Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱབ་ཁྲུས་ཀྱི་ཆོ་ག་ཁྱེར་བདེ་བ་ཁྲུས་དོན་བདུན་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱབ་ཁྲུས་ཀྱི་ཆོ་ག་ཁྱེར་བདེ་བ་ཁྲུས་དོན་བདུན་མ།next

བྱབ་ཁྲུས་ཀྱི་ཆོ་ག་ཁྱེར་བདེ་བ་ཁྲུས་དོན་བདུན་མ།


CMR043_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བྱབ་ཁྲུས་ཀྱི་ཆོ་ག་ཁྱེར་བདེ་བ་ཁྲུས་དོན་བདུན་མ་ཁྲུས་ཀྱི་ལྷ་བརྒྱད་ལ་སྦྱར་སྙམ་པ། ཀརྨ་ཨ་རཱ་གས་སོ།།


CMR043_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་འབུལ་ཞིང་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱའོ། །ད་ལམ་ཁྱེད་རྣམས་ལ་བྱབ་ཁྲུས་ཀྱི་ཆོ་ག་བྱེད་པ་ཡིན་པས་འདི་ལ་ཁྲུས་དོན་བཅུ་གསུམ་མ་དང་། ཁྲུས་དོན་བདུན་མ་དང་། ཁྲུས་དོན་གསུམ་མ་དང་། གསུམ་ཡོད་པ་ལས། ད་ལམ་ཁྲུས་དོན་བདུན་མ་དེ་བྱེད་པ་ཡིན་པས། དེ་ཡང་ཟླ་བ་སྒྲོན་མའི་མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་པས། ཁྱེད་རང་གི་མདུན་དུ་བཅོམ་ལྡན་འདས་རྨི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དངོས་སུ་བྱོན་ནས་བྱབ་ཁྲུས་ཀྱི་ཆོ་ག་རྣམས་


CMR043_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ལྟར་མཛད་པའི་མོས་པ་ཞེ་ཐག་པ་ནས་མཛོད། ཅོག་ལྡོག་དང་ཆངས་བུ་གསུམ་བྲན། ད་ཁྲུས་ཀྱི་ཆོ་ག་ལ་ཡང་གསུམ་ལས་ཐོག་མར་བགེགས་སྦྱང་བའི་དོན་དུ་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བའི་གདོན་བགེགས་རྣམས་ལ་གཏོར་མ་འདི་བུ་ལོན་ལན་ཆགས་ཀྱི་ཚུལ་དུ་འཇལ་བས་བུ་ལོན་སོད། ལན་ཆགས་བྱང་། ཤ་འཁོན་དང་བྲལ་ནས་དེ་རིང་ཕྱིན་ཆད་གནོད་པ་མི་བྱེད་པར་ཁས་བླངས་ཏེ་སོང་བའི་མོས་པ་མཛོད། རྒྱས་པར་ན་གཏོར་མ་བྱིན་རླབས་ཆ་གསུམ་ལྟར་བྱ། བསྡུས་པ། ཨོཾ་ཨཱཿཧཱུྃ༔ གིས་བྱིན་གྱིས་བརླབས་ནས། སྤྲོ་ན་བདེན་སྟོབས་དང་རོལ་མོ་བྱ། ནད་པ་ལ་


CMR043_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་བསྐོར་ཞིང་། ཨོཾ་སརྦ་བིགྷཱན་ན་མ་སརྦ་ཏ་ཐཱ་ག་ཏ་སོགས་བརྗོད་ཅིང་སྡེར་དུ་བླུག །དེས་ཞི་བས་སྦྱངས་བ་སོང་ནས། གཉིས་པ་ཞི་དྲག་ཕྱེད་མས་སྦྱངས་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གནོད་པའི་གདོན་བགེགས་རྣམས་ལ་ཏིང་ལོ་འདིའི་ལམ་སྒྲོན་ཆངས་བུ་འདིའི་ལམ་རྒྱགས་ཀྱི་ཚུལ་དུ་བྱིན་པས། སོ་སོ་རང་རང་གི་གནས་སུ་སོང་བའི་མོས་པ་མཛོད། རྒྱས་པར་བདེན་སྟོབས་དང་འདོད་གསོལ་བྱ། ཏིང་ལོ་ཆངས་བུ་གཡོན་དུ་བསྐོར་ཞིང་། སུམྦྷ་ནི་སོགས་བརྗོད། བར་དུ་རྡོ་རྗེ་བསྐོར་ཞིང་སེ་གོལ་གཏོགས། དེ་ནས་ཞི་དྲག་ཕྱེད་མས་སྦྱངས་བ་སོང་ནས། གསུམ་པ་དྲག་པོས་སྦྱངས་བ་ནི། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་ཁྲོ་བོ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་ལ་གནོད་པའི་གདོན་བགེགས་ཐམས་ཅད་རང་དབང་མེད་པར་བྱ་སྤུ་རླུང་གིས་བརྡས་པ་ལྟར་རྒྱ་མཚོའི་ཕ་རོལ་དུ་བསྐྲད་པའི་མོས་པ་མཛོད། རྒྱས་པ་ན། ཧཱུྃ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོའི་དཔའ་མཚན་སྟག་


CMR043_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། །པདྨའི་རྒྱས། ཨོཾ་པདྨ་ཀ་མ་ལཱ་ཡ་ཧཱུྃ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱཏྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝི་ཏྱཱ། ཤབྟ་པྲ་ཏིཙྪ་སྭཱ་ཧཱ། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལོ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །སྡིག་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །


CMR043_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོའི་སྟང་སྟབས་བརྐྱང་བསྐུམས་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུར་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་སྒྲ་ལ་ཕྱག་འཚལ་ལོ། །རྒྱས་པར་བདེན་པ་བདར། ནད་པ་ལ་གླུད་བསྐྱལ་གཡོན་དུ་བསྐོར་ཞིང་། ནད་པ་འདིའམ་སྒེའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བའི་བར་ཆད་བྱེད་པའི་གདོན་བགེགས་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་གཞན་དུ་སོང་ཞིག །གལ་ཏེ་འགྲོ་བར་མི་བྱེད་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་བསྲེག་ཅིང་འཇོམས་པར་གདོན་མི་ཟའོ། །ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་བྱབ་ཁྲུས་ཆོ་ག་བསྒྲུབ། །


CMR043_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །སུམྦྷ་ནི་སོགས་བརྗོད། ནས་ལྕག་གིས་བྲབ་ཅིང་ཕྱི་རོལ་དུ་དོར་རོ། །མདུན་དུ་ཏིལ་གཡས་སུ་མེ་གཡོན་དུ་ཆུ་བཞག་ལ། དེ་རྣམས་ནི་བགེགས་སྦྱངས་ཐབས་གསུམ་པོ་སོང་ནས། ད་སྡིག་པ་སྦྱངས་བའི་དོན་དུ་ཁྱེད་རང་རྣམས་ཀྱི་རྐང་མཐིལ་གཡས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་རཾ་ལས་ཙན་ལི་ཡེ་ཤེས་ཀྱི་མེ། སྙིང་ཁར་སྡིག་སྒྲིབ་ཀྱི་ས་བོན་པཾ་ཡིག་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས་རྐང་འོག་གིས་རླུང་གཡོས་མེ་སྦར་པོ་ཡིག་གྱེན་དུ་དེད་པས་སྣ་སྒོར་སླེབ་པ་དང་། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་མདུན་གྱི་ཏིལ་ལ་ཐིམ་པར་མོས་པས་རླུང་བུས། མདུན་གྱི་མེ་འདི་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་ནང་དུ་སྐད་ཅིག་གིས་ཁྲོ་བོ་ཧཱུྃ་མཛད་གསལ་བའི་ཞལ་གདངས་བའི་ནང་དུ་སྡིག་སྒྲིབ་ཐམས་ཅད་སོང་བའི་མོས་པ་མཛོད། གཡས་གཡོན་གྱིས་མཐེབ་སྲིན་གྱིས་ཏིལ་བསྲེགས་མེ་ཆུར་དོར། ཨོཾ་སརྦ་པཱ་པཾ་


CMR043_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཧ་ན་བཛྲ་ཧཱུྃ་ཕཊ༔ ནད་པ་འདིའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ལན་གསུམ། བཛྲ་མུཿ ཁྲོ་བོ་རང་གནས་སུ་གཤེགས་པར་གྱུར། །དེས་སྡིག་པ་སྦྱངས་བ་སོང་ནས། ཁྲུས་ལ་ལྷ་ཁྲུས་དང་སྐྱེས་བུའི་ངན་ཁྲུས་གཉིས་ལས། ཡེ་ཤེས་ཀྱི་ལྷ་ལ་ཁྲུས་གསོལ་བ་ནི། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རྒེ་ལ་ཁྱེད་རང་གིས་སྐྱོབས་པའི་ལྷ་ལྔ། བརྟེན་པའི་ལྷ་དགུས་བསྐོར་བ་ལ་ཁྲུས་གསོལ་བས་གྲིབ་དང་མི་གཙང་བས་གོས་པ་ཐམས་ཅད་སངས་བས། ཁྱེད་རང་གིས་མགོན་སྐྱོབས་དང་དཔུང་གཉེན་དུ་བཞེངས་པའི་མོས་པ་མཛོད། མེ་ལོང་མཆོད་གཞིའི་ངོས་ལ་བསྟན་ནས་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སྒྲོ་མདངས་ཡུ་བས་བྱུག་ཚུལ་དང་། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱང་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་


CMR043_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། རས་གཙང་མས་ཕྱི་ཚུལ་དང་༔ རྒྱལ་དང་རྒྱལ་བའི་སྲས་ཀྱི་སྐུ་རྣམས་ལ། །རས་དཀར་སྨན་དང་ལྡན་པས་སྐུ་ཕྱིས་པས། །མི་ཤེས་སྒྲིབ་པ་མ་ལུས་ཀུན་བསལ་ནས། །ཉེས་པའི་ཚོགས་རྣམས་མ་ལུས་དག་གྱུར་ཅིག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། དེས་ལྷ་ལ་ཁྲུས་གསོལ་བ་སོང་ནས། སྐྱེས་བུའི་ངན་ཁྲུས་ནི། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རྗེའི་ལྷ་ཚོགས་རྣམས་ཀྱི་ཕྱག་ན་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས། ཁྱེད་རང་རྣམས་ལ་ཁྲུས་བྱས་པས་ལུས་ཀྱི་ན་ཚ་ཐམས་ཅད་ཞི་ཞིང་གྲིབ་དང་མི་གཙང་བ་ཐམས་ཅད་དག །ནང་དུ་བཏུང་བས་སྡིག་སྒྲིབ་ཉོན་མོངས་རྣམ་རྟོག་ཐམས་ཅད་དག་ནས་སེམས་རྟོག་མེད་ཆོས་སྐུར་འགྱུར་བའི་མོས་པ་མཛོད། བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་སོགས་བརྗོད། བུམ་པ་མགོར་བཞག་ལ་གཟུངས་སམ་ཉེ་བའི་སྙིང་པོ་བརྗོད། ཆ་གསུམ་དང་ཡན་ལག་ལྔ་ཁྲུས་བྱས། བུམ་ཆུས་མེ་ལོང་ངོས་ལ་བཀྲུ་ཞིང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། སོགས་དང་ཉེ་སྙིང་སྙིང་པོའི་མཐར་གཞུང་ལྟར་བྱའོ། །རྒྱས་པར་སྤྲོ་ན། རྨི་ལམ་ངན་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ལྟས་ངན་པ་ཐམས་ཅད་


CMR043_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བྱུར་དང་བསྐལ་པ་ངན་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བགེགས་དང་བཀྲ་མི་ཤིས་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ལུས་ཀྱི་ན་ཚ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སེམས་ཀྱི་ཟུག་རྔུ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གཟའ་དང་རྒྱུ་སྐར་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཆོད་གཏོང་དང་རྦད་འདྲེ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ལོ་སྐག་དང་ཟླ་སྐུག་དང་ཞག་སྐག་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ནད་རིགས་བཞི་བརྒྱ་རྩ་བཞི་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བདུད་ཀྱི་ཞགས་པ་དང་གཤིན་རྗེའི་ཕོ་ཉ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། མཚན་མ་ངན་པ་དང་བྱ་བྱེད་ངན་པ་ཐམས་ཅད་ཤཱིནཾ་ཀུ་རུ་ཡེ་སྭཱ་ཧཱ། གཟའ་བདུད་ཀྱི་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སྟེང་ལྷའི་གདུག་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འོག་ཀླུའི་གདུག་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བར་གཉན་གྱི་གདུག་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཁ་སྨྲས་གླེང་གཞི་ངན་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སོགས་གང་འོས་བརྗོད་ཅིང་བཀྲུས། འོ་དེས་ཁྲུས་ཀྱི་ཆོ་ག་སོང་ནས། སྡིག་


CMR043_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་དང་གྲིབ་སོགས་མི་གཙང་བ་ཐམས་ཅད་དག་ངེས་བསམ་པའི་མོས་པ་མཛོད། གཉིས་པ་བྱབ་པ་ལ། བྱབ་པ་དངོས་དང་ཁྲུས་ས་ནས་ཕྱུང་བ་གཉིས་ལས། དང་པོ་བྱབ་པའི་དོན་དུ། ངེད་བཅོམ་ལྡན་རྒེའི་སྐུར་གསལ་བའི་ཕྱག་ན་ཡོད་པའི་རྨ་བྱའི་སྒྲོ་མདོངས་འདི་ལ་ཁ་དོག་ལྔ་ལྡན་ཡོད་པའི་རིགས་ལྔའི་མཚོན་བྱེད་ཡིན་ཅིང་། དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་ལྗང་སྔོན་ནམ་དུད་ཁ་སོགས་སོ་སོའི་མཐར་གཟུངས་དང་སྙིང་པོས་བསྐོར་ནས་ཡོད་པ། དེས་ཁྱེད་རང་ལ་བྱབ་པའི་དུས་སུ་སྔགས་ལས་འོད་ཟེར་འཕྲོས་ནས་ཁྱེད་རང་གི་ལུས་ངག་ལ་ཕོག་པས་དཔེར་ན་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་བཞིན་དུ་ནད་གདོན་ཐམས་ཅད་རུབ་ཀྱིས་བསྡུས་ནས་སྤྲུགས་པའི་དུས་སུ་མདུན་གྱི་ཁྲུས་ཆུ་འདིའི་ནང་དུ་ཁྱེད་རང་གི་གཟུགས་བརྙན་ཤར་བ་ལ་ནད་སྤོ་བའི་ཚུལ་དུ་བྱབས་པས་ལུས་ངག་ཡིད་གསུམ་བདེ་སངས་སངས་སོང་བའི་མོས་པ་མཛོད། ཅེས་གཟུངས་དང་སྙིང་པོ་ལ་ཨ་པ་ན་བཏགས་པས་གོང་བཞིན་བྱས་ཏེ། ཨ་པ་ན་ཡེ་སྭཱ་ཧཱཿ དེས་བྱབ་པ་དངོས་སོང་ནས། ཁྲུས་ནས་ཕྱུང་བ་ནི། དེ་ལྟར་བཀྲུ་བ་དང་བྱབ་པའི་ཆོ་ག་བྱས་པས་ནད་གདོན་བཀྲ་


CMR043_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིས་པ་ཐམས་ཅད་དག་ནས་སྟན་ནག་པོ་འཁོར་བའི་གནས་ཉམ་ང་བ་སྤང་ནས་སྟན་དཀར་པོ་བྱུང་ཕྱོགས་ལྕང་ལོ་ཅན་དུ་དཔལ་ཕྱག་ན་རྡོ་རྗེའི་དྲུང་དུ་ཕྱིན་པས་ནད་གདོན་གང་གིས་ཀྱང་གླགས་མི་རྙེད་པའི་མོས་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་ཐལ་མོའི་བར་དུ་བཟུང་བཅོལ་ལ། སྡིག་པ་ཐམས་ཅད་བྱང་བྱས་ནས། །སོགས་ནས། དཔལ་ཀུན་གྱིས་ནི་ལེགས་པར་རྒྱན། །ཞེས་པའི་བར་སྤྲོ་ན། སྡིག་པ་ཀུན་ལས་རྣམ་པར་ཐར། །གྱིས་བར་རྗེས་ཟློས་བྱ་ཞིང་། སྤྲོ་ན་བལ་འདབ་དཀར་པོ་བརྗེའོ། །དེས་བྱབ་པ་སོང་ནས་བསྲུང་བ་ལ་གསུམ་ལས། དང་པོ་བསྲུང་བ་དངོས་ཀྱི་དོན་དུ་ངེད་བཅོམ་ལྡན་འདས་སྒེར་གསལ་བ་ལས་ཁྱེད་རང་རྣམས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་བཀོན་པས་ཕྱིན་ཆད་བགེགས་དང་ལོག་འདྲེན་གང་གིས་ཀྱང་མི་ཚུགས་པའི་མོས་པ་མཛོད། ཅེས་གཞུང་དང་རྩ་སྔགས་ཀྱི་མཐར་རཀྟ་རཀྟ་ཞེས་མགོ་བོའི་ཕྱོགས་ལྔའམ་དཔུང་པ་གཉིས་སྙིང་ཁ་རྣམས་སུ་རྒྱ་གྲམ་དུ་བཞག་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །སོགས་དང་། བཛྲ་རཀྵ་རཀྟ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་དང་རྡོ་རྗེ་མགོར་བཞག །དེས་བསྲུང་བ་སོང་ནས། གཉིས་པ་ཤིས་པ་བརྗོད་པའི་དོན་དུ་ངེད་བཅོམ་ལྡན་འདས་སྒེའི་ལྷ་ཚོགས་རྣམས་


CMR043_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྲུང་བའི་གོ་བགོས་པ་དེ་མི་ཉམས་ཤིང་བརྟན་པའི་ཕྱིར་བཀྲ་ཤིས་བརྗོད་ཅིང་རབ་གནས་མཛད་པའི་མོས་པ་མཛོད། མེ་ཏོག་གཏོར་ཞིང་། ཨོཾ་འབྲས་བུའི་རྡོ་རྗེ་སངས་རྒྱས་རྡོ་རྗེ་འཆང་། །ལམ་གྱི་རྡོ་རྗེ་ཐེག་པ་ཆེན་པོའི་ཆོས། །རྒྱུ་ཡི་རྡོ་རྗེ་དགེ་འདུན་རྡོ་རྗེའི་རིགས། །མཆོག་གསུམ་རྡོ་རྗེས་སྐྱོབ་པའི་བཀྲ་ཤིས་ཤོག །སངས་རྒྱས་སྟོང་གི་རྡོ་རྗེའི་མཛོད་འཛིན་ཅིང་། །རྡོ་རྗེའི་སྐུ་ཅན་ཕྱག་ན་རྡོ་རྗེ་འཛིན། །རྡོ་རྗེ་གསུང་གིས་རྡོ་རྗེའི་ཧཱུྃ་སྒྲ་སྒྲོག །རྡོ་རྗེ་སྒེའི་གསུང་གི་བཀྲ་ཤིས་ཤོག །གཉེན་པོའི་རྡོ་རྗེས་མི་དགེ་བཅུ་པོ་འཇོམས། །སྟོབས་བཅུ་རྡོ་རྗེས་འཇིག་རྟེན་སྐྱོན་བཅུ་འཇོམས། །ཕ་རོལ་ཕྱིན་བཅུ་མཐར་ཕྱིན་རྡོ་རྗེ་ཅན། །རྡོ་རྗེ་ཁྲོ་རྒྱལ་སྟོབས་བཅུའི་བཀྲ་ཤིས་ཤོག །རྡོ་རྗེའི་རིགས་ཅན་ཚངས་དབང་བརྒྱ་བྱིན་དང་། །རྡོ་རྗེའི་བཀའ་ཉན་ཕྱོགས་སྐྱོང་ལྷ་ཀླུ་དང་། །རྡོ་རྗེའི་ཕོ་ཉ་གཟའ་དང་རྒྱུ་སྐར་ཚོགས། །རྡོ་རྗེ་རིགས་ཀྱི་སྲུང་མའི་བཀྲ་ཤིས་ཤོག །རིན་ཆེན་བུམ་པ་རྡོ་རྗེས་མཚན་པ་ལས། །རྟེན་འབྲེལ་རྫས་དང་རྡོ་རྗེའི་ཆུས་བཀང་ནས། །རྡོ་རྗེའི་གཟུངས་ཐག་རྡོ་རྗེ་འོད་ཟེར་འཕྲོས། །རྡོ་རྗེ་དག་བྱེད་ཁྲུས་ཀྱི་བཀྲ་ཤིས་ཤོག །


CMR043_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྡོ་རྗེས་འཇོམས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྡོ་རྗེས་བརླགས། །ནད་རིགས་བཞི་བརྒྱ་རྩ་བཞི་རྡོ་རྗེས་ཞི། །སྨོན་ལམ་རྡོ་རྗེ་འགྲུབ་པའི་བཀྲ་ཤིས་ཤོག །ཨོཾ་བཛྲ་པཱ་ཎི་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་སིདྡྷི་ཧཱུྃ༔ ཛ་ཡེ་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ། དེས་བཀྲ་ཤིས་རྒྱས་པར་བྱ་བ་སོང་། དེ་རྣམས་ཀྱི་དགེ་བ་བྱང་ཆུབ་ཏུ་བསྔོ་བའི་རྗེས་ཟློས་མཛོད་དགེ་བ་འདི་ཡི་སྒོ་འགྲུབ་གྱུར་ནས། འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བརྗོད། འོ་དེ་རྣམས་ཀྱི་བཅོམ་ལྡན་འདས་སྒོའི་ལྷ་ཚོགས་ཀྱི་སྒོ་ནས་ཁྲུས་བྱབ་བསྲུང་གསུམ་ལེགས་པར་གྲུབ་པས་དེ་ལྟར་ཐུགས་ལ་བཞག་པར་ཞུ། མཎྜལ་ཕུལ། ཞེས་པ་འདི་རྣམས་ཀྱི་བྱབ་ཁྲུས་རང་བྱུང་ཞབས་ཀྱིས་དང་དབང་ཕྱུག་རྡོ་རྗེས་མཛད་པ་དང་། མི་བསྐྱོད་ཞབས་ཀྱི་སྨེ་བརྩེགས་དང་། དཀོན་མཆོག་འབང་གི་རྣམ་འཇོམས་ཆོ་ག་ཚིགས་བཅད་མ་དང་། གྲགས་པ་དོན་འགྲུབ་ཀྱི་དང་། རྗེ་ཞྭ་དམར་དྲུག་པས་བསྩལ་བའི་ཚན་མང་པོ་དང་། ས་པཎྜི་ཏ་དང་། དབང་ཕྱུག་རྡོ་རྗེས་བསྩལ་བའི་སྨེ་བརྩེགས་རིགས་དུ་མ། ལོ་ཆེན་རིན་ཆེན་བཟང་པོ་དང་། ས་ལུགས་རིགས་དུ་མ་དང་། འབྲུག་ལུགས་སོགས་དུ་མ་ཐོབ་ཅིང་མཐོང་བ་གོ་ཞིང་འདྲེས་པར་བྱས་ནས། སྨེ་བརྩེགས་རྣམ་འཇོམས་གང་ལའང་སྦྱར་རུང་བ་འདི། ཀརྨ་ཨཱ་ར་གས་བྲིས་པའོ།། །།


previousབྱབ་ཁྲུས་ཀྱི་ཆོ་ག་ཁྱེར་བདེ་བ་ཁྲུས་དོན་བདུན་མ།next