Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
གནམ་ཆོས་ལས་བྱུང་བའི་རྣམ་འཇོམས་ལྗང་གུའི་བྱབ་ཁྲུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ལས་བྱུང་བའི་རྣམ་འཇོམས་ལྗང་གུའི་བྱབ་ཁྲུས།next

གནམ་ཆོས་ལས་བྱུང་བའི་རྣམ་འཇོམས་ལྗང་གུའི་བྱབ་ཁྲུས།


CMR043_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་བྱུང་བའི་རྣམ་འཇོམས་ལྗང་གུའི་བྱབ་ཁྲུས་བཞུགས་སོ༔


CMR043_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣམ་པར་འཇོམས་ལ་འདུད༔ དེ་ཉིད་བསྒྲུབ་པའི་རིམ་པ་ནི༔ ཞལ་གདམས་མན་ངག་ཁ་བཀང་སྟེ༔ བྱབ་ཁྲུས་ཟབ་ཐབས་མདོར་བསྡུས་བྲི༔ ཆོས་བདག་སྲུང་མས་བཀའ་གནང་སྩོལ༔ བུམ་པ་མཆོད་པ་སྤྱི་ལྟར་བཤམས༔ དེ་ནས་འདི་ཉིད་འདོན་སྒོམ་སྦྲག་ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ མཆོད་པ་སྣ་བདུན་འདོད་ཡོན་ལྔ༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ དྲན་རྫོགས་


CMR043_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཡེ་དབྱེར་མེད་པའི༔ རང་དང་མདུན་བསྐྱེད་གཏོར་མའི་རྩེར༔ མཚན་ཉིད་ཡོངས་རྫོགས་བུམ་པའི་ནང་བུམ་ལྷ་རྣམ་འཇོམས་ལྗང་སྔོན་ལ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ སྣ་ཚོགས་རྡོ་རྗེ་ཐུགས་ཀར་གསོར༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཞལ་གཅིག་ལ་ནི་སྤྱན་གསུམ་པ༔ ཞལ་ནི་འཛུམ་ལ་སྤྱན་ནི་བསྒྲད༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ཐུགས་ཀའི་ཧཱུྃ་ལ་སྔགས་བསྐོར་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ རྡོ་རྗེ་རྣམ་


CMR043_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་དཔག་མེད་པ༔ བུ་ཡུག་འཚུབ་བཞིན་སྤྱན་དྲངས་ཏེ༔ བདག་མདུན་བུམ་ལྷ་རྣམས་ལ་ཐིམ༔ བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ རྒྱས་པར་བྱེད་ན་གཟུངས་རིང་ཚར་བདུན༔ འབྲིང་ལ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡ༔ ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ དེ་ལ་ཉེར་གཅིག༔ བསྡུས་པ་ལ། ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱཿ དེ་ལ་བརྒྱ་རྩ་བཟླས་ནས༔ ཨོཾ་བཛྲ་བི་དཱ་ར་ཎ་ཨརྒྷཾ་ནས། ཤཔྟ་ཨཱཿཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ མཐུ་སྟོབས་གཅིག་ཏུ་བསྡུས་པ་བའི་སྐུར་སྟོན་པའི༔ རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད༔ དེ་ཡིས་རྣམ་འཇོམས་བུམ་ཆོག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཤམ༔ ཧྱ༔ དེ་ནས་ནད་པ་སོགས་འཚོགས་ལ། ཆབ་བླངས་མཎྜལ་ཕུལ་ནས༔ འོ་ན་ད་ལམ་ཁྱེད་རྣམས་ལ་རྡོ་རྗེ་རྣམ་པར་འཇོམས་པའི་སྒོ་ནས་ཁྲུས་བྱབ་སྲུང་གསུམ་གྱི་ཆོ་ག་བྱེད་པ་ཡིན་པས༔ དེ་ལ་ལོ་རྒྱུས་ཟུར་ཙམ་ཞུ་ན༔ ལྷ་འདིའི་ངོ་བོ་ནི་བྱ་རྒྱུད་ཀྱི་སྐབས་སུ་རྡོ་རྗེ་རྣམ་འཇོམས༔ སྔགས་སྤྱིའི་སྐབས་སུ་ཕྱག་ན་རྡོ་རྗེ། བླ་མེད་ཀྱི་སྐབས་སུ་རྡོ་རྗེ་གཞོན་ནུ་རྣམས་དོན་གཅིག་པས༔ བར་


CMR043_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་སེལ་བའི་མཆོག་ཡིན་པར་ཨོ་རྒྱན་ཆེན་པོས་གསུངས༔ འདིའི་རྒྱུད་གསུང་ཚུལ་ནི༔ སྔོན་རྒྱལ་པོ་མ་སྐྱེས་དགྲ་ཞེས་བྱ་བ་བདུད་ལྷས་བྱིན་གྱིས་བསླུས་ནས༔ གཙུག་ལག་ཁང་དང་མཆོད་རྟེན་རྣམས་བཤིགས༔ གླེགས་བམ་རྣམས་མེར་བསྲེགས་ཤིང་ཆུར་བསྐུར༔ རང་གི་ཕ་བཙོན་དོང་དུ་བཅུག་ནས་འཆིར་བཅུག་པས༔ འཇིག་རྟེན་སྐྱོང་བའི་དཔལ་མགོན་བདུན་ཅུ་རྣམས་འཁྲུགས་ནས༔ མི་ནད་དང་ཕྱུགས་ནད་ཀྱི་རྒྱུན་ཆེན་པོ་བབས༔ རྒྱལ་པོ་ཉིད་ནད་རྐང་བཀྲས་ཟིན་ནས་ཟུག་གཟེར་ཆེན་པོ་བྱུང་༔ དེ་ལ་ཕན་པའི་ཐབས་རྒྱལ་པོ་ཆེན་པོ་སྡེ་བཞིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཞུས་པས༔ བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་བྱིན་གྱིས་བརླབས་པས༔ སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་འདིའི་རྒྱུད་ལེའུ་བརྒྱ་རྩ་བརྒྱད་པ་གསུངས་ཏེ༔ ལེའུ་དང་པོ་ཁྲུས་ཀྱི་ལེའུ་ལས༔ རྒྱལ་པོས་རྟག་ཏུ་ཁྲུས་གྱིས་ཤིག༔ ཅེས་གསུངས་པས༔ རྒྱལ་པོ་ཆེན་པོ་སྡེ་བཞིས་རྒྱལ་པོ་མ་སྐྱེས་དགྲས་ལོག་པ་བྱས་ནས་མིང་ལོག་པའི་སྙིང་པོ་ཅན་ཞེས་གྲགས་པ་དེ་ལ་བཤད༔ རྒྱལ་པོས་འདིའི་ཁྲུས་བྱས་པས་བསྟན་པ་བཤིགས་པ་དང་༔ ཕ་བསད་པའི་སྡིག་པ་


CMR043_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཅིང་ནད་རྐང་བཀྲ་ཡང་ཕན༔ མི་ནད་ཕྱུགས་ནད་རྒྱུན་ཆདཱུ༔ རྒྱལ་པོ་ཡང་རིམ་གྱིས་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་གྱུར་ཏོ༔ ཡང་རྒྱལ་པོ་གཟུགས་ཅན་སྙིང་པོ་དེའི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མ་དག་ནས༔ དཔྲལ་བ་མགྲིན་པ་སྙིང་ག་གསུམ་དུ་སྦ་བ་ཤིན་ཏུ་ཆེ་བ་གསུམ་བྱུང་ནས་དེ་ལ་ཟུག་གཟེར་ཆེན་པོ་བྱུང་ཞིང་ཅིས་ཀྱང་མ་ཕན་པ་ལ༔ འདིའི་ཁྲུས་བྱས་པས་སྒྲིབ་པ་དག༔ ལྔ་བ་ལ་ཕན༔ བྱང་ཆུབ་ཀྱི་ས་བོན་ཐེབས་སོ༔ པཎྜི་ཏ་ནཱ་རོ་པས་གསང་སྔགས་མ་གསང་ལྷུག་པར་བཤད་པས་གསང་བའི་དམ་ཚིག་ཉམས་ནས་ལྗགས་ལ་ཆུ་བུར་ཤིན་ཏུ་ཆེ་བ་ཞིག་བྱུང་སྟེ་འདས་ལ་ཁད་པ་ལ༔ དགེ་སློང་དབང་ཕྱུག་དཔའ་བོས་ལུང་བསྟན་ནས་འདིའི་ཁྲུས་བྱས་པས་དམ་ཚིག་ཉམས་པ་དག་ནས་ལྗགས་ཀྱི་ཆུ་བུར་ཕན་ཞིང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་བོ༔ བོད་ཀྱི་རྒྱལ་བློན་རྣམས་ཀྱིས་སྐུ་རིམ་གྱི་གཙོ་བོར་འདིའི་ཁྲུས་མཛད་པས་བསམ་ཡས་སུ་རྣམ་དག་ཁྲུས་ཁང་གླིང་ཞེས་བྱ་བའི་གཙུག་ལག་ཁང་བཞེངས༔ དེའི་རྒྱུན་ལ་བོད་དབུས་གཙང་གི་སྡེ་རིགས་ཆེན་པོ་རྣམས་ཀྱིས་བླ་མཆོད་དགེ་སློང་རེ་བཞག་ནས་རྒྱལ་པོ་བཙུན་མོ་རྣམས་ཀྱིས་ནངས་རེ་བཞིན་འདིའི་ཁྲུས་བྱེད་


CMR043_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་བྱུང་༔ ལྷ་རྣམས་རྒྱབ་ཀྱི་ཕྱོགས་པ་དང་༔ ཞེས་པས་ཕོ་ལྷ་དགྲ་ལྷ་ཕྲག་ལྷ་ལ་སོགས་པ་སྐྱོབ་པའི་ལྷ་ལྔ་བརྟེན་པའི་ལྷ་དགུ་རྣམས་ཉམས་པ་དང་རྨུགས་པ་དང་མནོལ་བ་དང་མི་དགྱེས་པ་རྣམས་ཁྲུས་འདིས་སོར་ཆུད་ནས་ལྷ་ངོ་མཐོ་བར་འགྱུར༔ སེམས་ཅན་དབང་པོ་ཉམས་པ་དང་༔ ཞེས་པས་མིག་གི་དབང་པོ་ལ་མིག་ནད་ཀྱི་རིགས་བྱུང་བ་དང་༔ རྣ་བའི་དབང་པོས་སྒྲ་མི་ཐོས་པར་འོན་པ་དང་༔ ལྕེའི་དབང་པོ་ལ་དིག་ལྷུགས་བྱུང་བ་དང་༔ ཡིད་ཀྱི་དབང་པོ་ཉམས་ཏེ་སྨྱོ་བ་དང་༔ ཡིད་མི་བདེ་བ་རྣམས་ཀྱང་འདིས་སེལ༔ གཟའ་དང་རྒྱུ་སྐར་བྱད་སྟེམས་དང་༔ ཞེས་པས་གཟའི་ནད་དང་གཏད་འོག་ཏུ་སོང་བ་རྣམས་ཀྱང་འདིས་སེལ་ལོ༔ མི་བཟད་གདོན་གྱིས་ཉེན་པ་དང་༔ ཞེས་པས་ཀླུ་བདུད་དང་རྒྱལ་འགོང་དང་ལམ་འདྲེ་ལ་སོགས་པ་གདོན་རྒོད་ཤིན་ཏུ་མི་བཟད་པའི་གནོད་པ་ཡང་འདིས་སེལ་ལོ༔ མྱ་ངན་ངལ་ལས་བྱུང་བ་ཡིས༔ ཞེས་པས་བཙོན་དུ་བཟུང་བའི་བཙོན་སྣའི་གྲིབ་དང་༔ རོ་ཁུར་བའི་རོ་གྲིབ་དང་༔ ཡུགས་སར་གྱུར་པའི་ཡུགས་གྲིབ་དང་༔ མཛེ་ཕོ་དང་ཟས་གོས་འདྲེས་པའི་མཛེ་གྲིབ་རྣམས་ཀྱང་འདིས་སེལ་ལོ༔


CMR043_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཟས་གྲིབ་དང་བཙོག་གྲིབ་དང་ཉམས་གྲིབ་རྣམས་ཀྱང་འདིས་སེལ་ཏེ༔ འདི་དག་བྱེད་ལྷ་དགུའི་གཙོ་བོ་ཁྲུས་ལྷའི་མཆོག་ཡིན་པར་ཡོངས་སུ་གྲགས་སོ༔ ཚེ་ཟད་པ་དང་ཚེ་ཉམས་དང་༔ ཞེས་པས་ཚེའི་བར་ཆད་ཀྱང་འདིས་སེལ༔ ཕུན་སུམ་ཚོགས་མིན་གང་ཆགས་དང་༔ ཞེས་པས་ཐན་དང་ལྟས་ངན་མཐོང་ན་ཡང་འདིས་ཐུབ་ལ༔ དེ་བཞིན་དུ་རྨི་ལམ་ངན་པ་སོགས་ཀྱང་འདིས་ཐུབ་སྟེ༔ རྨི་ལམ་སྡིག་པ་མཐོང་ན་ཡང་༔ དེས་ནི་རབ་བཀྲུས་གཙང་མ་ཡིན༔ མདོ་སྡེ་དམ་པ་ཉན་པར་གྱིས༔ ཞེས་གསུངས་སོ༔ འདི་ལ་བསྟན་པ་སྔ་འགྱུར་པཎ་ཆེན་བི་མ་ལའི་ལུགས་རྣམ་འཇོམས་དཀར་པོ་དང་༔ ཨུ་རྒྱན་གྱིས་གཏེར་དུ་སྦས་པའི་རྣམ་འཇོམས་ལྗང་གུ་དང་༔ གསར་མ་བ་རི་ལོ་ཙཱ་ནས་བརྒྱུད་པའི་རྣམ་འཇོམས་ལྗང་གུ་སོགས་རིགས་མང་ན་ཡང་༔ འདི་ནི་གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྟེ༔ འཕགས་པ་ཀུན་དགའ་བོའི་སྤྲུལ་པའི་ཆ་ཤས༔ གསང་བདག་ཕྱག་ན་རྡོ་རྗེ་ཉིད་ཀྱི་ཡང་སྤྲུལ༔ ཤུད་བུ་དཔལ་གྱི་སེང་གེའི་སྐྱེས་མཐར༔ མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ཞེས་གཏེར་ཁ་དུ་མ་ནས་ལུང་བསྟན་པ་དེ་ཉིད་དགུང་ལོ་བཅུ་གཉིས་པ་མེ་སྤྲེའུ་


CMR043_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཟླའི་ཚེས་བདུན་ནུབ་རྡོ་རྗེ་རྣམ་འཇོམས་མངོན་རྟོགས་དང་མཐུན་པ་གཅིག་ཞལ་དངོས་སུ་གཟིགས་ནས༔ སྒྲུབ་ཐབས་འདི་དངོས་སུ་བཀའ་སྩལ་པ་ཡིན་པས༔ བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པའོ༔ འདི་ནི་བསྡུས་པ་ཁྲུས་དོན་གསུམ་མ་ཡིན་ཏེ༔ ཁྲུས་དོན་རེ་རེ་ལ་ཡང་གཉིས་སམ་གསུམ་དུ་བྱས་པས་བདུན་དུ་འགྱུར་རོ༔ དེ་ཡང་ཟླ་བ་སྒྲོན་མའི་མདོ་ལས༔ གང་ཞིག་སངས་རྒྱས་ཡིད་བྱེད་པ༔ དེ་ཡི་མདུན་ན་ཐུབ་པ་བཞུགས༔ ཞེས་གསུངས་པས༔ ཁྱེད་རང་རྣམས་ཐ་མལ་པར་གནས་པའི་མདུན་དུ་ངེད་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་ཁྲུས་བྱབ་ཀྱི་ཆོ་ག་རྣམས་རིམ་བཞིན་མཛད་ཅིང་ཡོད་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག༔ ད་ཁྲུས་ཀྱི་ཆོ་ག་དངོས་ལ་ཡང་ཡེ་ཤེས་ཀྱི་ལྷ་ལ་ཁྲུས་གསོལ་བ་དང་༔ སྐྱེས་བུའི་ངན་ཁྲུས་བྱ་བ་གཉིས་ལས༔ དང་པོ་ནི་ཁྱེད་རང་གི་ལྷ་སྲུང་འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ༔ ཕ་ལྷ་མ་ལྷ་ཕྲག་ལྷ་དགྲ་ལྷ་སོགས་ལ་གྲིབ་ཀྱིས་ཕོག་ནས་ཡོད་པ་ལ་སྐུ་ཁྲུས་གསོལ་བས༔ སྐུ་ལུས་ཤེལ་ལྟར་དྭངས་ནས་གྲིབ་དང་


CMR043_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྨུགས་པ་ཐམས་ཅད་སངས་ཏེ་ཁྱེད་རང་གི་མགོན་སྐྱབས་དང་དཔུང་གཉེན་དུ་བཞེངས་པའི་མོས་པ་མཛོད་ཅིག༔ ཅེས་མེ་ལོང་མཆོད་གཞི་ངོས་སུ་བསྟན་ལ་ཁྲུས་བྱ་ཞིང་༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ༔ ཅི་འདོད་དངོས་གྲུབ་སྩོལ་བར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ༔ རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས༔ ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི༔ རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས༔ གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤཱ་དྷ་ནི་སྭཱ་ཧཱཿ སྲབ་འཇམ་ཡང་པ་ལྷ་ཡི་གོས༔ མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ༔ མི་ཕྱེད་དད་པས་བདག་འབུལ་ནུ༔ བདག་ཅག་རྡོ་རྗེའི་སྐུ་ཐོབ་ཤོག༔


CMR043_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཝས་ཨཱཿཧཱུྃ༔ ཞེས་མཆོད་གཞིའི་ཕྱོགས་སུ་དར་རས་ཀྱིས་ཕྱི་ཚུལ་དང་ན་བཟའ་འབུལ་ཚུལ་བྱའོ༔ ཁྲུས་ཆུ་ལས་བུམ་ནང་དུ་བླུག་སྲོལ་ཡོད༔ དེ་ནས་ལས་བུམ་གྱིས་ཁྲུས་བྱ་བ་ཡིན༔ མེད་ན་བུམ་པ་གཅིག་གིས་ཆོག༔ དེ་ནི་ཁྱེད་རང་རྣམས་ཀྱི་ལྷ་ལ་ཁྲུས་གསོལ་བ་ཡིན་པས༔ གྲིབ་དང་དམུ་གབ་ཐམས་ཅད་སངས་ནས་ལྷ་ངོ་དགུང་བས་མཐོ་སྟེ༔ ཁྱེད་རང་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་དུ་བཞེངས་པའི་མོས་པ་མཛོད༔ ད་ཁྱེད་རང་རྣམས་ལ་སྐྱེས་བུའི་ངན་ཁྲུས་བྱ་བ་ནི༔ མདུན་གྱི་ནམ་མཁར་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ཐམས་ཅད་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་ཐོགས་ནས་ཁྱེད་རང་རྣམས་ལ་ཁྲུས་བྱས་པས་ལུས་ཀྱི་ན་ཚ་ཐམས་ཅད་ཞི་ཞིང་ལུས་ཤེལ་གོང་ལྟར་གྱུར༔ བུམ་ཆུ་ངག་ཏུ་བཏུང་བས་སེམས་ཀྱི་སྡུག་བསྔལ་སྡིག་སྒྲིབ་ཐམས་ཅད་དག་ནས་སེམས་རྟོག་མེད་ཆོས་ཀྱི་སྐུར་གྱུར་པའི་མོས་པ་མཛོད༔ བུམ་པ་ཐོགས་ལ་དབྱངས་དང་བཅས་པས་ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔


CMR043_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་སྤྲོ་ན་གཟུངས་རིང་བརྗོད༔ བསྡུ་ན་ན་མཉྩནྡྲ་འདོན་ཅིང་༔ ད་ཆབ་ལན་གསུམ་བླང་༔ ཡན་ལག་ལྔ་ཁྲུས་གྱིས༔ ད་བུམ་ཆུ་ཐིགས་ཅིག་བཏུང་༔ ད་མེ་ལོང་འདི་ལ་ལྟོས་ལ་སྡོད་ཅེས་གཡོན་དྲིལ་བུ་དང་བཅས་པས་མེ་ལོང་ཐོགས་ལ༔ གཡས་པས་བུམ་ཆུ་ཐིགས་རེ་མེ་ལོང་ངོས་སུ་བླུག་ཅིང་༔ རྒྱས་པར་ན༔ ན་མཤྩཎྜ་སོགས་གཟུངས་ཐུང་དང་༔ བསྡུ་ན༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཅེས་པ་སྔགས་རེ་རེའི་མཇུག་ཏུ་འོག་གི་སྔགས་རེ་རེ་སྦྱར་ཞིང་༔ སྔགས་རེ་དང་ཆུ་ཐིགས་རེ་སྤྲད་ལ་མེ་ལོང་ངོས་ནས་བཀྲུ༔ ཨོཾ་སརྦ་པཱ་པཾ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་བིགྷ་ནཱི་བགེགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་རོ་ག་ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་ཨཱཏྟབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་དུཏྟཾ་གདུག་པ་ཅན་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་བཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཛཱ་ར་རིམས་ཐམས་ཅད་ཤཱནི་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཨུ་པ་ཏ་ཡེ་ཉེ་བར་འཚེ་བ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་གྲ་ཧེ་གདོན་ཐམས་ཅད་ཤཱནི་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་ཨཱཿབཛྲ་བི་


CMR043_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཨ་ཀ་ལ་མི་ཏུ་དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་དུར་སོབ་རྨི་ལམ་ངན་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་དུར་མི་ཏི་མཚན་མ་ངན་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཙིཏྟ་བྱེ་ཀུ་ལེ་སེམས་ཀྱི་གཡེང་བ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཀྲུའོ༔ ༈ དེ་ནས་ལག་པ་གཡས་རྡོ་རྗེ་དང་བཅས་པས་སྒྲོ་མདོངས་ཐོགས་ལ༔ ནད་པའི་རྐང་ཞབས་སུ་བལ་འདབ་ནག་པོ་གཅིག་བཞག་གྲུབ་ན་ལེགས༔ ད་གཉིས་པ་བྱབ་པའི་དོན་དུ་ངེད་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པར་གསལ་བའི་ཕྱག་གཡས་རྨ་བྱའི་སྒྲོ་མདོངས་འདི་ལ་ཁ་དོག་ལྔ་ཡོད་པ་རིགས་ལྔའི་མཚོན་བྱེད་ཡིན་པས༔ འདིའི་དབུས་ན་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ལྷའི་ཁ་དོག་ཅན་ལ་གཟུངས་སྔགས་དང་སྙིང་པོས་བསྐོར་ནས་ཡོད་པ་འདི་ཁྱེད་རང་ལ་བསྟན་པའི་ཚེ་ཁྱེད་རང་གི་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་བསྡུས་ནས༔ སྤྲུག་པའི་ཚེ་ཁྲུས་ཆུའི་ནང་དུ་ཁྱེད་རང་གི་གཟུགས་བརྙན་


CMR043_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བ་ལ་སྤྲོ་བའི་ཚུལ་དུ་བྱབས་པས་ལུས་ངག་ཡིད་གསུམ་བདེ་སངས་སངས་སོང་བར་སྒོམས་ཤིག༔ ཨོཾ་ཨཱཿབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་པཱ་པཾ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཨོཾ་ཨཱཿབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་བིགྷཱ་ནཾ་བགེགས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཨོཾ་ཨཱབི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་རོ་ག་ནད་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་དུཏྟཾ་གདུག་པ་ཅན་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཛཱ་ར་རིམས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཨུ་པ་ཏ་ཡེ་ཉེ་བར་འཚེ་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་གྲ་ཧེ་གདོན་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཨ་ཀ་ལ་མྲྀ་ཏུ་དུས་མ་ཡིན་པར་འཆི་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་དུར་སོབ་རྨི་ལམ་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཨོཾ་བཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་དུར་མི་ཏི་མཚན་མ་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཨོཾ་


CMR043_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཙིཏྟ་བྱེ་ཀུ་ལེ་སེམས་ཀྱི་གཡེང་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ དེ་ནས་ཁྲུས་ནས་ཕྱུང་བ་ནི༔ དེ་ལྟར་བཀྲུས་ཤིང་བྱབས་པས་ནད་གདོན་ཐམས་ཅད་དག་ནས༔ དེ་སྔ་ཕན་ཆད་འཁོར་བའི་རང་བཞིན་སྟན་ནག་པོ་ཉམ་ང་བའི་སྟེང་དུ་ཡོད་པ༔ དེང་ཕྱིན་ཆད་ཐར་བ་དང་བདེ་བའི་རང་བཞིན་སྟན་དཀར་པོའི་སྟེང་དུ་ཕྱིན་པར་སྒོམས་ལ༔ སྟན་བརྗེ་ཐོན་ན་ལེགས༔ བལ་འདབ་ནག་པོ་ཁྲུས་ཆུར་འཕངས་ལ་ཕྱིར་དོར༔ བལ་འདབ་དཀར་པོ་བཞག༔ རྡོ་རྗེ་འདི་ལ་འཇུས་ལ་རྗེས་ཟློས་མཛོད༔ སྡིག་པ་ཐམས་ཅད་བྱང་བྱས་ནས༔ སྡུག་བསྔལ་ཐམས་ཅད་མེད་པར་བྱེད༔ རྒྱུད་དོ་ཅོག་གི་རྩ་བ་སྟེ༔ དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན༔ ཚིག་རྗེས་མ་ལན་གསུམ༔ ད་ཁྱེད་རང་རྣམས་ནད་གདོན་བར་ཆད་ལས་ཐར་བའི་ཕྱིར་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བདེན་སྟོབས་བརྗོད་པར་སྒོམས་ཤིག༔ གཡོན་དྲིལ་བུ་བསིལ༔ གཡས་རྡོ་རྗེ་དང་བཅས་པ་མེ་ཏོག་འཐོར་ཞིང་༔ སངས་རྒྱས་རྣམས་ནི་བདུད་ལས་རྒྱལ༔ ཆོས་ནི་ཆོས་མ་ཡིན་ལས་རྒྱལ༔ དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ༔ དབང་པོ་ལྷ་མིན་རྣམས་ལས་


CMR043_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ༔ ལྷ་མིན་ཟླ་བ་རྣམས་ལས་རྒྱལ༔ ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས༔ མེ་ནི་ཤིང་རྣམས་དག་ལས་རྒྱལ༔ ཆུ་ཡང་མེ་ལས་རྒྱལ་བར་འགྱུར༔ རླུང་གིས་སྤྲིན་ནི་རྣམ་པར་གཏོར༔ རྡོ་རྗེ་ཡིས་ནི་རིན་ཆེན་ཕུག༔ ལྷ་རྣམས་བདེ་བར་རབ་ཏུ་གནས༔ ས་ཡང་བདེ་བར་གནས་པ་ལགས༔ སངས་རྒྱས་དང་ནི་ཆོས་ཀྱང་བདེན༔ བདེན་པ་རྒྱལ་གྱུར་རྫུན་མ་ལགས༔ བདེན་པ་དང་བདེན་པའི་ཚིག་འདི་དག་གིས་བསྲུང་བྱ་མི་མཐུན་པའི་ཕྱོགས་ལས་རྒྱལ་བར་གྱུར་ཅིག༔ ཛ་ཡ་ཛ་ཡ༔ གསུམ་པ་བསྲུང་བའི་དོན་དུ་ངེད་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པར་གསལ་བས་ཁྱེད་རང་གི་སྤྱི་བོ་སོགས་གནས་རྣམས་སུ་རྡོ་རྗེ་བསྣོལ་མར་བཞག་པས༔ ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་སོ༔ གྱོན་ནས༔ ཕྱིན་ཆད་ནད་གདོན་གང་གིས་ཀྱང་མི་ཚུགས་པར་སྒོམས་ཤིག༔ ཨོཾ་ཨཱཿབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་པཱ་པཾ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྟ་ཡེ་སྭཱ་དེ་བཞིན་དུ་མགོ་བོའི་དབུས་དང་ཕྱོགས་བཞི༔ དཔུང་པ་པུས་མོ་བཞི་དང་དགུ་རུ་རྡོ་རྗེ་བསྣོལ་མར་བཞག་ཅིང་༔ ༀ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་བིགྷ་ནཱན་བགེགས་ཐམས་ཅད་ལས་རཀྵ་


CMR043_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་ཡེ་སྭཱ་ཧཱཿ ཨོཾ་ཨཱབི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་རོ་ག་ནད་ཐམས་ཅད་རཀྵ་རཀྟ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་དུཏྟཾ་གདུག་པ་ཅན་ཐམས་ཅད་རཀ་རཀྟ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་ད་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཛཱ་ར་རིམས་ཐམས་ཅད་རཀྵ་རཀྟ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཨུ་པ་ཏ་ཡི་ཉེ་བར་འཚེ་བ་ཐམས་ཅད་རཀྵ་རཀྟ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་གྲ་ཧེ་གདོན་ཐམས་ཅད་རཀྵ་རཀྵ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཨ་ཀ་ལ་མི་ཏུ་དུས་མ་ཡིན་པར་འཆི་བ་ཐམས་ཅད་རཀྵ་རཀ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་དུར་སོབ་རྨི་ལམ་ངན་པ་ཐམས་ཅད་རཀྵ་རཀྟ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་དུར་མི་ཏི་མཚན་མ་ངན་པ་ཐམས་ཅད་རཀྟ་རཀྟ་ཡེ་སྭཱ་ཧཱཿ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་སརྦ་ཙིཏྟ་བྱེ་ཀུ་ལེ་སེམས་ཀྱི་གཡེང་བ་ཐམས་ཅད་རཀྟ་རཀྟ་ཡེ་སྭཱ་ཧཱཿ རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་༔ རྡོ་རྗེ་རྣམ་པར་འཇོམས་པའི་མཐུ་སྟོབས་ཀྱིས༔ འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་


CMR043_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག༔ ཨོཾ་བཛྲ་རཀྵ་རཀྟ་ཡེ་སྭཱ་ཧཱཿ དེ་ལྟར་ཁྲུས་ཀྱི་ཆོ་གས་ནད་གདོན་ཐམས་ཅད་བཀྲུས༔ བྱབ་པའི་ཆོ་གས་བྱབས་ནས༔ བསྲུང་བའི་གོ་བགོས་པ་དེ་ཉིད་མི་ཉམས་བརྟན་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་རྣམ་པ་འཇོམས་པའི་ལྷ་ཚོགས་རྣམས་ཀྱིས་ཤིས་པ་བརྗོད་ཅིང་རབ་ཏུ་གནས་པར་མཛད་པར་སྒོམས་ཤིག༔ ཨོཾ་འབྲས་བུའི་རྡོ་རྗེ་སངས་རྒྱས་རྡོ་རྗེ་འཆང་༔ ལམ་གྱི་རྡོ་རྗེ་ཐེག་པ་ཆེན་པོའི་ཆོས༔ རྒྱུ་ཡི་རྡོ་རྗེ་དགེ་འདུན་རྡོ་རྗེའི་རིགས༔ མཆོག་གསུམ་རྡོ་རྗེས་སྐྱོབ་པའི་བཀྲ་ཤིས་ཤོག༔ ཆེན་བུམ་པ་རྡོ་རྗེས་མཚན་པ་ལ༔ རྟེན་འབྲེལ་རྫས་དང་རྡོ་རྗེའི་ཆུས་བཀང་ནས༔ རྡོ་རྗེའི་གཟུངས་ཐག་རྡོ་རྗེའི་འོད་ཟེར་འཕྲོ༔ རྡོ་རྗེ་དག་བྱེད་ཁྲུས་ཀྱི་བཀྲ་ཤིས་ཤོག༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྡོ་རྗེས་འཇོམས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྡོ་རྗེས་བརླགས༔ ནད་རིགས་བཞི་བརྒྱ་རྩ་བཞི་རྡོ་རྗེས་ཞི༔ རྡོ་རྗེ་སྨོན་ལམ་འགྲུབ་པའི་བཀྲ་ཤིས་ཤོག༔ ཨོཾ་ཛ་ཡེ་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱཿ འོ་དེས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་སྒོ་ནས་ཁྲུས་བྱབ་སྲུང་གསུམ་གྱི་ཆོ་ག་ལེགས་པར་གྲུབ་པ་ཡིན་པས༔ དེའི་


CMR043_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་རག་ཏུ་མཎྜལ་འབུལ༔ ས་གཞི་སྤོས་ཀྱིས་སོགས། ས་མ་ཡེ་ཨཱཿཧཱུྃ༔ དེས་བྱབ་ཁྲུས་ཚང་བ་ཡིན་ལ་འདི་ལ་རྗེས་གནང་སྦྱར་ན་གནམ་ཆོས་རང་རྐང་ངམ་སྤྱི་ལྟར་སྦྱར་ཡང་རུང་ངོ་༔ ཞེས་པ་འདི་ནི་བླ་བྲན་གསར་པ་འགའ་ཞིག་ལ་ཕན་པའི་ཕྱིར༔ གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་དགེ་བས་གཞན་ཕན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག༔ ཡི་གེ་པ་ནི་འཕན་ཤུལ་པདྨ་ཐབས་མཁས་ཀྱིས་བགྱིས་པས་བློ་དམན་ལ་ཕན་ཆེ་བ་ཐབས་ལ་མཁས་པའི་འགྲོ་དོན་དུ་གྱུར་ཅིག༔ འདིའི་སྔགས་དང་ལྷ་བརྗེས་ན་གང་ལའང་སྦྱར་རུང་ངོ་༔ མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགནམ་ཆོས་ལས་བྱུང་བའི་རྣམ་འཇོམས་ལྗང་གུའི་བྱབ་ཁྲུས།next