Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གླུད་བསྔོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགླུད་བསྔོ།next

གླུད་བསྔོ།


CMR043_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཁྲུས་ཆོག་ཚར་ནས་བགེགས་གཏོར་ཁྲུས་གདན་དུ་བཞག་ལ། ནད་པའམ་ཡོན་བདག་རྣམས་ལ་ཁྲུས་བྱས་ལ། གླུད་བསྔོ་བ་ནི། དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་བདུན་དང་། ཀྱཻ། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ད་ལྟ་རྒྱུ་སྦྱོར་སྦྱིན་བདག་གླུད། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་


CMR043_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །གླུད་དང་ཆངས་བུ་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རུས་པའི་གླུད་འདི་བྲག་ལ་གཏོང་། །ཁྲག་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྩ་རྒྱུས་གླེད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ལྤགས་པའི་གླུད་འདི་ཐང་ལ་གཏོང་། །ཐང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སེམས་ཉིད་གླུད་འདི་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །གཞན་གྱི་བྱད་ཁ་ཕུར་ཁ་དང་། །ཟོར་ཁ་མནན་པ་ལ་སོགས་ཟློག །སྐག་དང་སྲི་ལང་ལ་སོགས་དང་། །གནོད་བྱེད་ཐམས་ཅད་བཟློག་ཏུ་གསོལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་


CMR043_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཅེས་ཡས་ལམ་དུ་གཏོང་ངོ་། །དེ་ནས་དང་པོ་དཀར་གཏོར་མ་ཀིར་བཞག །དེ་རྗེས་ལ་གླུད་གཏོར་བཞག །དེ་རྗེས་དམར་གཏོར་བཞག །དེ་ནས་རིམ་པ་བཞིན་ཏུ་ཐམས་ཅད་བཞག་གོ །ཞེས་པ་འདི་ཡང་སྔགས་འཆང་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ། །


previousགླུད་བསྔོ།next