་འདྲ་བརྒྱད། །ནང་གི་ཕྱོགས་སུ་ཞལ་གཟིགས་པ། །མེ་དཔུང་དབུས་ན་བཞུགས་པར་གྱུར། །གཙོ་འཁོར་ཀུན་གྱི་ཐུགས་ཀར་ནི། །ཉི་མ་ལ་གནས་ཧཱུྃ་མཐིང་ནག །དེ་ཡི་འོད་ཀྱིས་འོག་མིན་ནས། །བསྒོམས་པ་དང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས། །ཨོཾ་བཛྲ་པུངྒེ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་དུ། དྷུ་པེ་སོགས། བརྗོད། སྲིད་གསུམ་འཇིགས་བྱེད་རྡོ་རྗེ་དྲག་པོའི་སྐུ། །བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན། །བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན། །ཕྱག་ན་རྡོ་རྗེ་ཆི་ལ་ཕྱག་འཚལ་བསྟོད། །ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་དབྱེར་མེད་གྱུར། །སླར་ཡང་སྤྱི་བོར་ཨོཾ་དང་མགྲིན་པར་ཨཱ། །དམར་པོ་ཐུགས་ཀའི་ཆ་སྨད་ཧཱུྃ་སྔོན་པོ། །གནས་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། །ཐུགས་ཀར་ཉི་སྟེང་ཧཱུྃ་ལ་


CMR043_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བསྐོར་དུ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སྔགས་ངོ་ཕྱི་ལ་བསྟན་པ་ཐམས་ཅད་ཀྱང་། །ཁ་དོག་མཐིང་ནག་འོད་ཟེར་འཕྲོ་བར་གྱུར། །བདག་ཉིད་གཙོ་བོའི་ཞལ་ནས་སྔགས་བཟླས་པས། །གཏུམ་པོ་བརྒྱད་ཀྱང་སྔགས་སྒྲ་རབ་ཏུ་སྒྲོག །ཅེས་རྒྱུ་རག་ཤའི་ཕྲེང་བ་བརྒྱ་རྩ་ལ་གཟུངས་སྔགས་དེ་ཉིད་ཅི་ནུས་བཟླའོ། །རྗེ་དྲུག་པས་བཞེད་པ་ལྟར་འཕགས་པ་ཕྱག་ན་རྡོ་རྗེའི་ཆོ་ག་ནི། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པོ་ལས་པདྨ་དང་རཾ་ལས་ཉི་མ་རྒྱས་པའི་སྟེང་དུ། རང་གི་སེམས་ཉིད་ཧཱུྃ་མཐིང་ནག་ལས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་གཏུམ་ཞིང་འཇིགས་པ་ཞལ་གཅིག་སྤྱན་གསུམ་པ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། རལ་པ་དམར་སེར་གྱེན་དུ་གཟིངས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། གཡས་རྡོ་རྗེ་ནམ་མཁར་ཕྱར་ཞིང་གཡོན་དྲིལ་བུ་དང་བཅས་པས་སྡིགས་མཛུབ་ཅན་སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང་། སྟག་གི་པགས་པའི་ཤམ་ཐབས་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ་ལས། མི་འཁྲུགས་པ། གཏུམ་པོ་ཆེན་པོ། འཁོར་ཆེན། ཨུ་ཙ། ལྕགས་སྦུབ། འབྱུང་འདུལ། གོས་


CMR043_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཅན། རྣམ་པར་འཇོམས་པ། བདུད་རྩི་འཁྱིལ་བ། བདུད་རྩི་ཐབས་སྦྱོར། ཀི་ལི་ཀི་ལ། འགྲོ་ལྡིང་། ལུས་དམར། རྡོ་རྗེ་རྒྱལ་མཚན། སྙིང་པོ་མཆོག །གཏུམ་པོ། སོགས་མེད་ཞི་བ། སྨེ་བ་བརྩེགས། སྟོབས་པོ་ཆེ། རྡོ་རྗེ་མི་ཕམ་མ། རྡོ་རྗེ་ལུ་གུ་རྒྱུད། རྡོ་རྗེ་གན་རི་ལ་སོགས་པས་བསྐོར་བ། དེ་དག་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་སོ་སོའི་སྙིང་པོ། དེ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་རིགས་ཀྱི་འཁོར་ལོས་སྒྱུར་བ་ལ་སོགས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་རིགས་ལྔ་འཁོར་བཅས་ཀྱིས་བདུད་རྩིའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བའི་ཆུ་རྒྱུན་གྱི་ཆུས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར།


CMR043_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་གི་མཐར། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པའི་ཡིག་འབྲུ་བཻཌཱུརྱ་ཞུན་མ་ལྟ་བུ་འཁོར་བ་དེ་དག་ལས་འོད་ཟེར་འཕྲོས། ལུས་ཐམས་ཅད་ཁྱབ་ཀུན་ནས་དཀྲིས་པའི་བག་ཆགས་ཀྱི་མཚན་མ་དང་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། གནོད་བྱེད་ཀྱི་གདུག་རྩུབ་ཐམས་ཅད་ཞི་ནས་གུས་ཤིང་འདུས་པ་དང་། རང་ཉིད་མཐུ་སྟོབས་རབ་ཏུ་རྒྱས་ཤིང་ཡོན་ཏན་ཕྲིན་ལས་མཐའ་དག་འགྲུབ་པར་འགྱུར། བསྙེན་པ་གོང་གི་སྔགས་ཅི་ཙམ་ནུས་པར་བཟླ། དེ་ནས་མཆོད་པ་བྱིན་གྱི་ས་བརླབ་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ། ཀྱིས་བསངས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་ཆེན་སྣོད་ཀྱི་ནང་དུ་ནི། །ཧཱུྃ་ལས་བྱུང་བའི་མཆོད་ཡོན་དང་། །མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་དང་། །མཆོད་རྫས་བསམ་མི་ཁྱབ་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པུཊྚེ་དྷ་པེ་ཨཱ་ལོ་ཀེ་གནྡྷེ་ནི་ཝི་དྱ་ཤཔྟ་ཨཱཿཧཱུྃ། རཱུ་པ་ཤཔྟ་གྷནེ་ར་ས་སྤརེ་བི་ཤཱ་སྤ་ར་ཎ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། གཏོར་མ་འབུལ་བ་


CMR043_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཡིད་དུ་འོང་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་ཡི་དམ་ཕྱག་ན་རྡོ་རྗེ་ལ། །སངས་རྒྱས་བྱང་སེམས་དཔག་མེད་ཀྱིས་བསྐོར་བ། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས་གྱུར་པའི། །ལྗགས་ཀྱི་འོད་ཟེར་སྦྱ་གུས་གཏོར་མ་ནི། །བདུད་རྩི་དང་བཅས་དྲངས་ཏེ་རབ་གསོལ་བས། །སྐུ་གསུང་ཐུགས་མཉེས་ཚིམ་ཞིང་དགྱེས་པར་གྱུར། །རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ཨོཾབཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་ལན་གསུམ། ཨ་ཀཱ་རོ་སོགས་ཀྱིས་འབུལ། དེ་ནས་མཆོད་པ་འབུལ་བ་ནི། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ཇི་སྙེད་ཀུན། །བདག་གིས་གུས་པར་བཤམས་པ་འདི། །དཀྱིལ་


CMR043_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱ་ཏྱཾ་པུཎྜེ་དྷ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་ཏྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །སྣ་ཚོགས་མཆོད་པ་ཇི་སྙེད་པ། །བདག་གིས་གུས་པར་བཤམས་པ་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རུ་པ་ཤབྡ་གནྡྷེ་ར་ས་སྤུནེ་བི་ཤཱ་པྲ་ཏཱིཙྪ་སྭཱ་ཧཱ། ནང་མཆོད་དང་། གསང་མཆོད་ནི། འཇིག་རྟེན་ཁམས་ནི་དཔག་མེད་ན། །གསང་མཆོད་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀ་ཏ་པྲ་ཏཱིཙྪ་སྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །གསང་མཆོད་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཏངྒེ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པ་ནི། ཧཱུྃ་མཛད་ཧཱུྃ་ཏེ་ཙཎྜ་རོ་ཥ་ཎ། །བདེན་གཉིས་ཐུགས་ཆུད་ཆོས་ཀྱི་སྐུ་བརྙེས་ཤིང་། །སྤྲུལ་པའི་སྐུར་སྟོན་ཕྱག་ན་རྡོ་རྗེ་ཆེ། །དུས་མཐའི་མེ་ལྟར་འབར་ལ་ཕྱག་འཚལ་བསྟོད། །ཧཱུྃ། དུས་


CMR043_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་མཛོད་ཆེན་འཛིན་པའི་དཔལ། །གདུག་པ་མ་ལུས་འདུལ་མཛད་པ། །སྦྲུལ་སྟག་རིན་ཆེན་རྒྱན་གྱིས་བརྒྱན། །ཆེ་ལ་བརྗིད་པའི་འཇིགས་གཟུགས་ཅན། །རྡོ་རྗེ་ཁྱུང་ཆེན་ཕྱག་ན་བསྣམས། །ཡེ་ཤེས་མེ་འབར་ཀློང་ན་བཞུགས། །པད་ཉི་དྲེགས་པའི་གདན་ལ་འགྱིངས། །གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་རྒྱལ་མཚན་ཕྱག་འཚལ་བསྟོད། །གསང་བའི་བདག་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །བརྩེ་བ་ཆེན་པོས་རྗེས་བཟུང་ལ། །གཟའ་དང་ས་བདག་ཀླུ་གཉན་ལས། །འཚེ་བར་བྱེད་ལ་བསྐྱབ་ཏུ་གསོལ། །བསམ་པའི་དུག་དང་རེག་པའི་དུག །མཐོང་བའི་དུག་དང་ཁ་རླངས་དུག །སྦྱོར་བ་ངན་པའི་དུག་རྣམས་ཀུན། །ཞི་ཞིང་བཟློག་པར་མཛད་དུ་གསོལ། །དེ་ནས་སྙིང་པོ་ནི། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཤམ་བུ་ཐུང་འདོགས་ནི། ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཤམ་བུ་རིང་འདོགས་རྩ་བའི་དྲག་སྔགས་ཉེར་བརྒྱད་པ་ནི། ཧཱུྃ་ཕཊཎ་ཥ་རོ་མ་ཧཱ་ཙཎྜ་བཛྲ་ག་རུ་ཊ་དྷེ་ཝ་ཐན་ཕྱུང་ས་བདག་ནཱ་གའི་སྙིང་ལ་གཟེར་གནོད་བྱེད་


CMR043_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཐུམ་རི་ལི་ལི་རྦད། དྲག་སྔགས་ཞེ་དགུ་པ་ནི། ནཱ་ག་ཙཎཱ་ཚལ་པ་ཨུཏྟ་ཏེ། ནཱ་ག་ཙིཏྟ་ཤིནྟ་ཚལ་པ་ནན། ནཱ་ག་ཏྲི་ས་མ་ཡ། ཏྲིག་བྷིག་ནན། ནཱ་ག་ཀྲོ་ཏ་ཙིཏྟ་རཱ་ཛ་ཡ་གནོད་པར་བྱེད་པ་ཐམས་ཅད་མཱ་ར་ཡ། ཤི་ཤི། ནན་ནན། དུལ་དུལ། རྡུད་རྡུད། གནོད་བྱེད་ཕོ་མོ་ཐམས་ཅད་ཐུམ་ཐུམ་རི་ལི་ལི་ཛཿ འཁོར་གཏུམ་པོའི་རིགས་བཞིའི་སྙིང་པོ་ནི། ཨོཾ་ནི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་བཛྲ་རོ་ཥ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཊྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་པཱ་ཎི་ས་མན་ཀརྨ་རཀྵ་ཙིཏྟ་བཛྲ་ནཱ་ག་ས་མ་ཏ་ཧཱུྃ་ཕཊ༔ ཡང་སྔགས་བཛྲ་གྱི་ཚབ་ལ་རཏྣ་པདྨ་ཀརྨ་སྦྱར་བས་འཁོར་གཏུམ་པོ་རིགས་བཞིའི་སྔགས་སུ་བཤད། ལྷ་སྔགས་ཤམ་དུ། རཀྵ་རཱ་ཧུ་ལ་གཟའ་ཁ་ཏྲ་རུ་ཏྲ་ས་མ་ཡ་ཙིཏྟ་ཧྲིང་ཛ་ཧྲིང་ཛ་ཕཊཕཊསྭཱ་ཧཱཿ ལྷ་སྔགས་ཤམ་དུ། གཟའ་ཁ་ཏྲ་རུ་ཏྲ་རག་ཤ་རཱ་ཧུ་ལ་ཨ་མ་ཁ་རུ་ཙ་ཤ་ནི༔ ས་མ་ཡ་རཀྵདུ་ཨ་དྷིཥྛ་ན་ཧཱུྃ་སྭཱ་ཧཱཿ ཡིག་བརྒྱས་ལྷག་ཆད་ཁ་བཀང་། བཛྲ་མུ༔ གཏོར་མའི་མགྲོན་རྣམས་རང་གནས་སུ་གཤེགས༔་བདག་ཉིད་ཐུགས་ཀའི་ཧཱུྃ་ལ་ཐིམ་དེ་ཉིད་ཀྱང་༔ མི་དམིགས་སྟོང་པའི་ངང་ལ་མཉམ་པར་བཞག༔ དགེ་བ་འདི་ཡིས་མྱུར་དུ་བདག །


CMR043_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཏུམ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག་བརྗོད། བསྙེན་ཚད་ནི་ས་ཡ་གཅིག་གོ །མཚན་མའི་བསྙེན་པ་ནི་གྲངས་ལ་མ་ལྟོས་པར་རྨི་ལམ་དུ་ཉི་ཟླ་ཤར་བ་དང་། དེའི་སྟེང་དུ་འདུག་པ་དང་། གོ་གྱོན་མཚོན་ཐོགས་པ། མེ་ཏོག་སྔོན་པོ་འཐུ་བ་དང་། རྫོང་བཙན་པོར་འདུག་པ། རི་ལ་འཛེག་པ། ལུས་ལ་བསྐལ་པའི་མེ་ཆེན་འབར་བ་འགྲུབ་པའི་རྟགས་བརྒྱད། གཞན་ཡང་རྒྱ་མཚོར་རྐང་པ་བརྐྱང་བ། རི་རབ་ཀླད་ལ་བསྐོར་བ། སྦལ་ལྕོང་སྡིག་སྦྲུལ་ལག་གིས་འཇུས་པ། སྦྲུལ་བརྒྱད་ཀྱིས་ལུས་ལ་བརྒྱན་པ། ཡི་དམ་གྱི་ཐང་སྐུ་བཤམས་པ། གནོད་སྦྱིན་གྱི་སྡེ་དཔོན་བྱས་པ་རྣམས་འབྱུང་བར་བཤད་དེ། ཐམས་ཅད་རྫོགས་པའམ་ཤས་ཆེར་འབྱུང་བ་ན། དེ་ནས་སྒྲུབ་པ་ལས་སྦྱོར་ལ་འཇུག་གོ །སྔགས་འདིའི་བཛྲ་གཅིག་ཏུ་བསྒྲེང་བའི་བསྙེན་པའི་ཡིག་འབྲུ་བཅུ་གཅིག་པ་ཞེས་གྲགས་སོ། །ཞེས་གསུངས་སོ། །རྗེ་དབང་ཕྱུག་རྡོ་རྗེ་སྐུ་ཕྲ་དུས་ཐུགས་དམ་རྒྱུར་ཉིད་ཀྱིས་བསྐུལ་ནས་ཞྭ་དམར་ལྔ་པས་མཛད་པའི་གཏུམ་པོའི་བདག་བསྐྱེད་དང་། རྗེ་མཐོང་བ་དོན་ལྡན་གྱི་ཞལ་གཟིགས་མདུན་བསྐྱེད་དང་། གཅིག་ཤེས་ཀུན་གྲོལ་གྱི་མཆོད་བསྟོད་དང་། འདོད་གསོལ་སངས་རྒྱས་གླིང་པའི་གཏེར་ཁ་ལྟར། རང་གི་ཐུགས་དམ་རྒྱུར་༧ ཀརྨ་ཨ་རཱ་གས་བསྒྲིགས་པ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་། དགེ་བས་འགྲོ་ཀུན་བར་ཆད་རྐྱེན་ལས་གྲོལ་ནས། བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །


no previousཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་མདུན་གྱི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།next