Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
སྲིད་པའི་རྒྱལ་མོ་མུ་ཁ་ལེའི་སྒོ་ནས་གཟའ་ཡི་གདོན་བཀྲོལ་བཀའ་གཏེར་ཟུང་འཇུག་ཁྱེར་བདེ་བར་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲིད་པའི་རྒྱལ་མོ་མུ་ཁ་ལེའི་སྒོ་ནས་གཟའ་ཡི་གདོན་བཀྲོལ་བཀའ་གཏེར་ཟུང་འཇུག་ཁྱེར་བདེ་བར་བཀོད་པ།next

སྲིད་པའི་རྒྱལ་མོ་མུ་ཁ་ལེའི་སྒོ་ནས་གཟའ་ཡི་གདོན་བཀྲོལ་བཀའ་གཏེར་ཟུང་འཇུག་ཁྱེར་བདེ་བར་བཀོད་པ།


CMR043_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རྒྱལ་མོ་མུ་ཁ་ལེའི་སྒོ་ནས་གཟའ་ཡི་གདོན་བཀྲོལ་བཀའ་གཏེར་ཟུང་འཇུག་ཁྱེར་བདེ་བར་བཀོད་པ་བཞུགས་སོ།།


CMR043_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝ་ཀ་ར་ཡེ། དཔལ་དུས་ཀྱི་འཁོར་ལོའི་མན་ངག་བཀའ་གཏེར་ཟུང་འཇུག་གཟའི་གནོད་པ་ཞི་བའི་ཐབས་ནི། མཎྜལ་གྲུ་བཞིའི་སྟེང་དུ་འདབ་བརྒྱད་བྲིས་པའམ། གཞི་སྟེང་འབྲུའི་འདབ་བརྒྱད་སྟེང་དུ། བུམ་པ་རྫས་ལྡན་འོ་ཆབ་ཀྱིས་བཀང་ལ་བཞག །གཡས་སུ་རིན་པོ་ཆེའི་སྣོད་དུ་ལྕོག་ཟླུམ་དཀར་པོ་མེ་ཏོག་གིས་བརྒྱན། གཡོན་དུ་ཟངས་ལྕགས་སྣོད་དམ་རྡོ་ལེབ་སྟེང་དུ། གཟའ་གཏོར་ཟུར་གསུམ་ནག་པོ་གཡས་གཙུས། རྩེ་ལ་བྱ་མགོ་དང་ལོགས་གསུམ་ལ་མིག་གསུམ་རེ། ཕྱོགས་བཞིར་སྙིང་གཟུགས་ཡུ་བ་ཅན་བཞི། གཙོ་བོའི་ལོགས་གསུམ་དང་སྙིང་ལ་ཤ་དར་རེ་རེ་བཙུགས། དེ་དག་གི་མདུན་དུ་མཆོད་པ་རྣམ་ལྔ་ཚང་བར་བཤམས། ཁྲུས་སྡེར་ནང་དུ་ངར་མི་གཅིག་བཞག །དེ་ནས་འདོན་སྒོམ་སྦྲག་པར་


CMR043_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ།། སྟོང་པའི་ངང་ལས་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པའི། རང་ཉིད་སྣ་ཚོགས་ཡུམ་ཁྲོ་མོའི་ཆ་བྱད་ཅན། དབུ་དཀར་པོ། ཕྱག་དང་སྙིང་ཁ་སྔོན་པོ། ལྟོ་བ་སེར་པོ། བརླ་དང་གསང་གནས་དམར་པོ། ཞབས་ལྗང་ཁུ་འདོར་ཐབས་ཅན། གྲི་གུག་ཐོད་ཁྲག་འཛིན་པ། དེའི་ཐུགས་ཀར་པདྨ་དཀར་པོ་དང་ཟླ་བའི་གདན་ལ། ཐཾ་ཡིག་དཀར་པོ་ལ་སྔགས་ཕྲེང་གཡོན་དུ་འཁོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་མིན་གྱི་གནས་ནས་དཔལ་དུས་ཀྱི་འཁོར་ལོའི་ཡུམ་རང་འདྲ་བ་དཔག་ཏུ་མེད་པ་ཆར་བཞིན་བབས་ནས་རང་ལ་སིབ་སིབ་


CMR043_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཅིང་བསྲུང་བར་གྱུར། ༀ་ཕྲོ་བི་ཤྭ་མ་ཏ་སྭཱ་ཧཱ། ཞེས་བརྒྱ་ཡན་ཅི་འགྲུབ་བཟླ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཧཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ། ནང་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ། ཟླ་བའི་དཀྱིལ་འཁོར་ཉ་རྒྱས་དབུས་སུ། ཨེ་ཡིག་དམར་པོ་འོད་འཕྲོ་བ། དེ་ཡོངས་སུ་གྱུར་པ་ལས། རལ་གྲི་ཡུ་བ་ཨས་མཚན་པ། དེ་ཞུ་བ་ལས་སྲིད་པའི་རྒྱལ་མོ་མུ་ཁ་ལེ་སྐུ་མདོག་དམར་པོ། གཅིག་ཞི་ཞིང་འཛུམ་པ། ཐོར་ཙུགས་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། ཕྱག་གཉིས་གཡས་རལ་གྲི་ཕྱར་ཞིང་། གཡོན་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་ཟླའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པའི་བྷ་གའི་ནང་དུ། སྐད་ཅིག་གིས་སྲས་ཁྱབ་འཇུག་རཱ་ཧུ་ལ་སྐུ་མདོག་དུད་ཁ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་དང་མདའ་གཞུ་གཡོན་རྒྱལ་མཚན་དང་སྦྲུལ་ཞགས་ཐོགས་པ། སྐུ་ལུས་སྤྱན་


CMR043_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གང་བ། དབུ་སྟེང་ན་བྱ་རོག་གི་དབུ་དང་སྐུ་སྨད་སྦྲུལ་དུ་འཁྱིལ་བ། སྲས་ཀྱི་ཐུགས་ཀ་དང་། ཡུམ་གྱི་ཐུགས་ཀར་ཟླ་བ་ལ་ཨེ་ཡིག་མཐར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་འཕྲོས། རང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང་ཐིམ། ཨོཾ་ཧྲིམ་ཏྲི་ཨ་སུ་རཱ་ཧུ་ལ་བཛྲ་ས་མཱ་ཡ་ཛ་ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་དབྱེར་མེད་པའི་ཐུགས་ཀའི་སྔགས་ཕྲེང་དང་སྐུ་ལས་བདུད་རྩིའི་རྒྱུན་བབ་བུམ་པ་གང་བར་གྱུར། ཨོཾ་ཧྲིམ་ཏྲི་ཨ་སུ་གཟའི་ནད་གདོན་སརྦ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་རབ་སྟོང་འབྲིང་ལྔ་བརྒྱ་ཐ་མ་ཡང་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་བཟླས་ནས་ནད་པ་མདུན་དུ་བོས་ལ། འོ་ན་ད་ལམ་ཁྱེད་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་མན་ངག་བཀའ་གཏེར་ཟུང་འཇུག་སྲིད་པའི་རྒྱལ་མོ་མུ་ཁ་ལེ་ཡི་སྒོ་ནས་གཟའི་གདོན་བཀྲོལ་ཞུ་བའི་ཕྱིར་མཎྜལ་འབུལ། ད་ངེད་སློབ་དཔོན་ནི་དཔལ་དུས་ཀྱི་འཁོར་ལོའི་ཤེས་རབ་སྟོང་པའི་ཆ་ལས་བྱུང་བ། བཅོམ་ལྡན་འདས་སྒྲོལ་མ་སྣ་ཚོགས་ཡུམ་ཁྲོ་ལྷོ་མོའི་ཆ་བྱད་ཅན། དབུ་དཀར་པོ། ཕྱག་དང་སྙིང་ཁ་སྔོན་པོ། ལྟོ་བ་སེར་པོ། བརླ་དང་གསང་གནས་དམར་པོ། ཞབས་ལྗང་ཁུ་འདོར་ཐབས་ཅན། གྲི་གུག་ཐོད་ཁྲག་


CMR043_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་གུསལ་ཐོབ། མདུན་གྱི་བར་སྣང་ལ་དེའི་བཀའ་སྡོད་ཡུམ་སྲིད་པའི་རྒྱལ་མོ་མུ་ཁ་ལེ་དམར་མོ་ཞི་འཛུམ་རལ་གྲི་དང་བདུད་རྩི་བུམ་པ་འཛིན་པ། དར་དང་རིན་པོ་ཆེའི་བརྒྱན་ཅིང་པད་ཟླ་ལ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་འོག་ཏུ་སྲས་མཆོག་རཱ་ཧུ་ལ་དབུ་དགུ་བྱ་རོག་གི་དབུ་དང་བཅུ། ཕྱག་བཞི་རལ་གྲི་མདའ་གཞུ་རྒྱལ་མཚན་སྦྲུལ་ཞགས་འཛིན་པ། སྐུ་ལུས་སྤྱན་སྟོང་གིས་གཏམས་པ། ཕྱོགས་བཞིར་སྲིང་མོ་གདོང་མོ་མཆེད་བཞི་དང་བཅས་པ་མངོན་སུམ་དུ་གསལ་བས། ཁྱེད་རང་གི་ཚེ་སྐྱིན་སྲོག་གླུད་དུ་གཏོར་མ་བདུད་རྩིར་གྱུར་པ་གསོལ་བས་ཤིན་ཏུ་མཉེས་ཤིང་ཚིམས་ནས། གཟའི་ནད་དང་གནོད་པ་ཐམས་ཅད་བསལ་ཏེ་ཁྱེད་རང་ལ་སྲུང་སྐྱོབ་སྡོང་གྲོགས་མཛད་ཅིང་ཡོད་བསམ་པའི་མོས་པ་མཛོད༔ རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས། །ཨོཾ་གྱིས་སྟོང་པ་ཉིད་དུ་གྱུར། །ཨཱཡིས་གཏོར་སྣོད་རྒྱ་ཆེ་བར། །ཧཱུྃ་གིས་གཏོར་མ་བདུད་རྩིའི་མཚོ། །ཧོཡིས་ཟག་མེད་བདུད་རྩིར་སྒྱུར། །རོ་བརྒྱ་ནུས་པ་སྟོང་དང་ལྡན་། །ཧ་ཧོ་ཧཱུྃཡིས་བྱིན་གྱིས་བརླབས། །མགྲོན་རྣམས་ལྗགས་ལས་འོད་ཟེར་གྱིས། །སྦུ་གུས་བདུད་རྩི་དྲངས་ཤིང་གསོལ། །


CMR043_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མཉེས་ཤིང་ཚིམ་པར་གྱུར། །བྷྱོ༔ མུ་ལེ་མཚོ་དང་ཡོངས་འདུས་ཤིང་། །དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས། །སྲིད་པའི་རྒྱལ་མོ་སྤྱན་འདྲེན་ནོ། །པད་ཟླའི་སྟེང་དུ་དགྱེས་པར་བཞུགས། །ཨོཾ་ཧིམ་ཏྲི་ཨ་སུ་ཧྲིང་ཛཿ ཛཿཧཱུྃ་བཾ་ཧོཿ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་བུ་གཟུགས་སྒྲ་དྲི་རོ་དང་། །རེག་བྱ་དཀར་གསུམ་གཏོར་མ་འབུལ། །ལྷ་མོ་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ཧྲི་མ་ཏྲི་ཨ་སུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨཧཱུྃ་སོགས། བྷྱོ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས། །འགྲོ་བའི་དོན་དུ་སྐུ་སྤྲུལ་ནས། །འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ། །མ་དང་སྲིང་ལྟར་བསྒྲུབས་ལ་བརྩེ། །མུ་ཁ་ལེ་ལ་བདག་བསྟོད་དོ། །དམ་རྫས་མཆོད་གཏོར་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །བདག་ཅག་སློབ་དཔོན་འཁོར་བཅས་ཀྱི། །གཟའ་གདོན་གནོད་པ་ཞི་བ་དང་། །ནད་མེད་ལུས་སྟོབས་འཕེལ་རྒྱས་མཛོད། །ཚེ་ཡི་དངོས་གྲུབ་དབང་དུ་སྡུས། །གནོད་ཅིང་འཚེ་བའི་ནད་གདོན་ཟློག །མ་གཡེལ་མྱུར་དུ་ལས་


CMR043_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །སྐུ་མདོག་དུད་ཁ་ཞལ་དགུ་པ། །ཕྱག་བཞི་དང་པོ་གཉིས་ཀྱིས་ནི། །རལ་གྲི་ཆུ་སྲིན་རྒྱལ་མཚན་འཛིན། །དེ་ཡི་ཕྱག་ནི་འོག་མ་གཉིས། །མདའ་གཞུ་སྦྲུལ་གྱི་ཞགས་པ་འཛིན། །མགོ་ལུས་མེད་པར་མིག་གིས་གང་། །ལྟོ་བ་མན་ཆད་སྦྲུལ་དུ་འཁྱིལ། །བྱ་རོག་དབུ་དང་བཅུ་ཡིས་བརྒྱན། །ནམ་མཁའ་ཡངས་པའི་ད་ལ་ནས། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བདག་དང་བསྲུང་བྱ་འདི་ཉིད་ལ། །གཟའ་ཡི་ནད་དང་གནོད་པ་ཀུན། །ད་ལྟ་ཉིད་དུ་ཞི་བར་མཛོད། །རང་དུག་རང་གིས་ད་ཕྱུངས་ཤིག །རང་མཚོན་རང་གིས་ཕར་སྡུས་ཤིག །གདུག་པའི་སྤུ་མདའ་ད་ཐོན་ཅིག །བསམ་སྦྱོར་ངན་པ་བྱས་པ་ཤིག །ལག་རྒྱུ་ངན་པས་བཅིངས་པ་ཁྲོལ། །མཐོང་བའི་དུག་དང་རེག་པའི་དུག །ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག །བསམ་ངན་དུག་དང་དྲི་ཚོར་དུག །ཟེར་གྱི་


CMR043_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དུག་རྣམས་ཕྱིར་ཕྱུངས་ཤིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །མཆོད་པའི་ངོ་གཅིག་ཁྱོད་ཀྱི་གྱིས། །ད་མཆོག་གསུམ་དང་གསང་བའི་བདག །སྲིད་པའི་རྒྱལ་མོའི་བཀའ་མ་བཅག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་རཱ་ཧུ་ལ་སྭཱ་ཧཱ། ཨི་དཾ་བྷ་ལི་ཏ་སོགས། བདུན། ཨི་ལི་མི་ལི་རཱ་ཧུ་ལ་ཨ་ཡ་མ་བྲེ་དུ་ཏི་ཤ་ན་ལ་རཀྵ༔ ཅེས་བདུན་ཡན་ཆད་ཅི་འགྲུབ་བཟླས་ལ་ན་སར་ཕུ་བཏབ། སྔགས་འདི་བཟླས་ན་རང་བསྲུང་དང་གཞན་ལ་སྔགས་ཆུ་སྔགས་མར་སྲུང་སྐུད་སོགས་བྱས་ན་ཟབ་བོ།། བྷྱོ་གཟའ་བདུད་ཆེན་པོའི་ལྕམ་གཅིག་མ། །ཤར་གྱི་ཟོར་བའི་གདོང་ཅན་དཀར། །ཞལ་གཅིག་ཕྱག་གཉིས་ཟེར་བ་མདུང་། །སྲིང་མོའི་ཆས་ཀུན་ཡོངས་སུ་རྫོགས། །ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས་།ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བདག་དང་བསྲུང་བྱ་འདི་ཉིད་ལ། །མིག་དམར་གཟའ་ཡི་གནོད་པ་ཟློག །མེ་གཟའི་ནད་ཀུན་ཞི་བར་མཛོད། །ཁྱོད་


CMR043_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལས་ཀྱི་དབང་མོ་ཆེ། །མིང་པོ་གཟའ་ཡི་ནད་དང་གདོན། །ཐམས་ཅད་ཁྱོད་ཀྱིས་བསྒྱུར་ཞིང་ཟློག །ཟས་ཀྱི་ངོ་གཅིག་ཁྱོད་ཀྱི་གྱིས། །སྲིད་པའི་རྒྱལ་མོའི་བཀའ་མ་བཅག །གསང་བའི་བདག་པོའི་དམ་མ་བཀྲལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཛཾ་མ་ར་རཱ་ཛ། ཨི་དཾ་བ་ལི་ཏ་སོགས། བྷྱོཿ རཱ་ཧུ་ལ་ཡི་ལྕམ་གཅིག་མ། །ལྷོ་ཡི་དྲེད་མོང་གདོང་ཅན་སེར། །ཞལ་གཅིག་ཕྱག་གཉིས་དྲེད་མོང་ཞལ། །སྲིན་མོའི་ཆས་ཀུན་ཡོངས་སུ་རྫོགས། །ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བདག་དང་བསྲུང་བྱ་འདི་ཉིད་ལ། །ཕུར་བུ་གཟའ་ཡི་གནོད་པ་ཟློག །རླུང་གཟའི་ནད་ཀུན་ཞི་བར་མཛོད། །ཁ་མིག་ཡོ་བའི་ནད་ཀུན་སོལ། །རྐང་ལག་ཞ་རེངས་ནད་ཀུན་ཁྲོལ། །བརྒྱལ་ཞིང་འབོག་པའི་ནད་ཀུན་སོལ། །ལོག་གྱུ་རྒོད་པའི་ནད་ཀུན་ཟློག །ཁྱོད་ནི་ལས་ཀྱི་དབང་མོ་ཆེ། །མིང་པོ་གཟའ་ཡི་སྐག་སྒྱུར་ཅིག །མཐུ་དང་ནུས་པ་ཅི་འདུག་བལྟ། །


CMR043_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དང་མཚན་མ་དངོས་སུ་སྟོན། །སྲིད་པའི་རྒྱལ་མོའི་བཀའ་མ་བཅག །ཕྱག་ན་རྡོ་རྗེའི་དམ་མ་བཀྲལ། །བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །ཧཱུྃ་མ་རཱ་ཧུ་ལ་ཧཱུྃ། ཨི་དཾ་བྷ་ལིཾ་སོགས། བྷྱོ༔ རཱ་ཧུ་ལ་ཡི་ལྕམ་གཅིག་མ། །ནུབ་ཀྱི་བ་ལང་གདོང་ཅན་དམར། །ཞལ་གཅིག་ཕྱག་གཉིས་བ་ལང་སྒྲོག །སྲིན་མོའི་ཆས་ཀུན་ཡོངས་སུ་རྫོགས། །ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བདག་དང་བསྲུང་བྱ་འདི་ཉིད་ལ། །སྤེན་པ་གཟའ་ཡི་གནོད་པ་ཟློག །ས་གཟའི་ནད་ཀུན་ཞི་བར་མཛོད། །ལྕི་ཞིང་འཐིབས་པའི་ནད་ཀུན་སོལ། །བྱིང་ཞིང་རྨུགས་པའི་ནད་ཀུན་སོལ། །འདུ་ཤེས་མེད་པའི་ནད་ཀུན་སོལ། །ཞི་ཞིང་རེངས་བའི་ནད་ཀུན་སོལ། ཁྱོད་ནི་ལས་ཀྱི་དབང་མོ་ཆེ། །མིང་པོ་གཟའ་ཡི་སྐག་ཟློག་ཅིག །ཟས་ཀྱི་ངོ་ཅིག་ཁྱོད་ཀྱི་གྱིས། །མཐུ་དང་ནུས་པ་ཅི་འདུག་བལྟ། །རྟགས་དང་མཚན་པ་དངོས་སུ་སྟོན། །


CMR043_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རྒྱལ་མོའི་བཀའ་མ་བཅག །གསོ་སྔོན་ཅན་གྱི་དམ་མ་བཀྲལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བི་མཱ་ར་ཡ་བི། ཨི་དཾ་བྷ་ལི་ཏ་སོགས། བྷྱོ་རཱ་ཧུ་ལ་ཡི་ལྕམ་གཅིག་མ། །བྱང་དུ་ཆུ་སྲིན་གདོང་ཅན་ལྗང་། །ཞལ་གཅིག་ཕྱག་གཉིས་ཆུ་སྲིན་དྲེལ། །སྲིན་མོའི་ཆས་ཀུན་ཡོངས་སུ་རྫོགས། །ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བདག་དང་བསྲུང་བྱ་འདི་ཉིད་ལ། །ཟླ་བ་གཟའ་ཡི་གནོད་པ་ཟློག །ཆུ་གཟའི་ནད་ཀུན་ཞི་བར་མཛོད། །ཡན་ལག་བཤལ་བའི་ནད་ཀུན་སོལ། །རྩ་ཆུ་མི་སྡོམ་ནད་ཀུན་སོལ། །ཡུན་རིང་ན་བའི་གཟའ་ནད་སོལ། །ཁྱོད་ནི་ལས་ཀྱི་དབང་མོ་ཆེ། །མིང་པོ་གཟའ་ཡི་སྐག་ཟློག་ཅིག །ཟས་ཀྱི་ངོ་ཅིག་ཁྱོད་ཀྱི་གྱིས། །མཐུ་དང་ནུས་པ་ཅི་འདུག་བལྟ། །རྟགས་དང་མཚན་མ་དངོས་སུ་སྟོན། །སྲིད་པའི་རྒྱལ་མོའི་བཀའ་མ་བཅག །གོས་སྔོན་ཅན་གྱི་དམ་མ་བཀྲལ། །བཅོལ་བའི་ཕྲིན་ལས་མྱུར་འགྲུབ་


CMR043_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཧཾ་མ་ར་བྷྱོ་ཧོ། ཨི་དཾ་བྷ་ལི་སོགས། བདུན། དེ་ནས་ངར་མི་བྲན་ལ། ཧཱུྃ། ང་ནི་དུས་ཀྱི་འཁོར་ལོའི་ཡུམ། །བཀའ་ནི་སྲིད་པའི་རྒྱལ་མོའི་བཀའ། །དྲང་སྲོང་འཁོར་བཅས་ཚུར་ཉོན་དང་། །གླུད་བདག་ཆེན་པོས་གླུད་ལོངས་ལ། །ཡས་བདག་ཆེན་པོས་ཡས་བཞེས་ཤིག །ད་མི་བས་བཟང་བའི་གླུད་ཅིག་འབུལ། །མི་ཞེས་བྱ་བ་ངན་པ་ཡིན། །རོ་སྟོད་སྣབས་ལུད་ཆར་བཞིན་འབེབས། །རོ་སྨད་དྲི་ཆུའི་རྫིང་བུ་འཁྱིལ། །སྐེད་པ་རྣག་དང་ཆུ་སེར་ཡིན། །གླུད་ཀྱི་ཡོན་ཏན་བསམ་མི་ཁྱབ། །ཟེར་མོང་འཕན་བཟང་མགོ་ཡི་སྐུ་རུ་མཛེས། །ལུང་ཐང་མིག་གིས་ཁམས་གསུམ་མཐོང་། །ལེ་བརྒན་ལྕེ་ཡི་བདེན་ཚིག་སྨྲ། །མགྲོན་བུའི་སོ་ནི་དཀར་ཞིང་མཛེས། །ཞོ་ཤའི་སྙིང་གི་སྔ་ཕྱི་དྲན། །དབང་པོ་ལག་པས་འདུ་བྱེད་མཁྱེན། །ཆུ་སྲིན་སྡེར་མོས་ས་བཅུ་བསྒོད། །མགོ་ལ་རིན་ཆེན་གསེར་གཡུས་བརྒྱན། །ཕྱུག་པོའི་བུ་མོ་མཛེས་མ་འདྲ། །སྐུ་ལ་དར་ཟབ་རྒྱན་གྱིས་བརྒྱན། །ཚོང་པ་ལམ་དུ་ཞུགས་པ་འདྲ། །གཡས་ན་བ་དན་རུ་མཚོན་ཐོགས། །གཡོན་ན་ལོ་གྲངས་ཁྲམ་ཤིང་བསྣམས། །བསྲོ་སྒྲ་ཆེན་པོ་དི་རི་རི། །སྐྱེས་


CMR043_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་དམག་ལ་ཆས་པ་འདྲ། །ད་ནི་མི་བས་བཟང་བའི་གླུད་འབུལ་ལོ། །ཕྱག་ན་རྡོ་རྗེའི་བཀའ་མ་བཅག །ཡོན་བདག་དྲིན་ལེན་ཆུད་མ་གསན། །ཕུལ་བའི་གླུད་འདི་ད་བཞེས་་ལ། །ཁྱེད་དང་རྒྱུ་སྦྱོར་ཡོན་བདག་གཉིས། །དེ་རིང་ཉིད་དུ་འཇལ་དུམ་གྱིས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །བདེན་པའི་བཀའ་ལ་མི་ཉན་གང་ཡང་མེད། །དེ་བས་བདེན་པའི་བཀའ་ཉོན་ཅིག །གཟའ་ཡིས་ཁམས་གསུམ་ལན་ཆགས་པ། །ཉི་མ་དང་ནི་ཟླ་བ་དང་། །མིག་དམར་དང་ནི་ལྷག་པ་དང་། །ཕུར་བུ་དང་ནི་པ་ཝ་སངས། །སྤེན་པ་དང་ནི་སྒྲ་གཅན་འཛིན།། །གཟའ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །སྔར་བྱས་ལན་ཆགས་འབྲེལ་པ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བུ་ལོན་ལན་ཆགས་འཁོར་བ་གྱིས། །ཤ་འཁོན་མ་ལུས་བྱང་བར་གྱིས། །ལན་ཆགས་མ་ལུས་བྱང་བར་གྱིས། །སྐྱོན་གྲིབ་མ་ལུས་སེལ་བར་གྱིས། །མོ་ངན་འཚེར་རྩུབ་བསྒྱུར་བར་གྱིས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བུམ་ལྷ་ཡུམ་སྲས་གཉིས་འོད་དུ་ཞུ་བའི་བདུད་རྩིའི་རྒྱུན་གྱི་བུམ་ཆུ་ནང་དུ་བཏུང་བས་


CMR043_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དོན་སྣོད་ལ་གནོད་པའི་ནད་ཐམས་ཅད་བ་མོར་ཉི་ཟེར་ཕོག་ལྟར་གྱུར། ཕྱིའི་ལུས་ལ་ཁྲུས་བྱས་པས། ཕྱི་ལུས་ཀྱི་ནད་ཐམས་ཅད་སངས་སངས་དག་པར་བསྒོམ། ཇི་ལྟར་བལྟམས་པ་སོགས། ཐིགས་གཅིག་འཐུང་ལ་ཡན་ལག་ལྔ་ཁྲུས་བྱེད་བཅུག་ཅིང་། ཧཱུྃ་ཧྲི་ཧྲི་མ་ཏྲི་ཨ་སུ་སྭཱ་ཧཱ། ཨོཾ་གཏུམ་པོ་ལེ་གཏུམ་པོ་ལེ། རྟེ་འབྲེ་ཆུ་འབྲིང་། སུ་སུ་མེ་མེ་ཤིག་ཤིག་སྭཱ་ཧཱ། ཨོཾ་གཟའ་ཁ་ཏྲ་རུ་ཏྲ་ཡེ་སྭཱ་ཧཱ། ཨོཾ་ཨ་ཡ་མ་པྲ་དུ་ཏི་ཤ་ན་ལ་ཡེ་སྭཱ་ཧཱ། ཨོཾ་སུ་བྷེ་རེ་ཏ་ན་ཡེ་སྭཱ་ཧཱ། ཨོཾ་ན་མོ་པ་རི་ན་ཡེ་སྭཱ་ཧཱ། ཨོཾ་བྷེ་ཧྥུ་མ་སུ་ར་ཙོ་གཏོར་རཱ་ཧུ་ལ་ར་མ་དྷིག །ཛཱི་ཤུ་ལ་ཚིལ་མ་ཁུག་ཐང་ཐང་མ་མ་བློ་བྷྱོ༔ ཡ་སྤྱི་པི་ནི་ཚལ་པ་ས་ན་བློ། སརྦ་པཱ་པཾ་ཛྭ་ལ་རཾ་གཟའི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་མེ་ལོང་ངོས་ལ་ནད་པའི་གཟུགས་འཆར་བཅུག་ལ་ཆུ་ཐིགས་རེ་དང་སྔགས་རི་སྤྲད་ལ་ཁྲུས་བྱ་སྟེ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་ཧྲི་མ་ཀྲི་ཨ་སུ་གཟའ་ཉི་མའི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧྲི་མ་ཀྲི་ཨ་སུ་གཟའ་ཟླ་བའི་ནད་


CMR043_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནོད་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧྲི་མ་ཀྲི་ཨ་སུ་གཟའ་མིག་དམར་གྱི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧཱི་མ་ཀྲི་ཨ་སུ་གཟའ་ལྷག་པའི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ༀ་ཤྲཱི་མ་ཀྲི་ཨ་སུ་གཟའ་ཕུར་བུའི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ༀ་ཤྲཱི་མ་ཀྲི་ཨ་སུ་གཟའ་པ་སངས་གི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧཱི་མ་ཀྲི་ཨ་སུ་གཟའ་སྤེན་པའི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧཱི་མ་ཀྲི་ཨ་སུ་གཟའ་རཱ་ཧུ་ལའི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧྲི་མ་ཀྲི་ཨ་སུ་སྤྲུལ་པའི་གཟའ་བརྒྱད་ཀྱི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧྲི་མ་ཀྲི་ཨ་སུ་སྟག་སྲིན་ཟོར་བའི་གདོང་གི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ༀ་ཤྲཱི་མ་ཀྲི་ཨ་སུ་བམ་སྲིན་དྲེད་མོང་གདོང་གི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧཱི་མ་ཀྲི་ཨ་སུ་རྐང་སྲིན་བ་གླང་གདོང་གི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧཱི་མ་ཀྲི་ཨ་སུ་འབྲོག་སྲིན་ཆུ་སྲིན་གདོང་གི་ནད་དང་གནོད་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧྲི་མ་ཀྲི་ཨ་སུ་སྨིན་དྲུག་


CMR043_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཤར་སྐར་དྲུག་གི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ༀ་ཤྲཱི་མ་ཀྲི་ཨ་སུ་མཆུ་སོགས་མེ་སྐར་དྲུག་གི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧྲི་མ་ཀྲི་ཨ་སུ་ལྷག་མཚམས་ལ་སོགས་ལྕགས་སྐར་དྲུག་གི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧྲི་མ་ཀྲི་ཨ་སུ་མོན་གྲེ་སོགས་ཆུ་སྐར་དྲུག་གི་ནད་དང་གནོད་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧྲི་མ་ཀྲི་ཨ་སུ་བྲ་ཉེ་ལ་སོགས་ས་སྐར་བཞིའི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧཱི་མ་ཀྲི་ཨ་སུ་མེ་གཟའི་ནད་དང་གནོད་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧཱི་མ་ཀྲི་ཨ་སུ་ཆུ་གཟའི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧཱི་མ་ཀྲི་ཨ་སུ་ས་གཟའི་ནད་དང་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཧྲི་མ་ཀྲི་ཨ་སུ་རླུང་གཟའི་ནད་དང་གནོད་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་རྨ་བྱའི་མདངས་ཐོགས་ལ། ད་ངེད་དཔལ་ལྡན་དུས་ཀྱི་འཁོར་ལོའི་ཤེས་རབ་མ་སྒྲོལ་མ་སྣ་ཚོགས་ཡུམ་དུ་གསལ་བའི་ཕྱག་གཡས་ན་རྨ་བྱའི་སྒྲོ་མདངས་འདིའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་སུ། ཨེ་ཡིག་དམར་པོའི་མཐའ་མར་སྲིད་


CMR043_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་མོ་མུ་ཁ་ལེའི་སྔགས་ཀྱིས་བསྐོར་བའི་འོད་ཀྱིས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གནོད་པའི་གཟའི་ནད་དང་གནོད་པ་ཐམས་ཅད། རྩིག་གསེང་གི་དུ་བ་རླུང་གིས་དེད་པ་ལྟར་ནག་བུན་བུན་ཕྱིར་ཕྱུངས་ནས། ངར་མི་འདི་ལ་སྤོ་བའི་ཚུལ་གྱིས་བྱབ་པར་སྒོམས་ཤིག །ཨོཾ་ཧྲིམ་ཏྲི་ཨ་སུ་གཟའ་ཉི་མའི་ནད་དང་གནོད་པ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། དེ་བཞིན་དུ་གོང་གིས་འགྲེས་ཐམས་ཅད་ལ་ཨ་པ་ན་ཡེ་སྦྱར་ཏེ་བྱབ་ཚུལ་བྱ། དེ་ལྟར་ཁྲུས་བྱབ་ཀྱི་ཆོ་ག་བྱས་པས། དེ་སྔོན་གདན་ནག་པོའི་སྟེང་དུ་ཡོད་པ། གདན་དཀར་པོའི་སྟེང་དུ་བཞག་པའི་མོས་པ་གྱིས། བལ་འདབ་དཀར་ནག་བརྗེ་ཐོན་ན་ལེགས་མ་ཐོན་ཀྱང་རུང་སྟེ། ཐལ་མོ་སྦྱར་བའི་བར་དུ་རྡོ་རྗེའི་རྩེ་མོ་འདི་ཟུང་ལ་རྗེས་ཟློས་མཛོད། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །དེ་ལྟར་གཟའི་ནད་གདོན་ཁྲུས་ཀྱི་ཆོ་གས་བཀྲུས། བྱབ་པའི་ཆོ་གས་བྱབས་ནས། ད་ཕྱིན་ཆད་གཟའི་གནོད་པ་མི་འབྱུང་བར་བསྲུང་བའི་གོ་ཆ་བཀོན་པ་ནི། སློབ་དཔོན་སྣ་ཚོགས་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག་


CMR043_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པས། མདུན་བསྐྱེད་ཡུམ་ཉིད་བཞི་མུ་ཁ་ལེའི་ཐུགས་ཀ་ནས་སྣ་ཚོགས་རྡོ་རྗེའི་ཆར་བབས་ནས། ཁྱེད་རང་གི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་བཀོན་པར་སྒོམས་ཤིག །སྤྱི་བོ་ནས་གནས་ལྔ། དཔུང་མགོ་གཉིས། པུས་མོ་གཉིས་མདུན་རྒྱབ་རྣམས་སུ་རྡོ་རྗེ་རྒྱ་གྲམ་བཞག །ༀ་ཧིམ་ཏྲི་ཨ་སུ་གཟའ་ཉི་མའི་ནད་དང་གནོད་པ་སརྦ་རཀྵ་རཀྵ་ཡེ་སྭཱ་ཧཱ། ཞེས་གོང་གི་ཐམས་ཅད་འགྲེས། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ཉིད་བཞི་མུ་ཁ་ལེ་ཡི་བདེན་པའི་མཐུས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱི། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་ཧྲི་མ་ཏྲ་ཨ་སུ་བཛྲ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། མེ་ཏོག་འཐོར་ཞིང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་ཡི། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ཤོག །ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བ་དང་། །སོགས། སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་རྣམས་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ནས་ངར་མི་ཁ་ཕྱིར་སྒྱུར། །


CMR043_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་གཉིས་ཀྱང་གསོ་བྲན་བྱས་ལ། བུམ་པའི་ནང་གི་བུམ་ཆུའི་ལྷག་མ་སྐད་ཅིག་གིས། སྲིད་པའི་རྒྱལ་མོ་མུ་ཁ་ལེ་དང་། དེའི་བྷ་གའི་ནང་དུ་སྲས་རཱ་ཧུ་ལ་མངོན་སུམ་དུ་གསལ་བར་གྱུར། ཨོཾ་ཧྲིམ་ཀྲི་ཨ་སུ་རཱ་ཧུ་ལ་ཨརྒྷཾ་སོགས། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ངར་མི་ཟན་དུམ་མམ་འབྲུ་སྣས་གསོས་ལ། རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །ཨོཾ་སམྦྷ་ར་སོགས། བདུན། ཧཱུྃ། འཇིག་རྟེན་ཁམས་ན་དབང་ཆེ་བའི། །སྡེ་བརྒྱད་ཀུན་གྱི་དམག་དཔོན་ཏེ། །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །དེ་ཡི་འཁོར་དུ་གཏོགས་པ་ཡི། །བགེགས་དང་འབྱུང་པོ་འདྲེ་ངན་ཚོགས། །ཟ་རེ་འཐུང་སྐོམ་བྱེད་པ་ཡི། །ལན་ཆགས་བདག་པོ་ཐམས་ཅད་ཀྱིས། །འདོད་ཡོན་གླུད་གཏོར་འདི་ཁྱེར་ལ། །ལན་ཆགས་བུ་ལོན་བྲལ་བར་གྱིས། །གནས་འདིར་མ་འདུག་མྱུར་དུ་དེངས། །ཕྱིན་ཆད་མ་ཉེ་མ་འཁོར་ཅིག །ཨོཾ་སརྦ་བིགྷ་ནཱན་གཙཱ་གཙྪ། ཧཱུྃ། གཟའ་བདུད་ཆེན་པོ་རཱ་


CMR043_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ་ལ། །སྲིང་མོ་གདོང་མོ་མཆེད་བཞི་དང་། །གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་སོགས། །དང་པོ་ལན་གཅིག་མི་འབྱོན་རྒྱུ། །སྲིད་པའི་རྒྱལ་མོ་བཀའ་རེ་གཉན། །འཇིག་རྟེན་མི་ཡུལ་གནས་འདི་རུ། །འགྲོ་བ་སེམས་ཅན་དོན་ལ་དགོངས། །ད་ལྟ་ལན་གཅིག་མི་གཤེགས་རྒྱུ། །འཇིག་རྟེན་ཁམས་འདི་བསྲུང་མཚམས་བཀའ། །འདི་ན་ཕྲག་དོག་སྐྱེ་མཆེད་མང་། །དེ་ནས་འདི་ན་ཉོན་མོངས་དོགས། །གཟའ་དང་རྒྱུ་སྐར་ས་བདག་རྣམས། །སོ་སོ་རང་རང་གནས་སུ་གཤེགས། །ནམ་མཁའི་སྤྲིན་དང་འཇའ་ཚོན་ཡང་། །ལན་གཅིག་སྤྲུལ་པ་མངོན་དུ་བྱུང་། །དེ་ནས་སྤྲུལ་པ་སླར་ལ་གཤེགས། །བར་སྣང་ལྷོ་འུར་སྨུག་སྨུག་ཀྱང་། །ལན་གཅིག་སྤྲུལ་པ་མངོན་དུ་བྱུང་། །དེ་ནས་སྤྲུལ་པ་སླར་ལ་གཤེགས། །སྤྲུལ་པ་རིགས་ཀྱི་འཁོར་བ་ཡིན། །དེ་བས་གཟའ་དང་རྒྱུ་སྐར་རྣམས། །སྤྲུལ་པ་རང་རང་གནས་སུ་གཤེགས། །འཇིག་རྟེན་མི་ཡུལ་གནས་འདི་རུ། །མནོལ་མེད་ཐབ་གཞོབ་འཁོན་སྦྱར་དང་། །ལྟོགས་རྨེ་རྒྱུན་ནི་མི་འཆད་དོ། །ཉོན་མོངས་དུག་ནི་རྒྱ་མཚོ་འདྲ། །མནོལ་གྱི་རླངས་པ་རྒྱུན་མི་འཆད། །དེ་བས་


CMR043_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་དང་རྒྱུ་སྐར་རྣམས། །སོ་སོ་རང་རང་གནས་སུ་གཤེགས། །མདོས་གླུད་མཆོད་གཏོར་འདི་བཞེས་ལ། །དམིགས་མེད་ངང་དུ་བསྔོ་བར་བགྱི། །རང་རང་འདོད་པ་བསྐང་གྱུར་ཅིག །ད་ནི་གཟའ་གཤེགས་ཤ་ར་ར། །སྐར་གཤེགས་དེ་ནི་སི་ལི་ལི། །གཟའ་གཤེགས་དེ་ནི་དགུང་དུ་གཤེགས། །སྐར་གཤེགས་དེ་ནི་གནམ་དུ་གཤེགས། །ནམ་མཁའ་སྟོང་པ་གཟའ་ཡི་ལམ། །བར་སྣང་སྟོང་པ་སྐོར་གྱི་ལམ། །གཟའ་ལམ་དེ་ནི་གནམ་དུ་བསྟན། །སྐར་གཤེགས་དེ་ནི་དགུང་དུ་གཤེགས། །དར་ལམ་མེར་མེར་དག་ལ་གཤེགས། །འཇའ་ལམ་གྱི་གྲུ་དག་ལ་གཤེགས། །མི་མངོན་ནམ་མཁའི་དབྱིངས་སུ་གཤེགས། །ཆོས་ཀྱི་དབྱིངས་སུ་ལམ་བསྟན་ནོ། །ཆོས་ཀྱི་དབྱིངས་ནས་ཕྱིར་མ་ལྡོག །ཨཱི་ར་ཧུ་ལ་ས་པཱ་རི་ཝ་ར་སརྦ་གཙྪགཙྪ། བྷྱོ༔ སྣང་སྲིད་ཡུམ་གྱི་བྷ་གའི་ཀློང་། །དུས་གསུམ་བདེ་གཤེགས་ཡུམ་ཀློང་བསྐྱེད། །རྟག་པའི་རྒྱལ་མོ་མུ་ཁ་ལེ། །ཡེ་ཤེས་མ་མོ་ཆེན་མོ་སྟེ། །བླ་མེད་ཧེ་རུ་ཀ་དང་སྦྱོར། །ཡུམ་ཆེན་ཉིད་བཞི་མུ་ཁ་ལེ། །ཕ་མ་མེད་པའི་སྔོན་ནས་བྱུང་། །སངས་རྒྱས་རྣམས་ལས་ཤིན་ཏུ་སྔ། །དྲེགས་བྱེད་ཀུན་གྱི་ཡུམ་


CMR043_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་ཏེ། །ཁྱད་པར་དྲང་སྲོང་གཟའ་ཡི་ཡུམ། །སྲིད་པ་གསུམ་ན་དབང་ཆེ་བ། །སྲིད་པའི་རྒྱལ་མོ་མུ་ཁ་ལེ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་དང་བསྲུང་བྱ་འདི་ཉིད་ལ། །གནོད་པའི་གཟའ་ཡི་ནད་གདོན་ཟློག །ཉི་མ་མིག་དམར་ལ་སོགས་པའི། །མེ་གཟའི་གནོད་པ་ཐམས་ཅད་ཟློག །ཟླ་བ་ལྷག་པ་ལ་སོགས་པའི། །ཆུ་གཟའི་གནོད་པ་ཐམས་ཅད་ཟློག །དྲང་སྲོང་ཕུར་བུ་ལ་སོགས་པའི། །རླུང་གཟའི་གནོད་པ་ཐམས་ཅད་ཟློག །པ་སངས་སྤེན་པ་ལ་སོགས་པའི། །ས་གཟའི་གནོད་པ་ཐམས་ཅད་ཟློག །རཀཱ་ཀློག་ཕྲེང་ལ་སོགས་པའི། །ཕོ་གཟའ་སྲིན་པོའི་གནོད་པ་ཟློག །སྦལ་མགོ་ཁྲག་མིག་ལ་སོགས་པའི། །མོ་གཟའ་ཀླུ་ཡི་གནོད་པ་ཟློག །ཁྱབ་འཇུག་སྒྲ་གཅན་ལ་སོགས་པའི། །ནམ་མཁའི་གཟའ་ཡི་གནོད་པ་ཟློག །བིཥི་དུ་བ་མཇུག་རིང་སོགས། །སྤྲུལ་པའི་གཟའ་བརྒྱད་གནོད་པ་ཟློག །གདོང་མོ་མཆེད་བཞི་ལ་སོགས་པའི། །མོ་གདོན་གཟའ་ཡི་གནོད་པ་ཟློག །རྒྱུ་སྐར་ཉི་ཤུ་བརྒྱད་ལ་སོགས། །གཟའ་སྐར་ཀུན་གྱི་གནོད་པ་ཟློག །སྲིད་པའི་རྒྱལ་


CMR043_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མཐུ་མོ་ཆེ། །བདག་དང་བསྲུང་བྱ་འདི་ཉིད་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །སྟེང་གདོན་གཟའ་ཡི་ནད་རྣམས་ཀུན། །ཐམས་ཅད་ཁྱོད་ཀྱི་དབང་དུ་སྡུས། །རང་དབང་མེད་པར་ད་ཁྱེར་ལ། །སུམ་ཅུ་རྩ་གསུམ་ལྷ་ཡི་ཡུལ། །བདེ་སྐྱིད་ལྡན་པའི་གནས་སུ་གཤེགས། །རི་རབ་ཆེན་པོའི་བྱང་ཤར་མཚམས། །ཡོངས་འདུས་ཤིང་གི་རྩ་བར་གཤེགས། །སྲིད་པའི་རྒྱལ་མོ་བཞུགས་པའི་གནས། །མུ་ལེ་མཐིང་མཚོའི་ནང་དུ་གཤེགས། །སྣང་སྲིད་ཐམས་ཅད་ཡུམ་གྱི་ཀློང་། །ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ། །ཨཱི་ཧྲིམ་ཀྲི་ཨ་སུ་བཛྲ་མུ༔ ཞེས་བརྗོད་པས་མདུན་བསྐྱེད་དང་བུམ་བསྐྱེད་ཐམས་ཅད་རང་གནས་སུ་གཤེགས་པར་བསམས་ལ། དང་པོ་ཁྲུས་ཆུ་དང་བགེགས་གཏོར། དེ་ནས་གཟའ་གཏོར། དེ་ནས་ཡུམ་གཏོར་ཁྱེར་ཏེ། །འདྲེ་ལྔ་བདུད་གཅོད་དམ་ལོ་བདུད་སྟེང་ངམ། ཕྱོགས་གཙང་སར་ཕུལ་རྒྱུ་བསྐུར། དེ་རྣམས་རྩི་མ་ཤེས་ན་རཱ་ཧུ་ལའི་འདུག་སའི་གནས་ཕྱོགས་ལྷོ་ནུབཏུ་ངར་མི་དང་གཟའ་གཏོར་ཕུལ། མ་མོའི་གནས་ཕྱོགས་བྱང་ཤར་དུ་ཡུམ་གྱི་གཏོར་མ་ཕུལ། དེས་གཟའི་ནད་གདོན་ལས་གྲོལ་བར་འགྱུར་ཏེ། བཀའ་མ་དང་གནམ་ཆོས་དང་དགོངས་གཏེར་གསུམ་གྱི་དོན་བསྡུས་ནས། ཕྱི་རབས་ནད་པ་རྣམས་ལ་ཕན་པའི་སེམས་ཀྱིས། ༧ རཱ་ག་ཨ་སྱས་བཀོད་པའི་ཡི་གེ་པ་ནི་དགེ་སློང་


CMR043_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བིརྱཱ་སྟེ། ཉེས་འགལ་མཆིས་ན་གཟའ་དང་རྒྱུ་སྐར་གྱི་ཚོགས་ལ་བཤགས་ཤིང་། དགེ་བས་ཕྱི་རབས་གཟའ་ནད་ཀྱིས་འཚེ་བ་རྣམས་ལ། མི་འཇིགས་སྐྱབས་ཀྱི་སྦྱིན་པར་གྱུར་ཅིག མངྒ་ལཾ་ཤྲཱི་ཛཱ་ལ་ཛམྦུ་ཨ་ལངྐ་ར་བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousསྲིད་པའི་རྒྱལ་མོ་མུ་ཁ་ལེའི་སྒོ་ནས་གཟའ་ཡི་གདོན་བཀྲོལ་བཀའ་གཏེར་ཟུང་འཇུག་ཁྱེར་བདེ་བར་བཀོད་པ།next