Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
ཕྱག་ན་རྡོ་རྗེ་གཏུམ་པོའི་ལས་ཚོགས་ལས་ཀླུ་གཏོར་རྒྱས་པ་དང་ཞོར་བྱུང་ཀླུའི་གདོན་བཀྲོལ་བསྡུས་པ་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་ན་རྡོ་རྗེ་གཏུམ་པོའི་ལས་ཚོགས་ལས་ཀླུ་གཏོར་རྒྱས་པ་དང་ཞོར་བྱུང་ཀླུའི་གདོན་བཀྲོལ་བསྡུས་པ་བལྟས་ཆོག་ཏུ་བཀོད་པ།next

ཕྱག་ན་རྡོ་རྗེ་གཏུམ་པོའི་ལས་ཚོགས་ལས་ཀླུ་གཏོར་རྒྱས་པ་དང་ཞོར་བྱུང་ཀླུའི་གདོན་བཀྲོལ་བསྡུས་པ་བལྟས་ཆོག་ཏུ་བཀོད་པ།


CMR043_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེ་གཏུམ་པོའི་ལས་ཚོགས་ལས་ཀླུ་གཏོར་རྒྱས་པ་དང་ཞོར་བྱུང་ཀླུའི་གདོན་བཀྲོལ་བསྡུས་པ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ།།


CMR043_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། །བླ་མ་རྡོ་རྗེ་གཏུམ་པོ་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ནས། །རང་དང་གཞན་ལ་ཕན་པའི་ཕྱིར། །ཀླུ་གཏོར་ཆོ་ག་རྒྱས་པ་ནི། །གདོན་བཀྲོལ་བཅས་པ་བྲི་བར་བྱ། །གསང་བའི་བདག་པོས་བདག་སྲུངས་ཤིག །དེ་ནས་ཀླུའི་གདོན་ཁྲོལ་རྒྱས་པ་ཀླུ་ཡི་དཀྱིལ་འཁོར་རྒྱས་པར་བཞེངས་ནས་ཞག་བདུན་ཉེར་གཅིག་སོགས་སུ་བསྒྲུབ་དགོས་པར་གསུངས་པས་འདིར་མ་སྤྲོས་ལ། འདིར་ཕྱག་རྡོར་གྱི་ལས་ཚོགས་ཀླུ་གཏོར་རྒྱས་པར་བཏང་བའི་ཞོར་ལ་ཀླུའི་གདོན་ཁྲོལ་དང་ཀླུ་གཏོར་བྱ་ཚུལ་བསྡུས་ཏེ་བརྗོད་ན་སྟབས་བདེ་ཞིང་ཕན་ཆེ་བར་མཐོང་བས། དེ་ལ་སྦྱོར་བ་བཅའ་ཐབས་དང་། དངོས་གཞི་ཆོ་ག་མཇུག་ཏུ་སྦ་ཚུལ་སྲུང་བ་དང་


CMR043_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའོ། །དང་པོ་དངོས་གཞིའི་ཐོག་ཏུ་ནས་ཚོམ་བུ་བརྒྱད་བཀོད་པའི་དབུས་སུ་བུམ་པ་སྤྱི་ལྟར་བཅའ། དབང་དང་འབྲེལ་ན་དབང་གཏོར་དང་མཐར་མཆོད་པས་བསྐོར་རོ། །རྡོ་ལེབ་གཙང་མ་ལ་ཚོན་གཙང་མའམ་རྡོ་དཀར་གྱི་པདྨ་འདབ་བརྒྱད་དགུ་རིམ་བྲིས་ལ། དེ་ཀ་ཏོ་རའམ་ཤིང་གི་གཞོང་པ་གཙང་མར་ཤ་ཁྲག་གླ་རྩི་སོགས་དྲི་མ་མེད་ངེས་པའི་དཀྱིལ་དུ་བཞག །པད་འདབ་དབུས་སུ་ཟན་གཙང་མའི་ཀོང་བུ་མེ་ཏོག་གི་གཟུགས་བྱས་པ་ཆེ་བ་གཅིག་བཞག་པའི་སྡོང་བུ་ལ། ཤུག་པའམ་འོམ་བུ་སུར་དཀར་ལྟ་བུའི་བཟང་ཤིང་ཡལ་ག་ཅུང་ཟད་ཅིག་བཙུགས། ཀོང་བུའི་ནང་དུ་ཀླུ་སྨན་རིལ་བུ་གཅིག་བཞག །ཀོང་བུའི་རྩ་བ་དེ་རབ་ཟངས་འབྲིང་རྫ་ཐ་མ་བག་ཟན་ལ་གླང་བུ་དམར་པོ་གཅིག་བྱས་པའི་ཁོག་པར། རིན་པོ་ཆེ་སྣ་ཚོགས་དར་ཟབ་


CMR043_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གསུམ་མངར་གསུམ་གཞུག །རྟ་ལ་མ་ཐ་སྙན་ལ་ཐ། མི་ཟད་ཡུན་གྱི་གཏེར་མཛོད་ཅིག །ཅེས་བྲིས་ལ་བཅུག །ཡང་ན་ཟངས་སྨའི་གླང་བུ་དངུལ་ཆུས་བཀང་བ་རྙེད་ན་རབ་ཡིན་ལ་བུམ་པ་བརྒྱད་མེད་ན་རྫ་བུམ་གཅིག་ཏུ་འབྲུ་སྣ་རིན་ཆེན་དང་ཀླུ་སྨན་གྱི་ས་བཀང་། ཀླུ་བརྒྱད་ཀྱི་སྙིང་པོ་བྲིས་ལ་བཅུག །བུམ་པ་ཀོང་བུའི་དྲུང་ངམ་མ་ཤོང་ན་ཀ་ཏོ་རའི་འགྲམ་དུ་བཞག །གླང་བུ་ཀོང་བུའི་རྩར་བཞག །དེའི་མཐར་བག་ཟན་ནམ་མ་འབྱོར་ན་ཟན་གཙང་མ་ལ་རབ་ཀླུ་བརྒྱད་ཀྱི་གཟུགས། དེ་མ་ཐོན་ན་སྤྲུལ་བརྒྱད་རེ་རེ་ལ་སྦྲུལ་མགོ་བདུན་རེ་ཡོད་པ་བྱ། གཞན་ཡང་སྤྲུལ་ཉ་ལྕོང་སྦལ་གསུམ། ཕག་སེར་ཁྲ་བུད་མེད་སྔོ་བཀྲ་འབྲང་རྒྱས་ཕྱེད་དཀར་ཕྱེད་ནག །མཛོ་རྟོལ་རྟ་བ་གླང་ཤ་བ། སྡོམ་སྡིག་འབུ་ལ་སོགས་ཀླུ་གཟུགས་སྣ་ཚོགས་རེ་རེ་ལ་བརྒྱད་དམ་ལྔའམ་གསུམ་མམ་རེ་རེ་བྱ། རིལ་བུ་དང་དཀར་གཏོར་ཆུང་ཆུང་བརྒྱད་དམ་ལྔའམ་གཅིག་གང་འགྲུབ་དང་མཐེབ་སྐྱུས་བསྐོར་རོ། །ཡོད་ན་མེ་ཏོག་སྣ་ཚོགས་ཆུ་ནས་བཏོན་ལ་སྣོད་དེར་བཀྲམ། དེ་ནས་སྣོད་གཙང་མར་རབ་བ་དཀར་པོའམ་དམར་པོའི་འོ་མ། རི་དཀར་འོ་མ། འབྲི་ཟལ་མོའི་འོ་མ་རྣམས་ཐམས་ཅད་ཡོད་ན་བཟང་། མེད་ན་གང་རྙེད་དང་། ཉུང་ན་ཆུ་གཙང་དང་སྦྱར་ལ་ཀླུ་སྨན་ཅུང་་ཟད་བཏབ་ལ་བཞག །རང་ཤ་ཆང་སྒོག་ཙོང་སྤངས་ཁྲུས་བྱས་ཆབ་བླངས་ལ། རང་ཉིད་སྐད་ཅིག་གིས་གསང་བའི་བདག་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ལྕང་ལོ་ཅན་ནས་ཕྱག་ན་རྡོ་


CMR043_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལ་སངས་རྒྱས་དང་ཀླུ་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། བཛྲ་པཱ་ཎི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ན་མོ་བཛྲ་པཱ་ཎི་ཨརྒྷཾ་སོགས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་དང་སེམས་ཅན་ཐམས་ཅད་བདེ་བ་དང་༔ ཞེས་སོགས་ཚད་མེད་བཞི་བསྒོམས་ནས། ཚོགས་ཞིང་རང་གནས་སུ་བཛྲ་མུཿ ཨོཾ་སྭ་བྷ་ཝ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་སྣ་ཚོགས་པདྨ་ཉི་མའི་གདན་ལ་རང་སེམས་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཧཱུྃ་ལ་ཐིམ་པས་རྡོ་རྗེ་རྩེ་དགུ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་ཐུང་ཞིང་འགེལ་བ་སྤྱན་གསུམ་མེ་མདག་གི་ཕུང་པོ་ལྟར་བགྲད་ཅིང་སྤུ་གྲི་ལྟར་འབར་བའི་མཆེ་བ་བཞི་གཙིགས་པ། གློག་ལྟ་བུའི་ལྗགས་བརྐྱངས་ཤིང་དབུགས་མེ་ལྟར་འབར་བ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ནམ་མཁར་གསོར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པའི་རྩེ་ནས་ཁྱུང་གི་ཁྲ་འགྱེད་པ། གོས་སྔོན་པོའི་སྟོད་གཡོགས་སྟག་གི་པགས་པའི་སྨད


CMR043_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲིས་ཅན། ཐོད་སྐམ་དང་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་པའི་དབུ་སྐྲ་གྱེན་དུ་བརྫེས་པ། སྨ་ར་དང་སྨིན་མ་དམར་སེར་གྱེན་དུ་བསྐྱོད་པ་ལས་མེ་སྟག་འཕྲོ་ཞིང་། ཉི་ཟླ་ཕྲག་པར་ཁུར་བ། སྐུ་ལ་སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང་མཐའི་རྒྱ་མཚོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་པ་པུས་མོར་ཕྱིན་པ། པད་ཉི་ཀླུ་གདོན་གདན་དུ་བྱས་པ་ལ་ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་བར་བཞུགས་པ། སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་བརྒྱ་སྟོང་གི་མཐུ་སྟོབས་ཀྱི་བདག་པོར་དབང་བསྐུར་ཞིང་གསང་བའི་མཛོད་འཛིན་པའི་སྐུར་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་ལྷ་རིགས་ལྔ་སྤྱན་དྲངས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨརྒྷཾ་སོགས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །རང་


CMR043_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་སྔོན་པོ་གྱེན་དུ་འགྲེང་བའི་ལྟེ་བར་ཉི་མའི་གདན་ལ། ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་བེཌཱུརྱའི་ཞུན་མའི་ཁ་དོག་གཡས་སུ་འཁོར་བའི་འོད་ཟེར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་བསྡུས་ནས་རང་ཉིད་ལ་ཐིམ་པར་གྱུར། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བརྒྱ་ཙམ་བསྙེན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་པ་མགྲིན་པ་རིང་བ་མཆུ་འཕྱང་བ། ཁ་རྒྱན་མགུལ་ཆིངས་ཕུན་སུམ་ཚོགས་པའི་ནང་དུ་མཾ་ལས་འོ་མའི་རྒྱ་མཚོའི་སྟེང་དུ་པཾ་ལས་པད་མ་འདབ་བརྒྱད་ཀྱི་ལྟེ་བར། ཟླ་བའི་གདན་ལ་ཧཱུྃ་ལས་གསང་བའི་བདག་པོ་སྐུ་མདོག་མཐིང་ཤག་ཁྲོ་ཞིང་འཛུམ་པ་དར་དང་རིན་པོ་ཆེའི་རྒྱན་ཅན། ཕྱག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་དང་དྲིལ་བུ་ཐུགས་ཀར་འཛིན་པ། གོས་སྔོན་པོའི་སྟོད་གཡོགས་སྟག་གི་ཤམ་ཐབས་ཅན། ཞབས་འདོར་ཐབས་སུ་བཞུགས་པ། དེའི་མདུན་དྲུང་དུ་ཆུ་བདག་ཝ་རུ་ཎ་སྦྲུལ་མགོ་དགུའི་གདེངས་ཀ་ཅན་ཆར་སྤྲིན་ལ་ཞོན་པ། པད་འདབ་བརྒྱད་ལ་ཡེ་ཤེས་ཀྱི་


CMR043_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཆེན་པོ་བརྒྱད་སྦྲུལ་མགོ་བདུན་བདུན་གྱི་གདེངས་ཀ་ཅན། ཀླུ་དགུ་པོ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྟོད་ལྷའི་རྣམ་པ་ཐལ་མོ་སྦྱར་ནས་གཙོ་བོའི་བཀའ་ཉན་པ། སྨད་སྦྲུལ་མཇུག་གཡས་སུ་འཁྱིལ་པའོ། །གཙོ་བོའི་གནས་གསུམ་ཡི་གེ་གསུམ་དང་། འཁོར་རྣམས་ཀྱི་ཐུགས་ཀའི་ཕུཡིག་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་པཱ་ཎི་ནཱ་ག་རཱ་ཛཿ ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ༔གཉིས་སུ་མེད་པར་གྱུར། དབང་ལྷ་སྤྱན་དྲངས་ནས་དབང་བསྐུར་བས་གཙོ་བོ་ལ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། གཙོ་འཁོར་རྣམས་རང་རང་གི་ཐུགས་ཀར་ས་བོན་ལ་རང་རང་གི་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབ། སྐུའི་བ་སྤུའི་བུ་ག་ནས་བྱུང་སྟེ་བདུད་རྩིའི་རྒྱུན་གྱིས་བུམ་པ་གང་བར་གྱུར། རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་བུམ་ལྷའི་ཐུགས་རྒྱུད་བསྐུལ་བར་གྱུར། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ནཱ་ག་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་བྷ་ཝ་ཤུདྡྷོཉཧཾ། ཞེས་བརྒྱ་དང་། ཨོཾ་ཝ་རུ་ཎ་ཡེ་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨ་ནན་ཏ་ཡེ་ཤིནྟཾ་ཀུ་རུ་སྭཱ་


CMR043_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཨོཾ་བཱ་སུ་ཀ་ཡེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཏག་ཤ་ཀ་ཡེ་ཤྲིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཀར་ཀོ་ཏ་ཡེ་ཤྲིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་པདྨ་ཡེ་ཤཱིནཾ་ཀུ་རུ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་ཡེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཤི་ཀ་པཱ་ལ་ཡེ་ཤྲིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཀུ་ལིང་ཀ་ཡེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱའམ་ཉེར་གཅིག་བདུན་རེ་ཙམ་གང་འགྲུབ་བཟླ། བཛྲ་པཱ་ཎི་ནཱ་ག་རཱ་ཛཿ ཨཧཱུྃ་སོགས། ལྕང་ལོ་ཅན་གྱི་སོགས་བསྟོད། གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པ་མ་ལུས་སེལ་མཛད་ཅིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བུམ་ལྷ་ཡེ་ཤེས་པ་རང་གནས་སུ་བཛྲ་མུཿ དམ་ཚིག་པ་འོད་དུ་ཞུ་བས་བུམ་ཆུ་དང་དབྱེར་མེད་པར་གྱུར། ཕྱག་རྡོར་གྱི་གཏོར་མ་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ༔ རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་ནས་གསང་བའི་བདག་པོ་སྤྱན་དྲངས་ཏེ་མདུན་བསྐྱེད་མཎྜལ་གྱི་དབུས་སུ་བཞུགས་པར་གྱུར། ཧཱུྃ། མ་ལུས་


CMR043_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་པ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་པཱ་ཎི་ས་མཱ་ཛཿ པདྨ་ཀ་མ་ལྱཱ་སིཾ། མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་སྤ་ར་ཎ་ཁཾ། ཆུ་བཞི་ཉེར་སྤྱོད་ལྔ་དང་རོལ་མོ་དང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །ནང་གི་མཆོད་པ་རིག་མ་བཅུ་དྲུག་དང་། །ཕྱི་ནང་གསང་བའི་མཆོད་པ་དུ་མས་མཆོད། །སྐྱེད་ཚལ་གཞལ་མེད་ཁང་པ་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་ཁྲུས་རྫིང་པད་མར་བཅས། །རིན་ཆེན་འབྲུ་སྨན་རྩི་བཅུད་བང་མཛོད་དང་། །གོས་དར་ཁྲི་སྟན་བཞོན་པ་བྲན་འཁོར་འབུལ། །ཨོཾ་བཛྲ་པཱ་ཎི་ཨརྒྷཾ་སོགས། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ། །བདག་དང་གཞན་གྱི་དཔལ་གྱུར་ཐུགས་རྗེ་ཅན། །བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན། །ཕྱག་ན་རྡོ་རྗེ་ཆེ་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་ཕུལ་བ་འདི་བཞེས་ལ། །བདག་ཅག་


CMR043_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སློབ་ཡོན་མཆོད་བསྲུང་བྱ་རྣམས། །ཀླུ་དང་གཉན་དང་ས་བདག་ས་སྲིན་གྱིས། །གནོད་ཅིང་འཚེ་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །མཐོང་དུག་རེག་དུག་ཁ་རླངས་མཆེ་བའི་དུག །བསམ་སྦྱོར་ངན་པའི་དུག་རྣམས་ཞི་བ་དང་། །བདག་གིས་འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་གསོལ་བ་བཏབ། དེ་ནས་བདག་བསྐྱེད་གསང་བདག་ལ་ཁྲུས་གསོལ་བར་མོས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་བརྗོད་པས་བུམ་ཆུས་ཁ་བཤལ་ཅུང་ཟད་བཏུང་གདོང་ལ་བྱུག་ཅིང་ཁྲུས་བྱས་པས་རང་བསྲུང་དུ་ཡང་འགྱུར་རོ། །དེ་ནས། །ཧཱུྃ་ཧཱུྃ་ཧཱུྃ། རང་ཉིད་རྡོ་རྗེ་གཏུམ་པོ་གནས་འགྱུར་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སྐུ་མདོག་ཟླ་བ་དང་ཀུན་ད་ལྟར་དཀར་བ། ཞལ་གཅིག་སྤྱན་གསུམ་ཞི་ཞིང་འཛུམ་པ་ཕྱག་གཡས་མཆོག་སྦྱིན་མཛད་པའི་ཕྱག་མཐིལ་དུ་བཻ་ལས་དཔག་བསམ་གྱི་ཤིང་ལས། བདུད་རྩི་སྨན་གྱི་ཆར་འབེབས་པ། གཡོན་ཨུཏྤལ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་དུ་རྡོ་རྗེས་མཚན་པ། གཞོན་ནུ་རལ་པའི་ཅོད་པན་ཅན། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་


CMR043_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པད་དཀར་ཟླ་བའི་གདན་ལ་བཞུགས་པར་གྱུར། ཨོཾ་བཛྲ་པཱ་ཎི་ཧཱུྃ། ནད་པ་གདོན་གྱིས་ཟིན་པའི་རྐང་ལག་མགྲིན་པ་དང་ལྔ་ཚོན་སྐུད་སྔོ་དམར་གྱིས་དཀྲིས་ལ་མདུན་དུ་འཁོད་དོ། །ཀ་ཊོ་རར་ཀླུ་གཟུགས་ཀྱང་མདུན་དུ་སྟེགས་ཅུང་ཟད་ཅིག་གིས་ཁར་བཞག་པས་ཀླུ་སྨན་འོ་མ་ཅུང་ཟད་བླུགས་ཆུ་གཙང་གིས་བྲན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་བདག་གི་ཐུགས་ཀ་ནས་ཡི་གེ་ཧཱུྃ་གཅིག་འཕྲོས་པས་གཏོར་སྣོད་རིན་པོ་ཆེའི་སྣོད་སྟོང་གསུམ་དང་མཉམ་པ། དེའི་ནང་དུ་ཁཾ་ལས་བདུད་རྩི་འོ་མའི་རྒྱ་མཚོ་ཆེན་པོ་ཁ་དོག་དཀར་ཞིང་རོ་མཆོག་བརྒྱ་དང་ལྡན་པ། དྲི་ཞིམ་སྤོས་ཀྱི་ངད་ལྡང་བ། དེའི་དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨོཾ་ལས་སྨན་གྱི་སྡོང་པོ་སྟོང་གསུམ་དང་མཉམ་པ། དེའི་སྟེང་དུ་མེ་ཏོག་གི་ཀོ་མོག་ཆེན་པོའི་ནང་ཨ་ལས་ཟླ་བའི་གདན་ལ་བཾ་ལས་བདུད་རྩི་སྨན་གྱི་རྒྱ་མཚོ་མཚོ་ཆེན་མ་དྲོས་པ་ཙམ་གྱི་བདུད་རྩིའི་ཆུ་བོ་ཆེན་པོ་ཕྱོགས་ཐམས་ཅད་དུ་འབབ་པ། དེའི་སྟེང་དུ་ཡི་གེ་ཧཱུྃགཅིག་ལས་འོད་ཟེར་འཕྲོས་པས། ནེའུ་སིང་དང་ནགས་ཚལ་དང་། འབབ་ཆུ་ཉམས་དགའ་བ་དུ་མ་དང་། ས་ཕྱོགས་ཐམས་ཅད་མེ་ཏོག་སྣ་ཚོགས་དང་ཨུཏྤལ་གྱི་ནགས་ཚལ་ཆགས་པ། དེ་


CMR043_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་བར་བར་དུ་ཏཾལས་དཔག་བསམ་གྱི་ཤིང་དང་འོ་མའི་བུམ་པ་དཔག་ཏུ་མེད་པ་ལས་བདུད་རྩི་འོ་མའི་མཚོའི་ཆུ་མིག་འབབ་པ། དེ་ལྟ་བུའི་དབུས་བདུད་རྩི་སྨན་གྱི་སྡོང་པོའི་མཐའ་སྐོར་དུ་པད་འདབ་དགུ་རིམ་དུ་གནས་པའི་ནང་པད་འདབ་དཀར་པོ་རྣམས་ལ་ཀླུ་རྒྱལ་རིགས་དཀར་པོ་བྱིས་པའི་གཟུགས་ཅན་དཔག་ཏུ་མེད་པ། དེ་རྒྱབ་པད་འདབ་སེར་པོ་ལ་རྗེའུ་རིགས་སེར་པོ། དེ་རྒྱབ་པད་འདབ་དམར་པོ་ལ་བྲམ་ཟེའི་རིགས་དམར་སྐྱ། དེ་རྒྱབ་པད་འདབ་ལྗང་གུ་ལ་ཀླུ་དམངས་རིགས་དུད་འགྲོའི་ཆ་བྱད་ཅན་ལྗང་གུ་ཞ་བོ་ལོང་བ་འོན་པ་འཐིང་པོའི་ཚོགས་དང་། དེ་རྒྱབ་པད་འདབ་ནག་པོ་ལ་ཀླུ་གདོལ་པའི་རིགས་ནག་པོ། དེའི་ཕྱི་རོལ་སྣ་ཚོགས་པདྨ་ལ་ཀླུ་མོ་ཀླུ་སྨན་དང་། ཀླུ་བཙན་ལ་སོགས་ཀླུ་སྣ་ཚོགས་པ་གཟུགས་ཁ་དོག་སྣ་ཚོགས་པ་འཆང་བ། དེ་རྒྱབ་ཀླུ་སྲིན་དང་ས་སྲིན་ཐམས་ཅད། དེའི་ཕྱི་རོལ་དུ་གཉན་ཆེན་སྡེ་བརྒྱད་ལ་སོགས་པ་གཉན་རིགས་ཐམས་ཅད་གཟུགས་སྣ་ཚོགས་ཅན། དེའི་ཕྱི་རོལ་དུ་རྗེ་བློན་བཅུ་གཉིས་ལ་སོགས་འབྱུང་བའི་ས་བདག་དང་ཡུལ་འདིའི་གཞི་བདག་དང་ས་བདག་ཐམས་ཅད་ཀྱིས་བསྐོར་བ། ཀླུ་རིགས་


CMR043_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་ཐམས་ཅད་སྐུ་སྟོད་ལྷའི་གཟུགས་ལ་སྦྲུལ་གྱི་གདེངས་ཀ་ཅན། སྐུ་སྨད་སྦྲུལ་དུ་འཁྱིལ་པ། དམངས་རིགས་དང་གཉན་དང་ས་སྲིན་ཐམས་ཅད་དུད་འགྲོ་དང་ཆུ་གནས་ལྟོ་འཕྱེ་སྣ་ཚོགས་ཀྱི་གཟུགས་ཅན། ཀླུ་བདུད་ཀླུ་བཙན་ཀླུ་སྨན་ས་བདག་ཕལ་ཆེར་མིའི་གཟུགས་སྣ་ཚོགས་རྒྱན་གོས་ཕུན་སུམ་ཚོགས་པའོ། །ཀླུ་རྣམས་ཀྱི་ཐུགས་ཀར་ཕུཡིག་གིས་མཚན་པར་གྱུར། སྙན་གསན་དབབ་པ་ནི། ཧཱུྃ་ཧཱུྃ། བདག་ཉིད་གསང་བདག་གི་ཞལ་ནས་སྔགས་སྒྲས་སྟོང་གསུམ་ཁྱབ་པས། ཀླུ་ཐམས་ཅད་ཀྱིས་ཐོས་ནས་སྙན་གསན་ཞིང་ཐུགས་ཟློགཏད་པར་གྱུར། ཨོཾ་བ་ཏ་ལི་མ་ཧཱ་བ་ཏ་ལི། ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ སྔགས་གསུམ་བརྗོད། བདག་གསང་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། རི་རབ་གླིང་བཞི་རྒྱ་མཚོའི་གཏིང་ས་འོག་ས་སྟེང་ན་གནས་པའི་ཀླུ་གཉན་ས་བདག་ཐམས་ཅད་སྤྱན་དྲངས་པར་གྱུར། ཧཱུྃ། རི་རབ་ཆེན་པོའི་སྟེང་ཤོད་དང་། །རྒྱ་མཚོའི་ཆེན་པོའི་ཁ་ཞབས་དང་། །འཛམ་བུ་གླིང་གི་དབུས་མཐའ་ནས། །སྲིད་པའི་བརླན་ལ་གནས་པ་ཡི། །ས་བདག་ཀླུ་གཉན་འཁོར་བཅས་རྣམས། །གནས་འདིར་ད་ལྟ་


CMR043_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་ན། །རྟ་མཆོག་རྒྱལ་པོའི་དམ་ཚིག་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །རྒྱ་མཚོ་ཡངས་པའི་དཀྱིལ་འཁོར་དང་། །རི་རབ་ཆེན་པོའི་གཞལ་ཡས་ནས། །ཆུ་བདག་ཆེན་པོ་ཝ་རུ་ཎ། །ཀླུ་ཆེན་བརྒྱད་དང་བཅས་པ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རྒྱལ་རིགས་དང་ནི་རྗེ་རིགས་དང་། །བྲམ་ཟེའི་རིགས་དང་གདོལ་པའི་རིགས། །ཀླུ་ཡི་རིགས་རྣམས་འཁོར་དང་བཅས། །གཉན་དང་ས་བདག་ཡུལ་བདག་དང་། །ཀླུ་བདུད་ཀླུ་བཙན་མཚོ་སྨན་བཅས། །ཞི་ཞིང་བྱམས་པའི་སེམས་ཀྱིས་ནི། །གནས་འདིར་མཆོད་ཕྱིར་གཤེགས་སུ་གསོལ། །ནཱ་ག་སརྦ་ཨཾ་ཀུ་ཤ་ཛཿ ཨོཾ་འབུ་ཨ་ཏི་པ་ཏི་མ་ཧཱ་པདྨ་མ་ལེ་ཧཱུྃ་ཛཿ ཨ་ཀན་ཡ་ཛཿཧཱུྃ་བཾ་ཧོ༔ སྔགས་ལན་གསུམ་གྱིས་སྤྱན་དྲངས། དཀར་གསུམ་འོ་མ་བདུད་རྩིའི་མཚོ། །བདུད་རྩི་སྨན་གྱི་སྡོང་པོའི་དྲུང་། །དཔག་བསམ་ཤིང་གི་བསིལ་གྲིབ་ལ། །མེ་ཏོག་སྣ་ཚོགས་མཛེས་པའི་ཚལ། །སྣ་ཚོགས་པདྨའི་འདབ་སྟེང་དུ། །ཇི་སྲིད་མཆོད་པ་བདག་འབུལ་བ། །དེ་སྲིད་ཀླུ་དང་ས་བདག་རྣམས། །ཞི་ཞིང་དགྱེས་


CMR043_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཀྱིས་ནི། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་བག་ཤ་ཡ་ས་མ་ཡ་ཏིཥྛ་ལྷན། ཛཿཧཱུྃ་བཾ་ཧོསྭཱ་ཧཱ། དམ་ཚིག་པ་དང་དབྱེར་མེད་པར་གྱུར། ཅེས་བཞུགས་པར་བསམས་ལ་མེ་ཏོག་གཏོར། དེ་ནས་ལས་བུམ་མམ་མེད་ན་དུང་ཆོས་སམ་ཐེབ་ཙེ་ནང་དུ་ཆུ་གཙང་བླུགས་ལ། ཧཱུྃ་ལས་རིན་པོ་ཆེའི་བུམ་པར་ཡུམ་སངས་རྒྱས་སྤྱན་མ་དཀར་མོ་གསེར་བུམ་བདུད་རྩིས་བཀང་བ་བསྣམས་པ་ལས་བདུད་རྩི་བབས་པས་ཀླུའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར། ཨོཾ་རུ་རུ་ཕུ་རུ་ཛྭ་ལ་ཏིཥྛ་སརྦ་ཨརྦ་སཱ་དྷ་ནི་སྭཱ་ཧཱ། ཨོཾ་པྲ་བར་ཏེ། ཤུད་ཏྲ་བྷད་ཏེ་འབར་བྷུ་བ་ས་པྲ་བར་ཏེ། ཨོཾ་ས་བིད་ཀྲི་པྲ་བར་ཏེ། སརྦ་ནཱ་ག་དུག་གོ་པྲ་མ་ན་ཡེ་སྭཱ་ཧཱ། ཞེས་བཟླས་པའི་ཆུ་དེ་ཀླུ་གཟུགས་སྟེང་དུ་སྦྲེང་ཞིང་། ཇི་ལྟར་ལྷ་དབང་ཀླུ་ཡི་རྒྱལ་པོ་ཡི། །བཀྲ་ཤིས་འོ་མའི་ཆུ་རྒྱུན་སྣ་ཚོགས་ཀྱིས། །རྒྱལ་བས་འགྲོ་བའི་དོན་དུ་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས་ཀླུ་རྣམས་སྐུ་ཁྲུས་གསོལ། །དམིགས་མེད་ཡེ་ཤེས་ལས་བྱུང་བའི། །མཆོག་གསུམ་དག་པའི་མཆོད་ཡོན་འདི། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །ཨོཾ་ནཱ་ག་སརྦ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། མཆོག་གསུམ་དག་པའི་ཞབས་བསིལ་དང་། །


CMR043_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་སྐྱེས་ཆུ་སྐྱེས་མེ་ཏོག་ཚོགས། །རང་བཞིན་དྲི་ལྡན་བདུག་སྤོས་དང་། །ཕྱོགས་བཅུ་གསལ་བའི་ནོར་བུའི་འོད། །རོ་ལྡན་བཟའ་བཅའ་ཕུན་སུམ་ཚོགས། །སྤོས་དང་སྨན་སྦྱར་ཆུ་གཙང་དང་། །སྙན་པའི་སྒྲ་དབྱངས་རོལ་མོ་བཅས། །ཀླུ་ཆེན་འཁོར་དང་བཅས་ལ་འབུལ། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རིན་ཆེན་སྣ་བདུན་གཏེར་དང་བརྒྱད། །ཁྲུས་ཀྱི་རྫིང་བུ་དཔག་བསམ་ཤིང་། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །རབ་འབྱམས་འཇིག་རྟེན་དཔག་མེད་ན། །མཆོད་པའི་ཚོགས་མཆོད་ཅི་མཆིས་པ། །ཀླུ་རྣམས་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་སརྦ་པཱུ་ཛ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རང་གི་ཕྱག་མཐིལ་དཔག་བསམ་གྱི་ཤིང་ལས་བདུད་རྩི་སྨན་གྱི་ཆར་པ་དང་། ཕྱག་སོར་ལས་འོ་མའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པས། ཀླུ་དང་ས་བདག་ཐམས་ཅད་ཀྱིས་འཐུང་ཞིང་ཁྲུས་བྱས་པས་ཀླུའི་ནད་དང་སྡུག་བསྔལ་ཐམས་ཅད་དག་ནས་དགའ་མགུ་ཡི་རང་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར།


CMR043_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ མངར་ལ་སྲིད་ཅིང་སྒྱུར་ལ་མོས། །འོ་མ་འཐུང་ཞིང་གདུབ་རྩུབ་ཅན། །ཀླུ་ཡི་ཚོགས་རྣམས་ང་ལ་ཉོན། །ང་ནི་ཕྱག་ན་རྡོ་རྗེ་སྟེ། །འདོད་དགུ་ཐམས་ཅད་དབང་དུ་སྡུད། །བཀའ་དང་དམ་ཚིག་བདེན་པ་ཡིས། །དམ་ཚིག་དབང་གིས་ཚུར་ཉོན་དང་། །དམ་ཆོས་བདུད་རྩི་ང་ལ་ཡོད། །སྦྱིན་པའི་དོན་ལ་ཁྱད་པར་བསྟོད། །ང་ནི་འཇམ་དཔལ་གཞོན་ནུ་སྟེ། །ལྟོ་འགྲོ་ཀུན་གྱི་གནས་རིས་སུ། །ཆོས་ཀྱི་བདུད་རྩིའི་ཆར་འབེབས་པས། །སོ་སོའི་རྒྱུད་རྣམས་གྲོལ་བར་བྱེད། །ང་ནི་སྤྱན་རས་གཟིགས་དབང་སྟེ། །ཕྱག་གིས་སོར་མོ་རེ་རེ་ལས། །བདུད་རྩི་ཆུ་བོའི་རྒྱུན་འབེབས་པ། །ལྟོ་འགྲོ་ཀུན་གྱི་སྨན་དང་གསོས། །རྫས་ཀྱི་བདུད་རྩི་བླ་མེད་འདིས། །ཀླུ་རྣམས་ཀུན་གྱི་མངའ་རིས་སུ། །དུག་གསུམ་སྡུག་བསྔལ་ནད་བསལ་ནས། །ཞི་བ་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ནཱ་ག་སྤ་ར་ཎ་ཕཊ༔ དེ་ནས་ཀ་ཊོ་རའི་ནང་ཀླུ་གཟུགས་ཀྱི་སྟེང་དུ་འོ་མ་ཀླུ་སྨན་བཏབ་པ་སྦྱོང་ཞིང་། ཨོཾ་བཱ་སུ་ཀི་མཾ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་སྦྲེང་ངོ་། །དེ་ནས་གླང་བུ་བུམ་གཏེར་རྣམས་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཊ༔ ཨོཾ་སྭ་བྷ་ཝ༔ སྟོང་པའི་ངང་ལས་གླང་བུ་ཀླུའི་ཕོ་བྲང་རིན་པོ་ཆེའི་


CMR043_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁྱམས་ཡངས་ཤིང་རྒྱ་ཆེ་བ་ཀླུའི་ལོངས་སྤྱོད་མ་ཚང་བ་མེད་པས་གང་བ། བུམ་པ་འདོད་འབྱུང་གཏེར་གྱི་བུམ་པ་མི་འཛད་རིན་པོ་ཆེའི་གཏེར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༔ ཞེས་སོགས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་ལན་གསུམ་གྱིས་བྱིན་གྱིས་བརླབས་སོ།། ཨོཾ་མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་བུ་དང་དུང་སྐྱོང་དང་། །པདྨ་དང་ནི་ཆུ་ལྷ་དང་། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེ། །དཔལ་གྱི་འོད་དང་འོད་པོ་ཆེ། །གཟུགས་ཅན་སྦྲུལ་བཟང་སྟོབས་པོ་ཆེ། །ཀླུ་ཆེན་བརྒྱད་ཀྱིས་གཙོར་བྱས་པའི། །ཀླུ་རྣམས་མ་ལུས་འདིར་འདུས་ཤིག །མཛེས་པའི་དཀར་གསུམ་གཏོར་མ་འདི། །མངར་གསུམ་འོ་མའི་རྒྱ་མཚོར་བཅས། །རིན་ཆེན་ཕྲེང་བའི་ཐེམ་སྐས་ཅན། །ཀླུ་ཡི་ནད་རྣམས་གསོ་བྱེད་པའི། །མཐུན་པའི་རྫས་སུ་འདི་གྱུར་ཅིག །བདག་དང་ཡོན་བདག་འཁོར་བཅས་ལ། །ཀླུ་ལས་གྱུར་པའི་གནོད་པ་ནི། །མཐོང་བའི་དུག་དང་རེག་པའི་དུག །བསམ་པའི་དུག་དང་ཡིད་ཀྱི་དུག །ཁ་རླངས་དུག་དང་ཉོན་


CMR043_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་དུག །དེ་དག་ཐམས་ཅད་ཞི་གྱུར་ཅིག །བདག་ལས་གཅེས་པའི་རྫས་ཁྱེར་ལ། །བདག་ལ་གནོད་པ་མ་བྱེད་ཅིག །ཡོན་བདག་འདི་ལ་གནོད་མ་བྱེད། །རྟག་ཏུ་བྱམས་པའི་སེམས་ལྡན་ཞིང་། །ཕ་མ་སྤུན་ཟླའི་སེམས་ཀྱིས་ལྟོས། །ཧཱུྃ། ཀླུ་ཆེན་དགུ་ལ་གནོད་གྱུར་པའི། །རྟ་ར་གླང་ཁྱི་བྱ་རོག་མགོ །རུས་སྦལ་སྲིན་བྱ་བྱ་གག་མགོ །བྱ་ཝང་མགོ་ཅན་ལ་སོགས་པའི། །ཀླུ་ཐེལ་རིགས་རྣམས་མ་ལུས་དང་། །གཞན་ཡང་ལས་ལ་སྐྱེས་པ་ཡི། །བཀའ་དང་དམ་ལ་མ་ཐོག་པའི། །གདུག་པ་ཅན་གྱི་ཀླུ་ཚོགས་ཊྛིལ། །ཀླུ་གཉན་རྣམས་ཀྱི་གསོལ་བའི་ལྷག །བཀའ་ཡི་ཕ་འབབ་འདི་ཁྱེར་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཀླུ་ལས་གྱུར་པའི་གནོད་པ་ཀུན། །སྔར་བྱས་པ་ཡང་བརྟུལ་བར་གྱིས། །ད་ལྟ་ཡང་ནི་མ་བྱེད་པར། །ཕྱིན་ཆད་མི་བྱེད་དམ་ཆོས་ལ། །རང་རང་གནས་སུ་བདེ་བར་དེངས། །ཨོཾ་བཛྲ་ཧཱུྃ་ཀ་ར་ཏྲ་བ་ཏྲི་བ་ཡཀྵ་ཧ་ལ། ཞེས་མནའ་ཚིག་གི་སྔགས་སོ། །དེ་ནས་ཀོང་བུ་ཀླུ་སྨན་བཅས་པ་དེ་ལ་དམིགས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ༔ སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་


CMR043_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། པཾ་ལས་བདུད་རྩིའི་རྒྱ་མཚོ། ཧཱི༔ཧཱིཝལས་ཡེ་ཤེས་ཀྱི་བདུད་རྩི། ཨོཾ་ལས་སྨན་གྱི་སྡོང་པོ། སཱ་ལས་ཨུཏྤལ་གྱི་ནགས་ཚལ། ཧཱུྃ་ལས་དཔག་བསམ་གྱི་ཤིང་། སྨན་གྱི་སྡོང་པོའི་ཡལ་འདབ་ཕུན་སུམ་ཚོགས་པ་ལས་བདུད་རྩིའི་རྒྱུན་འབབ་པར་གྱུར། ཏདྱ་ཐཱ། ཨོཾ་བྷི་ཥ་ཛེ་གྷོ་ཥ་ཛེ་མ་ཧཱ་བྷེ་ཥ་ཛེ་རཱ་ཛ་ས་མུཏྤ་ཏེ་སྭཱ་ཧཱ། ཀླུ་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་དང་བྲམ་ཟེའི་རིགས་དང་གདོལ་པའི་རིགས་དང་། ཀླུ་བསེན་དང་ཀླུ་འབྲོག་དང་གཉན་དང་ས་བདག་ཐམས་ཅད་བཞེངས་ཤིག །ཅེས། །གསོལ་བས་ཐམས་ཅད་བཞེངས་ནས་དཔག་བསམ་སྨན་གྱི་སྡོང་པོ་ལ་ལྕེས་ལྡག་པར་གྱུར་ཅིག །ཨོཾ་ནཱ་ག་སུ་པྲ་ཏི་བཛྲ་དུན་དྷ་མི་ལི་མི་ལི་སྭཱ་ཧཱ། ཨོཾ་ནཱ་ག་ཤུ་ལི་ནི་སྭཱ་ཧཱ། ཨོཾ་ནཱ་ག་ག་ཤ་ཤ་ཤུ་ཤུ་མུ་ནེ་གྷ་ན་ཙག་ཤ་ཤུར་ནི་ཧཱི༔ བྷ་བ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། ཨོཾ་ནཱ་ག་རཱ་ཙ་བུདྡྷ་བྷ་ག་ཝན། ན་མོ་རཏྣ་ཏྲ་ཡཱ་ཡ། ཧ་ཧ་ཧུ་ཧུ། ཨ་མྲྀ་ཏ་བྷི་ཤུདྡྷེ་སྭཱ་ཧཱ། ཞེས་སྔགས་ཉེར་གཅིག་གམ་གསུམ་བདུན་བཟླའོ།། ་ཧཱུྃ། ང་ནི་ཕྱག་ན་རྡོ་རྗེ་སྟེ། །ཐུགས་རྗེ་ཐབས་ཀྱི་དཀྱིལ་འཁོར་ནས། །ཆོས་ཀྱི་བདུད་རྩིའི་སྤྲིན་ཕུང་ལས། །ཐབས་ལ་མཁས་


CMR043_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདུད་རྩི་ཡིས། །བཀྲ་ཤིས་བདུད་རྩིའི་རྒྱུན་བྱུང་ནས། །འགྲོ་བ་སེམས་ཅན་ལུས་སེམས་ལ། །ཇི་ལྟར་མཐུན་པའི་ལུས་སེམས་ཀྱིས། །ལས་དང་སྡུག་བསྔལ་སྦྱོང་གྱུར་ཅིག་རྡོ་རྗེ་ལྕགས་ཀྱུའི་དཀྱིལ་འཁོར་ནས། །ཡིད་བཞིན་ལྕགས་ཀྱུའི་བཅུད་ཕྱུང་ནས། །ཀླུ་རྣམས་ཀུན་གྱི་ཞེ་སྡང་བསལ། །ཞི་བའི་ངང་ལ་གནས་པར་ཤོག །དུང་ཆེན་གཡས་འཁྱིལ་བདུད་རྩི་ཡིས། །རུས་པ་ཆགས་པ་སོས་གྱུར་ཅིག །ཤུ་དག་ཤུ་ཟུར་བདུད་རྩི་ཡིས། །ཤ་རྣམས་ཆད་པ་སོས་གྱུར་ཅིག །གུ་གུལ་དཀར་པོའི་བདུད་རྩི་འབུལ། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །འབྲས་ཡོས་དཀར་པོའི་བདུད་རྩི་འབུལ། །དྲན་པ་ཉམས་པ་སོས་གྱུར་ཅིག །རས་སྐུད་དཀར་དམར་བདུད་རྩི་འབུལ། །ཚངས་པའི་ཚེ་དང་ལྡན་གྱུར་ཅིག །འདམ་བུ་རྩི་ཡེ་བདུད་རྩི་ཡིས། །སྐྱབས་དང་འཁྲི་སར་འགྱུར་བར་ཤོག །ནཱ་ག་གེ་སར་བདུད་རྩི་ཡིས། །དབང་པོ་ཉམས་པ་སོས་གྱུར་ཅིག །འོ་མའི་བདུད་རྩི་ཆེན་པོ་ཡི། །ཀླུ་ཡི་གནས་སུ་འགྱུར་བར་ཤོག །ལི་ཁྲི་མཚལ་གྱི་བདུད་རྩི་ཡིས། །ཤ་ཁྲག་ཉམས་པ་སོས་གྱུར་ཅིག །པུ་ཤེལ་རྩེ་ཡི་བདུད་རྩི་ཡིས། །རྩ་རྒྱུད་


CMR043_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་སོས་གྱུར་ཅིག །དབང་པོ་ལག་པའི་བདུད་རྩི་ཡིས། །ཡན་ལག་ཉམས་པ་སོས་གྱུར་ཅིག །རྒྱ་མཚོ་ལྦུ་བའི་བདུད་རྩི་ཡིས། །ཆུ་མིག་སྐམ་པོ་སོས་གྱུར་ཅིག །པྲི་ཡང་ཀུ་ཡི་བདུད་རྩི་ཡིས། །རྣ་བའི་དབང་པོ་སོས་གྱུར་ཅིག །ནཱ་ག་པུངྒེའི་བདུད་རྩི་ཡིས། །དབང་པོ་རྣམ་ལྔ་ཚང་བར་ཤོག །ནཱི་ལ་ཨུཏྤལ་བདུད་རྩི་ཡིས། །མིག་གི་དབང་པོ་ཉམས་པ་སོས་གྱུར་ཅིག །ཨུཏྤལ་དམར་པོའི་བདུད་རྩི་ཡིས། །ལྕེ་ཡི་དབང་པོ་ཉམས་པ་སོས་གྱུར་ཅིག །མཁལ་སྲན་བྲེ་བོའི་བདུད་རྩི་ཡིས། །མཁལ་མ་ན་བ་སོས་གྱུར་ཅིག །ཆུ་སྲིན་སྡེར་མོའི་བདུད་རྩི་ཡིས། །རྐང་པ་ཆད་ཉམས་སོས་གྱུར་ཅིག །ཤིང་ཐོག་བུ་རམ་བདུད་རྩི་ཡིས། །ཡེ་ན་འཇུག་པ་སོས་གྱུར་ཅིག །སྦྱར་རྩི་མེ་ཏོག་བདུད་རྩི་ཡིས། །ལུས་ངག་ཡིད་གསུམ་ཚིམ་གྱུར་ཅིག །ཤ་རི་རམ་གྱི་བདུད་རྩི་ཡིས། །ཅིས་ཀྱང་མི་འཇིགས་སྐྱབས་སུ་ཤོག །རིན་ཆེན་སྣ་ལྔའི་བདུད་རྩི་ཡིས། །ཡེ་ཤེས་ལྔ་དང་ལྡན་པར་ཤོག །བདག་དང་ཡོན་བདག་འཁོར་བཅས་ལ། །གནོད་འགལ་ཐམས་ཅད་ཡོངས་སྤོངས་ལ། །བྱང་ཆུབ་སེམས་དང་ལྡན་པར་ཤོག །དཀོན་མཆོག་


CMR043_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བཀའ་མ་བཅག །སྔགས་འཆང་བདག་གི་བཀའ་མ་བཅག །ཡོན་བདག་རྒྱུ་རྐྱེན་ཆུད་མ་གསན། །ཀླུ་གདོན་དྲག་པོ་མ་རུངས་པ། །བྱང་ཆུབ་སེམས་དང་ལྡན་ནས་ཀྱང་། །སྡོང་དང་གྲོགས་སུ་བྱེད་པར་ཤོག །ཨོཾ་བ་རུ་ནཱ་ག་ཏེ་བ་ཏ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་ཕུ་ཕུ་ཨ་ནན་ཀ་ཡེ་སྭཱ་ཧཱ། ཨོཾ་ཕུ་ཕུ་ཏ་ཀ་ཡེ་སྭཱ་ཧཱ། ཨོཾ་ཕུ་ཕུ་བོ་སུ་ཀ་ཡེ་སྭཱ་ཧཱ། ཨོཾ་ཕུ་ཕུ་ཀ་ཏོ་ཀ་ཡེ་སྭཱ་ཧཱ། ཨོཾ་ཕུ་ཡུ་པདྨ་ཡེ་སྭཱ་ཧཱ། ཨོཾ་ཕུ་ཕུ་མ་ཧཱ་པདྨ་ཡེ་སྭཱ་ཧཱ། ཨོཾ་ཕུ་ཕུ་ཤཾ་ཀ་ལི་སྭཱ་ཧཱ། ཨོཾ་ཕུ་ཕུ་ཀུ་ལོན་ཀི་སྭཱ་ཧཱ། ཨོཾ་ཕུ་ཕུ་ཨ་ནན་ཏ་ཀ་ཤཱིནཾ་ཀུ་རུ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཙ་ཨ་ནན་སྭཱ་ཧཱ། ཨོཾ་ནཱ་ག་ཤ་ཀ་ལ་ཡ་སྭཱ་ཧཱ། ཨོཾ་ནཱ་ག་སརྦ་པཱུ་ཙ་མེ་ཀ་ཡང་ཡེ་སྭཱ་ཧཱ། ཨོཾ་འབུ་ཨ་ཏི་པ་ཏི་མ་ཧཱ་པ་ར། མ་ཧཱ་པད་མ་མ་ལེ་ནཱི་ཛ་མ་ཧཱ་པུ་ཙ་ས་མ་ཡ་སྭཱ་ཧཱ། །ཞེས་བརྗོད་པས་བདུད་རྩི་སྨན་གྱི་མཆོད་པས་དགྱེས་པར་བསམ། དེ་ནས་གླ་རྩི་གུ་གུལ་མ་འདྲེས་པའི་སྤོས་དང་མེད་ན་བཟང་ཤིང་གི་དུད་པ་ཅུང་ཟད་བྱས་ལ། ཨོཾ་བཛྲ་དྷུ་པེ་ཧཱུྃ། སྣ་ཚོགས་དྲི་ཡིས་བསངས་ནས་ནི། །ནད་སོས་སྨན་དང་དམ་རྫས་ལ། །ཀླུ་ཡི་ཡོན་ཏན་བསམ་མི་ཁྱབ། །དབུ་དགུ་ཅན་གྱི་ཀླུ་རྣམས་དང་། །གདེངས་ཀ་ཅན་གྱི་ཀླུ་རྣམས་དང་། །རྐང་ལག་མང་པོའི་ཀླུ་རྣམས་


CMR043_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཁ་བརྒྱ་མིག་སྟོང་ཀླུ་རྣམས་དང་། །ཏི་སེ་ཆེན་པོའི་གངས་རུམ་ནས། །མ་ཕམ་མཚོ་ལ་གནས་འཆང་བའི། །མ་དྲོས་རྒྱལ་པོའི་བྱིན་རླབས་ཀྱིས། །ཆད་མེད་ཆུ་བོ་འབབ་པ་ནི། །མེ་ཏི་དང་ནི་ཟང་ཏི་དང་། །ཞི་ཞོ་དང་ནི་གང་གཱ་དང་། །སྲིད་པའི་བརླན་ལ་གནས་འཆའ་བའི། །རྒྱལ་ཁམས་སྐྱོང་བའི་ཀླུ་རྣམས་ལ། །དྲི་ཡི་མཆོད་པ་འདི་ལྟ་སྟེ། །ཙནྡན་དང་ནི་གུར་གུམ་དང་། །ག་པུར་དང་ནི་ཨ་ག་རུ། །ཛཱ་ཏི་ཕ་ལ་སྤོས་ཀྱི་རྒྱལ། །ཤུག་པ་བལ་བུ་མཁན་དཀར་སོགས། །བསམ་པ་དག་པས་བཤམས་པ་འདི། །མོས་ཏེ་དད་པས་འབུལ་ལགས་ཀྱིས། །བཞེས་ཏེ་བདག་ལ་དགྱེས་པར་མཛོད། །ཀླུ་ཤིང་སྣ་ཚོགས་དུད་པ་འདིས། །ཀླུ་ཡི་ནད་རྣམས་སོས་གྱུར་ཅིག །ཀླུ་ཡི་རྨུགས་པ་སངས་གྱུར་ཅིག །ཀླུ་ཤིང་བླ་མ་བྲོ་ཙམ་ན། །ཀླུ་ཡི་མཆིན་ནད་སོས་གྱུར་ཅིག །ཀླུ་ཤིང་ཤུག་པ་བྲོ་ཙམ་ན། །ཀླུ་ནད་རུས་དགུ་སོས་གྱུར་ཅིག །ཀླུ་ཤིང་སེ་བ་བྲོ་ཙམ་ན། །ཀླུ་ཡི་སྟོད་ནད་སོས་གྱུར་ཅིག །ཀླུ་ཤིང་སྐྱེར་པ་བྲོ་ཙམ་ན། །ཀླུ་ཡི་མཁྲིས་ནད་སོས་གྱུར་ཅིག །ཀླུ་ཤིང་ལྟུང་མ་བྲོ་ཙམ་ན། །ཀླུ་གྲུམ་བུའི་ནད་རྣམས་སོས་


CMR043_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཀླུ་ཤིང་ཉ་བྲིད་བྲོ་ཙམ་ན། །ཀླུ་གག་པའི་ནད་རྣམས་སོས་གྱུར་ཅིག །ཀླུ་ཤིང་སྨྲ་ག་བྲོ་ཙམ་ན། །ཀླུ་ཡི་མགོ་ནད་སོས་གྱུར་ཅིག །ཀླུ་ཤིང་དབྱར་པ་སྣ་ལ་བྲོ་ཙམ་ན། །ཀླུ་ཡན་ལག་ན་བ་སོས་གྱུར་ཅིག །ཀླུ་ཤིང་ཚར་བུ་བྲོ་ཙམ་ན། །ཀླུ་ཕྲུག་ལྕམ་དྲལ་ན་བ་སོས་གྱུར་ཅིག །ཀླུ་ཤིང་གླ་སྐང་བྲོ་ཙམ་ན། །ཀླུའི་རྐང་རུས་ན་བ་སོས་གྱུར་ཅིག །ཀླུ་ཤིང་སྒྲོན་ཤིང་བྲོ་ཙམ་ན། །ཀླུ་ཡི་མིག་ནད་སོས་གྱུར་ཅིག །ཀླུ་ཤིང་སྤེན་མ་བྲོ་ཙམ་ན། །ཀླུ་ཡི་གློ་ནད་སོས་གྱུར་ཅིག །ཀླུ་ཤིང་ས་ལ་བྲོ་ཙམ་ན། །ཀླུ་ཡི་མཁལ་ནད་སོས་གྱུར་ཅིག །ཀླུ་ཤིང་སྣ་ཚོགས་བདུག་སྤོས་འདིས། །ཐབ་གཞོབ་མནོལ་གྲིབ་སོས་གྱུར་ནས། །བཀྲག་མདངས་གཟི་བརྗིད་ལྡན་གྱུར་ཅིག །ནཱ་ག་དྷཱ་པེ་ཤཱིནཾ་ཀུ་རུ་སྭཱ་ཧཱ། མར་གྱི་རིལ་བུ་བླུགས་འོ་མ་སྦྲེང་ཞིང་། རྒྱ་མཚོ་འཕངས་པའི་ཕོ་བྲང་འདིར། །རིན་ཆེན་སྣ་ལྔ་མཛེས་པ་ཡི། །ཀླུ་ཡི་ལོངས་སྤྱོད་རྒྱས་པར་བཀྲམ། །བུ་རམཾ་སྦྲང་རྩི་འོ་མའི་མཚོ། །དཀར་དང་མངར་བའི་ཞལ་ཟས་འདི། །རོ་མཆོག་བརྒྱ་དང་ལྡན་གྱུར་ནས། །མོས་ཏེ་དད་པས་བདག་འབུལ་གྱི། །བཞེས་ཏེ་རབ་ཏུ་དགྱེས་པར་མཛོད། །ཨོཾ་


CMR043_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པཉྩ་ནཱ་ག་ས་ཕུ་ད་ཧ་ཧ་ན་ཧ་ན་བ་ལིཾ་ཏ་ཁཱ་ཧི། ནཱ་ག་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དེ་ནས་ཀླུའི་དཀར་གཏོར་རྣམས་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །ཁ་དོག་དྲི་རོ་ནུས་པ་ཕུན་ཚོགས་གྱུར། །སྟོང་གསུམ་ཆེན་པོ་ཡུལ་གྱི་དབུས་འཚོ་ཞིང་། །བྱམས་པ་ཆེན་པོ་ཚད་མེད་ཡངས་པའི་ཆོས། །འཕགས་པ་སྤྲིན་ཆེན་མདོ་སྡེའི་གླེང་སློང་ཞིང་། །སངས་རྒྱས་གྲངས་མེད་བསྙེན་བཀུར་མཉེས་མཛད་པའི། །སྟོང་གསུམ་ཀླུ་རྒྱལ་མ་ལུས་འཁོར་བཅས་ལ། །ཏིང་འཛིན་དབང་བསྐུར་ཡིད་བཞིན་བདུད་རྩི་། ཟས། །ཀླུ་རྒྱལ་ཁྱོད་ཀྱི་སྔོན་ཆད་མ་བཏུང་བའི། །ཡིད་བཞིན་གཙང་མར་སྦྱར་བའི་བདུད་རྩི་འདི། །མོས་ཏེ་དད་པའི་སེམས་ཀྱིས་འབུལ་ལགས་ན། །བཞེས་ཏེ་རབ་ཏུ་ཚིམ་ཞིང་རྒྱས་པར་མཛོད། །ཨོཾ་ནཱ་ག་སརྦ་ཨི་དཾ་བ་ལི་གྲོ་ན་གྲི་ན་ས་མ་ཧཱ་སྭཱ་ཧཱ། ནཱ་ག་ཧུ་ལི་ཀ་སྭཱ་ཧཱ། ནཱ་ག་བཱ་སུ་ཀི་ཡེ་སྭཱ་ཧཱ། ཏཀ་ཤ་ཡ་སྭཱ་ཧཱ། བྷ་ཏ་ལི་སྭཱ་ཧཱ། ཨུ་པ་ནན་ཏ་སཱ་ཧཱ། བ་ཏུ་ནན་ཏ་སྭཱ་ཧཱ། ཨོཾ་བི་རུ་བག་ཤ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་ལེ་ནཱ་ག་ལེ་སྭཱ་ཧཱ། ཨོཾ་ནན་ཏེ་ནཾ་ཕུད་ཡ་ཏེ་ན་མ་ཀེ་པྲ་མ་ཏ་ན་ཡེ་སྭཱ་ཧཱ། ཨི་དཾ་བ་ལི་གྲོ་ན་གྲི་ན་ས་ཡ་སྭཱ་ཧཱ།


CMR043_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་རྣམས་ལྕེ་རྡོ་རྗེ་སྦུ་གུས་གཏོར་མ་གསོལ་བར་དམིགས། དེ་ནས་གཉན་ཡུམ་པའི་དཀར་གཏོར་བྲན་ལ། ཨོཾ་ཨཱཿཧཱུྃ། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །རིན་ཆེན་སྣོད་དུ་གནས་པའི་གཏོར་མ་འདི། །ལྷ་མོ་བརྟན་མ་ཤི་བྷ་དྲ་དང་། །ས་འཛིན་ལག་པ་འབྱུང་བ་སྤར་སྨེའི་བདག །ལོ་ཟླ་ཞག་དུས་ས་བདག་རྣམས་ལ་འབུལ། །རྗེ་བློན་བཅུ་དྲུག་ལོ་འཁོར་ཟླ་འཁོར་དང་། །བརྟན་མ་མགུལ་ལྷ་གཉན་ཆེན་སྡེ་བརྒྱད་དང་། །གཉན་ཆེན་བཞི་བཅུ་སྲིད་པའི་གཉན་ཆེན་ལྔ། །ཕྱོགས་བཞིའི་གཉན་དང་སྟོང་གསུམ་གཞི་ཡི་བདག །ཁྱད་པར་ཡུལ་འདིའི་གཞི་བདག་རྣམས་ལ་འབུལ། །གཞན་ཡང་ཡོན་བདག་འཁོར་བཅས་པ། །སྔོན་ཆད་གར་སོང་ད་ལྟ་གར་འདུག་གི །ས་བདག་ཡུལ་བདག་ཆེ་ཕྲ་ཐམས་ཅད་དང་། །ཕོག་ཐུག་འཁོན་འགྲས་ཞུགས་པའི་ས་བདག་དང་། །གཉན་དང་ཡུལ་ལྷ་སྡེ་བརྒྱད་རྣམས་ལ་འབུལ། །ཐམས་ཅད་མཉེས་ཤིང་རབ་ཏུ་ཚིམ་གྱུར་ཅིག །ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་དང་། ཨོཾ་འབུ་ཨ་ཏི་པ་ཏི་མ་ཧཱ་པདྨ་མ་ལེ་ཧཱུྃ་ཛཿ ཨི་དཾ་བ་ལི་གྲོ་ན་ས་ཡ་སྭཱ་ཧཱ། ཨོཾ་ཀུ་མ་ར་ཕུཏྲི་བ་འྀཏ་ཁཱ་ཧི་


CMR043_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཁཱ་ཧི། ཞེས་པས་ཐམས་ཅད་ཚིམ་པར་བསམས་ལ་བསྟོད་ཅིང་བསྔགས་ཏེ། ཧཱུྃ། ཀླུ་ཆེན་རྒྱལ་པོ་ཝ་རུ་ཎ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །དབུས་ཕྱོགས་ཀླུ་རྣམས་འདུལ་མཛད་པ། །བདུད་རྩི་བསྣམས་ལ་ཕྱག་འཚལ་བསྟོད། །ཀླུ་ཆེན་རྒྱལ་པོ་ནོར་རྒྱས་བུ། །སྐུ་མདོག་དཀར་ལ་སྐྱོན་མ་གོས། །ཤར་ཕྱོགས་ཀླུ་རྣམས་འདུལ་མཛད་པ། །སྦྲུལ་མགོ་ཅན་ལ་ཕྱག་འཚལ་བསྟོད། །ཀླུ་ཆེན་རྒྱལ་པོ་མཐའ་ཡས་ནི། །སྐུ་མདོག་སྔོན་པོ་སྦྲུལ་མགོ་ཅན། །ལྷོ་ཕྱོགས་ཀླུ་རྣམས་འདུལ་མཛད་པ། །ཡོན་ཏན་རྒྱས་ལ་ཕྱག་འཚལ་བསྟོད། །ཀླུ་ཆེན་རྒྱལ་པོ་སྟོབས་རྒྱུ་ནི། །སྐུ་མདོག་དམར་པོ་སྦྲུལ་མགོ་ཅན། །ནུབ་ཕྱོགས་ཀླུ་རྣམས་འདུལ་མཛད་པ། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ཀླུ་ཆེན་རྒྱལ་པོ་འཇོག་པོ་ནི། །སྐུ་མདོག་སེར་པོ་སྦྲུལ་མགོ་ཅན། །བྱང་ཕྱོགས་ཀླུ་རྣམས་འདུལ་མཛད་པ། །སྦྲུལ་མགོ་ཅན་ལ་ཕྱག་འཚལ་བསྟོད། །ཀླུ་ཆེན་རྒྱལ་པོ་དུང་སྐྱོང་ནི། །སྐུ་མདོག་དཀར་སེར་སྦྲུལ་མགོ་ཅན། །ཤར་ལྷོའི་ཀླུ་རྣམས་འདུལ་མཛད་པ། །དུག་རྣམས་འཇོམས་ལ་ཕྱག་འཚལ་བསྟོད། །ཀླུ་ཆེན་རྒྱལ་པོ་རིགས་ལྡན་


CMR043_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སྐུ་མདོག་དམར་ལྗང་སྦྲུལ་མགོ་ཅན། །ལྷོ་ནུབ་ཀླུ་རྣམས་འདུལ་མཛད་པ། །ནད་རྣམས་སེལ་ལ་ཕྱག་འཚལ་བསྟོད། །ཀླུ་ཆེན་རྒྱལ་པོ་པདྨ་ནི། །སྐུ་མདོག་སྔོ་སྐྱ་སྦྲུལ་མགོ་ཅན། །ནུབ་བྱང་ཀླུ་རྣམས་འདུལ་མཛད་པ། །དངོས་གྲུབ་འཕེལ་ལ་ཕྱག་འཚལ་བསྟོད། །ཀླུ་ཡི་རྒྱལ་པོ་པད་ཆེན་ནི། །སྐུ་མདོག་དཀར་སེར་སྦྲུལ་མགོ་ཅན། །བྱང་ཤར་ཀླུ་རྣམས་འདུལ་མཛད་པ། །སྐྱོན་མ་གོས་ལ་ཕྱག་འཚལ་བསྟོད། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་ཀླུ་བདུད་དང་། །ཀླུ་བཙན་མཚོ་སྨན་ལ་སོགས་པའི། །ཀླུ་རིགས་ཀུན་ལ་བདག་བསྟོད་དོ། །ལོ་ཟླ་ཞག་དུས་འབྱུང་བའི་བདག །ཡུལ་ཕྱོགས་ཀུན་ལ་གནས་པ་ཡི། །གཉན་དང་ས་བདག་ཡུལ་བདག་ཀུན། །བདག་གིས་བསྟོད་ཅིང་རབ་ཏུ་བསྔགས། །བསྟོད་དབྱངས་སྙན་ལ་སིམ་གྱུར་ཅིག །དེ་ནས་ནད་པ་དེས་ཕྱག་འཚལ་དུ་བཅུག་ཅིང་རྗེས་ཟློས་བྱ། དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྤྲིན་ཆེན་པོའི་མདོ་ལས་གསུངས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་


CMR043_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཀླུ་བྱང་ཆུབ་སེམས་དཔའ་གཡོག་མཐའ་ཡས་གཟི་བརྗིད་བཀོད་པ་གདུགས་ལྟ་བུའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །རིགས་གསུམ་གྱི་སྤྲུལ་པ་ཀླུ་དགའ་བོ་དང་འཇོག་པོ་ནོར་རྒྱས་གསུམ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ཀླུ་ཆེན་པོ་བརྒྱད་བཙུན་མོ་སྲས་དང་བཅས་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྒྱལ་རིགས་རྣམས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བློན་རིགས་རྣམས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བྲམ་ཟེའི་རིགས་རྣམས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དམངས་རིགས་རྣམས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སངས་རྒྱས་རིགས་རྣམས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མིའི་རིགས་རྣམས་ལ་ཕྱག་འཚལ་ལོ། །གཞན་ཡང་ཀླུའི་བུ་དང་ཚ་བོ་དང་བཅས་པ་རྣམས་དང་། སྤྱན་ཡ་འཁོར་གཡོག་དུ་མ་དང་བཅས་པ་རྣམས་དང་། དཔུང་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །གཉན་གྱི་རྒྱལ་པོ་བཙུན་མོ་འཁོར་གཡོག་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱོགས་བཞི་དབུས་དང་ལྔའི་ས་བདག་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡུལ་ས་མཐུ་ཆེན་རྣམས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་ནས། པུས་བཙུགས་ཐལ་མོ་སྦྱར་


CMR043_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤགས་པའི་རྗེས་ཟློས་བཅུག །ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་དང་། ཀླུ་སེམས་དཔའ་ལག་འགྲོ་ཆེན་པོ་དང་། ཡེ་ཤེས་ཀྱི་ཀླུ་བརྒྱད་དང་། འཇིག་རྟེན་འདི་ན་བཞུགས་པའི་ཀླུ་གཉན་གཟི་བྱིན་ཆེ་བའི། རྒྱལ་རིགས་བློན་རིགས་དམངས་རིགས་བྲམ་ཟེའི་རིགས་ཐམས་ཅད་དང་། གཉན་དང་ས་བདག་ཡུལ་བདག་ཐམས་ཅད་ཀྱི་སྤྱན་སྔར། །བདག་སྔགས་འཆང་ངམ་མིང་རུས་ལྷེ་ཞེས་བགྱི་བ་དང་། རྒྱུ་སྦྱོར་ཡོན་བདག་གྱི་བདག་པོ། མིང་རུས་ལྷེ། ཚེ་སྔ་མ་དང་ཡང་སྔ་དང་ཚེ་འདི་དང་དུས་གསུམ་དུ་ཀླུ་དང་ས་བདག་གི་ཐུགས་དང་འགལ་བ་བགྱིས་ན་མཐོལ་ལོ་བཤགས་སོ། །ཕ་མྱེས་ཡང་མྱེས་བདུན་རྒྱུད་ཚུན་ཆོད་ནས་ཀླུ་དང་ས་བདག་གི་ཐུགས་དང་འགལ་བ་བགྱིས་ན་མཐོལ་ལོ་བཤགས་སོ། །ཀླུའི་ཕོ་བྲང་བཤིག་པའམ། གནས་ཁང་བཅོས་པའམ། རྡོ་གཉན་སློག་པའམ། བྲག་གཉན་བཀྲལ་བའམ། ཤིང་གཉན་བཅད་པའམ། ནི་གཉན་བཀས་པའམ། ཆུ་མིག་བསུབ་པའམ། མནའ་བསྐྱལ་ལེན་བྱས་པའམ། ཐབ་གཞོབ་བྱས་པའམ། ཞིང་མུ་བཅད་པའམ། མཁར་ལས་བྱས་པའམ། གྲུ་ཟམ་བཙུགས་པའམ། ཆུ་གཉན་ཡུར་དུ་དྲང་པའམ། ཀླུའི་


CMR043_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དཀོར་ནོར་བསད་པའམ། ཀླུའི་ཐུགས་དང་འགལ་བ་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །གཟའ་སྐར་དུས་ཚེས་མི་རུང་བ་ལ་བྱ་བ་ལས་ཐབས་ཉེས་པའམ་དམག་དང་ཁྲོམ་དང་ཤིད་དང་དུར་ཉེས་པའམ། རྟ་རྒྱུག་ཉེས་སམ་ནོར་བསྲེལ་ཉེས། རི་དྭགས་བསད་དམ་ཟབ་བཏང་ངམ། རི་མེ་བཀྱེས་སམ། གཉན་དང་ས་བདག་ཡུལ་སའི་ཐུགས་དང་ཅི་འགལ་བ་ཐམས་ཅད་མཐོལ་ལོ་བཤགས་སོ། །གནོང་ངོ་འགྱོད་དོ་མི་འཆབ་བོ་མི་སྦེད་དོ། །སླན་ཆད་ཀྱང་མི་བགྱིད་པར་མ་གྱུར་ཅིག །དེ་ནས་ཀླུ་འཇིག་རྟེན་པ་རྣམས་ལ་ཆོས་བཤད་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་དཔག་མེད་བྱོས། །འོན་ཀྱང་སངས་རྒྱས་རིགས་སུ་སྐྱེས། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་


CMR043_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ས་བོན་ཚ་བ་རྣམས་ལ་ནི། །འབྲས་བུ་ཚ་བ་སྨིན་པར་འགྱུར། །ས་བོན་མོངར་བ་རྣམས་ལ་ནི། །འབྲས་བུ་མངར་བ་སྨིན་པར་གྱུར། །ཕན་པའི་འབྲས་བུ་བདེ་བ་ཆེ། །གནོད་པའི་འབྲས་བུའི་སྡུག་བསྔལ་འབྱུང་། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི༴ སོགས་ནས༔ པ་རཾ་པ་ར་ཎི་མེ་སརྦ་སཏྭཱ་ན། ཀླུ་གཉན་ས་བདག་གི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་གཟུངས་ལན་གསུམ། འོ་ཀླུ་དང་ས་བདག་ཐམས་ཅད་དགོངས་སུ་གསོལ། དེ་ལྟར་ངེད་མི་ཡི་ཉེས་པ་ཐམས་ཅད་བཤགས། ཕུད་དང་གཏོར་མས་ནི་མཆོད། རིན་པོ་ཆེ་དང་ཀླུ་སྨན་སྣ་ཚོགས་མ་བསད་པ་ནི་ཕུལ། མ་བསྐུས་པའི་ཆས་སུ་ནི་འཇལ། རྩི་དགུ་སྨན་བཅུས་ཀླུ་ནད་ཐམས་ཅད་ནི་གསོས། གཉིས་སུ་མེད་པའི་དོན་བསྒོམས་ཤིང་གཟུངས་སྔགས་ཟབ་མོས་ཁྱེད་རྣམས་ཀྱི་སྒྲིབ་པ་སྦྱངས། བཅོམ་ལྡན་འདས་ཀྱིས་བཀའ་ཚིགས་སུ་བཅད་པ་བཏོན་པས་ཁྱེད་རྣམས་ཀྱི་བསོད་ནམས་


CMR043_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྔོས་པས། ཁྱེད་ཀྱི་དགེ་བའི་སྟོང་གྲོགས་ངེད་རྣམས་ཀྱིས་བྱའོ། །ངེད་ཀྱི་དགེ་བའི་སྟོང་གྲོགས་ཁྱེད་ཀྱིས་མཛོད་ལ། བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་རྣམས་དང་ཡོན་བདག་བསྲུང་བྱ་མི་ནོར་འདི་རྣམས་ལ། ད་ཕྱིན་ཆད་གནོད་པ་མ་བྱེད་ཅིག །སྔར་བྱས་པ་ཐམས་ཅད་སོལ་ཅིག །ཀླུ་ནད་དུ་གྱུར་པ་མཛེ་དང་ཕོལ་མིག་དང་། དྲེགས་དང་ཞ་གྲུམ་དང་དམུ་ཆུ་དང་། མེ་དབལ་དང་ཤུ་བ་དང་གཡན་པ་དང་། བད་ཀན་དང་མིད་འཆུས་དང་། མཁལ་སྐེད་ཆུ་སེར་ནད་དང་། མིག་དང་དབང་པོ་མི་གསལ་བ་དང་། གོད་ཁ་དང་ནད་འཁྲུགས་དང་། ལོ་ཉེས་དང་མུ་གེ་ལ་སོགས་པ་ཀླུ་དང་ས་བདག་གི་གནོད་པ་མ་གཏོང་ཞིག །བཟུང་བ་ཐོངས་བཅིངས་པ་ཁྲོལ་བསྡམས་པ་གློད་མནན་པ་ཁྱོག །ནཱ་ག་ཤིག །ནཱ་ག་ཁྲོལ། ནཱ་ག་ཐོངས། ནཱ་ག་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་རང་ཕྱག་རྡོར་ང་རྒྱལ་བརྟན་པོས་བུམ་པ་ཐོགས་ལ་ནད་པ་ལ་ཁྲུས་བྱ་བ་ནི། སྡེར་ཞིག་ཏུ་སྤྲུལ་དང་སྦལ་པ་ཁ་དོག་སྣ་ཚོགས་སམ། ནག་པོ་གཅིག་བཞག་ལ་དེའི་སྟེང་དུ་བཀྲུ་སྟེ། ཨེ་མ། སྔགས་འཆང་དྲག་པོ་ཆེ། །ཨེ་མ་མ་རུངས་འཇིགས་པ་ན། །ཨེ་མ་ཡང་གསང་རྣལ་


CMR043_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཆེ། །ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྱོགས་བྲལ་ཁྲོ་བོ་ཁྱོད་ཕྱག་འཚལ། །ང་ནི་ཁྲོ་བོ་གོས་སྔོན་ཅན། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དབང་བསྐུར་མཆོག་ཐོབ་པ་ཡི་སྐུ། །ཇི་སྟེ་ང་ཡི་དམ་འདས་ན། །གཏོར་མ་དུག་གི་རང་བཞིན་གྱིས། །ཁྱོད་ནི་ཐལ་བ་རྡུལ་དུ་བརླག །གལ་ཏེ་དམ་ཚིག་མ་འདས་ན། །གཏོར་མ་ཡེ་ཤེས་བདུད་རྩི་ཡིས། །ཁྱོད་ཀྱི་སྒོ་གསུམ་སྒྲིབ་སྦྱངས་ནས། །ངེས་པར་ལེགས་པའི་ཡོན་ཏན་འགྲུབ། །དེ་བས་ཀླུ་གཏོར་འདི་བཞེས་ལ། །ཁྱོད་ཀྱི་སྡུག་བསྔལ་སྟོབས་ཀྱིས་ནི། །བདག་དང་ཡོན་གྱི་བདག་པོ་ལ། །ཀླུ་གཉན་ལས་གྱུར་ནད་དང་གདོན། །སྐད་ཅིག་ཙམ་གྱིས་དག་པར་མཛོད། །ཅེས་བུམ་ཆུས་བཀྲུ་ཞིང་ཀླུ་རྣམས་ཀྱི་འོད་ཟེར་དཀར་པོ་བྱུང་ནས་ནད་ཐམས་ཅད་བསིལ་སང་སང་དག་པར་ཡང་ཡང་བསྒོམས་ལ། ཧཱུྃ། རིག་སྔགས་གསང་སྔགས་ཀུན་གྱི་བདག་པོ་སྟེ། །ཡེ་ཤེས་ལྔ་ཡི་བདག་ཉིད་རྡོ་རྗེ་འཛིན། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །ཐུགས་རྗེས་འགྲོ་བ་སྐྱོབ་པའི་བྱིན་རླབས་ཀྱིས། །ལོག་རྟོག་དྲི་མ་ཐམས་ཅད་བྱང་ནས་ནི། །ཡེ་ཤེས་ཐུགས་རྗེས་རྒྱུན་དུ་སྲུང་བར་


CMR043_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨཱཿསཱ་ཧཱ། བཛྲ་པཱ་ཎི་ནཱ་ག་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཝ་རུ་ཎ་ཡེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨ་ནན་ཏ་ཡེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་སུ་ཀ་ཡེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཏཀཱ་ཀ་ཡེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཀར་ཀོ་ཏ་ཡེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་པདྨ་ཡེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་ཡེ་ཤྲིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཤི་ཀ་པ་ལ་ཡེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཀུ་ལིང་ཀ་ཡེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཀླུའི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ནད་གང་ན་བའི་དམིགས་པ་དང་། ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། བསམ་པའི་དུག་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། མཐོང་བའི་དུག་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། རེག་པའི་དུག་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཁ་རླངས་ཀྱི་དུག་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། མཆེ་བའི་དུག་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཀྲུའོ། །ཀླུ་དང་ས་བདག་ཁྱེད་རྣམས་སྔོན་གྱི་འཁོན་འགྲས་དང་གདུག་རྩུབ་ཀྱི་དབང་གིས་རྩི་སྨན་དང་གཏོར་མ་བསྔོས་ཀྱང་ད་རུང་གནོད་པ་བྱེད་ན། ཀླུ་ཁྱེད་རྣམས་ཀྱི་གླིང་མེད་པར་གྱུར། །


CMR043_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཆེ་ན་གྱུར་ཅིག་བརྗོད། འཆགས་པ་མེད་པར་གྱུར། མཚོ་མེད་པར་གྱུར། རིན་པོ་ཆེའི་ལྡིང་ཁང་མེད་པར་གྱུར། རིན་པོ་ཆེའི་བྱ་སྐྱིབས་མེད་པར་གྱུར། རྒྱལ་པོའི་སྤྱན་ལམ་དུ་མི་མངོན་པར་གྱུར། རྒྱལ་པོའི་ཆད་པས་བཅད་པར་གྱུར། སྦྲུལ་མགོའི་གདེངས་ཀ་དང་མི་ལྡན་པར་གྱུར། ཆར་གྱི་རྒྱུན་ལ་མི་དབང་བར་གྱུར། མུ་གེའི་འཇིགས་པ་འབྱུང་བར་གྱུར། མེ་ཚན་དང་ཉི་ཚན་དང་བྱེ་ཚན་གྱི་འཇིགས་པ་འབྱུང་བར་འགྱུར། འཕགས་པ་རྟ་མགྲིན་དང་སྟོབས་པོ་ཆེ་དང་། ནམ་མཁའ་ལྡིང་གསེར་མིག་གི་འཇིགས་པ་འབྱུང་བར་གྱུར། དེ་བས་དཀོན་མཆོག་གསུམ་གྱི་བཀའ་མ་བཅག །བདག་གིས་སྦྱིན་པ་ཆུད་མ་གསན། རྡོ་རྗེ་འཛིན་པའི་བཀའ་སྤྱི་བོར་མནོས་ལ། ཀླུ་གཉན་ས་བདག་ལས་གྱུར་པའི་ནད་གདོན་གནོད་པ་ཐམས་ཅད་སོལ་ཅིག །ཕྱིར་ཕྱུངས་ཤིག །རང་དུག་རང་གིས་ཕྱུངས་ཤིག །བསམ་པ་ངན་པ་ཤིག་ཅིག །ལག་རྒྱུ་ངན་པ་ཁྲོལ་ཅིག །ཧཱུྃ་ནཱ་ག་རཱ་ཙ་ས་མ་ཡ་ཛཿ ཤིག་ཤིག་ཁྲོལ་ཁྲོལ། ཆོད་ཆོད་བྱད་ཁྲོལ། ནཱ་ག་རཱ་ཙ་བྱད་ཁྲོལ་ཁྲོལ། ཞེས་ཚོན་སྐུད་གྲིས་བཅད་ལ་ཁྲུས་ཆུ་ནང་དུ་བཞག་གོ །སྤྱི་ལ་དེས་ཆོག །ཧཱུྃ། ཀླུ་ཡི་རྒྱལ་པོ་


CMR043_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་ཉོན་དང་། །ཀླུ་ཆེན་བརྒྱད་པོ་ཚུར་ཉོན་དང་། །རིགས་བཞི་ཀླུ་རྣམས་ཚུར་ཉོན་དང་། །གཉན་དང་ས་བདག་ཚུར་ཉོན་དང་། །ང་ནི་ཕྱག་ན་རྡོ་རྗེ་ཡིན། །སྤུ་གདུག་མཛེས་བྱེད་རྨ་བྱའི་སྒྲོ། །ནད་རྣམས་འབྱིན་པའི་སྨན་ཡིན་ཏེ། །ཀླུ་དང་གཉན་དང་ས་བདག་གི །ནད་གདོན་གནོད་པ་ཕྱིར་ཕྱུངས་ཤིག །རྒྱལ་རིགས་ཀླུ་ཡི་གདུག་རྩུབ་ནི། །ལྕི་ཞིང་འཐིབས་ནས་ན་བ་སྟེ། །རྩ་ཡི་ནད་རྣམས་ཕྱིར་ཕྱུངས་ཤིག །ཚ་བའི་གཟེར་རྣམས་ཕྱིར་ཕྱུངས་ཤིག །རྗེ་རིགས་ཀླུ་ཡི་གདུག་རྩུབ་ནི། །དྲོ་ཞིང་ཚ་བས་ན་བ་སྟེ། །མེ་ཡི་དུག་གཟེར་ཕྱིར་ཕྱུངས་ཤིག །བྲམ་ཟེའི་རིགས་ཀྱི་གདུག་རྩུབ་ནི། །གྲང་ཞིང་བསིལ་བས་ན་བ་སྟེ། །ཆུ་ཡི་དུག་གཟེར་ཕྱིར་ཕྱུངས་ཤིག །དམངས་རིགས་ཀླུ་ཡི་གདུག་རྩུབ་ནི། །ཡང་ཞིང་གཡེང་བས་ན་བ་སྟེ། །རླུང་གི་དུག་གཟེར་ཕྱིར་ཕྱུངས་ཤིག །བད་ཀན་ནད་གཞི་སློང་བྱེད་པའི། །ས་བདག་ནད་རྣམས་ཕྱིར་ཕྱུངས་ཤིག །ཁྱུ་འདུས་པའི་ནད་གཞི་སློང་བྱེད་པའི། །ས་སྲིན་གདུག་པ་ཕྱིར་ཕྱུངས་ཤིག །སྔར་བྱས་དུག་གཟེར་ཕྱིར་ཕྱུངས་ཤིག །ཕྱི་བྱེད་དུག་གཟེར་ཕྱིར་ཕྱུངས་ཤིག །མཐོང་བའི་དུག་


CMR043_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཕྱིར་ཕྱུངས་ཤིག །རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག །སྦྱོར་བའི་དུག་རྣམས་ཕྱིར་ཕྱུངས་ཤིག །ལྟ་བའི་དུག་རྣམས་ཕྱིར་ཕྱུངས་ཤིག །མཆེ་བའི་དུག་རྣམས་ཕྱིར་ཕྱུངས་ཤིག །སྲིད་པའི་དུག་རྣམས་ཕྱིར་ཕྱུངས་ཤིག །ཀླུ་ཡི་ནད་རྣམས་ཕྱིར་ཕྱུངས་ཤིག །གཉན་གྱི་ནད་རྣམས་ཕྱིར་ཕྱུངས་ཤིག །ས་བདག་ནད་རྣམས་ཕྱིར་ཕྱུངས་ཤིག །ས་སྲིན་ནད་རྣམས་ཕྱིར་ཕྱུངས་ཤིག །རིམས་ཡམས་ནད་རྣམས་ཕྱིར་ཕྱུངས་ཤིག །ཤ་ཡི་ནད་རྣམས་ཕྱིར་ཕྱུངས་ཤིག །ཁྲག་གི་ནད་རྣམས་ཕྱིར་ཕྱུངས་ཤིག །རུས་པའི་ནད་རྣམས་ཕྱིར་ཕྱུངས་ཤིག །རྩ་རྒྱུད་ནད་རྣམས་ཕྱིར་ཕྱུངས་ཤིག །སྨྱོ་འབོག་ནད་རྣམས་ཕྱིར་ཕྱུངས་ཤིག །ནད་གང་ན་བའི་མིང་བརྗོད་ལ། ནད་རྣམས་ཐམས་ཅད་ཕྱིར་ཕྱུངས་ཤིག །ཅེས་རྨ་བྱས་བྱབ་ཅིག །ནད་གཟེར་ཐམས་ཅད་འདོན་བྱེད་པའི། །ཀླུ་རྣམས་ཀུན་ལ་ཕྱག་འཚལ་ལོ། །སྦྲུལ་དང་སྦལ་པ་ལྟ་བུ་འདི་ལ་ཐོན། །ཉ་དང་ལྕང་མོ་ལྟ་བུ་འདི་ལ་ཐོན། །རྟ་དང་ཆུ་གླང་ལྟ་བུ་འདི་ལ་ཐོན། །ཆུ་ལུག་ཆུ་འབྲི་ལྟ་བུ་འདི་ལ་ཐོན། །རྩངས་པ་སྡིག་པ་ལྟ་བུ་འདི་ལ་ཐོན། །ཨོཾ་བཛྲ་པཱ་ཎི་སརྦ་ནཱ་ག་ཨ་པ་ན་ཡེ་སྭཱ་ཧཱ། དེ་ནས་དམ་བསྒྲག་པ་


CMR043_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཀླུ་རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས་དམངས་རིགས་གདོལ་པའི་རིགས། ཀླུ་བསེན་ཀླུ་འབྲོག་གཉན་དང་ས་བདག་ཡུལ་ལྷ་རྣམས་ལ་བལྟ་བའི་སྤྱན་ཉན་པའི་རྣ་བ་མངའ། །བསམ་པའི་སེམས་མངའ་ན། ཁྱེད་རྣམས་སྲོག་གི་སྙིང་པོ་ཡོད་མེད། དུས་གསུམ་རྒྱལ་བའི་ཞལ་མཐོང་ངམ་མ་མཐོང་། ཆོས་ཉིད་སྐྱེ་བ་མེད་པའི་དམ་ཚིག་ལ་གནས་སམ་མི་གནས། དཀྱིལ་འཁོར་གཉེན་པོའི་ཞལ་མཐོང་ངམ་མ་མཐོང་། རྡོ་རྗེ་སློབ་དཔོན་རྗེས་སུ་དྲན་ནམ་མ་དྲན། ང་རྡོ་རྗེ་བཀའ་ཆེན་བསྐྱོད་པའི་བཀའ་འོག་ཏུ་མ་ཆུད་པ་གང་ཡང་མེད་དོ། །རྡོ་རྗེ་བཀའ་ཆེན་གྱི་བཀའ་ལས་མ་འདའ་ཞིག །རྡོ་རྗེ་དྲག་ཆེན་གྱི་དམ་འོག་ཏུ་མ་ཚུད་པ་གང་ཡང་མེད་དོ། །རྡོ་རྗེ་གསུང་ཆེན་གྱི་དམ་ལས་མ་འདའ་ཞིག །བཀའ་ལས་འདས་ན་འཇིགས། བཀའ་ལས་འདས་ན་ཚིག །བཀའ་ལས་འདས་ན་རང་ཤ་རང་གིས་ཟ་བ་དང་། འཛམ་བུའི་གླིང་བཞི་བདུད་དུ་བབ་པ་དང་། དུས་གསུམ་སངས་རྒྱས་གཤེད་དུ་ལྡང་བ་དང་། ས་བོན་མེས་ཚིག་པའི་རང་བཞིན་ཅན་དུ་འགྱུར་བ་དང་། ལུས་ལ་མཛེ་དང་ཕོལ་མིག་གིས་འདེབས་པ་དང་། མེ་ཚན་དང་བྱེ་ཚན་གྱི་ཆར་འབབ་པ་


CMR043_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཁྲོ་བོ་ཡཀྵ་མེ་དབལ་གྱིས་སྙིང་ཁྲག་འདྲེན་པ་དང་། བྱ་ཁྱུང་ག་རུ་ཊས་གཟན་དུ་འགྱུར་ནས། རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཏ་རེ། དེ་བས་ཕྱག་ན་རྡོ་རྗེའི་བཀའ་ལས་མ་འདའ་ཞིག །རིགས་ཀྱི་བུ་ཉོན་ཅིག །ཉི་མ་དང་ཟླ་བ་ནི་ས་ལ་ལྷུང་ཡང་སྲིད་དོ། །ཆུ་བོ་ནི་རྒྱུན་ཆད་ཀྱང་སྲིད་དོ། །རླུང་ནི་ཞགས་པས་བཟུང་ཡང་སྲིད་དོ། །དེ་བཞིན་གཤེགས་པའི་བཀའ་ནི་གཞན་དུ་འགྱུར་བ་མི་སྲིད་པས། ང་ནི་སངས་རྒྱས་ཀྱི་བཀའ་ཡིན་ནོ། །ཆོས་ཀྱི་བཀའ་ཡིན་ནོ། །དགེ་འདུན་གྱི་བཀའ་ཡིན་ནོ། །ཅི་ལྕོགས་ཅི་ལྕོགས་ཀྱང་དཀོན་མཆོག་གསུམ་བཀའ་མ་བཅག་ཅིག །རིགས་ཅན་ཁྱོད་ཀྱིས་ངའི་བཀའ་མ་བཅག་ཅིག །བདེན་པ་ཉོན་ལ་དམ་ཚིག་སྲུངས་ཤིག །མཆོད་པ་དང་གཏོར་མ་འདི་བཞེས་ལ། ད་ཕྱིན་ཆད་གནོད་འཚེ་གདུག་སེམས་མ་བྱེད་ཅིག །བྱམས་པ་དང་ཕན་པའི་སེམས་ཀྱིས་སྟོང་གྲོགས་གྱིས་ཤིག །སེམས་ཞི་བའི་ངང་ལ་གནས་གྱུར་ཅིག །ཨོཾ་བཛྲ་པཱ་ཎི་སརྦ་ནཱ་ག་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དེ་ནས་འཁྲུགས་བསྡུམ་བྱ་བ་ནི། ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །ཀླུ་རྒྱལ་གཙུག་ན་རིན་ཆེན་དང་། །བྱ་ཁྱུང་རྒྱལ་པོ་


CMR043_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་མིག་གཉིས། །སྒོ་ང་བརྐུས་པས་འཁྲུག་པ་ཤོར། །བཅོམ་ལྡན་འདས་ཀྱིས་འཇལ་དུམ་མཛད། །ཀླུ་ཡི་ནོར་བུ་ཁྱུང་ལ་འཇལ། །དེ་བཞིན་བདག་དང་ཡོན་བདག་རྣམས། །ཀླུ་དང་འཁོན་འགྲས་མཆིས་ན་ཡང་། །ཤིང་རྩི་ཀླུ་སྨན་མཆོད་པ་འབུལ། །སྔོན་ཚེ་རྒྱལ་པོ་ཨ་ཤྭ་དང་། །ཀླུ་ནི་ཀཾ་ཀ་ཏུ་ར་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ། །སྲིད་པའི་ཀླུ་གླང་བཙན་བཙུན་དང་། །མཁའ་ལྡིང་ཐོགས་མེད་འཇིགས་བྱེད་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ། །ཀླུ་རྒྱལ་དུང་གཙུག་བྱ་བ་དང་། །ག་རུ་ཌ་སྟེ་གསེར་མིག་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ། །རྒྱ་ཡི་རྒྱལ་པོ་མ་ཏ་དང་། །ཀླུ་ནི་འཛམ་གླིང་བསྟན་པ་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ། །རྒྱལ་པོ་དར་མ་ཨ་ཤྭ་དང་། །ཀླུ་ནི་སྲིད་པའི་ཁང་བསྟན་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ། །སྔོན་གྱི་སྲིད་པ་དེ་བཞིན་དུ། །བདག་ཅག་སློབ་དཔོན་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས། །ཀླུ་རྒྱལ་བརྒྱད་པོ་འཁོར་བཅས་དང་། །རིགས་བཞིའི་ཀླུ་རིགས་ཐམས་ཅད་དང་། །ཀླུ་བདུད་ཀླུ་བཙན་གཉན་རིགས་དང་། །ས་བདག་ཡུལ་


CMR043_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཐམས་ཅད་དང་། །ཡུལ་འདིའི་ས་བདག་ཀླུ་གཉན་དང་། །འཁོན་ཡང་དེ་ནི་མི་འཁོན་ལ། །གལ་ཏེ་འཁོན་འགྲས་མཆིས་ན་ཡང་། །འཁོན་པ་ཡོད་ན་དེ་རིང་བསྡུམ། །འགྲས་པ་ཡོད་ན་དེ་རིང་སྦྱོངས། །ནད་གསོ་སྨན་དང་གཏོར་མ་དང་། །ཤིང་རྩི་སྣ་ཚོགས་ཆས་སུ་འཇལ། །བདུད་རྩི་སྨན་གྱིས་མཉེས་པར་མཛོད། །གཏོར་མ་ཟས་ཀྱིས་མགུ་བར་གྱིས། །ཤུག་པ་གཡུ་ཡི་སྡོང་བུ་དང་། །སུར་དཀར་སྨན་གྱི་སྡོང་བུ་དང་། །ཀླུ་ཤིང་འོམ་བུ་བདུད་རྩི་ཅན། །སྟག་པ་གསེར་གྱི་སྡོང་བུ་དང་། །སྤྲིན་མ་དངོས་གྲུབ་གཡུང་དྲུང་ཤིང་། །ཉ་བྲིད་སྡོང་བུ་བདུད་རྩིའི་ཤིང་། །མཁན་དཀར་ལྕང་མ་དབྱར་པ་དང་། །སྐྱེར་པ་སེ་བ་སིལ་ཤིང་རྣམས། །འབྱུང་བ་ལྔ་ལས་སྐྱེས་པའི་ཕྱིར། །ཀླུ་ཡི་དུག་ལྔའི་ནད་རྣམས་ཞི། །སྡོང་བུ་རྒྱས་པས་ཀླུ་ཡི་གདུག་པ་ཞི། །དྲི་ངད་ལྡན་པས་ས་བདག་ཀླུ་གཉན་ཚིམ། །མེ་ཏོག་སྐྱེས་པས་ས་བདག་ཀླུ་གཉན་མཉེས། །ཤུག་པས་དངོས་གྲུབ་གསོས་རྣམས་འབྱུང་། །ཐམས་ཅད་ཀུན་ལ་ཕན་ཕྱིར་འབྲས་བུ་རྒྱས། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །ཀླུ་གཉན་ས་བདག་བཞུགས་གནས་སུ། །དཔག་


CMR043_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ལྗོན་ཤིང་ཙནྡན་ནགས། །སྨན་གྱི་སྡོང་བུ་འཁྲུངས་པར་ཤོག །མེ་ཏོག་སྣ་ཚོགས་ཕུལ་བ་ཡིས། །ཀླུ་གཉན་ས་བདག་བཞུགས་གནས་སུ། །ཨུཏྤལ་ནགས་ཚལ་པདྨའི་ཚལ། །མེ་ཏོག་གླིང་རྣམས་འཁྲུངས་པར་ཤོག །དར་ཚོན་སྣ་ཚོགས་ཕུལ་བ་ཡིས། །ཀླུ་གཉན་ས་བདག་ཐམས་ཅད་ལ། །ཡོལ་བ་བླ་བྲེ་ལྡ་ལྡི་འཕན། །སྟོད་གཡོགས་སྨད་དཀྲིས་དར་འཕྱང་སོགས། །སྣ་ཚོགས་ན་བཟའི་ལོངས་སྤྱོད་ཤོག །བལ་ཚོན་སྣ་ཚོགས་ཕུལ་བ་ཡིས། །རིན་ཆེན་སྣ་ལྔའི་སྤྲིན་དཔུང་ལ། །དགོས་འདོད་ཆར་ལྟར་འབེབས་པར་ཤོག །ཀླུ་གཟུགས་ཆུ་གནས་སྣ་ཚོགས་ཀྱི། །གཟུགས་བརྙན་སྣ་ཚོགས་འདི་ཕུལ་བས། །ཀླུ་ཡི་བུ་དང་བུ་མོ་དང་། །དཀོར་ནོར་བསད་པ་བྱང་གྱུར་ཅིག །ཤེལ་ཚིགས་འབྲས་ཡོས་ཕུལ་བ་ཡིས། །ཀླུ་གཉན་ས་བདག་མངའ་རིས་སུ། །རྟ་དྲེལ་བོང་བུ་འབྲི་གཡག་དང་། །མཛོ་དང་མཛོ་མོ་བ་དང་གླང་། །དཀོར་ནོར་བརྒྱ་སྟོང་ཁྲི་འབུམ་སོགས། །མཁོ་བའི་ལོངས་སྤྱོད་འབྱུང་བར་ཤོག །ཉི་མ་དེ་རིང་ཕྱིན་ཆད་ནས། །ཀླུ་གཉན་ས་བདག་ཐམས་ཅད་དང་། །བདག་ཅག་ཡོན་མཆོད་འཁོར་བཅས་


CMR043_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཤག་རོགས་ཡིན་ནོ་མནའ་ཐོ་བཅད། །དཔང་པོར་ཕྱག་ན་རྡོ་རྗེ་བཞུགས། །དེ་བས་དེ་རིང་ཕྱིན་ཆད་ནས། །ཁ་འཛིན་སྟོང་གྲོགས་མགོན་སྐྱབས་མཛོད། །ངེད་རྣམས་མངོན་ཤེས་མི་ལྡན་པས། །མ་རིག་མི་ཤེས་དབང་གིས་ནི། །གལ་ཏེ་ཁྱེད་ལ་འགལ་བྱུང་ན། །ཁྱེད་ཀྱིས་བཟོད་པ་དང་དུ་བཞེས། །ངེད་ཀྱང་ཁྱེད་ལ་དུས་སུ་མཆོད། །ཤག་རོགས་དམ་ཚིག་མ་བརྗེད་པར། །རྟག་ཏུ་ཕན་སེམས་ལྡན་པར་མཛོད། །ཨོཾ་བཛྲ་པཱ་ཎི་སརྦ་ནཱ་ག་མ་མ་ས་མ་ཡ་བག་སི་ཧཱུྃ། དེ་ནས་ཀླུ་ལ་སྨོན་ལམ་བཏབ་པ་ནི། དཀོན་མཆོག་གསུམ་གྱི་ཆེ་བའི་བྱིན་རླབས་དང་། ཕྱག་ན་རྡོ་རྗེའི་བཀའ་དང་། ཆོས་དབྱིངས་རྣམ་པར་དག་པའི་བྱིན་རླབས་དང་། རིག་སྔགས་དང་གསང་སྔགས་ཀྱི་མཐུ་དང་། ལྷ་དང་དྲང་སྲོང་གི་བདེན་པ་དང་། སྔགས་དང་ཕྱག་རྒྱུའི་མཐུ་དང་བདེན་པའི་བྱིན་རླབས་ཀྱིས། མཆོད་སྦྱིན་གྱི་གཏོར་མ་འདི། ཀླུའི་གནས་དང་གླིང་དུ་གྱུར་ཅིག །འཆགས་པར་གྱུར་ཅིག །སྐྱེད་མོས་ཚལ་དུ་གྱུར་ཅིག །རིན་པོ་ཆེའི་ལྡིང་ཁང་དུ་གྱུར་ཅིག །ཀླུ་བྱེ་ཚན་གྱིས་འཇིགས་པ་དང་། །མེ་ཚན་གྱིས་འཇིགས་པ་དང་། ཤ་རུལ་གྱིས་འཇིགས་


CMR043_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཚ་བ་བྱེ་ཏུམ་ལྕགས་ཀྱིས་འཇིགས་པ་དང་། ཀླུ་རྣམས་འཇིགས་པ་བཞི་དང་བྲལ་བར་གྱུར་ཅིག །ཀླུའི་སྐྱབས་དང་ལྡན་གྱུར་ཅིག །ཀླུའི་གནས་ཁང་དང་ལྡན་པར་གྱུར་ཅིག །ཀླུ་ཞ་བོ་དང་གྲུམ་པོ་དང་འཕྱེའོ་དང་སྐྲུན་ཅན་དང་། ཀླུ་དེ་རྣམས་ཀྱི་ནད་དང་བྲལ་བར་གྱུར་ཅིག །ཀླུ་ཐམས་ཅད་ཀྱི་སྨན་ནཱ་ག་པུ་དང་། ནཱ་ག་གེ་སར་དང་། ཛཱ་ཏི་ཕ་ལ་དང་། རྒྱ་མཚོའི་ལྦུ་བ་དང་། ནོར་བུ་སྤུ་དགུ་དང་། དབང་པོ་ལག་པ་དང་། ཆུ་སྲིན་གྱི་སེན་མོ་དང་། པུ་ཤེལ་ཙེ་དང་། བུ་རམ་དང་སྦྲང་རྩི་དང་ཀ་ར་དང་སྟར་བུ་དང་། རྒུན་འབྲུམ་དང་ཞོ་དང་འོ་མ་དང་རིན་པོ་ཆེ་སྣ་ལྔ་དང་འབྲུ་སྣ་ལྔ་ལ་སོགས་ཏེ། ཀླུ་ནད་པ་ཐམས་ཅད་ལ་སྨན་གྱི་ཆར་ཆེན་པོ་འབབ་པར་གྱུར་ཅིག །ཀླུ་བཀྲེས་པར་ཟས་དང་། ཕོངས་པར་ནོར་དང་། རྨོངས་པར་བུ་དང་། བསོད་ནམས་ལོངས་སྤྱོད་རྒྱ་ཆེན་པོ་ཕུན་སུམ་ཚོགས་པར་གྱུར་ཅིག །གཞན་ཡང་རྒྱལ་པོའི་སྤྱན་ལམ་དུ་མངོན་པར་གྱུར་ཅིག །སྦྲུལ་མགོའི་གདེངས་ཀ་དང་ལྡན་པར་གྱུར་ཅིག །ཆར་གྱི་རྒྱུན་ལ་དབང་བར་གྱུར་ཅིག །མུ་གེའི་འཇིགས་པ་མི་འབྱུང་བར་གྱུར་ཅིག །ཉི་ཚན་དང་བྱེ་


CMR043_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་དང་། ཆུ་ཚན་གྱི་འཇིགས་པ་མི་འབྱུང་བར་གྱུར་ཅིག །འཕགས་པ་སྟོབས་པོ་ཆེ་དང་རྟ་མགྲིན་དང་ནམ་མཁའ་ལྡིང་གི་འཇིགས་པ་ལས་ཐར་བར་གྱུར་ཅིག །གཏོར་མ་འདི་ཀླུ་སྨན་སྣ་ཚོགས་སུ་བྱིན་གྱིས་བརླབས་ཏེ་ཕུལ་བས། ཀླུ་སྣོད་པ་དང་ཁྲག་སྐམ་པ་དང་མིག་ལོང་བ་དང་རྣ་བ་འོན་པ་དང་། དབུགས་མི་བདེ་བ་དང་། གློ་བ་ན་བ་དང་། སྙིང་ན་བ་དང་སེམས་མི་གསལ་བ་དང་། ལྷུ་ཚིགས་སྣད་པ་ཞ་གྲུམ་དང་། རྩ་རྒྱུས་ཆད་པ་དང་སྐམ་པ་དང་འཛུམ་པ་དང་། ཚེམས་སྣད་པ་དང་ཉམས་པ་དང་། ཡན་ལག་སྣད་པ་དང་ཆད་པ་དང་ཞབས་ཀྱི་སོར་མོ་སྣོད་པ་དེ་ཐམས་ཅད་སོས་ཤིང་བྱང་བར་གྱུར་ཅིག །ཀླུ་ཤུ་བ་དང་གཡན་པ་དང་བས་ལྡག་དང་སྐམ་པོ་དང་། ལྔ་བ་དང་རྐང་ནད་དང་རྡོ་དང་། དྲི་མི་ཞིམ་པའི་ནད་ཐམས་ཅད་སོས་ཤིང་བྱང་བར་གྱུར་ཅིག །ཀླུ་རྣམས་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་ནས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་གཏན་ནས་བྱུང་ཞིང་། ཚད་མེད་བཞི་དང་དགེ་བ་བཅུ་རྗེས་སུ་དྲན་ནས། འཁོར་བ་དང་ངན་སོང་གི་རྒྱུད་དག་སྟེ། མཐོ་རིས་དང་ཐར་པའི་གོ་འཕང་ཐོབ་པར་གྱུར་ཅིག །ཀླུ་རྣམས་ངན་སོང་གནས་ནས་གཏན་ནས་


CMR043_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བར་གྱུར་ཅིག །ཀླུ་རྣམས་ཀྱི་གནས་སུ་པདྨའི་སྡོང་པོ་དཔག་ཏུ་མེད་པ་འཁྲུངས་ནས་གནས་དང་བསིལ་གྲིབ་ཏུ་གྱུར་ཅིག །ཀླུ་རྣམས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག །གཟུངས་དང་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཅིག །ཀླུའི་རྒྱལ་པོ་རྔ་སྒྲའི་སྐྱེས་རབས་ལྟར། ཀླུ་ཁྱེད་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་འཚང་རྒྱ་བར་གྱུར་ཅིག །དེ་ལྟར་བདག་གིས་སྨོན་ལམ་ཕུལ་ནས་བདག་ཀྱང་ལོངས་སྤྱོད་ལྔ་དང་ལྡན་པར་གྱུར་ཅིག །བདག་ཀྱང་མི་ཚེ་ལ་དགེ་བ་བཅུ་སྤྱོད་པ་དང་། ཚེ་རིང་བ་དང་ནད་མེད་པ་དང་། འཁོར་སློབ་མངའ་ཐང་རྒྱས་པ་དང་། བཙན་ཕྱུག་དཔལ་འབྱོར་དང་ལྡན་པར་གྱུར་ཅིག །བདག་གི་བསོད་ནམས་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་གདག་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །དེ་ནས་གཡང་བླང་བ་ནི། ཧཱུྃ། ཤར་ཕྱོགས་དུང་རི་དུང་གླིང་ནས། །ཀླུ་མི་མགོན་དཀར་པོ་དངོས་


CMR043_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཅན། །ཀླུ་སྨོན་མཆོད་པ་འདི་བཞེས་ལ། །དངོས་གྲུབ་ཕྱྭ་དང་གཡང་དུ་ཁུག །ལྷོ་ཕྱོགས་རྒྱ་མཚོ་ཆུ་གླིང་ནས། །ཀླུ་གཙུག་ན་རིན་ཆེན་དངོས་གྲུབ་ཅན། །ཀླུ་སྨན་མཆོད་པ་འདི་བཞེས་ལ། །ནོར་གཡང་དངོས་གྲུབ་བསྩལ་དུ་གསོལ། །ནུབ་ཕྱོགས་རྫ་རི་རྫ་བྲག་ནས། །ཀླུ་པདྨ་རིགས་འབྱུང་དངོས་གྲུབ་ཅན། །ཀླུ་སྨན་མཆོད་པ་འདི་བཞེས་ལ། །ཆུས་སྲིད་དབང་ཐང་དངོས་གྲུབ་སྩོལ། །བྱང་ཕྱོགས་བྲག་རི་ཆུ་གླིང་ནས། །ཀླུ་རིན་ཆེན་དོན་གྲུབ་དངོས་གྲུབ་ཅན། །ཀླུ་སྨན་མཆོད་པ་འདི་བཞེས་ལ། །མི་འཕེལ་རྟ་བྲག་དངོས་གྲུབ་སྩོལ། །ཤར་ཕྱོགས་ཀླུ་ཆེན་ཀུན་དགའ་ནི། །སེར་མོ་གསེར་གྱི་ལྡེ་མིག་བསྣམས། །ཀླུ་སྨན་མཆོད་པ་འདི་བཞེས་ལ། །ཀླུ་ནད་ཀུན་གྱི་སྒོ་སྡོམས་ལ། །ཀླུ་ཡི་དངོས་གྲུབ་གཡང་སྒོ་ཕྱེས། །ལྷོ་ཕྱོགས་ཀླུ་ཆེན་ཁྱབ་འཇུག་ནི། །གཡུ་མདོག་གཡུ་ཡི་ལྡེ་མིག་བསྣམས། །ཀླུ་སྨན་མཆོད་པ་འདི་བཞེས་ལ། །ཀླུ་ནད་ཀུན་གྱི་སྒོ་རྣམས་སྡོམས། །ཀླུ་ཡི་དངོས་གྲུབ་གཡང་སྒོ་ཕྱེས། །ནུབ་ཕྱོགས་ཀླུ་ཆེན་ཀུན་དགའ་ནི། །ཟངས་མདོག་ཟངས་ཀྱི་ལྡེ་མིག་བསྣམས། །ཀླུ་སྨན་མཆོད་པ་འདི་བཞེས་ལ། །


CMR043_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ནད་ཀུན་གྱི་སྒོ་རྣམས་སྡོམས། །ཀླུ་ཡི་དངོས་གྲུབ་གཡང་སྒོ་ཕྱེས། །བྱང་ཕྱོགས་ཀླུ་ཆེན་འབར་བ་ནི། །དར་ལྗང་ཤེལ་གྱི་ལྡེ་མིག་བསྣམས། །ཀླུ་སྨན་མཆོད་པ་འདི་བཞེས་ལ། །ཀླུ་ནད་གདུག་རྩུབ་སྒོ་འདི་སྡོམས། །ཀླུ་ཡི་དངོས་གྲུབ་གཡང་སྒོ་ཕྱེས། །ཕུན་སུམ་ཚོགས་པའི་གཡང་སྒོ་ཕྱེས། །ཀླུ་ཡི་འཕེན་གཡང་ཕྱུག་གཡང་དང་། །ཀླུ་ཡི་དར་གཡེང་བཙན་གཡང་དང་། །ཀླུ་ཡི་མཐུ་སྟོབས་གཟི་བརྗིད་དང་། །ཀླུ་ཡི་དངོས་གྲུབ་བདེ་སྐྱིད་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གཡང་གི་དངོས་གྲུབ་བརྟན་གྱུར་ཅིག །ནཱ་ག་རཱ་ཙ་སི་ཏི་ཧཱུྃ། དེ་ནས་ཀླུ་ཡི་བཀྲ་ཤིས་བརྗོད། ཨོཾ། ཀླུ་ཡི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས། །ཀླུ་རྣམས་ཐམས་ཅད་དར་ཞིང་རྒྱས་མཛད་པ། །བསོད་ནམས་ཐུགས་རྗེས་རྫུ་འཕྲུལ་དཔག་མེད་པའི། །ཀླུ་གཉན་ས་བདག་རྣམས་ལ་བཀྲ་ཤིས་ཤོག །ཀླུ་ཆེན་བརྒྱད་ཀྱི་དངོས་གྲུབ་ཚོགས་ཀྱིས་མཆོད། །དངོས་གྲུབ་ཆར་ལྟར་འབབ་པའི་བཀྲ་ཤིས་ཤོག །ཀླུ་རྣམས་འཕེལ་ཞིང་ལོངས་སྤྱོད་ནོར་འཕེལ་བའི། །ཀླུ་གཡང་བཀྲ་ཤིས་མི་ལ་འབབ་པར་ཤོག །ཀླུ་རྣམས་ཆུས་སྲིད་དབང་ཐང་ཆེ་ན་


CMR043_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །དེང་འདིར་བཀྲ་ཤིས་བདག་ལ་འགྲུབ་པར་ཤོག །ཀླུ་ཡི་བསོད་ནམས་རྫུ་འཕྲུལ་བསམ་མི་ཁྱབ། །ཀླུ་ཡི་དབང་དང་དངོས་གྲུབ་བསམ་མི་ཁྱབ། །ཀླུ་ཡི་སྨོན་ལམ་བཀྲ་ཤིས་བསམ་མི་ཁྱབ། །དེང་འདིར་བཀྲ་ཤིས་མྱུར་དུ་འགྲུབ་པར་ཤོག །ནཱ་ག་རྭ་ཙ་མངྒ་ལཾ་སྭ་ཏི་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ། དེ་ནས་འོ་མའི་ནང་དུ་ཡུངས་ཀར་ཅུང་ཟད་བླུགས་ཀླུ་སྨན་བཏབ་པ་ལ། །ཨོཾ་སུ་པྲ་ཏེ་བཛྲ་དུནེ་མི་ལི་མི་ལི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ཁ་རླངས་མ་སོང་བར་ཕུས་བཏབ་ལ་སྣོད་གཙང་མར་བླུགས་པ་དང་། ཤེལ་ཚིགས་དང་ཤིང་རྩི་དང་། གཏོར་མ་རྣམས་བུ་ཚ་གཙང་མ་དམེ་རྨུགས་ནལ་གྲིབ་ཀྱིས་མ་གོས་པ་ལག་པ་བཀྲུས་པས་བཀྱག་ལ། ད་འདི་རྣམས་བདག་གིས་ནས་གཏོར་རོལ་མོ་བྱས་དུས་ཁྱེར་སོང་ལ། མཚོའམ་ཆུ་ཆེན་ཡོད་ན། གཟུགས་བརྙན་གཏོར་མ་ཐམས་ཅད་མཚོའམ་ཆུ་ནང་དུ་ཕུལ། གླང་བུ་དང་བུམ་པ་བྱེ་མ་ནང་དུ་སྦོས་ལ། །ཤིང་རྩི་མཚོ་འགྲམ་དུ་ཚུགས། ཤེལ་ཚིགས་གཏོར། འོ་མ་ཤིང་ལོ་གཙང་མས་མཚོ་དང་སྐམ་པ་ཀུན་ལ་གཏོར།། ༈ ཡང་ཆུ་མིག་ཡིན་ན་གཟུགས་བརྙན་གཏོར་མ་ཆུ་མིག་ནང་དུ་སྦོས་ལ། བྱ་ཁྱིས་མ་ཁྱེར་བར་ཤིང་ལོས་ཁོབ། འོ་མ་ཤེལ་ཚིགས་གཏོར། ཤིང་རྩི་བཙུགས། ཞིང་མུ་བཅད་པའམ་རི་གཉན་ནམ་ཤིང་གཉན་བཅད་དམ། ཕོག་ཐུག་གར་བྱུང་སར་བུམ་པ་གླང་བུ་སྦས། འོ་མ་ཤེལ་ཚིགས་གཏོར། གཏོར་མ་གཟུགས་བརྙན་ནམ་ཤིང་


CMR043_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་ངམ་བྲག་རྩ་ས་ཕུག་སོགས་སུ་སྦོས་ལ་བྱ་ཁྱིས་མི་ཁྱེར་བར་གྱིས། ཡར་འགྲོ་དུས་ཡང་ཕྱི་བལྟས་མ་བྱེད་ལ། ཚུར་འོང་དུས་ཕྱི་བལྟས་མི་བྱེད་པ་གལ་ཆེ། གཏོར་མ་ལ་ཁ་རླངས་མ་ཕོག་པ་གྱིས་ཞེས་བརྗོད་ལ། དེ་ནས་ཀླུ་ཐམས་ཅད་དགའ་ཞིང་མགུ་ནས་རང་རང་གི་གནས་སུ་བྱོན་གྲབ་བྱེད་པར་བསྒོམ་ཞིང་འདི་སྐད་དོ།། ཧཱུྃ། ཀླུ་གཉན་ས་བདག་ཐམས་ཅད་ཀུན། །རྒྱ་མཚོ་ཆེན་པོ་ལ་སོགས་ནས། །འགྲོ་བའི་དོན་ལ་འདིར་བྱོན་ནས། །རྩི་སྨན་གསོལ་ལོ་མཆོད་ཡོན་བཞེས། །སྨོན་ལམ་འདེབས་སོ་དངོས་གྲུབ་བྱིན། །ད་ནི་སོ་སོའི་གནས་སུ་གཤེགས། །དགའ་ཞིང་མགུ་བའི་སེམས་ཀྱིས་ནི། །རང་རང་གནས་སུ་གཤེགས་སུ་གསོལ། །སྤྲུལ་པའི་ཕོ་བྲང་གླིང་སྟེང་ན། །མཐིང་བྲོག་སྔོན་པོའི་མུ་ཁྱུད་ལ། །ན་བུན་འཁྲིགས་པའི་དཀྱིལ་འཁོར་དུ། །ཀླུ་རྣམས་སོ་སོར་གཤེགས་སུ་གསོལ། །རྒྱ་མཚོ་ཆེན་པོའི་སྟེང་དུ་གཤེགས། །རོལ་པའི་མཚོ་བདུན་ནང་དུ་གཤེགས། །མཚོ་མོ་དལ་ཆེན་ནང་དུ་གཤེགས། །བླ་མཚོ་ནག་པོའི་ནང་དུ་གཤེགས། །རང་རང་གནས་སུ་གཤེགས་ནས་ཀྱང་། །ཕ་དང་ཁུ་བོ་སྤུན་ཟླ་དང་། །ཤག་རོགས་མཛའ་བཤེས་ཅི་བཞིན་དུ། །དུས་དང་རྣམ་པ་ཐམས་ཅད་དུ། །


CMR043_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་ཡོན་བདག་འཁོར་བཅས་ལ། །ཁ་འཛིན་སྟོང་གྲོགས་མེལ་ཙེ་མཛོད། །ཤག་རོགས་བྱས་སོ་མནའ་མ་ཟ། །མ་ནུར་བྱས་སོ་དུག་མ་བླུད། །བཀའ་དང་དམ་ལ་མ་འདའ་བར། །རང་རང་གནས་སུ་ད་གཤེགས་ཤིག །ཨོཾ་སརྦ་ནཱ་ག་གཙྪ། ཨོཾ་ནཱ་ག་སྤ་ར་ན་ས་མ་ཡ་ཕཊ་ཕཊ༔ སྤ་ར་ན་ཕཊ༔ ཅེས་རོལ་མོ་དྲག་ཏུ་བྱ་ཞིང་ནས་ལྕག་གིས་བྲབ་བོ། །དེ་ནས་སྲུང་བ་ནི། ནད་པའམ་བསྲུང་བྱའི་སྙིང་ཁར་ཡི་གེ་ཧཱུྃ་མཐིང་ནག །དེ་ལས་མེ་འབར་བས་ཐ་མལ་གྱི་ལུས་ནད་གདོན་དང་བཅས་པ་བསྲེགས་ནས། སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེའི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་བྱིན་གྱིས་བརླབས་ཤིང་བསྲུང་བ་དང་། ལྕང་ལོ་ཅན་ནས་གསང་བའི་བདག་པོ་དང་ཁྱུང་གི་ཚོགས་ཆར་བབ་པ་ལྟར་བྱོན་ནས་ཐིམ་ཞིང་བསྲུང་བར་གྱུར། ཧཱུྃ་ཧཱུྃ་ཧཱུྃ་གིས་སྒྲ་བསྒྲགས་པས། །སྟོང་གསུམ་ཧཱུྃ་སྒྲ་ཏི་རི་རི། །ཕཊ་ཕཊ། ཕཊ་ཀྱིས་སྒྲ་བསྒྲགས་པས། །སྲིད་གསུམ་རྡོ་རྗེ་ཁྲ་ལ་ལ། །ཧཱུྃ་ཧཱུྃ་ཧཱུྃ་གིས་སྒྲ་བསྒྲགས་པས། །རྡོ་རྗེ་མུན་ལྟར་གཏིབས་ཤིང་སྤྱོན། །རྡོ་རྗེ་སྐར་ལྟར་འཁྲུག་ཅིང་བྱོན། །རྡོ་རྗེ་ཐོག་ལྟར་འབེབས་ཤིང་བྱོན། །རྡོ་རྗེ་སེར་ལྟར་


CMR043_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་ཅིང་བྱོན། །རྡོ་རྗེ་མེ་ལྟར་འབར་ཞིང་བྱོན། །རྡོ་རྗེ་གློག་ལྟར་འཁྱུག་ཅིང་བྱོན། །ཧཱུྃ་ཧཱུྃ་ཧཱུྃ་གིས་སྒྲ་བསྒྲགས་པས། །རྡོ་རྗེ་རླུང་ལྟར་འཐོར་ཞིང་བྱོན། །ཧཱུྃ་ཧཱུྃ་ཧཱུྃ་གིས་སྒྲ་བསྒྲགས་པས། །དམ་ཚིག་གཞུང་བཞིན་སྲུང་ཙམ་ན། །ཐུགས་དམ་རྒྱུད་ནས་བསྐུལ་ཙམ་ན། །ནམ་མཁའི་དབྱིངས་ནས་དམག་དཔུང་ཆོས། །བར་སྣང་ཁམས་སུ་རུ་དར་ཕྱོར། །ཡེ་ཤེས་དཔལ་གྱི་དམག་དཔུང་བསྐྱེད། །རྡོ་རྗེའི་གོ་མཚོན་གྱོན་ལ་བྱོན། །རྡོ་རྗེའི་མཚོན་ཆེན་ཐོགས་ལ་བྱོན། །དཔལ་གྱི་རུ་དར་ཕྱོར་ལ་བྱོན། །དཔལ་གྱི་དུང་ཆེན་འབུད་ཅིང་བྱོན། །དཔལ་གྱི་དམག་དཔུང་བསྐྱེད་ཅིང་བྱོན། །ཁྱུང་ཆེན་སྤྲུལ་པ་འགྱེད་ཅིང་བྱོན། །ཁྱུང་ཆེན་སྤྲུལ་པ་འགྱེད་ཙམ་ན། །གཤོག་པ་གཡས་པས་ནམ་མཁའ་གང་། །གཤོག་པ་གཡོན་པས་ས་གཞི་ཁེབས། །སྡེར་མོས་གནོད་བྱེད་སྙིང་ནས་བཟུང་། །རྡོ་རྗེ་མཆུ་ཡིས་ཀླད་ཁྲག་འཐུང་། །གསང་བདག་ཁྱུང་གི་ཚོགས་རྣམས་ཀྱིས། །མཐུ་དང་ནུས་པ་སྟོབས་སྐྱེད་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བསྲུང་ཞིང་བསྐྱབ་པར་མཛད་དུ་གསོལ། །བདེ་གཤེགས་རིགས་ཀྱི་ཁྱུང་ཆེན་གྱིས། །


CMR043_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བའི་དབྱིངས་ནས་བསྲུང་དུ་གསོལ། །པདྨའི་རིགས་ཀྱི་ཁྱུང་ཆེན་གྱིས། །མགྲིན་པའི་གནས་ནས་བསྲུང་དུ་གསོལ། །རྡོ་རྗེ་རིགས་ཀྱི་ཁྱུང་ཆེན་གྱིས། །སྙིང་གའི་གནས་རྒྱུནས་བསྲུང་དུ་གསོལ། །རིན་ཆེན་རིགས་ཀྱི་ཁྱུང་ཆེན་གྱིས། །ལྟེ་བའི་གནས་ནས་བསྲུང་དུ་གསོལ། །ལས་ཀྱི་རིགས་ཀྱི་ཁྱུང་ཆེན་གྱིས། །གསང་བའི་གནས་ནས་བསྲུང་དུ་གསོལ། །གདོན་བཞི་འདུལ་བྱེད་ཁྱུང་ཆེན་བཞིས། །མདུན་རྒྱབ་ལ་སོགས་བསྲུང་དུ་གསོལ། །ལྕགས་ཀྱུ་ཞགས་པ་ལྕགས་དྲིལ་ཁྱུང་། །བུ་ག་བཞི་ནས་བསྲུང་དུ་གསོལ། །རྗེ་མོའི་ཁྱུང་ཆེན་བཞི་པོ་ཡིས། །སྤྱི་ཕྲག་ལ་སོགས་གནས་ནས་བསྲུང་དུ་གསོལ། །སྤྲུལ་པའི་ཁྱུང་ཆེན་སྣ་ཚོགས་ཀྱིས། །སྙིང་ག་ཡན་ཆད་བསྲུང་དུ་གསོལ། །ཡང་སྤྲུལ་ཁྱུང་ཆེན་གྲངས་མེད་ཀྱིས། །ལྟེ་བ་ཡན་ཆད་བསྲུང་དུ་གསོལ། །བསམ་མི་ཁྱབ་དང་སུམ་སྤྲུལ་ཁྱུང་། །རྡོ་རྗེ་གཏུམ་པོ་གོས་སྔོན་ཅན། །ཐམས་ཅད་ཀུན་ལ་བསྲུང་དུ་གསོལ། །བདག་དང་ཡོན་བདག་འཁོར་བཅས་རྣམས། །གསང་བདག་མཆོག་ལ་སྐྱབས་ཚོལ་ལོ། །སྲས་མཆོག་རྡོ་རྗེ་ལག་མྱུར་གྱིས། །མྱུར་བ་ཉིད་དུ་སྐྱབས་མཛོད་ཅིག །ཨོཾ་བཛྲ་ཙཎྜ་


CMR043_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བུདྡྷཱ་ག་རུ་ཊ་ཨོཾ་ར། པདྨ་ག་རུ་ཊ་ཧཱིརཀྟ། བཛྲ་ག་རུ་ཊ་ཧཱུྃ་རཀྵ། རཏྣ་ག་རུ་ཊ་ཏྲ་རཀྵ། ཀརྨ་ག་རུ་ཊ་ཨཱརཀྟ། ཨེ་པུབྦེ་ག་རུ་ཊ་རཀྵ། བོ་དྷཱ་པེ་ག་རུ་ཊ་རཀྟ། མ་ཨཱ་ལོ་ཀེ་ག་རུ་ཊ་རཀྟ། ཡ་གནྡྷེ་ཧོ་ག་རུ་ཊ་རཀྟ། ག་རུ་ཊ་ཡཀྵ་རཀྟ། ག་རུ་ཊ་ཡ་མ་རཀྟ། ག་རུ་ཊ་ཧུ་ལུ་རཀྟ། ག་རུ་ཊ་ཙིནྟ་རཀྵ། ཛག་རུ་ཊ་རཀྵ། ཧཱུྃ་ག་རུ་ཊ་རཀྟ། བི་ག་རུ་ཊ་རཀྵ། ཧོག་རུ་ཊ་རཀྵ། ཨོཾ་ཨཱཿཧཱུྃ་ས་མ་ཡ་ཙཱ་ག་རུ་ཊ་རཀྵ། ཨོཾ་ཨཱཙྪཱཧཱུྃ་ས་མ་ཡ་ཛཙག་རུ་ཊ་རཀྵ། །ཨོཾ་ཨཱཿཧཱུྃ་ས་མ་ཡ་ག་རུ་ཊ་རཀྟ། ཨོཾ་ཨཱཿཧཱུྃ་ས་མ་ཡ་ག་རུ་ཊ་རཀྵ། མ་མ་རཀྵརཀྵ༔ ཀུ་རུ་ཡེ་སྭཱ་ཧཱ། ཞེས་རྡོ་རྗེ་མགོར་བཞག་པའམ། མེ་ཏོག་གཏོར་ཡང་རུང་ངོ་། །དེ་ནས་ཤིས་པ་བརྗོད་པ་ནི། ཨོཾ། སྔོན་ཚེ་སེམས་དཔའ་ཀུན་ཏུ་བཟང་པོ་ལ། །དེ་བཞིན་གཤེགས་པ་གང་གཱའི་བྱེ་སྙེད་ཀྱིས། །བགེགས་འདུལ་ཁྲོ་བོར་དབང་བསྐུར་རྡོ་རྗེ་བྱིན། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་ལག་ན་རྡོ་རྗེ་གཏུམ་པོ་ཆེའི། །མཚན་ཐོས་ཙམ་ནས་མི་འབྲོས་བགེགས་རིགས་གང་། །རྡུལ་དུ་བརླག་པར་དམ་བཅའ་ཞལ་བཞེས་པའི། །བདེན་པ་དེ་ཡིས་


CMR043_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་བདེ་ལེགས་ཤོག །སྔོན་ཚེ་སེམས་བསྐྱེད་སྨོན་ལམ་རྒྱ་ཆེན་དང་། །དྲང་སྲོང་བདེན་ཚིག་མཐུ་ལས་ག་རུ་ཊ། །སངས་རྒྱས་བསྟན་པ་གདུལ་དཀའ་འདུལ། །བདེན་པ་དེ་ཡིས་དེང་འདིར་ལེགས་ཤོག །འཇིག་རྟེན་འདས་ཀྱང་ཀླུ་དབང་ཚུལ་བཟུང་ནས། །སངས་རྒྱས་སྟོང་ལ་བསྙེན་བཀུར་བསྟན་པ་སྲུང་། །ནག་པོའི་ཀླུ་འདུལ་ཆར་རྒྱུན་འགྲོ་བ་སྐྱོབ། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། སོགས་བརྗོད། མེ་ཏོག་གཏོར་རོ། །དེ་ནས་སྤྲོ་ན་ཕྱག་རྡོར་དབང་བསྐུར་ཏེ། རྗེས་གནང་སྤྱི་ལྟར་བྱ་བའོ། །ཀླུ་གནོད་ཚབ་ཆེ་ན་ཀླུ་གཟུགས་དང་ཆུ་གནས་སྣ་ཚོགས་དང་། ཤིང་རྩི་ཤེལ་ཚིགས་འབྲུ་སྣ་རྒྱས་པར་བྱའོ། །གནོད་ཚབ་ཆུང་ན་གཏོར་མ་འོ་མ་ཀླུ་སྨན་གྱིས་ཆོག་གསུངས། ཤིན་ཏུ་བསྡུ་ན་གཏོར་རིལ་ཀླུའི་གཙོ་བོ་དགུ་ལ་དགུ། ཀླུ་རིགས་ལྔ་ལ་ལྔ། གཉན་ས་བདག་ཡུལ་ལྷ་གསུམ་སྟེ། རིལ་བུ་བཅུ་བདུན་འོ་མ་ཀླུ་སྨན་གྱིས་ཆོག །ནད་པ་མེད་དམ་རྒྱུན་དུ་ཡིན་ན་ཕྱག་རྡོར་བུམ་བསྐྱེད་དང་། མདུན་བསྐྱེད་ཁྲུས་བྱབ་སྲུང་གསུམ་དམ་ཚིག་བསྒྲག་པ་རྣམས་བསྒྱུར་ལ། དེ་འཕྲོ་འདོན་ནོ། །ནད་པ་ཁག་ཆེན་ལ་གཞུང་དེ་ཚར་མང་དུ་བཏང་ལ་མཇུག་ཏུ་གདོན་ཁྲོལ་བྱའོ། །འདི་ནི་ཀླུ་ས་བདག་གི་ནད་དང་གནོད་པ་དང་། ཕོག་ཐུག་འགྲམ་འཁྲུགས་དང་། ཞིང་མུ་དང་མཁར་ལས་ཉེས་


CMR043_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཤིང་བཅད་པ་ཐབ་གཞོབ་ཤོར་བའམ། མནན་གཏད་བྱུང་བ་སོགས་ཀླུ་དང་ས་བདག་འཁྲུགས་འགྲམ་ཐམས་ཅད་ལ་ཤིན་ཏུ་ཕན་ཆེའོ། །སྔགས་ལུགས་ཀྱི་ཆར་པ་དྲག་འབོད་དང་། དྲག་ལས་བྱས་རྗེས་ལ་ནི་འདི་ཤིན་ཏུ་གལ་ཆེའོ། །ཡང་གཅོད་ལུགས་ཀྱི་དྲག་ལས་མཐུ་གཏད་ཡིན་ན་འདི་མི་རུང་ངོ་། །གལ་ཏེ་བྱས་ན་གཅོད་ལོགས་སུ་འགྱུར་བས་སོ། །གཅོད་རང་གིས་ཞི་དམིགས་བྱའོ། །ས་བདག་འཁྲུགས་བཅོས་ཀྱི་གོ་ཡང་དོན་ལ་ཆོད་པར་སྣང་ངོ་། །འདི་ནི་རྡོ་རྗེ་གཏུམ་པོ་ཀླུ་འདུལ་ཀྱི་རྒྱུད་ལ་བསྟེན་ནས། ཨུ་རྒྱན་རིན་པོ་ཆེས་མཛད་པའི་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་ཀླུ་ཆོག་རྣམས་དང་། སྤྲིན་ཆེན་དང་ཀླུ་འབུམ་དང་ཀླུ་གཟུངས་དང་ཀླུ་དང་ས་བདག་གིས་སྤང་སྐོང་དང་། ཕྱག་རྡོར་རྒྱུད་གསང་བ་བསྟན་པའི་རྗེས་འབྲང་། སློབ་དཔོན་ལས་ཀྱི་རྡོ་རྗེ་དང་ཝ་ལ་ཙནྡྲ་ནས་རས་ཆུང་པ་ལ་བརྒྱུད་པའི་གཏུམ་པོ་ཁྱུང་ཤམ་ཅན་གྱི་ཀླུ་གཏོར་དང་མན་ངག་རྣམས་དང་། རྒྱུད་གསང་བརྟེན་དང་། དྲག་པོ་གསུམ་འདུལ་སོགས་ཀྱི་རྗེས་འབྲང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཕྱག་ན་རྡོ་རྗེ་གཏུམ་ཆེན་གྱི་གཞུང་ནས་བྱུང་བའི་ཀླུ་གཏོར་དང་། དཔལ་ཆེན་ཧྥ་ལོ་བསིལ་བའི་ཚལ་དུ་བཞུགས་དུས་ཀླུའི་རྒྱལ་པོ་བཱ་སུ་ཀིས་སྦྱིན་བདག་བྱས་ཤིང་། ཀླུ་ཉིད་ཀྱིས་དངོས་སུ་ཕུལ་བའི་ཀླུ་གཏོར་རྒྱས་བསྡུས། གྲྭ་ལོ་དང་སྡུམ་ར་དཔལ་གྱི་མཐའ་ཅན་གྱིས་མཛད་པའི་ཀླུ་མཆོད་དང་། ཕྱག་རྡོར་གྱིས་མཛད་པར་གྲགས་པའི་ཀླུ་མཆོད་འོ་མའི་རྒྱ་མཚོ་ལ་སོགས་པ་ལ་ཡུན་རིང་དུ་གོམས་པར་བྱས་ནས། བྱ་སླ་


CMR043_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཚེགས་ཆུང་ལ་དོན་ཆེ་ཞིང་བྱིན་རླབས་ཕན་ཐོགས་ཆེ་བ་འདི་ནི། རས་ཆུང་ལུགས་ཀྱི་ཀླུ་གཏོར་ལ་གཞི་བྱས་ནས། ཕྱག་ལེན་གསལ་ཞིང་རྒྱས་པར་བཀོད་པ་ཡིན་ནོ།། ༈ ཨེ་མ་ཀླུ་ཡི་གདོན་ཁྲོལ་ཀླུ་ཆོག་མང་བཤད་ཀྱང་། །ཉེར་གཅིག་ཞག་དགུས་རྟགས་ཐོན་སྒྲུབ་དགོས་ཤིང་། །དེ་ཡང་ཕྱག་རྡོར་བསྙེན་པ་གོང་དུ་དགོས། །དེ་མིན་གཞན་ལ་མི་ཕན་རང་ལ་གནོད། །གླུ་མཆོད་རྒྱས་བསྡུས་རྣམ་པ་མང་བཤད་ཀྱང་། །ཆུ་མིག་རྟགས་པ་ཀླུ་ཡི་ཆགས་ཚད་དང་། །ཀླུ་ཡི་ས་དཔྱད་མི་ཤེས་ཡག་ཉེས་ཆེ། །དེ་ནས་ཀླུ་གཏོར་བཏང་བ་འདི་ལ་ནི། །ཡག་ཉེས་དེ་རྣམས་མེད་ཅིང་ཕན་ཡོན་ནི། །ཀླུ་ཆོག་ཀླུ་མཆོད་དངོས་དང་ཁྱད་པར་མེད། །འོན་ཀྱང་ཀླུ་ཡི་ཐེབས་ལྡོག་བརྩི་བ་དང་། །མཆོད་པ་གཙང་སྦྲ་ཤིན་ཏུ་ཆེ་བ་དང་། །འདི་དུས་ཤ་ཆང་སྒོག་ཙོང་སྤང་བ་གཅེས། །བྱམས་དང་སྙིང་རྗེ་ཕན་སེམས་གལ་ཆེའོ། །དེ་སྐད་རཱ་གའི་མིང་ཅན་སྔགས་མཁན་དེས། །ཕན་སེམས་ལྷག་བསམ་བཟང་པོས་ལྡན་པས་བཀོད། །འོན་ཀྱང་འགལ་འཁྲུལ་ཉེས་པ་གང་མཆིས་པ། །གསང་བདག་ཁྱུང་དང་ཀླུ་ཡི་ཚོགས་ལ་བཤགས། །འདི་བྲིས་དགེ་བས་མི་དང་ཀླུ་རྣམས་ཀུན། །བདེ་སྐྱིད་ལྡན་ཞིང་བྱང་ཆུབ་ཐོབ་པར་ཤོག །དེ་ཡི་དགེ་བས་བདག་དང་འཆི་འཕོས་ཚེ། །ནུབ་ཕྱོགས་བདེ་ཆེན་ཞིང་དེར་བརྫུས་སྐྱེས་ནས། །བྱང་སེམས་མཐུ་ཆེན་ཐོབ་པས་རྗེས་བཟུང་སྟེ། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱོད་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ། །


previousཕྱག་ན་རྡོ་རྗེ་གཏུམ་པོའི་ལས་ཚོགས་ལས་ཀླུ་གཏོར་རྒྱས་པ་དང་ཞོར་བྱུང་ཀླུའི་གདོན་བཀྲོལ་བསྡུས་པ་བལྟས་ཆོག་ཏུ་བཀོད་པ།next