Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་རྣམ་པར་འཇོམས་པའི་བྱབ་ཁྲུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་རྣམ་པར་འཇོམས་པའི་བྱབ་ཁྲུས།next

རྡོ་རྗེ་རྣམ་པར་འཇོམས་པའི་བྱབ་ཁྲུས།


CMR043_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣམ་པར་འཇོམས་པའི་བྱབ་ཁྲུས་བཞུགས་སོ།། རང་ཉིད་སྐད་ཅིག་གིས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཁྲུས་ཀྱི་བུམ་པ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་ལྗང་གུ་ལ་གཟུངས་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས་བུམ་པ་ནང་གི་ཁྲུས་ཆུ་ལ་ཕོག་པས། རྡོ་རྗེའི་སློབ་མ་འདི་ཉིད་ཀྱི་ནད་གདོན་སྡིག་སྒྲིབ་དང་མི་གཙང་བ་ཐམས་ཅད་མ་ལུས་པ་བྱང་ཞིང་དག་པར་ནུས་པ་ཁྲུས་ཆུ་ཡེ་ཤེས་ལྷ་ཡི་བདུད་རྩིའི་ནུས་པ་དང་ལྡན་པར་གྱུར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཧཱུྃ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་བའི། །སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས། །ཡིད་བཞིན་སྤྲིན་ཕུང་མཁའ་ལས་ཆར་འབེབས་པའི། །མི་གཙང་དྲི་མའི་ཚོགས་ཀུན་དག་


CMR043_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཨོཾ་ཤུདྡྷེ་ཤུ་དྷ་ན་ཡེ་སྭཱ་ཧཱ། །ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། འདོན་ལ་གྱེར་སྒོམ་སྦྲགས་ལ་འདི་སྐད་དོ།། ཧཱུྃ། རྡོ་རྗེ་རྣམ་འཇོམས་བྱིན་རླབས་དང་། །གཟུངས་སྔགས་ཁྲུས་ཀྱི་ནུས་པ་དང་། བདག་གི་སྔགས་དང་ནུས་པ་འདིས། །སྐལ་ལྡན་སློབ་མ་འདི་ཉིད་ལ། །སྟེང་གདོན་གཟའ་དང་རྒྱུ་སྐར་གྲིབ། །བར་གདོན་བཙན་དང་ཐེའུ་རང་གྲིབ། །འོག་གདོན་ཀླུ་དང་ས་བདག་གྲིབ། །རྒྱལ་བསེན་དམ་སྲི་འབྱུང་པོའི་གྲིབ། །དེ་རྣམས་མ་ལུས་དག་གྱུར་ཅིག །ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ཤུདྡྷེ་ཤུདྡྷེ་ནཱད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སྡིག་ཅན་ཤན་པ་དམེ་ཕོའི་གྲིབ། །དམ་ཉམས་བན་བཙུན་ཕོ་མོའི་གྲིབ། །ཡུགས་ས་ནལ་མ་རབས་ཆད་གྲིབ། །དེ་རྣམས་མ་ལུས་དག་གྱུར་ཅིག །ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ཤུདྡྷེ་ཤུདྡྷེ་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཟས་ངན་ཁ་རུ་ཟོས་པའི་གྲིབ། །གོས་ངན་ལུས་ལ་གྱོན་


CMR043_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲིབ། །གནས་ཁང་སྦྲ་ཁང་ངན་པའི་གྲིབ། །དེ་རྣམས་མ་ལུས་དག་གྱུར་ཅིག །ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ཤུདྡྷེ་ཤུདྡྷེ་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། རོ་ངན་ཁ་ལག་འབྲེལ་བའི་གྲིབ། །ཐབ་གཞོབ་འཐབ་མོ་འཛིངས་རྩོད་གྲིབ། །རྫས་ངན་རྒྱུ་དང་སྤྱད་ཆའི་གྲིབ། །དེ་རྣམས་མ་ལུས་དག་གྱུར་ཅིག །ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ཤུདྡྷེ་ཤུདྡྷེ་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། རི་རྩེ་སྤྱང་ཐད་ཤ་དམར་གྲིབ། །བན་བོན་བྱེད་ཁ་གཏད་མནན་གྲིབ། །ལྷ་འདྲེའི་ཕོག་ཐུག་ཕྲག་དོག་གྲིབ། །དེ་རྣམས་མ་ལུས་དག་གྱུར་ཅིག །ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ཤུདྡྷེ་ཤུདྡྷེ་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭ་ཧཱ། ཕུག་ལྷས་མ་བཞེས་འཁུ་དོག་གྲིབ། །དགྲ་ལྷས་མ་བཞེས་ཉམས་པའི་གྲིབ། །དམ་ཚིག་ཉམས་ཆག་བཀའ་ཆད་གྲིབ། །དེ་རྣམས་མ་ལུས་དག་གྱུར་ཅིག །


CMR043_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ཤུདྡྷེ་ཤུདྡྷེ་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། སྔོན་ལས་འཕྲལ་རྐྱེན་ལས་ཀྱི་གྲིབ། །སྐལ་ལྡན་སློབ་མ་ཁྱོད་ཉིད་ལོ། །མགོ་ནད་སྤྲིན་ལྟར་འཐིབ་པའི་གྲིབ། །མིག་ནད་གྲ་ལིང་འབྱུང་བའི་གྲིབ། །ལུས་ལ་ན་ཚ་འབྱུང་བའི་གྲིབ། །སྲོག་ལ་བར་ཆད་འབྱུང་བའི་གྲིབ། །དེ་དག་མ་ལུས་དག་གྱུར་ཅིག །ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ཤུདྡྷེ་ཤུདྡྷེ་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ལྟར་གཟུངས་སྔགས་ཆུ་ཡིས་ཁྲུས་བྱས་པས། །གྲིབ་དང་ནད་གདོན་མ་ལུས་ཀུན་དག་ནས། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྣམས། །ཟླ་བ་ཡར་ངོ་བཞིན་དུ་རྒྱས་པར་ཤོག །ཉི་ཟླ་སྤྲིན་བྲལ་བཞིན་དུ་གསལ་བར་ཤོག །ཆོས་སྲིད་དབྱར་མཚོ་བཞིན་དུ་རྒྱས་པར་ཤོག །འཆི་མེད་ཚེ་ཡི་རིག་འཛིན་འགྲུབ་པར་ཤོག །ཤིས་བརྗོད་བྱ། ཨ་རཱ་གས་བྲིས་པའོ། །སརྦ་མངྒ་ལཾ།། །།


previousརྡོ་རྗེ་རྣམ་པར་འཇོམས་པའི་བྱབ་ཁྲུས།next