Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་འཇམ་དཔལ་ནཱ་ག་རཀཱའི་སྒོ་ནས་ཀླུའི་གདོན་བཀྲོལ་དང་གཏད་བཀྲོལ་ཁྱེར་བདེར་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་འཇམ་དཔལ་ནཱ་ག་རཀཱའི་སྒོ་ནས་ཀླུའི་གདོན་བཀྲོལ་དང་གཏད་བཀྲོལ་ཁྱེར་བདེར་བཀོད་པ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་འཇམ་དཔལ་ནཱ་ག་རཀཱའི་སྒོ་ནས་ཀླུའི་གདོན་བཀྲོལ་དང་གཏད་བཀྲོལ་ཁྱེར་བདེར་བཀོད་པ།


CMR043_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ འཇམ་དཔལ་ནཱ་ག་རཀཱའི་སྒོ་ནས་ཀླུའི་གདོན་བཀྲོལ་དང་གཏད་བཀྲོལ་ཁྱེར་བདེར་བཀོད་པ་བཞུགས་སོ།།


CMR043_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫ་འི་ཡེ། འཇམ་དཔལ་ཡེ་ཤེས་སེམས་དཔར་ཕྱག་འཚལ་ནས། །ཀླུ་ཡི་གདོན་བཀྲོལ་གཏད་བཀྲོལ་ཁྱེར་བདེར་བཀོད། །ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས། །གཞི་སྟེང་བུམ་པ་པད་གདན་འོ་ཆབ་བཀང་། །ལྕགས་སྡེར་རམ་ནི་སྡེར་སྣོད་གཙང་མའི་ནང་། །གཏོར་མ་ཟུར་གསུམ་རྩེ་མོ་དགུ་ཡོད་པ། །དེ་ལ་ཁྲག་བྱུག་ཤ་ཡིས་བརྒྱན་བྱས་ཏེ། །དེ་ལ་སྦྲུལ་ནག་མགོ་བོ་དགུ་པས་དཀྲིས། །རྩེ་ལ་ཉི་ཟླ་ནོར་བུ་མར་རྒྱན་བྱ། །ཟངས་སྡེར་རམ་ནི་སྣོད་ནི་གཙང་མའི་ནང་། །ཀླུ་གཏོར་པད་སྡོང་འདབ་བརྒྱད་གཙོ་བུམ་ལ། །དཀར་གཏོར་གཅིག་བཞག་འདབ་བརྒྱད་རིལ་བུ་བརྒྱད། །ཐེབ་ཙེའི་ནང་དུ་མཐེབ་སྐྱུ་ཏིང་ལོ་དང་། །ལྕོག་རྡོག་ཆངས་བུ་ཀླུ་ཐེལ་བཀར་བའི་རྫས། །ཁྲུས་སྡེར་ནང་དུ་ཟན་གྱི་སྦྲུལ་


CMR043_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ནག་བཞག །ཚོན་སྐུད་ལྔ་སྒྲིམ་མ་རྙེད་སུམ་སྒྲིལ་ནི། །འདོམ་པ་ཕྱེད་དོ་ཡོད་པ་ཙམ་ཞིག་དང་། །མཐོ་ནི་ཕྱེད་དོ་ཡོད་པ་བཞི་ཡང་འཚག །འབྲུ་སྣ་འོ་ཕུད་ཀླུ་སྨན་བཏབ་པ་བཤམས། །དེ་ནས་འདི་ལྟར་འདོན་སྒོམ་སྦྲགས་པས་འཐུས། །ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཀ་དག་ཀློང་ནས་སྤྲུལ་པ་ཡི། །གནམ་ས་གང་བའི་མཆོད་པའི་སྤྲིན། །སྨན་གཏོར་རཀྟ་ལྷ་མོར་བཅས། །ཟད་མེད་གྱུར་ཅིག་པཱུ་ཛ་ཧོ། །བདག་དང་མདུན་གྱི་གཏོར་མའི་རྩེར། །བུམ་ལྷ་ནཱ་ག་རཀ་


CMR043_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཞལ་གཅིག་ཕྱག་བཞི་ཁྲོ་བོའི་གཟུགས། །དང་པོ་གཉིས་ཀྱིས་གྲི་ཐོད་འཛིན། །དེ་འོག་རལ་གྲི་སྦྲུལ་ཞགས་འཛིན། །སྦྲུལ་མགོ་བདུན་བརྒྱན་དེ་སྟེང་དུ། །ཁྱུང་གི་མགོ་དང་གཤོག་པས་བརྒྱན། །སྐུ་མདོག་ནམ་མཁའི་མདོག་ལྟ་བུ། །སྐུ་སྨད་སྤྲུལ་གྱི་མཇུག་མ་ལ། །སྐུ་སྟོད་ཁྲོ་བོའི་ཆ་བྱད་ཅན། །གཤོག་པས་སྐུ་སྟོད་ཁྱབ་པ་སྟེ། །སྐུ་ལ་རིན་ཆེན་སྣ་ཚོགས་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །ལྟེ་བ་གྲོག་སྐེད་ལྟ་བུ་ཡིས། །འོག་ཏུ་ཕོ་དང་སྟེང་དུ་ཧཱུྃ། །འདབ་མ་བརྒྱད་ལ་ཡིག་འབྲུ་བརྒྱད། །དྲན་རྫོགས་བདག་མདུན་བུམ་ལྷ་ཡི། །ཐུགས་ཀའི་སྔགས་ལས་འོད་འཕྲོས་པས། །འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །སྐུ་དང་སྔགས་ཕྲེང་ཕོ་ཡིག་ཚོགས། །ཆར་བཞིན་བབས་ནས་བདག་མདུན་དང་། །བུམ་པའི་ལྷ་ལ་སིབ་སིབ་ཐིམ། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །ཨོཾ་ནཱ་ག་རཀྵ་ཕེ་ལཾ་ཧཱུྃ། རབ་སྟོང་འབྲིང་ནི་ལྔ་བརྒྱ་རེ། །ཐ་མ་སུམ་བརྒྱ་ཙམ་ཞིག་བཟླ། །དེ་ནས་གོང་གི་སྔགས་དེ་ལ། ཀླུ་ཡི་ནད་གདོན་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭ་ཧཱ། །ཞེས་སྦྱར་ལ་བརྒྱ་རྩ་


CMR043_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བཟླ། ཨོཾ་ནཱ་ག་རཀྵ་ཨརྒྷཾ་སོགས་ནས། ཤརྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། གདུག་པའི་ས་བདག་ཀླུ་གཉན་ཀུན། །སྐད་ཅིག་ཙམ་གྱིས་འཇོམས་བྱེད་པ། །འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི། །ཀླུ་བདུད་མགོ་དགུ་ཁྱོད་ལ་བསྟོད། །བུམ་ལྷ་འོད་ཞུ་བདུད་རྩིར་གྱུར། །ཀླུ་གཏོར་དཔོན་གཡོག་གསུམ་ཀའི་ནང་། །འབྲུ་སྣ་བཏབ་ལ་འོ་ཆབ་བྲན། །དེ་ནས་ནད་པ་མདུན་དུ་ཁོས། ད་ལམ་ཁྱེད་རྣམས་ལ་འཇམ་དཔལ་ནཱ་ག་རཀཱའི་སྒོ་ནས་ཀླུའི་གདོན་ཁྲོལ་དང་གཏད་ཁྲོལ་ཞུ་བའི་ཕྱིར་མཎྜལ་ཕུལ། ད་སློབ་དཔོན་དང་། མདུན་བསྐྱེད་ནཱ་ག་རཀཱ་ནི། ཞལ་གཅིག་ཕྱག་བཞི་ཁྲོ་བོའི་གཟུགས། །དང་པོ་གཉིས་ཀྱིས་གྲི་ཐོད་འཛིན། །དེ་འོག་རལ་གྲི་སྦྲུལ་ཞགས་འཛིན། །སྦྲུལ་མགོ་བདུན་བརྒྱན་དེ་སྟེང་དུ། །ཁྱུང་གི་མགོ་དང་གཤོག་པས་བརྒྱན། །སྐུ་མདོག་ནམ་མཁའི་མདོག་ལྟ་བུ། །སྐུ་སྨད་སྦྲུལ་གྱི་མཇུག་མ་ལ། །སྐུ་སྟོད་ཁྲོ་བོའི་ཆ་བྱད་ཅན། །པདྨ་ཟླ་བའི་གདན་ལ་བཞུགས། །མདུན་བསྐྱེད་ཀྱི་འོག་ཏུ་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བ་དང་འདབ་མ་ལ་ཀླུ་ཆེན་པོ་དགུ་འཁོར་དང་བཅས་པ་མངོན་སུམ་དུ་བཞུགས་པས། གཏོར་མ་ཀླུ་


CMR043_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་བདུད་རྩི་རྒྱ་མཚོ་ཆེན་པོ་གསོལ་བས་མཉེས་ཤིང་ཚིམས་ནས། ཁྱེད་རང་ཀླུ་ཡི་གཏད་དུ་བཅུག་པ་ཐམས་ཅད་བཀྱག །བཅིངས་པ་ཐམས་ཅད་བཀྲོལ། བསྡམས་པ་ཐམས་ཅད་གློད། ཀླུ་ཡི་ནད་དང་གནོད་པ་ཐམས་ཅད་བསལ། ཀླུ་གཡང་དངོས་གྲུབ་ཐམས་ཅད་སྩོལ་ཞིང་ཡོད་བསམ་པའི་མོས་པ་མཛོད། ཧཱུྃ། འཁོར་འདས་གཉིས་ཀྱི་སོ་མཚམས་ན། །རྒྱ་མཚོ་ཆེན་པོ་དྭངས་པའི་ནང་། །སྦྲུལ་ནག་འཁྱིལ་པའི་ཀློང་དཀྱིལ་ནས། །རིགས་རྒྱལ་ཀླུ་བདུད་མགོ་དགུ་པ། །བདུད་ཀྱི་བདུད་ཅིག་ཀླུ་ཡི་བདུད། །སྐུ་ནི་རི་རབ་ངོས་ལ་བསྟན། །མཇུག་མ་རྒྱ་མཚོའི་གཏིང་ན་བཞུགས། །ཕྱག་ནི་བཅུ་དྲུག་གཡས་བརྒྱད་ནི། །གྲི་གུག་གཡོན་བརྒྱུད་སྦྲུལ་ཞགས་བསྣམས། །དབུ་ནི་བར་སྣང་ཁམས་ན་འཕྱོ། །ཞལ་ནས་གདུག་པའི་སྒྲ་སྐད་སྒྲོག །འཇིག་བྱེད་ཨཀཱིའི་སྒྲ་སྒྲོག་པ། །སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ། །སྤྱན་ནི་དྲག་པོ་ཧུར་ཐུམ་གཟིགས། །མཆེ་བ་རྣོ་དབལ་དམར་ནག་གདངས། །ཀླུ་གཉན་ས་བདག་གདུག་པ་ཅན། །བ་སུ་རིགས་དྲུག་ཟས་སུ་ཟ། །རྒྱལ་རིགས་མགུལ་ཆུ་དོ་ཤལ་བྱས། །བྲམ་ཟེའི་རིགས་ཀྱི་ཕྱག་གདུབ་བྱས། །


CMR043_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དམངས་རིགས་ཚོགས་རྣམས་སྐེད་ལ་དཀྲིས། །རིགས་ངན་གདོལ་པ་ཞབས་འོག་མནན། །གདུག་པའི་ས་བདག་ཀླུ་གཉན་རྣམས། །སྐད་ཅིག་ཙམ་གྱིས་བརླག་པར་མཛོད། །འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི། །ཀླུ་བདུད་ནག་པོ་བདག་མདུན་གསལ། །ཧཱུྃ། རྒྱ་མཚོ་ཤིན་ཏུ་དྭངས་པའི་ཀློང་དཀྱིལ་ནས། །བདུད་ཀྱི་བདུད་གཤེད་འཆི་བདག་གནས་འདིར་གཤེགས། །སྡེ་བརྒྱད་ཀླུ་ཆེན་འདུལ་ཕྱིར་གཤེགས་སུ་གསོལ། །འཇམ་དབྱངས་སྤྲུལ་པ་ཀླུ་བདུད་ཁྱོད་ཉིད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དཀར་གསུམ་ལ་སོགས་མཆོད་པ་སྣ་ཚོགས་འབུལ། །མི་དགེ་སྡིག་པའི་ཚོགས་རྣམས་སོ་སོར་བཤགས། །དུས་གསུམ་དགེ་བའི་ཚོགས་ལ་བདག་ཡི་རང་། །གང་འདུལ་ཐབས་ཀྱི་ཆོས་འཁོར་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །བསྟན་པ་བཤིགས་དང་བླ་མའི་སྐུ་དགྲ་དང་། །བདག་ལ་སྡང་བའི་དགྲ་བོ་མ་ལུས་ཀུན། །ཙི་ཙི་ཛྭ་ལའི་ནད་ཀྱིས་གཟིར་བ་དང་། །ཆུད་ནས་བརླག་པའི་ཕྲིན་ལས་ཁྱོད་ཀྱིས་མཛོད། །གང་ལ་བྱ་བའི་ཕྲིན་ལས་ཁྱོད་ཀྱིས་ཤེས། །


CMR043_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་དགྲ་བགེགས་གང་ཡིན་མྱུར་དུ་སྒྲོལ། །རྣམ་ཤེས་དག་པའི་ཞིང་དུ་ཐུགས་རྗེས་དྲོངས། །ཕྱིན་ཆད་འཁོར་བའི་རྩ་བ་སྟོངས་པར་མཛོད། །བདག་གི་དུག་གསུམ་དུག་ལྔའི་ནད་གདོན་རྣམས། །དཔའ་བོ་ཁྱོད་ཀྱི་ཞལ་དུ་ད་གསོལ་ཅིག །ཚོགས་རྫོགས་སྒྲིབ་བྱང་འདི་ཕྱིའི་བར་ཆད་སོལ། །མི་ནོར་ཟས་གསུམ་དངོས་གྲུབ་སྣ་ཚོགས་སྩོལ། །མཐར་ཐུག་ཡེ་ཤེས་སྙིང་པོའི་དངོས་གྲུབ་སོགས། །ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད། །ཧཱུྃ། སྲིན་པོ་ནག་པོ་ཁྲོས་པའི་སྐུ། །ཐུགས་དམ་གཉན་པོ་བསྐང་བའི་ཕྱིར། །གཏོར་མ་དཀར་གསུམ་མངར་གསུམ་དང་། །སྨན་སྣ་དྲི་སྣ་སྦྱར་བ་ཡི། །རིན་ཆེན་གསེར་དངུལ་འབྲུ་སྣའི་ཚོགས། །དར་ཟབ་རྒྱལ་མཚན་བ་དན་འཕན་གྱིས་སྤྲོས། །མཆོད་དོ་བསྟོད་དོ་ཐུགས་དམ་བསྐང་གྱུར་ཅིག །བསྐང་གྱུར་ཀླུ་ནད་མ་ལུས་སོལ། །བདག་གི་སྒྲུབ་པའི་གྲོགས་མཛོད་ཅིག །དམ་ཚིག་མ་གཡེལ་ཕྲིན་ལས་མཛོད། །ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ཨོཾ་ཕེ་ལཾ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨརྒྷཾ་སོགས། ཧཱུྃ། ཀླུ་བདུད་ནག་པོ་ཏི་པཱ་ཙ། །ནཱ་ག་རཀཱ་མཐུ་བོ་


CMR043_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །དབུ་ནི་བར་སྣང་ཁམས་སུ་སླེབས། །རྒྱབ་ནི་རི་རབ་ཆེ་ལ་གཏད། །མཇུག་མ་རྒྱ་མཚོའི་གཏིང་ན་འཁྱིལ། །གདོང་གཅིག་སྲིན་པོ་ཁྲོས་པའི་ཞལ། །ནག་པོར་དགའ་བའི་ཀླུ་རྣམས་ཟ། །ཨིཀྴ་ཨིཀྴའི་སྒྲ་ཆེན་སྒྲོག །མགོ་བརྒྱད་སྦྲུལ་ཏེ་སྟེང་དུ་གདེངས། །དགྲ་བོ་ཁ་རླངས་མཛེ་ཡིས་འཛིན། །གཡུ་རྣ་རིན་ཆེན་ཅོད་པན་འཆང་། །སུས་སྒྲུབ་པ་ལ་དགོས་དགུ་སྟེར། །རལ་པ་བར་སྣང་ཁམས་སུ་གསིགས། །སྡོམ་སྡིག་ཟླ་ཟེར་ཆར་བཞིན་ཉིལ། །ཕྱག་བརྒྱད་གྲི་ཁུག་འབར་བ་འཛིན། །བརྒྱད་ནི་སྦྲུལ་ཆེན་ཞགས་པ་སྟེ། །འཇམ་དཔལ་གཤིན་རྗེའི་སྤྲུལ་པར་གྲགས། །དམ་ལྡན་ཀླུ་ནད་སེལ་བའི་སྨན། །དངོས་ནི་རྒྱ་མཚོ་ཆེ་ལ་བཞུགས། །སྤྲུལ་པ་དེ་ཝཱ་ཀོ་ཊར་འཆར། །སྨྱོ་ཁའི་རྗེ་བཙུན་མཐུ་བོ་ཆེ། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ལྟོ་འཕྱེ་ཐམས་ཅད་འཁོར་དུ་སྡུས། །ཀླུ་མོ་ནག་མོ་སྦལ་མགོ་ཅན། །གསང་བའི་གཟུང་མ་ཆེན་མོར་བསྟེན། །སྲོག་བདག་ལྷ་འདྲེ་འཁོར་གྱིས་བསྐོར། །གཏད་ཁྲམ་ནག་པོའི་གཉེར་ཁ་འཛིན། །ཀླུ་གཏད་མནན་པ་བཀྲོལ་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ།


CMR043_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ནཱ་ག་རཀྵ་སྟེ། །མདུན་དུ་ཀླུ་དགུ་འཁོར་བཅས་གསལ། །གནས་ནས་བསྒོམ་འདྲ་སྤྱན་དྲངས་ལ། །མདུན་གྱི་བསྐྱེད་པ་དེ་ལ་ཐིམ། །ཧཱུྃ། མི་མགོན་དཀར་པོ་སྐུ་མདོག་དཀར། །ཕྱག་གཉིས་ཐུགས་ཀར་བུམ་པ་འཛིན། །སྦྲུལ་མགོ་སྟོང་གི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དུང་སྐྱོང་སྐུ་མདོག་དཀར་པོ་ལ། །ཕྱག་གཉིས་སྦྲུལ་ཞགས་ནོར་བུ་འཛིན། །སྦྲུལ་མགོ་བརྒྱ་ཡི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྤྲུལ་དུ་འཁྱིལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཀླུ་བདུད་སྦལ་མཛེས་སྐུ་མདོག་ནག །ཕྱག་གཉིས་སྦ་ལྕག་མི་མགོ་འཛིན། །སྦྲུལ་མགོ་ལྔ་བཅུའི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གཙུག་ན་རིན་ཆེན་སེར་པོ་སྟེ། །ཕྱག་ན་བེ་ཅོན་ནོར་བུ་འཛིན། །སྦྲུལ་མགོ་བཞི་བཅུའི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཁྲོ་བོ་ཉ་མགོ་དམར་སེར་ཏེ། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །སྦྲུལ་


CMR043_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་སུམ་ཅུའི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གཟི་ཆེན་སྐུ་མདོག་དམར་པོ་ལ། །ཕྱག་གཉིས་པདྨ་སྦྲུལ་ཞགས་འཛིན། །སྦྲུལ་མགོ་ཉི་ཤུའི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སྨྱོ་ཁ་སྐུ་མདོག་དུད་ཁ་ལ། །ཕྱག་གཉིས་རྒྱལ་མཚན་སྦྲུལ་ཞགས་འཛིན། །སྦྲུལ་མགོ་བཅུ་ཡི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མཁར་ནག་སྐུ་མདོག་ནག་པོ་སྟེ། །ཕྱག་གཉིས་སྦྲུལ་ཞགས་རབ་ཏུ་འཆང་། །སྦྲུལ་མགོ་བརྒྱད་ཀྱི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཀླུ་རྒྱལ་མ་དྲོས་ལྗང་སྐྱ་སྟེ། །ཕྱག་གཉིས་བྷེ་འབྲས་སྦྲུལ་ཞགས་འཛིན། །སྦྲུལ་མགོ་དྲུག་གི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འཁོར་ཚོགས་རྣམས་ཀྱང་སྤྱན་འདྲེན་ནོ། །ཀུན་ཀྱང་དགྱེས་པའི་གདན་ལ་བཞུགས། །


CMR043_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་རྒྱུ་སྦྱོར་ཡོན་བདག་གི །གུས་པས་ཁྱེད་ལ་ཕྱག་འཚལ་ལོ། །ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཏིཥྛ་ལྷན། ཨ་ཏི་པཱུ་ཧོ། ཀླུ་ཐེལ་བཀར་བ་ནི། དེ་ནས་གཏོར་ཆུང་ཆངས་བུ་ཏིང་ལོ་བྲན་ལ། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་བརྗོད། ཧཱུྃ། མི་མགོན་དཀར་པོ་དུང་སྐྱོང་སོགས། །ཀླུ་ཆེན་དགུ་ལ་གནོད་པ་ཡི། །གདོན་དགུ་བདག་གིས་བཀར་བའོ། །མཐེབ་སྐྱུ་ཏིང་ལོ་འདི་བཞེས་ལ། །ཁྱེད་དགུ་མ་གནས་གཞན་དུ་དེངས། །གལ་ཏེ་འགྲོ་བར་མི་བྱེད་ན། །ག་རུ་ཊ་ཡིས་ཟ་བར་བྱེད། །དེ་བས་མ་འདུག་ཕྱིར་དེངས་ཤིག །ཁྲོ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། གསུམ་མམ་བདུན་བརྗོད། ལྕོག་རྡོག་ཕྱིར་དོར་ལ། དེ་ནས་ཀླུ་དགུ་འཁོར་བཅས་མཆོད་པ་ནི། ཨོཾ་ཨ་ཀཱ་རོ་སོགས། །ཧཱུྃ། ཀླུ་རྒྱལ་མི་མགོན་དཀར་པོ་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཀླུ་རྒྱལ་དུང་སྐྱོང་དཀར་པོ་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་


CMR043_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཞི་བར་མཛོད། །ཀླུ་བདུད་སྦྲུལ་མཛེས་ནག་པོ་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཀླུ་རྒྱལ་གཙུག་ན་རིན་ཆེན་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་། མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཀླུ་རྒྱལ་ཁྲ་བོ་ཉ་མགོ་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཀླུ་ཡི་རྒྱལ་པོ་གཟི་ཆེན་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཀླུ་བདུད་དགེ་བསྙེན་སྨྱོ་ཁ་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །


CMR043_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་བདུད་གཉན་ཆེན་མཁར་ནག་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཀླུ་རྒྱལ་མ་དྲོས་ཆེན་པོ་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཀླུ་བདུད་དབྱི་དོ་ནག་པོ་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཀླུ་སྨན་གཡོ་རྫོང་མཚོ་ནག་མོ་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཀླུ་བདུད་བྱིས་སྦའི་གཟུགས་ཅན་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། ། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་


CMR043_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། །དམངས་རིགས་གདོལ་པའི་རིགས་གྱུར་པའི། །སྣང་ཞིང་སྲིད་པའི་ཀླུ་རྣམས་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཨོཾ་ནཱ་ག་རཱ་ཛ་ནཱ་ག་ནཱ་གི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨདྷཾ་སོགས། ཤརྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ། བརྒྱའམ་ལོ་གྲངས་ཉེར་གཅིག་གམ་སྐབས་དང་སྦྱར་ལ་བརྗོད། ཧཱུྃ། ཀླུ་ཆེན་དགུ་པོ་འཁོར་དང་བཅས། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པའི་རིགས་གྱུར་པའི། །ཀླུ་རྣམས་ཀུན་དང་བདག་ཅག་དང་། །ཡོན་བདག་འདི་ཕྱི་སྔ་མ་ཀུན། །ཐུགས་དང་འགལ་བ་གང་གྱུར་པ། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །ཞེས་པ་ལན་གསུམ་བརྗོད་པར་བྱ། །དེ་ནས་ནད་པ་ཙོག་པུར་འདུག །རྐང་པ་གཉིས་བརྐྱངས་ཕན་ཚུན་བསྣོལ། །པུས་མོའི་སྟེང་དུ་གྲུ་མོ་གཉིས། །བཞག་སྟེ་ལག་པ་གཉིས་ཀྱང་བསྣོལ། །ཚོན་སྐུད་སྣ་ལྔ་རིང་བ་དེས། །མགྲིན་པར་བསྐོན་ལ་གཡས་གཡོན་འཐེན། །ལག་པའི་སྲིན་ལག་གཉིས་ལ་བཅིང་། །དེ་ནས་གཡས་གཡོན་རྒྱ་གྲམ་འཐེན། །རྐང་པའི་མཐེ་བོང་གཉིས་ལ་བཏགས། །ལག་མགོ་གཉིས་དང་རྐང་མགོ་


CMR043_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །ཚོན་སྐུད་སྣ་ལྔས་ལྷོད་དེ་དཀྲི། །ཡང་དོགས་རལ་གྲི་ཚུད་ཙམ་བྱ། །དེ་ནས་སྔགས་པས་རལ་གྲི་ཐོགས། ན་མོ་རཏྣ་ཏྲ་ཡཱ་ཡ། །སངས་རྒྱས་ཆོས་དང་དགེ་འདུན་བདེན། །བླ་མ་ཡི་དམ་མཁའ་འགྲོ་བདེན། །རྟེན་འབྲེལ་བསླུ་བ་མེད་པ་བདེན། །ཆོས་ཉིད་རྣམ་པར་དག་པ་བདེན། །རྒྱུ་དང་ལམ་དང་འབྲས་བུ་བདེན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་བདེན། །དེ་དག་རྣམས་ཀྱི་བདེན་པ་དང་། །ནཱ་ག་རཀཱའི་མཐུ་སྟོབས་ཀྱིས། །བསྲུང་བྱ་ནད་པ་འདི་ཉིད་ཀྱི། །ལུས་ངག་ཡིད་གསུམ་མནན་པ་དང་། །གཟུགས་ཅན་མི་དང་གཟུགས་མེད་ཀྱི། །ལྷ་འདྲེའི་བསམ་ངན་སྦྱོར་རྩུབ་ཀྱི། །གཏད་རིགས་སུམ་བརྒྱ་དྲུག་ཅུ་ཡི། །མནན་པ་དང་ནི་བཅིངས་པ་ཀུན། །བྱད་ཐག་སྔོ་དམར་སྐུད་པ་ལ། །ད་ལྟ་ཉིད་དུ་ཐིམ་པར་གྱུར། །ཛཿཧཱུྃ་བཾ་ཧོཿ ལན་གསུམ། སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །རང་རྒྱལ་དག་གི་གཟི་བརྗིད་དང་། །དགྲ་བཅོམ་རྣམས་ཀྱི་མཐུ་དག་དང་། །གསང་སྔགས་འཛིན་པ་ཐམས་ཅད་དང་། །ཤཱ་རིའི་བུ་ཡི་ཤེས་རབ་དང་། །མོའུ་འགལ་བུ་ཡི་རྫུ་འཕྲུལ་དང་། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུང་སྦྱངས་པའི་ཡོན་ཏན་


CMR043_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཀོ་ཌི་ནྱའི་སྔར་ཐོབ་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཚངས་པ་ཡི་ནི་བྱམས་པ་དང་། །བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་། །དབང་ཕྱུག་ཆེན་པོའི་སྟོབས་དག་དང་། །དེད་དཔོན་རྣམས་ཀྱི་མཐུ་དང་ནི། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །བསྲུང་བྱ་འདི་ཡི་ནད་དང་གདོན། །ལུས་ངག་ཡིད་གསུམ་མནན་པ་དང་། །བཅིངས་པ་ཐམས་ཅད་གྲོལ་གྱུར་ཅིག །ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། ཙིཏྟ་འུར་ཏི་འུར་བ་ནན་ཁྲོལ། ལྕེ་ཏི་འུར་བྷ་ནན་ཁྲོལ། བསྲུང་བྱ་འདི་རྣམས་ལྷ་སྲིན་སྡེ་བརྒྱད་ཀྱི་མནན་པ་ཕྱེས། བཅིངས་པ་ཁྲོལ། ཨོཾ་ནཱ་ག་རཀ་ཕོ་ལཾ་ཧཱུྃ། མཱ་ར་ཡ་ཕྱེས། ཙིཏྟ་ཕྱེས་ལྕེ་ཏི་ན་ཕྱེས། བསྲུང་བྱ་འདི་ལྷས་མནན་པ་ཕྱེས། བཅིངས་པ་ཁྲོལ། ཨོཾ་ནཱ་ག་རཀཱ་ཕོ་ལཾ་ཧཱུྃ། ཨོཾ་ཤོ་སང་པ་ལ་ཕྲ་མོ་ན་མུ་ཕྱེས། བསྲུང་བྱ་ལྷ་མ་ཡིན་གྱི་མནན་པ་ཕྱེས། །བཅིངས་པ་ཁྲོལ། ཨོཾ་ནཱ་ག་རཀ་ཕོ་ལཾ་ཧཱུྃ། ཨོཾ་ཨཱཿཧཱུྃ་མ་རཱ་ཡ་ཕྱེས། ཙིཏྟ་ཕྱེས། བསྲུང་བྱ་དྲང་སྲོང་གི་མནན་པ་ཕྱེས། བཅིངས་པ་ཁྲོལཾ། ཨོཾ་ནཱ་ག་རཀ་ཕོ་ལཾ་ཧཱུྃ། ཨོཾ་


CMR043_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཤན་ཀུ་རུ་རཾ་པ་ཡེ་སྭཱ་ཧཱ། ཧཱུྃབཛྲ་ཀྲོ་དྷ་རཱ་ཛ་ཝཀ་རཀྵ༔ བསྲུང་བྱ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་མནན་པ་ཕྱེས། བཅིངས་པ་ཁྲོལ། ཨོཾ་ནཱ་ག་རཀྵ་ཕོ་ལཾ་ཧཱུྃ། ཨ་ཎི་ཕྱེས། རཾ་ཎི་ཕྱེས། མ་ཎི་རི་འུར་པ་ནན་ཕྱེས། བཅིངས་པ་ཁྲོལ། ལུས་ངག་ཡིད་གསུམ་མནན་པ་ཐམས་ཅད་ཕྱེས། བཅིངས་པ་ཐམས་ཅད་ཁྲོལ། ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། དབུས་ཀྱི་གཙུག་ན་རིན་ཆེན་ལ་གཏད་པ་ཁྲོལ་ཅིག །ཤར་གྱི་མི་མགོན་དཀར་པོ་ལ་གཏད་པ་ཁྲོལ་ཅིག །ལྷོའི་འཇོག་པོ་སེར་པོ་ལ་གཏད་པ་ཁྲོལ་ཅིག །ནུབ་ཀྱི་བྲམ་ཟེ་དམར་པོ་ལ་གཏད་པ་ཁྲོལ་ཅིག །བྱང་གི་གདོལ་པ་ནག་པོ་ལ་གཏད་པ་ཁྲོལ་ཅིག །གདོལ་པ་ནག་པོ་མགོ་དགུ་པ་ལ་གཏད་པ་ཁྲོལ་ཅིག །བྲམ་ཟེ་དམར་པོ་མགོ་དགུ་པ་ལ་གཏད་པ་ཁྲོལ་ཅིག་ཀླུ་སྲིན་མགོ་དགུ་པ་ལ་གཏད་པ་ཁྲོལ་ཅིག །རྒྱ་མཚོའི་དུག་རིགས་ལ་གཏད་པ་ཁྲོལ་ཅིག །ནག་པོ་གཞི་ལྕགས་ལ་གཏད་པ་ཁྲོལ་ཅིག །མཛེ་ནག་ལས་ཀྱི་འཁོར་ལོ་ལ་གཏད་པ་ཁྲོལ་ཅིག །མཛེ་སྐྱ་རླུང་གི་འཁོར་ལོ་ལ་གཏད་པ་ཁྲོལ་ཅིག །མཛེ་དམར་མེ་ཡི་འཁོར་ལོ་ལ་གཏད་པ་ཁྲོལ་ཅིག །ས་བདག་སྲོག་གི་འཁོར་ལོ་ལ་གཏད་པ་ཁྲོལ་ཅིག །


CMR043_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་རུས་སྐྱ་བོ་ལ་གཏད་པ་ཁྲོལ་ཅིག །སྙིང་ཁྲག་དམར་པོ་ཆུ་ལ་གཏད་པ་ཁྲོལ་ཅིག །སྲོག་རྩ་དམར་པོ་ཤིང་ལ་གཏད་པ་ཁྲོལ་ཞིག །ཨོཾ་ནཱ་ག་རཀྵ་ཕེ་ལཾ་ཧཱུྃ། །གཟའ་བདུད་མགོ་དགུ་རྟ་རུ་ཞོན། སྦྲུལ་ནག་མགོ་དགུ་རོལ་དུ་ཁྲིད། སྲིན་པོ་ནག་པོ་ཁལ་འགལ་བ་ལ་གཏད་པ་ཁྲོལ་ཅིག །གདུག་པ་སྔགས་ཀྱིས་བཅིངས་པ་ཁྲོལ་ཅིག །བསད་པ་སྔགས་ཀྱིས་གཟིར་བ་ཁྲོལ་ཅིག །གཤིན་རྗེ་ནག་པོ་སྟག་མགོ་ཅན་ལ་གཏད་པ་ཁྲོལ་ཅིག །ཀླུ་བདུད་ནག་པོ་སྦྲུལ་གྱི་མཇུག་མ་ཅན་ལ་གཏད་པ་ཁྲོལ་ཅིག །ཀླུ་བཙན་ཞགས་པ་ཅན་ལ་གཏད་པ་ཁྲོལ་ཅིག །ཀླུ་བདུད་ནག་པོ་མཛེ་ཡི་ས་བོན་འདེབས་པ་ལ་གཏད་པ་ཁྲོལ་ཅིག །ཀླུ་བདུད་ནག་པོ་ལུས་ལ་མེ་འབར་བ་ལ་གཏད་པ་ཁྲོལ་ཅིག །མེ་ཡི་ཚྭ་ཚྭ་འཕྲོ་བ་ལ་གཏད་པ་ཁྲོལ་ཞིག །ཀླུ་བདུད་ནག་པོ་གིང་ཆེན་ལ་གཏད་པ་ཁྲོལ་ཞིག །བསྲུང་བྱ་འདི་གཏད་པ་ཁྲོལ་ཞིག །བསྲུང་བྱ་འདིའི་ལུས་ངག་ཡིད་གསུམ་དབང་པོ་སྒོ་ལྔ་ལ་གཏད་པ་ཁྲོལ་ཞིག །ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། ཀླུ་ཡི་རྒྱལ་པོ་ཚངས་པ་ལ་གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་ཚངས་ཆེན་གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་དབང་པོ་ལ་


CMR043_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་ཉི་མའི་དབང་པོ་ལ་གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་རྒྱ་མཚོ་ལ་གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་རྒྱ་མཚོའི་བུ་ལ་གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་དུག་མེད་ལ་གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་མཚོ་ཆེན་ལ་གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་མཚོ་ཆེན་གྱི་བུ་ལ་གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་ཆུ་སྲིན་ལ་གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་ཉེར་དགའ་ལ་གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་མི་ཞུམ་པ་ལ་གཏད་པ་ཁྲོལ་ཞིག །ཀླུ་ཡི་རྒྱལ་པོ་མར་བལྟས་ན་མི་མཛེས་པ་ལ་བསྲུང་བྱ་འདི་གཏད་པ་ཁྲོལ་ཞིག །བསྲུང་བྱ་འདི་ཡི་ལུས་ངག་ཡིད་གསུམ། དབང་པོ་སྒོ་ལྔ། གཏད་རིགས་སུམ་བརྒྱ་དྲུག་ཅུ་ལ་གཏད་པ་ཁྲོལ་ཞིག །ཨོཾ་ནཱ་ག་རཀྵ་ཕེ་ལཾ་ཧཱུྃ་ནཱ་ག་ས་ག་ཤིག་ཤིག་ཁྲོལ་ཁྲོལ། ཞེས་དྲག་ཏུ་བརྗོད་ཅིང་ཚོན་སྐུད་རྣམས་རལ་གྲིས་བཅད་ལ་བཀྲོལ། དེ་རྣམས་ཆེ་དགུ་བྱས་ལ་གཞན་ཞིག་ལ་རལ་གྲི་གཏད་ནས་དུམ་བུར་གཏུབ་བཅུག་ཅིང་། གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །ཚངས་པ་དང་ནི་འཇིག་རྟེན་སྐྱོང་། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་ཆེ། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། །


CMR043_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་མ་བུ་དང་བཅས་རྣམས་ཀྱིས། །བསྲུང་བྱར་གྱུར་པ་འདི་ཉིད་ལ། །བྱད་སྟེམས་རྣམས་ནི་ཆད་གྱུར་ཅིག །ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། ཨོཾ་སརྦ་བྷནྡྷ་ཀ་ཀ་ར་ཏཙྪ་ད་ན་ཡེ་སྭཱ་ཧཱ། དེ་ནས་ཚོན་སྐུད་དུམ་བུ་རྣམས། །ཁྲུས་སྟེར་ནང་དུ་སྦྲུལ་ནག་གི །མཐར་བཀོད་དེ་སྟེང་ཁྲུས་བྱ་ཞིང་། ད་བུམ་པ་འདི་ཡི་ནང་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་འོད་དུ་ཞུ་བའི་བདུད་རྩིའི་རྒྱུན་གྱིས་ཁྱེད་རང་ལ་ཁྲུས་བྱས་པས། ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གནོད་པའི་ཀླུ་ས་བདག་གི་ནད་དང་གནོད་པ་ཐམས་ཅད་སང་སང་དག་ནས་ལུས་ཤེལ་སྒོང་གཡའ་དག་པ་བཞིན་དུ་གྱུར། བུམ་ཆུ་ཁ་ནང་དུ་བཏུང་བས་སེམས་ཀྱི་བྱིང་རྨུགས་ཐམས་ཅད་སངས་ནས་བདེ་སྟོང་གི་རྟོགས་པ་རྒྱུད་ལ་སྐྱེས་པར་སྒོམས་ཤིག །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ ཀླུ་ཡན་ལག་ལྔ་ཁྲུས་དང་བུམ་ཆུ་ཐིགས་གཅིག་བཏུང་བཅུག་ཅིང་དེ་ཚེ་སྔགས་འདི་བརྗོད། ཨོཾ་ནག་པོ་ཏི་པ་ཙ་ཡ་ན་ག་རཀྵ༔ རཾ་རཾ་རཾ་རཾ༔ ཡཾ་ཡཾ་ཡཾ་ཡཾ༔ ཁཾ་ཁཾ་ཁཾ་ཁཾ༔ ལཾ་ལཾ་ལཾ་ལཾ༔ ཙ་མ་རི་


CMR043_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུངས༔ ནཱ་ག་ཕུ༔ མཱ་ར་ཡ༔ ཨོཾ་ནཱ་ག་རཀྵ་ཕེ་ལཾ་ཧཱུྃ༔ དེ་ནས་མེ་ལོང་ངོས་ལ་ནད་པའི་གཟུགས་འཆར་བ་ལ་ཁྲུས་བྱ་ཞིང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་པས། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ནཱ་ག་རཀྵ་ཕེ་ལཾ་ཧཱུྃ། ཀླུ་བདུད་མགོ་དགུའི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། ཀླུ་རྒྱལ་དུང་སྐྱོང་འཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། ཀླུ་བདུད་སྦལ་མཛེས་འཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀྵ་ཕེ་ལཾ་ཧཱུྃ། ཀླུ་རྒྱལ་གཙུག་ན་རིན་ཆེན་འཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀཱ་ཕེ་ལཾ་ཧཱུྃ། ཀླུ་རྒྱལ་ཁྲ་བོ་ཉ་མགོ་འཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀྵ་ཕེ་ལཾ་ཧཱུྃ། ཀླུ་རྒྱལ་གཟི་ཆེན་འཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀ་ཕེ་ཁཾ་ཧཱུྃ། ཀླུ་རྒྱལ་དགེ་བསྙེན་སྨྱོ་ཁ་འཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་


CMR043_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ག་རཀཱ་ཡེ་ལཾ་ཧཱུྃ། ཀླུ་བདུད་དགེ་ཆེན་མཁར་ནག་འཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀཱ་ཕེ་ལཾ་ཧཱུྃ། ཀླུ་རྒྱལ་མ་དྲོས་ཆེན་པོ་འཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀྵ་ཕེ་ལཾ་ཧཱུྃ། ཡུལ་འདིའི་ཀླུ་བདུད་འཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀཱ་ཡེ་ལཾ་ཧཱུྃ། ཡུལ་འདི་ཡི་ས་བདག་འཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། ཡུལ་འདི་ཡི་མཚོ་སྨན་ཚོའཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀཱ་ཕེ་ལཾ་ཧཱུྃ། ཡུལ་འདི་ཡི་ཀླུ་ཕྲུག་འཁོར་བཅས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། ཀླུ་རྒྱལ་རིགས་ཐམས་ཅད་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀྵ་ཕེ་ལཾ་ཧཱུྃ། ཀླུ་རྗེའུ་རིགས་ཐམས་ཅད་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། ཀླུ་བྲམ་ཟེའི་རིགས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། ཀླུ་


CMR043_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དམངས་རིགས་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀཱ་ཕེ་ལཾ་ཧཱུྃ། ཀླུ་གདོལ་པའི་རིགས་ཐམས་ཅད་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀཱ་ཡེ་ལཾ་ཧཱུྃ། མཛེ་ཡི་ནད་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ། དྲེག་གི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། གྲུམ་བུའི་ནད་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། རྐང་འབམ་གྱི་ནད་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། སུརླའི་ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲས་ཀྱི་ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ལྷོག་པའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སྐྲན་གྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སྲིན་གྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། མེ་དབལ་གྱི་ནད་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། དམུ་ཆུའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། མཁལ་ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། མིད་དཀྱུས་ཀྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཤུ་བ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གཡན་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བས་ལྡག་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱ་ཐོར་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཀླུ་དང་ས་བདག་གི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རྨ་


CMR043_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་མདངས་ཀྱིས་བྱབས་ནས། ད་རྨ་བྱའི་སྒྲོ་མདངས་འདི་ཡི་དབུས་སུ་ཉི་མའི་དཀྱིལ་འཁོར། དེ་ཡི་དབུས་སུ་ཕོ་ཡིག་ནག་པོ་ལ་སྔགས་ཀྱི་བསྐོར་བ་ལས་འོད་ཟེར་ཁ་དོག་ལྔ་རབ་ཏུ་འབར་བ་འདི་ཡིས་ཁྱབ་པ་ཙམ་གྱིས། ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གནོད་པའི་ཀླུ་དང་ས་བདག་གི་ནད་དང་གནོད་པ་ཐམས་ཅད་དུད་པའམ་རླངས་པ་སྔོ་དམར་གྱི་རྣམ་པར་བུན་བུན་ཕྱིར་ཐོན། གདོན་ཐམས་ཅད་ཆུ་གནས་སྣ་ཚོགས་ཀྱི་རྣམ་པར་བ་སྤུའི་བུ་ག་ནས་ཉི་ལི་ལི་ཕྱིར་ཐོན་ནས་སྦྲུལ་ནག་འདི་ལ་ཐིམ་པར་སྒོམས་ཤིག ཨོཾ་ནཱ་ག་རཀཱ་ཝེ་ལཾ་ཧཱུྃ། ཀླུ་རྒྱལ་རིགས་ཀྱི་ནད་དང་གནོད་ཐམས་ཅད་སྦྲུལ་དཀར་ཁྲའི་རྣམ་པར་ཕྱིར་ཕྱུང་། སྦལ་པ་དཀར་ཁྲའི་རྣམ་པར་ཕྱིར་ཕྱུང་། ཉ་དཀར་ཁྲའི་རྣམ་པར་ཕྱིར་ཕྱུང་། ལྕོང་མོ་དཀར་ཁྲའི་རྣམ་པར་ཕྱིར་ཕྱུང་། སརྦ་ཨ་པ་ན་ཡེ་སྭཱ་ཧཱཿ ཡང་རྩ་སྔགས། ཀླུ་རྗེའུ་རིགས་ཀྱི་ནད་དང་གནོད་པ་ཐམས་ཅད་སྦྲུལ་སེར་ཁྲའི་རྣམ་པར་ཕྱིར་ཕྱུང་། །སྦལ་པ་སེར་ཁྲའི་རྣམ་པར་ཕྱིར་ཕྱུང་། ཉ་སེར་ཁྲའི་རྣམ་པར་ཕྱིར་ཕྱུང་། ལྕོང་མོ་སེར་ཁྲའི་རྣམ་པར་ཕྱིར་ཕྱུང་། སརྦ་ཨ་པ་ན་ཡེ་སྭཱ་ཧཱ། རྩ་སྔགས། ཀླུ་བྲམ་ཟེའི་རིགས་ཀྱི་


CMR043_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དང་གནོད་པ་ཐམས་ཅད་སྦྲུལ་དམར་ཁྲའི་རྣམ་པར་ཕྱིར་ཕྱུང་། སྦལ་པ་དམར་ཁྲའི་རྣམ་པར་ཕྱིར་ཕྱུང་། ཉ་དམར་ཁྲའི་རྣམ་པར་ཕྱིར་ཕྱུང་། ལྕོང་མོ་དམར་ཁྲའི་རྣམ་པོར་ཕྱིར་ཕྱུང་། སརྦ་ཨ་པ་ན་ཡེ་སྭཱ་ཧཱ། རྩ་སྔགས། ཀླུ་དམངས་རིགས་ཀྱི་ནད་དང་གནོད་པ་ཐམས་ཅད་སྦྲུལ་ལྗང་ཁྲའི་རྣམ་པར་ཕྱིར་ཕྱུང་། །ཉ་ལྗང་ཁྲའི་རྣམ་པར་ཕྱིར་ཕྱུང་། སྦལ་པ་ལྗང་ཁྲའི་རྣམ་པར་ཕྱིར་ཕྱུང་། ལྕོང་མོ་ལྗང་ཁྲའི་རྣམ་པར་ཕྱིར་ཕྱུང་། སརྦ་ཨ་པ་ན་ཡེ་སྭཱ་ཧཱ། རྩ་སྔགས། ཀླུ་གདོལ་པའི་རིགས་ཀྱི་ནད་དང་གནོད་པ་ཐམས་ཅད་སྤྲུལ་ནག་ཁྲའི་རྣམ་པར་ཕྱིར་ཕྱུང་། སྦལ་པ་ནག་ཁྲའི་རྣམ་པར་ཕྱིར་ཕྱུང་། ཉ་ནག་ཁྲའི་རྣམ་པར་ཕྱིར་ཕྱུང་། ལྕོང་མོ་ནག་ཁྲའི་རྣམ་པར་ཕྱིར་ཕྱུང་། སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། མཛེ་དང་དྲེག་དང་གྲུམ་བུ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། དེ་བཞིན་དུ། མིད་དཀྱུས་དང་མཁལ་ནད་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། འབྲས་དང་སྐྲན་ནད་ཐམས་ཅད་ཨ་པ་ཡེ་སྭཱ་ཧཱ། ལྷོག་པ་དང་གཡན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཤུ་བ་དང་རྒྱ་ཐོར་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཞ་རེངས་དང་གཞོགས་ཕྱེད་སྐམ་པ་སོགས་ཀླུ་


CMR043_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དང་ས་བདག་གི་ནད་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། དེ་ནས་ཁྲུས་ཆུ་སྦྲུལ་ནག་ཁ་ཕྱིར་སྒྱུར། དེ་རྒྱབ་ཀླུ་གཏོར། དེ་རྒྱབ་ནཱ་ག་རཀཱའི་གཏོར་མ་བཞག་གཏོར་མ་གཉིས་པོ་གསོ་བྲན་ཡང་བྱས་ལ། །ཨོཾ་ཨཱཿཧཱུྃ། ཧཱུྃ། མི་མགོན་དུང་སྐྱོང་སྦལ་མཛེས་དང་། །གཙུག་ན་རིན་ཆེན་ཉ་མགོ་དང་། གཟི་ཆེན་སྨྱོ་ཁ་མཁར་ནག་དང་། །མ་དྲོས་འཁོར་དང་བཅས་པ་ཡང་། །རིགས་ལྔའི་ཀླུ་རྣམས་ཐམས་ཅད་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྔོན་གྱི་ལན་ཆགས་ཡོད་ན་ཡང་། །མཆོད་སྦྱིན་འདི་ཡིས་བྱང་བར་གྱིས། །འཕྲལ་གྱི་རྐྱེན་འགལ་ཡོད་ན་ཡང་། །མཆོད་སྦྱིན་འདི་ཡིས་ཞི་བར་གྱིས། །དོན་མེད་གནོད་པ་ཡོད་ན་ཡང་། །མཆོད་སྦྱིན་འདི་ཡིས་མེད་པར་གྱིས། །ཕོག་ཐུག་འགྲམ་འཁྲུགས་ཤོར་ན་ཡང་། །མཆོད་སྦྱིན་འདི་ཡིས་ཞི་བར་གྱིས། །ཐུགས་དང་འགལ་བ་གྱུར་ན་ཡང་། །མཆོད་སྦྱིན་འདི་ཡིས་དགྱེས་པར་མཛོད། །རྒྱུ་སྦྱོར་སྦྱིན་བདག་བསྲུང་བྱ་འདིས། །མ་བསད་པ་ཡི་སྟོང་འཇལ་ལོ། །མ་བརྐུས་པ་ཡི་ཆས་འཇལ་ལོ། །ད་ནི་གནོད་པའི་སེམས་སྤོངས་ལ། །མཐོང་བའི་དུག་དང་རེག་པའི་དུག །ཁ་རླངས་དུག་དང་མཆེ་བའི་དུག །


CMR043_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ངན་པའི་དུག་རྣམས་ཀུན། །སྐད་ཅིག་ཉིད་ལ་ཕྱིར་ཕྱུངས་ལ། །བྱམས་པའི་སེམས་དང་ལྡན་པར་མཛོད། །ཀླུ་རྒྱལ་འཁོར་དང་བཅས་པ་ཀུན། །དང་པོ་ལན་གཅིག་མི་འབྱོན་རྒྱུ། །ནཱ་ག་རཀཱའི་དམ་ཚིག་གཉན། །ད་ནི་བཞུགས་པ་ཡུན་མ་རིང་། །འཇིག་རྟེན་མི་ཡི་ཡུལ་འདི་ནི། །ཐབ་གཞོབ་དམེ་བཙོག་མི་གཙང་མང་། །ཁྱེད་རྣམས་གཙང་མ་བྲམ་ཟེའི་རིགས། །སྐུ་ལ་གྲིབ་ཀྱིས་ཕོག་ཉེན་མཆིས། །དེ་བས་གློག་ལྟར་མྱུར་མགྱོགས་སུ། །རང་རང་གནས་སུ་གཤེགས་སུ་གསོལ། །འཛམ་གླིང་འདི་ཡི་ཕ་རོལ་ན། །རིན་ཆེན་སྣ་ཚོགས་གྲམ་པ་བརྡལ། །གསེར་གྱི་བྱེ་མ་བཀོད་རེ་ལེགས། །ལྗོན་ཤིང་མཛེས་པའི་ཕྲེང་བ་ཅན། །མཐའ་མེད་རྒྱ་མཚོའི་ནང་དུ་གཤེགས། །གསེར་གྱི་རི་བདུན་ཕ་རོལ་ན། །སྦྲང་རྩི་དང་ནི་འོ་མའི་མཚོ། །ལྷ་བྲན་རྣམས་ཀྱང་ལོངས་སྤྱོད་ལྡན། །རོལ་པའི་མཚོ་བདུན་ནང་དུ་གཤེགས། །གང་གཱ་པཀྵ་སིནྡྷུ་དང་། །ནེརཉྫན་ནའི་ཆུ་ཆེན་བཞི། །གསེར་དང་དངུལ་དང་བཻཌཱུརྱ། །རྡོ་རྗེའི་བྱེ་མ་འདྲེན་ཞིང་འབབ། །ཁ་འབབ་ཆུ་བཞིའི་ནང་དུ་གཤེགས། །མ་ཕམ་གཡུ་མཚོ་ཕྱུག་མོ་ན། །རིན་ཆེན་སྣ་


CMR043_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལས་གྲུབ་པའི། །ཀླུ་ཆེན་རྣམས་ཀྱི་ཕོ་བྲང་ཡོད། །དེ་ཕྱིར་དེ་ཡི་གནས་སུ་གཤེགས། །ཀླུ་བདུད་ཀླུ་བཙན་མཚོ་སྨན་རྣམས། །རང་རང་བླ་མཚོའི་ནང་དུ་གཤེགས། །གཞན་ཡང་ཀླུ་བྲན་ས་བདག་ཚོགས། །རང་རང་གནས་སུ་གཤེགས་སུ་གསོལ། །ཨོཾ་ནཱ་ག་ར་ཙ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་དེང་དེང་། བྱེར་སོང་གཙྪ། ཞེས་གསུམ་མམ་བདུན་བརྗོད། ཨོཾ་ཨཱཿཧཱུྃ༔ ལན་གསུམ། གནོད་བྱེད་ཀླུ་གདོན་གྱི་ཤ་ཁྲག་བདུད་རྩི་རང་བཞིན་དུ་གྱུར། ཨོཾ་གྲིཉྩ་ར་ཙ་བ་ལིང་ཏ་གྲིནྣ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཧཱུྃ། འཇིག་རྟེན་འདས་དང་མ་འདས་མཚམས་ཤེད་ནས། །རྒྱ་མཚོ་ཀློང་ཡངས་འཁྲུགས་པའི་ནད་ཤེད་ན། །བསྐལ་པའི་སྦྲུལ་དང་མུན་ནག་གཏིབས་པ་ནས། །དུག་གསུམ་རང་གཟུགས་འཆི་བདག་མགོ་དགུ་པ། །བདུད་ཀྱི་བདུད་གཤེད་གདུག་པ་ཀླུ་ཡི་གཤེད། །དེ་དང་གཉིས་མེད་གདུག་པའི་བུད་མེད་ཆེ། །སྦལ་མགོ་ཁྲག་གི་མིག་དགུ་སྦྲུལ་མཇུག་ཅན། །དགྲ་བོ་གསོད་ལ་ཁྱོད་ལས་ལྷག་པ་མེད། །སྐུ་ནི་དཔའ་བརྗིད་ནམ་མཁའི་ཁམས་དང་མཉམ། །སྟེང་གི་ས་བདག་ཐམས་ཅད་ཁ་ལོ་སྒྱུར། །སྤྱན་གྱིས་ཧུར་ཧུར་ས་དང་


CMR043_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་གཟིར། །གདུག་པ་ཅན་གྱི་གཉན་རིགས་ཐམས་ཅད་ཁོལ། །སྐུ་ནི་རི་རབ་ཆེན་པོའི་ངོས་ལ་བརྟེན། །ནང་གི་ལྷ་སྲིན་སྡེ་བརྒྱད་དམག་ཏུ་ཁོལ། །མཇུག་མ་རྒྱ་མཚོ་ཆེན་པོའི་ཀློང་ན་འཁྱིལ། །གདུག་པའི་ཀླུ་ཚོགས་ཐམས་ཅད་ཕོ་ཉར་འགྱེད། །ཕུང་བྱེད་འཆི་བདག་འཁོར་དང་བཅས་པ་རྣམས། །དུས་བཞིར་སངས་རྒྱས་བསྟན་པའི་མེལ་ཚེ་མཛོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཀླུ་ནད་གཉན་ནད་ས་བདག་ནད་རྣམས་ཟློག །གག་ལྷོག་གཟེར་གསུམ་རིམས་དང་འབྲུམ་ནད་དང་། །མཛེ་དང་ཤུ་བ་གཡན་པའི་ནད་རྣམས་ཟློག །གཏད་མནན་ངག་གནོན་སེམས་ཀྱི་ངན་སྦྱོར་དང་། །ཀླུ་ཆེན་རྣམས་ཀྱིས་ཞགས་པས་བཅིངས་པ་ཟློག །མཐོང་དུག་རེག་དུག་མཆེ་དུག་ཁ་རླངས་དུག །བསམ་པ་ངན་དང་ཞེ་སྡང་དུག་རྣམས་ཟློག །ཀླུ་བདུད་ཀླུ་བཙན་ཀླུ་སྨན་གནོད་པ་ཟློག །གཉན་དང་ས་བདག་ས་སྲིའི་གནོད་པ་ཟློག །ས་འདྲེ་ས་སྲིན་ཕུང་འདྲེའི་གནོད་པ་ཟློག །ཀླུ་སྲིན་འཆི་བདག་མགོ་དགུའི་དུས་ལ་བབ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོ་སྟེ། །འགྲོ་


CMR043_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀླུ་ཡི་འཇིགས་ལས་སྐྱོབ་པའི་ཕྱིར། །བསམ་བཞིན་སྐུ་སྤྲུལ་ནཱ་ག་རཀ་ཞེས། །ཀླུ་གཤེད་ཀླུ་ཡི་སྡེ་དཔོན་ཆེན་པོ་ཁྱོད། །སྔོན་གྱི་ཐུགས་དམ་དམ་བཅའ་དྲན་མཛོད་ལ། །བསྲུང་བྱ་འདི་ལ་གནོད་པའི་ཀླུ་ནད་དང་། །ཀླུ་གདོན་ཐམས་ཅད་རང་དབང་མེད་པར་ཁྱེར། །མཐའ་མེད་རྒྱ་མཚོ་ཆེན་པོའི་ནང་དུ་གཤེགས། །འཇིག་རྟེན་འདས་དང་མ་འདས་སོ་མཚམས་ཀྱི། །ཆོས་ཉིད་རང་མདངས་འཁྲུགས་པའི་རྒྱ་མཚོ་ན། །རྟེན་གྱི་བཞུགས་གནས་ཡིན་པས་དེ་རུ་གཤེགས། །ནཱ་ག་རཀྵ་བཛྲ་མུ༔ དེ་ནས་ཁྲུས་ཆུ་དང་སྤྲུལ་ནག་གི་གཟུགས་ནི་ཕྱོགས་གཙང་ངམ་ལོ་བདུད་ཕྱོགས་སུ་བསྐྱལ། ནཱ་ག་རཀའི་གཏོར་མའང་དེ་རྗེས་སུ་ཁྱེར་ལ་དེ་ངོས་སུ་ཕུལ། ཀླུ་གཏོར་ནི་མཚོའམ་ཆུ་མིག་སོགས་སུ་ཕུལ་བཅུག །འོ་དེ་ལྟར་བྱེད་བཀྲོལ་གསེར་གྱི་ཆོ་གས་མནན་གཏད་རྣམས་བཀྲོལ། འཇམ་དཔལ་ན་ག་རཀཱའི་བུམ་ཆོག་གི་ཀླུ་ཡི་ནད་གདོན་རྣམས་བཀྲུས། བྱབ་པའི་ཆོ་གས་བྱབས་ནས། ད་ཕྱིན་ཆད་ཀླུ་ཡི་ནད་གདོན་རྣམས་མི་འཇུག་པའི་ཕྱིར་སྲུང་བའི་གོ་ཆ་བསྒོ་བ་ནི། སློབ་དཔོན་འཇམ་དཔལ་ཡེ་ཤེས་སེམས་དཔར་གསལ་བའི་ཐུགས་ཀ་ནས་སྣ་ཚོགས་རྡོ་རྗེའི་ཆར་བབས་པས། ཁྱེད་རང་གི་ལུས་ལ་རྡོ་


CMR043_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་པར་སྒོམས་ཤིག །རྡོ་རྗེ་ལག་ཏུ་ཕྱར་ཞིང་། སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང་། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང་། །ཐམས་ཅད་སྐྱོབ་པའི་བདེན་ཚིག་དང་། །ལོག་པ་དད་སེལ་ཏིང་འཛིན་དང་། །གསེར་ཐུབ་ཅེས་བྱའི་ཡེ་ཤེས་དང་། །འོད་སྲུང་གི་ནི་རྫུ་འཕྲུལ་དང་། །ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས། །རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ཀླུ་ཡི་ནད་རྣམས་རབ་བཅོམ་སྟེ། །འདི་ལ་རྟག་ཏུ་བདེ་ལེགས་ཤོག །བདེན་པའི་ཚིག་ནི་དེ་དག་གིས། །ནད་པ་རྣམས་ཀྱི་ནད་སེལ་ཞིང་། །ཉེས་པ་ཐམས་ཅད་ཕྲོག་བྱེད་པ། །བསྲུང་བྱར་བདུད་རྩིར་འགྱུར་བར་ཤོག །སྤྱི་བོ་ཡན་ལག་བཞི་མདུན་རྒྱབརྣམས་སུ་རྡོ་རྗེ་རྒྱ་གྲམ་བཞག །ཨོཾ་ནཱ་ག་རཀ་ཕེ་ལཾ་ཧཱུྃ། ཀླུ་རྒྱལ་རིགས་ཀྱི་ནད་དང་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ། ཀླུ་རྗེའུ་རིགས་ཀྱི་ནད་དང་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཀླུ་དམངས་རིགས་ཀྱི་ནད་དང་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཀླུ་བྲམ་ཟེའི་རིགས་ཀྱི་ནད་དང་གནོད་པས་མི་ཚུགས་པར་


CMR043_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས་ཤིག་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཀླུ་གདོལ་པའི་རིགས་ཀྱི་ནད་དང་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཀླུ་བདུད་ཀླུ་བཙན་གྱི་ནད་དང་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། མཚོ་སྨན་དང་གཉན་ཆེན་སྡེ་བརྒྱད་ཀྱི་ནད་དང་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། དེ་ལྟར་རྡོ་རྗེའི་གོ་བཀོན་པ་དེ་རབ་ཏུ་གནས་པའི་ཆོ་གས་ཤིས་པ་བརྗོད་པའི་མོས་པ་མཛོད། ཅེས་པ་མེ་ཏོག་འཐོར་ཞིང་། སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་པར་མཛད། །ལྷ་མིན་རྣམས་ཀྱིས་ཟླ་བ་ཕམ། །ནམ་མཁའ་ལྡིང་གིས་རྒྱ་མཚོ་ཕམ། །མེས་ནི་ཤིང་རྣམས་ཕམ་པར་འགྱུར། །ཆུས་ནི་མེ་ཡང་ཕམ་པར་འགྱུར། །རླུང་གིས་སྤྲིན་རྣམས་རབ་ཏུ་ཕམ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུགས། །ལྷ་རྣམས་བདེན་པ་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་ཀྱིས་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་རྫུན་མ་ལགས། །བདེན་པའི་བདེན་ཚིག་འདི་དག་གིས། །བསྲུང་བྱ་འདི་ཡི་


CMR043_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དང་གདོན། །ཕྱིར་རྒོལ་བ་ནི་ཀུན་ལས་རྒྱལ། །སྡིག་པ་ཐམས་ཅད་རབ་ཏུ་ཕམ་སྭཱ་ཧཱ། ཨོཾ་ནཱ་ག་རཀྵ་ཕེ་ལཾ་ཧཱུྃ། ཛ་ཡེ་སྭཱ་ཧཱཿ བི་ཛ་ཡེ་སྭཱ་ཧཱཿ ཛ་ཡེ་བི་ཛ་ཡེ་སྭཱ་ཧཱཿ འོ་དེས་འཇམ་དཔལ་ནཱ་ག་རཀཱའི་སྒོ་ནས་གཏད་ཁྲོལ་དང་ཀླུ་ཡི་གདོན་བཀྲོལ་ལེགས་པར་གྲུབ་པ་ཡིན་པས། །གཏང་རག་གི་མཎྜལ་ཕུལ་ལ། ས་གཞི་སྤོས་ཆུ་སོགས། དེ་ནས་རྗེས་ཆོག་གཞན་མི་དགོས་ཏེ། བདག་བསྐྱེད་སྟོང་པར་བསྡུས་ལ་མི་དམིགས་པར་བ་ཞག་གོ །ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་ཁྲུམས་སྟོད་ཟླ་བའི་ཚེས་དགུ་ཕྱི་མའི་ནུབ་ནཱ་ག་རཀཱ་ཆ་ལུགས་མངོན་རྟོགས་དང་མཐུན་པ་ཞལ་གཟིགས་ཏེ། སྒྲུབ་སྐོར་དཔེའུ་རིས་དང་བཅས་པ་དངོས་སུ་གསུངས་པས། ཞལ་ཁྲིད་ཀྱི་ནང་ལ་བུམ་ཆོག་དང་ཁྲུས་བྱ་བ་གཞན་དང་འདྲ་གསུངས་པ་ལྟར། གཏེར་བློན་རཱ་ག་ཨ་སྱས་རྒྱས་པར་བཀོད་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ། ཉེས་འགལ་མཆིས་ན་ཡེ་ཤེས་དང་འཇིག་རྟེན་པའི་ཀླུའི་ཚོགས་ལ་བཤགས་ཤིང་། དགེ་བས་ཀླུ་ཡི་ནད་གདོན་གྱིས་ཉེས་པ་ལ་མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཆེན་པོར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་འཇམ་དཔལ་ནཱ་ག་རཀཱའི་སྒོ་ནས་ཀླུའི་གདོན་བཀྲོལ་དང་གཏད་བཀྲོལ་ཁྱེར་བདེར་བཀོད་པ།next