Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་སྤྱི་ལ་སྦྱར་རུང་བའི་བྱབ་ཁྲུས་སྤྱི་འགྲོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་སྤྱི་ལ་སྦྱར་རུང་བའི་བྱབ་ཁྲུས་སྤྱི་འགྲོ།next

ལྷ་སྤྱི་ལ་སྦྱར་རུང་བའི་བྱབ་ཁྲུས་སྤྱི་འགྲོ།


CMR043_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྤྱི་ལ་སྦྱར་རུང་བའི་བྱབ་ཁྲུས་སྤྱི་འགྲོ་བཞུགས་སོ། །ན་མོ་བཛྲ་བི་ད་ར་ཎ་ཡེ། འདི་རྣམ་འཇོམས་སྨེ་བརྩེགས་སོགས་ལྷ་གང་འདོད་ལ་སྦྱར་རུང་བའི་བྱབ་ཁྲུས་ནི། གང་ཡིན་གྱི་བདག་བསྐྱེད་མདུན་བུམ་བསྒྲུབ་པ་སྔོན་ཏུ་བཏང་། ཁྱད་པར་བུམ་པ་ལ་བསྙེན་ནས་བརྒྱ་སྟོང་སོགས་ཅི་འགྲུབ་བྱས་ནས་ཅོག་རྡོག་གསུམ་ཆངས་བུ་ཏིང་ལོ་གསུམ། མེ་ཆུ་ཏིལ་སོགས་འཛོམས་པར་བྱས་ལ་ནད་པ་སོགས་བསྒྲུབ་བྱ་སྔོན་དུ་འཁོད་ལ། འོ་ན་ད་ལམ་བྱབ་ཁྲུས་འདི་ལ་རྒྱས་པ་ཁྲུས་དོན་བཅུ་གསུམ་མ་དང་། འབྲིང་ལ་ཁྲུས་དོན་བདུན་མ་དང་། བསྡུས་པ་ཁྲུས་དོན་གསུམ་ཡོད་པ་ལས། ད་ལམ་ཁྲུས་དོན་བདུན་མ་བྱེད་པ་ཡིན། དེ་ལ་ཡང་ཁྲུས་བྱབ་སྲུང་གསུམ་ལས། དང་པོ་ལ་ཡང་བགེགས་སྦྱང་བ། སྡིག་པ་སྦྱང་བ། ཁྲུས་དངོས་དང་གསུམ་ཡོད་པ་ལས། བགེགས་སྦྱང་བ་ལ་ཡང་གསུམ་ལས། དང་པོ་བགེགས་ཞི་བར་སྦྱང་བའི་དོན་དུ་དམིགས་པ་དེ་བཞིན་མཛོད། དེ་ཡང་ཟླ་བ་སྒྲོན་མའི་མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། ཞེས་གསུངས་པས། ཁྱེད་རང་ཐ་མལ་པར་གནས་པའི་མདུན་དུ་ངེད་རང་བཅོམ་ལྡན་འདས་རྗེའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་


CMR043_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བས་ཁྲུས་བྱབ་ཀྱི་ཆོ་ག་རྣམས་རིམ་པ་བཞིན་དུ་མཛད་ཅིང་བཞུགས་ཡོད་སྙམ་པའི་མོས་པ་རྩེ་གཅིག་མཛོད། མདུན་དེར་ཐེབ་ཙེ་དྲུག་ཏུ་ཅོག་རྡོག་ཏིང་ལོ་ཆངས་བུ་གསུམ་བྲན་ལ། ད་བགེགས་ཞི་བར་སྦྱང་བའི་དོན་དུ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདི་བུ་ལོན་དང་ལན་ཆགས་ཀྱི་ཚུལ་དུ་འཇལ་བས། བུ་ལོན་སོད། ལན་ཆགས་བྱང་། ཤ་འཁོན་དང་བྲལ་ནས། དེང་ཕྱིན་ཆད་གནོད་པ་མི་བྱེད་པར་ཁས་བླང་བར་སྒོམས་ཤིག །ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཛ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫར་ཎ་ཧཱུྃ་ཕཊ། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་སྐྱེད་པར་གྱུར། ཀུན་རིག་སྔོན་འགྲོ་ལྟར་བྱིན་གྱིས་རླབས། ཨོཾ་ཨ་ཀཱ་རོ་སོགས་དེ་ནས་ལག་པས་རྡོ་རྗེ་དང་བཅས་ཐེབ་ཙེ་ལྕོག་རྡོག་བཟུང་ལ་ནད་པ་ལ་གཡས་བསྐོར་བྱ་ཞིང་། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་བརྗོད་ཅིང་སྡེར་ནང་དུ་བླུག །ལྕོག་རྡོག་གསུམ་དེ་ལྟར་རོ། །གཉིས་པ་ཞི་དྲག་ཕྱེ་མར་སྦྱང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་


CMR043_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལུས་ངག་ཡིད་གསུམ་ལ་གནོད་པའི་གདོན་ཐམས་ཅད་ཏིང་ལོས་ལམ་སྒྲོན་ཆངས་བུ་འདིས་ལམ་བརྒྱག་ཏུ་བྱིན་པས་སོ་སོ་རང་རང་གི་གནས་སུ་སོང་བའི་མོས་པ་མཛོད་ཅིག །ཏིང་ལོ་ཆངས་བུ་བཟུང་ནས་གཡོན་དུ་བསྐོར་ཞིང་། ཨོཾ་སུམ་བྷ་ནི་སོགས། བརྗོད་ཅིང་སྡེར་ནང་དུ་བླུགས་ལ་ལན་གསུམ། ད་གསུམ་པ་དྲག་པོར་སྦྱང་བའི་དོན་དུ་རང་བཞིན་གྱི་གནས་ནས་ཁྲོ་བོ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གནོད་པའི་གདོན་བགེགས་ཐམས་ཅད་རང་དབང་མེད་པར་བསྐྲད་གང་དག་མི་འགྲོ་བ་དེ་དག་ཚར་བཅད་ནས་མེད་པར་བྱས་པར་བསྒོམ། ཧཱུྃ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོའི་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། །པདྨའི་རྒྱས། ཨོཾ་པདྨ་ཀ་མ་ལཱ་ཡ་ཧཱུྃ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་


CMR043_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་ཚོསྟོན་མཛད་ཅིང་། །སྡིག་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟང་སྟབས་བརྐྱང་བསྐུམས་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུར་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་


CMR043_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་སྒྲ་ལ་ཕྱག་འཚལ་ལོ། །ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་བྱབ་ཁྲུས་ཆོ་ག་བསྒྲུབ། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །ལྕོག་རྡོག་ཕྱིར་དོར་ཞིང་། བསྲུང་བྱ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ཐམས་ཅད་གཏོར་མ་འདི་ཡིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་སོང་ཞིག །གལ་ཏེ་འགྲོ་བར་མི་བྱེད་ན། ཡེ་ཤེས་ཀྱི་རྡོ་རྗེ་མེ་འབར་བས་བསྲེག་ཅིང་བརླག་པར་གདོན་མི་ཟའོ། །དེ་ནས་ལྕག་གིས་བྲབ་ཅིང་། སུམ་བྷ་ནི་སོགས། གདབ། གཡས་སུ་མེ། གཡོན་དུ་ཆུ། མདུན་དུ་ཏིལ་བཤམས་ལ། དེ་ལྟར་བགེགས་སྦྱང་བ་


CMR043_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བས། གཉིས་པ་སྡིག་པ་སྦྱང་བ་ནི། འདི་བཞིན་དུ་བསྒོམ་མཛོད། ཁྱེད་རང་གི་རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་ཙནྡ་ལི་ཡེ་ཤེས་ཀྱི་མེ། སྙིང་གར་སྡིག་སྒྲིབ་ཀྱི་ས་བོན་པོ་ནག་པོ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས།.་རྐང་མཐིལ་གྱི་རླུང་གཡོས་པས་ལྟེ་བར་ཙཎྜ་ལིའི་ཡེ་ཤེས་ཀྱི་མེ་འབར་ཏེ། སྙིང་ཁའི་པཾ་ནག་པོ་གྱེན་དུ་དེད་ནས་སྣ་སྒོར་སླེབ་པ་དང་། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་མདུན་གྱི་ཏིལ་ལ་ཐིམ། འདིར་རླུང་བུས་ཐོན་ན་ལེགས། མདུན་དུ་མེ་ཉིད་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཉིའི་གདན་ལ་ཁྲོ་བོ་ཧཱུྃ་མཛད་དམ་རྡོ་རྗེ་མཁའ་འགྲོ། ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞལ་རབ་ཏུ་གདང་བའི་ནང་དུ་སྡིག་པ་རྣམས་སོང་བའི་མོས་པ་མཛོད། ལག་གཡས་གཡོན་མཐེབ་སྲིན་གྱིས་ཏིལ་བཟུང་ལ་མེ་ཆུར་དོར་ཞིང་། ཨོཾ་བཛྲ་ཌཱཀྐི་ཁ་ཁ་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ཡེ་སྭ་ཧཱ། བསྲུང་བྱ་འདིའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའམ་བསྡུ་ན། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བདུན་ཕུལ། བཛྲ་མུ༔ ཁྲོ་བོ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར།


CMR043_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྡིག་པ་སྦྱང་བ་སོང་བས། ད་ཁྲུས་ཀྱི་ཆོ་ག་དངོས་ལ་ཡང་། ཡེ་ཤེས་ཀྱི་ལྷ་ལ་ཁྲུས་གསོལ་བ་དང་། སྐྱེས་བུས་ངན་ཁྲུས་བྱ་བ་དང་གཉིས་ལས། དང་པོ་ཁྱེད་རང་གི་ལྷ་སྲུང་འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ། ཕ་ལྷ་མ་ལྷ་ཕྲག་ལྷ་དགྲ་བླ་ལ་སོགས་པ་ལ་གྲིབ་ཀྱིས་ཕོག་ནས་ཡོད་པ་དེ་ལ་སྐུ་ཁྲུས་གསོལ་བས། སྐུ་ལུས་ཤེལ་ལྟར་། དག་ནས། ནད་གྲིབ་དང་རྨུག་པ་ཐམས་ཅད་སངས་ཏེ་ཁྱེད་རང་གི་ལྷ་མགོན་སྐྱབས་དང་དཔུང་གཉེན་དུ་བཞེངས་བའི་མོས་པ་མཛོད། ཅེས་མེ་ལོང་མཆོད་གཞིའི་ངོས་ལ་བསྟན་ནས་ཁྲུས་བྱས་ཤིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ འདི་ནི་ཁྲུས་མཆོག་དཔལ་དང་ལྡན༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ༔ ཅི་འདོད་དངོས་གྲུབ་སྩོལ་བར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ༔ རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས༔ ཡིད་འོང་ལེགས་པར་བཀང་བའི་གླུ་དང་


CMR043_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས༔ གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ༔ ཨོཾ་ཧཱུྃ་ཧཱུྃ་ཧཱིཀཱཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤཱ་དྷ་ནི་སྭཱ་ཧཱཿ སྲབ་འཇམ་ཡང་པ་ལྷ་ཡི་གོས༔ མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ༔ མི་ཕྱེད་དད་པས་བདག་འབུལ་ན༔ བདག་ཅག་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་བཛྲ་ཝས་ཨཱཿཧཱུྃ༔ སྔགས་དང་བཅས་པ་བྱ། ད་སྐྱེས་བུའི་ངན་ཁྲུས་བྱ་བ་ནི། མདུན་གྱི་ནམ་མཁར་རྒེའི་ལྷ་ཚོགས་ཐམས་ཅད་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་ཐོགས་ནས་ཁྱེད་རང་རྣམས་ལ་ཁྲུས་བྱས་ནས་ལུས་ཀྱི་ན་ཚ་ཐམས་ཅད་ཞི་ཞིང་ལུས་ཤེལ་སྒང་ལྟར་གྱུར། བུམ་ཆུ་ཁོང་དུ་འཐུང་བས་སེམས་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་ཐམས་ཅད་དག་ནས་སེམས་རྟོག་མེད་ཆོས་ཀྱི་སྐུར་གྱུར་པའི་མོས་པ་མཛོད། བུམ་པ་ཐོགས་ནས་དབྱངས་དང་བཅས། ཇི་ལྟར་བལྟམས་པ་སོགས། ལྷ་གང་ཡིན་གྱི་གཟུངས་རིང་ངམ་རྩ་སྔགས་བརྗོད་ཅིང་ཡན་ལག་ལྔ་ཁྲུས་ཆབ་ལན་གསུམ་བླུགས། དེ་ནས་མེ་ལོང་ངོས་ལ་ནད་པའི་གཟུགས་འཆར་དུ་བཅུག་ལ། སྔགས་མཇུག་ཏུ་ཤམ་བུ་རེ་དང་ཆུ་ཐིགས་རེ་སྒྲུག་ལ། ཨོཾ་སརྦ་པཱ་པཾ་སྡིག་པ་དང་སྒྲིབ་


CMR043_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་སརྦ་བིགྷྣཱཾ་བགེགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་སརྦ་རོ་ག་ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་སརྦ་དུཏྟཾ། གདུག་པ་ཅན་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་སརྦ་ཨུ་པ་གྲ་ཧེ་ཉེ་བར་འཚེ་བ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་སརྦ་གྲ་ཧེ་གདོན་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་སརྦ་ཨ་ཀ་ལ་མྲྀ་ཏ་ཡུ་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་སརྦ་དུར་སོབ་ནན་རྨི་ལམ་ངན་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་སརྦ་དུར་མི་ཏི་མཚན་མ་ངན་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་སརྦ་ཙིཏྟ་བེ་ཀུལླེ་སེམས་ཀྱི་གཡེང་བ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་བཀྲུས་སོ། གཉིས་པ་བྱབ་པའི་དོན་དུ་བཅོམ་ལྡན་འདས་སྒེར་གསལ་བའི་ཕྱག་གཡས་རྨ་བྱའི་སྒྲོ་མདངས་འདི་ལ་ཁ་དོག་ལྔ་ཡོད་པ་རིགས་ལྔ་མཚོན་བྱེད་ཡིན་པས། འདི་ཡི་དབུས་པདྨ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ལྷའི་ཁ་དོག་ཅན་ལ། གཟུངས་དང་སྙིང་པོས་བསྐོར་ནས་ཡོད་པ་འདི་ཁྱོད་ལ་བསྟན་པའི་ཚེ། ཁྱེད་རང་གི་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་ནས།


CMR043_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུགས་པའི་ཚེ་ཁྲུས་ཆུའི་ནང་དུ་ཁྱེད་རང་གི་གཟུགས་བརྙན་ཤར་བ་ལ་སྤྲོ་བའི་ཚུལ་དུ་བྱབས་པས། ལུས་ངག་ཡིད་གསུམ་བདེ་བ་དང་སོང་བ་སྒོམས་ཤིག །སྔགས་མཇུག་ཏུ། ཨོཾ་སརྦ་པཱ་པཾ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་སརྦ་བིདྡྷཾ་བགེགས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་སརྦ་རོ་ག་ནད་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་སརྦ་དུཏྟཾ། གདུག་པ་ཅན་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་སརྦ་ཛཱ་ར་རིམས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་སརྦ་ཨུ་པ་གྲ་ཧ་ཉེ་བར་འཚེ་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་སརྦ་གྲ་ཧེ་གདོན་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་སརྦ་ཨ་ཀ་ལ་མི་ཏུ་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་སརྦ་དུར་སོབ་ནན་རྨི་ལམ་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ག་ཧཱ༔ ཨོཾ་སརྦ་དུར་མི་ཏི་མཚན་མ་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་སརྦ་ཙིཏྟ་བེ་ཀུལླེ་སེམས་ཀྱི་གཡེང་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། དེ་ནས་ཁྲུས་ས་ནས་ཕྱུང་བ་ནི། དེ་ལྟར་བཀྲུས་ཤིང་བྱབས་པས་ནད་གདོན་ཐམས་ཅད་དག་ནས་དེ་སྔ་ཕན་ཆད་འཁོར་བའི་རང་བཞིན་སྟན་ནག་པོ་ཉམ་ང་བའི་སྟེང་དུ་ཡོད་པ་དེང་ཕྱིན་ཆད་ཐར་པ་དང་བདེ་བའི་སྟན་


CMR043_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་སྟེང་དུ་ཕྱིན་པར་བསྒོམས་ལ། སྟན་བརྗེ་ཐུབ་ན་ལེགས། རྡོ་རྗེ་འདི་ལ་འཇུས་ནས་རྗེས་ཟློས་མཛོད། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱས། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཅེས་སམ་སྤྲོ་ན། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་བརྗོད། །གསུམ་པ་བསྲུང་བའི་དོན་དུ། ངེད་རང་བཅོམ་ལྡན་འདས་སྒེར་གསལ་ནས་ཁྱེད་རང་གི་སྤྱི་བོ་སོགས་ནས་གནས་རྣམས་སུ་རྡོ་རྗེ་བསྣོལ་བར་བཞག་ནས་ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་ནས་དེང་ཕྱིན་ཆད་ནད་གདོན་གང་གིས་ཀྱང་མི་ཚུགས་པར་སྒོམས་ཤིག །སྔགས་མཇུག་ཏུ། ཨོཾ་སརྦ་པཱ་པཾ་སྡིག་པ་དང་སྒྲིབ་པ་ཐམས་ཅད་རཀྵ་རཀྟ་ཡེ་སྭཱ་ཧཱ། ཨོཾ་སརྦ་བིནྡྷོ་བགེགས་ཐམས་ཅད་རཀྵ་རཀྟ་ཡེ་སྭཱ་ཧཱ། ཨོཾ་སརྦ་རོ་ག་ནད་ཐམས་ཅད་རཀྵ་རཀྵ་ཡེ་སྭཱ་ཧཱ། ཨོཾ་སརྦ་དུཏྟཾ་གདུག་པ་ཅན་ཐམས་ཅད་རཀྵ་རཀྵ་ཡེ་སྭཱ་ཧཱ། ཨོཾ་སརྦ་ཛཱ་ར་རིམས་ཐམས་ཅད་རཀྵ་རཀ་ཡེ་སྭཱ་ཧཱ། ཨོཾ་སརྦ་ཨུ་པ་གྲ་ཧ་ཉེ་བར་འཚེ་བ་ཐམས་ཅད་རཀྟ་རཀྟ་ཡེ་སྭཱ་ཧཱ། ཨོཾ་སརྦ་གྲ་ཧེ་གདོན་ཐམས་ཅད་རཀྟ་རཀྟ་ཡེ་སྭཱ་ཧཱ། ཨོཾ་སརྦ་ཨ་ཀ་ལ་མྲྀ་


CMR043_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཡུ་དུས་མ་ཡིན་པའི་འཆི་བ་ཐམས་ཅད་རཀྵ་རཀྟ་ཡེ་སྭཱ་ཧཱ། ཨོཾ་སརྦ་དུར་སོབ་ནན་རྨི་ལམ་ངན་པ་ཐམས་ཅད་རཀྵ་རཀྟ་ཡེ་སྭཱ་ཧཱ། ཨོཾ་སརྦ་དུར་མི་ཏི་མཚན་མ་ངན་པ་ཐམས་ཅད་རཀྵ་རཀྟ་ཡེ་སྭཱ་ཧཱ། ཨོཾ་སརྦ་ཙིཏྟ་བེ་ཀུལླེ་སེམས་ཀྱི་གཡེང་བ་ཐམས་ཅད་རཀྵ་རཀྟ་ཡེ་སྭཱ་ཧཱ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་རྒེའི་བྱིན་རླབས་ཀྱིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྟ་ཡེ་སྭཱ་ཧཱ། དེ་ལྟར་ཁྲུས་ཀྱི་ཆོ་གས་ནད་གདོན་ཐམས་ཅད་བཀྲུས་བྱབ་པའི་ཆོ་གས་བྱབས་ནས་བསྲུང་བའི་གོ་ཆས་གོ་བགོས་པ་དེ་མི་ཉམས་བརྟན་པའི་ཕྱིར། བཅོམ་ལྡན་རྒེའི་ལྷ་ཚོགས་རྣམས་ཀྱི་ཤིས་པ་བརྗོད་པ་རབ་ཏུ་གནས་པར་སྒོམས་ཤིག །ཨོཾ་འབྲས་བུ་རྡོ་རྗེ་སངས་རྒྱས་རྡོ་རྗེ་འཆང་། །ལམ་གྱི་རྡོ་རྗེ་ཐེག་པ་ཆེན་པོའི་ཆོས། །རྒྱུ་ཡི་རྡོ་རྗེ་དགེ་འདུན་རྡོ་རྗེའི་རིགས། །མཆོག་གསུམ་རྡོ་རྗེས་སྐྱོབས་པའི་བཀྲ་ཤིས་ཤོག །རིན་ཆེན་བུམ་པ་རྡོ་རྗེས་མཚན་པ་ལས། །རྟེན་འབྲེལ་རྫས་དང་རྡོ་རྗེའི་ཆུས་བཀང་ནས། །རྡོ་རྗེའི་གཟུངས་ཐག་རྡོ་རྗེའི་འོད་ཟེར་འཕྲོ། །རྡོ་རྗེ་དག་བྱེད་ཁྲུས་ཀྱི་


CMR043_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཤོག །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྡོ་རྗེས་འཇོམས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྡོ་རྗེས་བརླག །ནད་རིགས་བཞི་བརྒྱ་རྩ་བཞི་རྡོ་རྗེས་ཞི། །རྡོ་རྗེ་སྨོན་ལམ་འགྲུབ་པའི་བཀྲ་ཤིས་ཤོག །ཨོཾ་ཛ་ཡེ་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ། འོ་དེས་བཅོམ་ལྡན་འདས་རྗེའི་སྒོ་ནས་ཁྲུས་བྱབ་བསྲུང་གསུམ་གྱི་ཆོ་ག་ལེགས་པར་གྲུབ་པ་ཡིན་པས་དེའི་གཏང་རག་ཏུ་མཎྜལ་འབུལ། ས་གཞི་སྤོས་ཆུ་སོགས། མཎྜལ་ཁྲུས་བྱ་བ་ནི། བདག་གི་ཡོངས་གྲགས་སུ་རྣམ་འཇོམས་དཀར་པོ་དང་ལྗང་གུ་སྔོ་ནག་སོགས་ལ་སྦྱར་རོ། །ལྷ་གཞན་ཡང་། གྲིབ་ལ་སྨེ་བརྩེགས། ནད་གང་ལའང་ཙུནྡ། ཀླུ་ལ་ཁྱུང་གི་རིགས་དང་། ནཱ་ག་རཀཱ། གཟའ་ཀླུ་གཉིས་ལ་ཕྱག་རྡོར། མིག་ནད་ཡོངས་ལ་མི་གཡོ་བ། བུ་མ་སོས་པ་ལ་སོ་སོར་འབྲང་མ། བྱིས་སྦ་ལ་སྟོང་ཆེན་རབ་འཇོམས། དུག་ལ་དུག་སེལ་མ་དང་ཁྱུང་ཁྲ། མདོར་ན་ལྷ་གང་ལ་ཡང་སྦྱར་རུང་བའོ། །ཞེས་པ་རཱ་ག་ཨ་སྱས་འཕྲལ་དུ་དོན་གྲུབ་དང་ཡང་དག་སོགས་ལ་ཕན་ཕྱིར་བསྡུས་ཏེ་བྲིས་པའོ། །སརྦ་མངྒ་ལཾ། །བཀྲ་ཤིས་དཔལ་འབར་འཛམ་གླིང་ཡོངས་ཁྱབ་ཤོག ཞལ་དྲོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousལྷ་སྤྱི་ལ་སྦྱར་རུང་བའི་བྱབ་ཁྲུས་སྤྱི་འགྲོ།next