Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲང་སྲོང་ཆེན་པོའི་ནད་པ་རྗེས་འཛིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲང་སྲོང་ཆེན་པོའི་ནད་པ་རྗེས་འཛིན།next

དྲང་སྲོང་ཆེན་པོའི་ནད་པ་རྗེས་འཛིན།


CMR043_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ཆེན་པོའི་ནད་པ་རྗེས་འཛིན་བཞུགས་སོ། །


CMR043_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་པཱ་ཎི་ཡེ༔ ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོའི་སྒོ་ནས་ནད་པ་རྗེས་སུ་འཛིན་པའི་མན་ངག་ནི༔་བུམ་པ་ཁ་བརྒྱན་མགུལ་ཆིངས་དང་ལྡན་པར་བུམ་རྫོས་གཞུང་ལྟར་བླུག་པ་དང་༔་གཟའི་བཤོས་བུ་ཕྱག་ལེན་ལྟར་བཤམས་པའི་ནང་དུ་ཤ་རུལ་ཁྲག་རུལ་བཙོས་དང་རྗེན༔ ར་མཆིན་དམར་གྱི་ཤ་ཁྲག་རྣམས༔ ཕ་ཟས་ཡིན་པས་དགྱེས་པ་ཡིན༔ དཀར་གསུམ་མངར་གསུམ་ཀླུ་སྨན་དང་ལ་སྨན་རྩི་སྨན་ག་པུར་རྣམས༔ མ་ཟས་ཡིན་པས་དགྱེས་པ་ཡིན༔ ཞེས་པའི་མཆོད་རྫས་གང་འཛོམས་དང་༔ དགྲ་བོའི་ལིངྒ་དང་ཤ་ཁྲག་གིས་བརྒྱན་པ་བཤམས༔ གཞན་ཡང་མཆོད་པ་རྣམ་ལྔ་སོགས་སྤྱི་ལྟར་བཤམས་ནས༔ འདི་ལྟར་འདོན་བྷེ་བྱ་སྟེ༔ ནད་པས་གཙོར་བྱས་སེམས་ཅན་ཐམས་ཅད་བླ་མ་དང་


CMR043_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་མཆིའོ༔ དཀོན་མཆོག་རིན་ཆེན་རྣམ་པ་གསུམ་ལ་སྐྱབས་སུ་མཆིའོ༔ མ་གྱུར་སེམས་ཅན་ཐམས་ཅད་སྟེང་གདོན་གྱི་ནད་དང་གནོད་པ་ལས་གྲོལ་ནས་རྡོ་རྗེ་འཆང་གི་ས་ལ་འགོད་པའི་ཆེད་དུ་ནད་པ་འདི་རྗེས་སུ་འཛིན་པར་བྱའོ༔ སྐད་ཅིག་གིས་རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་ཆ་ལུགས་ཅན༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁར་གསོར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེང་བ༔ སྤྲུལ་བརྒྱད་ཀྱིས་སྐུ་ལ་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་སོགས་ཁྲོ་བོའི་ཆས་རྣམས་


CMR043_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་བརྒྱན་ཅིང་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་གཡས་བསྐུམ་གཡོན་བརྐྱང་གིས་པད་ཉིའི་གདན་ལ་བཞུགས་པའི་ཐུགས་ཀར་ཉི་མའི་གདན་ལ་སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གསང་བའི་བདག་པོའི་རྣམ་པར་ཆར་བབ་པ་ལྟར་བྱོན་ནས་རང་ལ་ཐིམ་པས་མཐུ་སྟོབས་ནུས་པ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་བརྒྱ་བཟླས༔ ཨརྒྷཾ་སོགས་ཀྱིས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནི། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ༔ གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ སྐད་ཅིག་༈ གིས་རང་ཉིད་ཕྱག་ན་རྡོ་རྗེ་གནས་འགྱུར་ནས༔ རང་ཉིད་ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོ༔ སྐུ་མདོག་དམར་པོ་ཕྱག་བཞི་པ༔ དབུ་དགུ་བྱ་རོག་གི་མགོ་ཅན༔ གཡས་དང་པོས་ཆུ་སྲིན་གྱི་རྒྱལ་མཚན༔ གཡོན་དང་པོས་ཡིད་བཞིན་གྱི་ནོར་བུ༔ འོག་མ་གཉིས་རྭའི་མདའ་གཞུ་བསྣམས་པ༔ རོ་སྨད་སྦྲུལ་མཇུག་འཁྱིལ་བ༔ མགོ་ལུས་མིག་གིས་ཁེངས་


CMR043_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ འཁོར་གདོང་མོ་བཞི༔ དེའི་ཕྱི་རོལ་དུ་གཟའ་ཆེན་པོ་བརྒྱད༔ དེའི་ཕྱི་རོལ་དུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བར་གྱུར༔ ལྷ་ཚོགས་དེ་རྣམས་ཀྱི་།གནས་གསུམ་ཡི་གེ་གསུམ་དང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས༔ བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ རང་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར༔ ཨོཾ་ཀེ་ཏ་ཀེ་ཏ་ཧཱུྃ་ཕཊ༔ ཨ་ཡ་མ་སྲེ་དུ་ཏྲི་ན་ན་ལ་སྭཱ་ཧཱཿ བདག་བསྐྱེད་འདི་བརྒྱ་རྩ་རེ་མ་ཆག་ན་གཟའ་དང་སྡེ་བརྒྱད་ཀྱི་གནོད་པ་སྲུང་བའི་མཆོག་ཏུ་བཤད་དོ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བུམ་པ་ཧཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་བ༔ མགྲིན་པ་རིང་བ༔ མཆུ་འཕྱང་བ༔ ལྷ་རྫས་གོས་ཀྱིས་མགྲིན་པ་དཀྲིས་པ༔ དཔག་བསམ་ཤིང་གི་ཡལ་གས་ཁ་རྒྱན་པ༔ ནང་དུ་ཆུ་དང་བཅུད་ཀྱིས་གང་བའི་དབུས་སུ༔ པད་ཉི་གདན་ལ་སྐད་ཅིག་གིས་ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ ཅེས་པའི་སྒྲ་ལས་ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོ་སྐུ་མདོག་དམར་པོ་ཕྱག་བཞི་པ༔ དབུ་དགུ་བྱ་རོག་གི་མགོ་ཅན༔ གཡས་དང་པོས་ཆུ་སྲིན་གྱི་རྒྱལ་མཚན༔ གཡོན་དང་པོས་ཡིད་བཞིན་གྱི་ནོར་


CMR043_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བུ༔ འོག་མ་གཉིས་རྭའི་མདའ་གཞུ་བསྣམས་པ༔ རོ་སྨད་སྦྲུལ་མཇུག་འཁྱིལ་བ༔ མགོ་ལུས་མིག་གིས་ཁེངས་པ༔ འཁོར་གདོང་མོ་བཞི༔ དེའི་ཕྱི་རོལ་དུ་གཟའ་ཆེན་པོ་བརྒྱད༔ དེའི་ཕྱི་རོལ་དུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བར་གྱུར༔ ལྷ་ཚོགས་དེ་རྣམས་ཀྱི་གནས་གསུམ་ཡིག་འབྲུ་གསུམ་དང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས༔ ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ བུམ་ལྷ་དང་གཉིས་སུ་མེད་པར་གྱུར༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་བརྗོད༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ མཐུ་སྟོབས་ནུས་པ་བསམ་མི་ཁྱབ༔་རཱ་ཧུ་ལ་ཞེས་རབ་གྲགས་པའི༔ སྲུང་མ་ཁྱོད་ལ་བདག་བསྟོད་དོ༔ བདག་ཅག་དཔོན་སློབ་མི་ནོར་བཅས༔ སྟེང་གདོན་གཟའ་ཡི་གནོད་པ་སོགས༔ ནད་དང་གདོན་དང་བགེགས་ཀུན་ལས༔ བྱང་ཆུབ་བར་དུ་བསྲུང་བར་མཛོད༔ རང་གི་ཐུགས་ཀའི་འོད་ཟེར་གྱིས་བུམ་ལྷའི་ཐུགས་རྒྱུད་བསྐུལ༔ ལྷ་ཚོགས་རྣམས་ཀྱི་སྐུ་ལས་འཆི་སོས་བདུད་རྩིའི་རྒྱུན་བབ་པས་བུམ་པ་ཁེངས་པར་གྱུར༔ ཨོཾ་ཀེ་


CMR043_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཀེ་ཏེ་ཧཱུྃ་སརྦ་དུག་ནན༔ དུག་ཕྱུང་སྭཱ་ཧཱཿ སྟོང་ངམ་བརྒྱ་བཟླ༔ ཨོཾ་བཛྲ་ཀུན་ན་ར་ལ་ཀེ་ཏེ་ཀེ་ཏེ་སརྦ་དུག་ནན་དུག་ཕྱུང་སྭཱ་ཧཱཿ ཞེས་བརྒྱ་བཟླས་སྔགས་རྣམས་ཆུ་གཙང་ལ་སྔགས་ནས་བུམ་ལྷ་ཞུ་ནས་ཁྲུས་རན་དུས་བུམ་པར་བླུག་ན་ཟབ་བོ་སྙམ་མོ༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས་རང་གི་མདུན་དུ༔ འཇིག་རྟེན་པའི་གཟའ་བདུད་ཆེན་པོ་སྐུ་མདོག་སྨུག་ནག༔ ཞལ་གཅིག་ཕྱག་གཉིས་རབ་ཏུ་རྔམ་པའི་སྐུ་ཅན༔ སྤྱི་གཙུག་ན་བྱ་རོག་གི་ཞལ་གྱིས་བརྒྱན་པ༔ ཕྱག་གཡས་ཆུ་སྲིན་གྱི་རྒྱལ་མཚན༔ གཡོན་རྭའི་མདའ་གཞུ་འཛིན་པ༔ རོ་སྨད་སྦྲུལ་དུ་འཁྱིལ་བ༔ མགོ་ལུས་མིག་གིས་ཁེངས་པ༔ འཁོར་གདོང་མོ་བཞི༔ དེའི་ཕྱི་རོལ་དུ་གཟའ་ཆེན་པོ་བརྒྱད༔ དེའི་ཕྱི་རོལ་དུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བ༔ གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ༔ དེ་ལས་འོད་ཟེར་འཕྲོས་པས༔ ཕྱོགས་མཚམས་ནམ་མཁའ་ཡངས་པའི་ཀློང་ནས་གཟའ་བདུད་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས༔ རཱ་ཧུ་ལ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་མདུན་བསྐྱེད་ལ་བསྟིམ༔ སྐབས་འདིར་གཏོར་མ་ལ་དགྲ་བོ་


CMR043_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བཀུགས་གཞུག་བྱས་ལ༔ ངོ་བོ་དགྲ་བོའི་ཤ་ཁྲག་ལ་རྣམ་པ་བདུད་རྩིར་བྱིན་གྱིས་བརླབས་ནས༔ གཟའི་ལས་བྱང་དང་བསྐང་གསོལ་སོགས་རྒྱས་པར་བྱས་ལ༔ མདུན་བསྐྱེད་འཇིག་རྟེན་པའི་གཟའ་དང་བུམ་བསྐྱེད་ཡེ་ཤེས་པས་གཟའ་གཉིས་ཀ་ལ་དུས་གཅིག་ལ་གཏོར་མ་བསྔོ་སྟེ༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རཱ་ཧུ་ལ་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་གནས་ནི༔ ཡབ་སྲིན་པོ་ཡཀཱ་གློག་གི་ཕྲེང་བ་ཅན༔ ཡུམ་ཀླུ་མོ་སྦལ་མགོ་ཁྲག་མིག་མ༔ སྲས་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ༔ སྲིན་མོ་གདོང་མོ་མཆེད་བཞི༔ ནང་བློན་གཟའ་ཆེན་པོ་བརྒྱད༔ ཕྱི་བློན་རྒྱུ་སྐར་ཉི་ཤུ་རྩ་བརྒྱད༔ བསྡོང་ཟླ་ལྷ་སྲིན་སྡེ་བརྒྱད༔ ཡང་འཁོར་གཟའ་དམག་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ༔ མཆོད་དོ༔ གསོལ་ལོ༔ མཆོད་པ་དམ་པ་འདི་བཞེས་ལ༔ རང་དུག་རང་གིས་ཕྱུངས་ཤིག༔ རང་ནད་རང་གིས་ཁྱེར་ཅིག༔ གདུག་པའི་སྤུ་མདའ་ཐོན་ཅིག༔ བསམ་སྦྱོར་ངན་པ་ཤིག་ཅིག༔ ལག་རྒྱ་ངན་པ་ཁྲོལ་ཅིག༔ ཅེས་བརྗོད་པས་འཇིག་རྟེན་པའི་གཟའ་བདུད་འཁོར་དང་བཅས་པ་དང་༔ རང་ཉིད་ཡེ་ཤེས་པའི་གཟའ་མཆོག་ཆེན་པོར་གསལ་བ་དེ་རྗེ་


CMR043_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱི་ཚུལ་དུ་དད་ཅིང་གུས་པས་བཀའ་ཉན་གསུང་སྡོད༔ ཇི་ལྟར་བསྒོས་པའི་ཕྲིན་ལས་དེ་དག་སྐད་ཅིག་ཉིད་དུ་བསྒྲུབ་པར་བསྒོམ་ཞིང་༔ ཨོཾ་གཏུམ་བྷ་ལི་གཏུམ་བྷ་ལི༔ བྷི་གཏུམ་བྷ་ལི༔ བྷི་གཏུམ་བྷ་ལི༔ སུ་སུ་མེ་མེ་ཤིག་ཤིག་སྭཱ་ཧཱཿ ཞེས་བརྒྱའམ་ཉེར་གཅིག་ཙམ་བཟླས་སོ༔ དེ་ནས་དུང་ཆོས་ཀྱི་ཆུ་བུམ་པར་བླུགས་ལ༔ ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོ་འཁོར་དང་བཅས་པ་འོད་དུ་ཞུ་བས་བུམ་ཆུ་དང་དབྱེར་མེད་པར་གྱུར༔ སྔགས་ཆུ་བུམ་པར་བླུག་ཅུང་ཟད་རང་གི་དངོས་གྲུབ་བླངས་བས་རང་སྲུང་ངོ་༔ དེ་ནས་མདུན་དུ་ནད་པ་ཁྲུས་བྱས་གསེར་ཞོ་རེའི་མཎྜལ་ཕུལ་ལ་འཁོད༔ འོ་ན་ད་ལམ་ཁྱེད་ལ་ཨོ་རྒྱན་རིན་པོ་ཆེའི་ཕོ་ཉའི་ལས་མཁན༔ ཆོས་སྐྱོང་བའི་སྲུང་མ༔ ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོའི་སྒོ་ནས་གཟའི་དུག་བཀྲུ་བ་དང་༔ གཏོར་མ་ལ་བསྟེན་པའི་བཀའ་གཏད་ཀྱི་སྒོ་ནས་རྗེས་སུ་འཛིན་པར་བྱེད་པ་ལ༔ ཐོག་མར་ལོ་རྒྱུས་ནི་གཉིས་ཏེ༔ ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོའི་སྤྲུལ་བརྒྱུད་བཤད་པ་དང་༔ འཇིག་རྟེན་པའི་གཟའ་བདུད་ནག་པོའི་སྐྱེ་རྒྱུད་བཤད་པ་དང་གཉིས༔ དང་པོ་ནི་ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོ་འདི་ནི༔ འཇིག་རྟེན་གྱི་ཁམས་ཀྱི་གཟའ་དང་རྒྱུ་སྐར་འདུལ་བ་དང་༔ སངས་རྒྱས་ཀྱི་བསྟན་པ་


CMR043_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བའི་ཕྱིར༔ སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོའི་ཐུགས་ལས་སྤྲུལ་པ་ཡིན་ཏེ༔ ཨོ་རྒྱན་རིན་པོ་ཆེའི་གསུང་ལས། འདི་ནི་རྣམ་སྣང་སྤྲུལ་པ་སྟེ༔ ཅི་ཕྱིར་མེ་ལྕེའི་རྒྱུད་དག་ལས༔ སྡུག་པ་ཙི་ཏའི་ཐིག་ལེ་ཉིད༔ སྣང་མཛད་འཕྲོས་པའི་ཟེར་གྱིས་བརླག༔ ཅེས་གསུངས་སོ༔ ཆོས་སྐྱོང་འདིས་སངས་རྒྱས་ལོངས་སྐུའི་བསྟན་བཞེངས་པའི་ཡོན་བདག་མཛད་པར་བཤད་ཅིང་༔ དྲང་སྲོང་ཆེན་པོ་འདི་ཉིད་ཁྲོ་བོ་རྟ་མགྲིན་གྱི་སྤྲུལ་པ་ཡིན་པར་ཡང་བཤད་དེ༔ རྟ་མགྲིན་ཡང་གསང་ཁྲོས་པའི་རྒྱུད་ལས༔ དྷཱི་པདྨའི་རྒྱལ་པོ་རྟ་མཆོག་དཔལ༔ ཁྲོ་རྒྱལ་ཁྲག་འཐུང་ཧེ་རུ་ཀ༔ ཐུགས་ཀྱི་སྤྲུལ་པ་མི་བཟད་པ༔ སྐྱིང་ཐང་ཆུ་འཁྱག་མངའ་བདག་ཁྱོད༔ ཁྱབ་འཇུག་རཱ་ཧུ་ལ་ཞེས་གསུངས༔ འདི་ད༈ ཉིད་གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡང་ཡིན་ཏེ༔ ཨོ་རྒྱན་ཆེན་པོའི་ཁྱབ་འཇུག་ཉིད་ལ་བསྟོད་པ་ལས༔ རྡོ་རྗེ་འཛིན་གྱི་སྤྲུལ་པ་ཉིད༔ ཅེས་གསུངས་སོ༔ འདི་ནི་ལོ་ཟླ་དང་ཞག་དུས་ཚེས་གྲངས་ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པར་འཇུག་ཅིང་དབང་བསྒྱུར་བ་སྟེ། དཔལ་དུས་ཀྱི་འཁོར་ལོ་ལས༔ ཕྱིའི་སྒྲ་གཅན་ནམ་མཁའ་ལ་འཁོར་ཏེ་མགོ་


CMR043_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཆུ་དང་མཇུག་མ་མེའི་རང་བཞིན་ཏེ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་རིམ་པར་འཇུག་ཅིང་ཟླ་བ་དྲུག་མཚམས་ན་ཉི་ཟླ་འཛིན་པར་བྱེད་ཅིང་༔ ནང་གི་སྒྲ་གཅན་ནི་རྩ་ཨ་ཝ་དྷུ་ཏི་སྟེ་ཡར་སྣེ་ཧཾ་ཡིག་ཆུ་དང་མར་སྣེ་ཨཐུང་མེའི་རང་བཞིན་དེའི་བར་དུ་སྲོག་ཆེན་པོའི་རླུང་གིས་གང་བར་བཤད་པ་དང་༔ གཞན་དུ་ན་ཟླ་ཉི་སྒྲ་གཅན་གཟའ་སྐར་ཚེས་གྲངས་སོགས་རྣམ་པར་དག་པ་དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་ཡིན་པར་བཤད་དོ༔ དེས་ན་ཡེ་ཤེས་ཀྱི་གཟའ་མཆོག་འདིའི་དབང་ཐོབ་ན་འཇིག་རྟེན་པའི་གཟའ་རྒྱུ་སྐར་རྣམས་ཀྱིས་གནོད་མི་ནུས་ཏེ་དཔེར་ན་རྒྱལ་པོ་ཆེན་པོའི་བཀའ་ལུང་དང་ཕྱག་རྟགས་བཟང་པོ་ཐོབ་ན་དེའི་འཁོར་དང་བློན་པོ་སུས་ཀྱང་གནོད་པ་མི་བྱེད་པ་དང་འདྲའོ༔ དེས་གཟའ་ཡེ་ཤེས་པའི་ལོ་རྒྱུས་སོང་ནས༔ འཇིག་རྟེན་པའི་གཟའ་བདུད་ཆེན་པོའི་འབྱུང་ཁུངས་སྐྱེ་རྒྱུད་ནི༔ སྔོན་ཡུལ་ཕྱ་ཡུལ་དང་སྟོད་ཅེས་བྱ་བ་ན༔ ཡབ་ཛའི་དྲང་སྲོང་དང་ཡུམ་དཔལ་མོ་འོད་ལྡན་མ་གཉིས་ལ༔ སྲས་གཅིག་འཁྲུངས་ཏེ་ཡབ་ཡུམ་གཉིས་ཀྱི་རྨི་ལམ་དུ་ཡང་གསེར་གྱི་ཉི་མ་ཤར་བ་དང་ལུས་ལས་སྐར་མདའ་ཆེན་པོ་བརྒྱད་


CMR043_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞི་མཚམས་བརྒྱད་དུ་འཕྲོ་བ་སོགས་ལྟས་བཟང་པོ་ཡང་བྱུང་༔ བུ་དེ་ལོ་བདུན་ནས་རབ་ཏུ་བྱུང་སྟེ་རིག་པའི་གནས་ལྔ་ལ་སྦྱངས་ནས་དགེ་སློང་མཛད་དོ༔ བྲག་ཡང་ཕུག་ཚལ་གྱི་དབེན་གནས་ཤིང་པ་ལ་ཤའི་བསིལ་གྲིབ་ན་དགེ་སྦྱོར་མཛད་ཅིང་བཞུགས་སོ༔ དེའི་དུས་སུ་རྒྱ་གར་བྱང་ཕྱོགས་མཛེས་ལྡན་བྲམ་ཟེའི་གྲོང་ཁྱེར་ཆེན་པོ་ན༔ རྒྱལ་པོ་རཏྣ་སིང་ཧ་ལ་བླ་མཆོད་མེད་ནས༔ གང་དུ་བཙལ་ཡང་མ་རྙེད་ནས་རྒྱལ་པོ་མྱ་ངན་ཆེན་པོས་ནོན་ཏེ༔ རྒྱལ་པོས་བྲང་བརྡུང་ཞིང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཐུགས་རྗེ་མེད་དམ༔ བདག་བསོད་ནམས་ཆུང་བས་བླ་མཆོད་བཀུར་བར་འོས་པ་གཅིག་ཀྱང་མ་རྙེད༔ ད་ཕྱིན་ཆད་བླ་མཆོད་བཟང་པོ་གཅིག་སྐྱེས་པ་རྣམས་ཀྱིས་རྙེད་ན་བློན་པོར་བསྐོ་བུད་མེད་རྣམས་ཀྱིས་རྙེད་ན་བཙུན་མོར་བསྐོ་གསུངས་སོ༔ དེར་རྒྱལ་པོའི་གཡོག་མོ་ཕྲད་ཉ་ཀུ་མ་བྱ་བ་དེ་ཆུ་ལེན་དུ་སོང་བས་མི་གཅིག་གི་རྐང་རྗེས་ལ་མེ་ཏོག་པདྨ་རེ་རེ་སྐྱེས་ནས་འདུག༔ དེའི་རྗེས་བཙལ་བས་ཤིང་པ་ལ་ཤའི་བསིལ་གྲིབ་ན་དགེ་སློང་གཞོན་ནུ་ལྟ་བས་ཆོག་མི་ཤེས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་མཐོང་ནས༔ རྒྱལ་པོའི་བླ་


CMR043_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ལ་འབྱོན་པར་ཞུས་པས་མ་གནང་ནས༔ ང་འདི་ན་འདུག་པ་གཞན་ལ་མ་བཤད་ཅིག་བཤད་ན་བར་ཆད་དུ་འགྱུར་རོ་གསུངས་སོ༔ གཡོག་མོས་རྒྱལ་པོ་ལ་ཞུས་པས་རྒྱལ་པོ་འཁོར་དང་བཅས་པ་དགེ་སློང་མཇལ་དུ་སོང་ཕྱག་འཚལ་བསྐོར་བ་བྱས་ནས་དབང་མེད་དུ་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་རོལ་མོ་སྣ་ཚོགས་ཀྱིས་བསུ་བ་བྱས་པས༔ ནམ་མཁའ་ལ་འཇའི་གུར་ཕུབ། ས་རྣམ་པ་དྲུག་ཏུ་གཡོས་སོ༔ རྒྱལ་པོ་དངུལ་གྱི་ཁྲི་ལ་བཞུགས༔ དགེ་སློང་གསེར་གྱི་ཁྲི་ལ་བཞུགས༔ རྒྱལ་པོའི་སྐུ་རིམ་སྣ་ཚོགས་མཛད་ཅིང་བཞུགས༔ གཡོག་མོ་དེ་ཡང་རྒྱལ་པོའི་བཙུན་མོ་དམ་པར་བསྐོས་སོ༔ དེར་གཡོག་མོ་བཙུན་མོར་གྱུར་པ་ལ་མི་ཐམས་ཅད་ཀྱིས་ཕྲག་དོག་བྱས་ནས༔ བཙུན་མོ་འདི་དང་བླ་མཆོད་འཆམས་སོ་ཞེས་རྒྱལ་པོ་ལ་ཞུས་སོ༔ རྒྱལ་པོ་ཐུགས་ཁྲོས་ནས་དགེ་སློང་འདི་ཙནྡན་གྱི་མེ་ལ་གསོན་སྲེག་གྱིས་ཟེར་ནས་མེ་ཆེན་པོ་སྦྱར་བའི་ཚེ༔ དགེ་སློང་གི་བསམ་པ་ལ་ང་དང་པོ་ནགས་གསེབ་ནས་དབང་མེད་དུ་ཁྲིད༔ ད་ཁྲིམས་འདི་འདྲ་གཅོད་སྙམ་ནས་ཞེ་སྡང་ཆེན་པོ་སྐྱེས་ཏེ༔ ལྷ་མ་སྲིན་སྡེ་བརྒྱད་ལ་དམོད་བཙུགས་ནས༔ བཙུན་མོ་སྐྱོན་


CMR043_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གོས་ཤིང་ཚུལ་ཁྲིམས་འཆལ་བའི་གྲིབ་ཀྱིས་སྐྱེ་བ་ཕྱི་མ་ལ་ཚངས་པའི་འཇིག་རྟེན་མན་ཆད་ནས་འཇག་མའི་སྲིན་བུ་ཡན་ཆད་ཀྱི་སྲོག་དབུགས་གཉིས་ལ་འཇུག་པའི་གནོད་སྦྱིན་ཆེན་པོ་གཅིག་ཏུ་སྐྱེས་ཏེ། རྒྱལ་པོའི་བཙུན་མོ་བཞི་པོ་ཡང་དེའི་བཀའ་ཉན་བྱེད་པར་སྨོན་ལམ་བཏབ་པ༔ སྤུ་གྲི་རེག་གཅོད་ཀྱིས་སྐེ་ལ་བརྒྱབས་ནས་མེ་ནང་དུ་མཆོང་ངོ་༔ དེར་མེ་ལྕེས་ཚིག་ནས་དང་པོ་མེ་རིས་དང་མཆུ་གུར་བྱུང་༔ དེ་ནས་ཁ་མིག་གི་པགས་པ་འཁུམ་ཞིང་ཡོ༔ དེ་ནས་ལུས་ཀྱི་ཤ་ཐམས་ཅད་ཚིག་ནས་འཁུམས་སོ༔ དེའི་རྣམ་སྨིན་གྱིས་ད་ལྟ་གཟའ་ནད་ཀྱིས་ཐེབ་པ་ལ༔ མེ་རིས་དང་མཆུ་གུར་ཁ་ཡོ་མིག་བཟུར་ཤ་འགུལ་འོང་ཞིང་ཚད་པའི་ནད་དང་བསྡོང་བ་ཡིན་ནོ༔ དེ་ནས་དྲང་སྲོང་དགེ་སློང་དེ་ཚེ་འཕོས་ནས༔ ཡབ་སྲིན་པོ་ཡཀཱ་གློག་ཕྲེང་དང་ཡུམ་ཀླུ་མོ་སྦལ་མགོ་ཁྲག་མིག་མ་གཉིས་ཀྱི་སྲས་སུ་གཟའ་བདུད་ཆེན་པོ་འདི་འཁྲུངས་ཏེ༔ སྐྱེས་མ་ཐག་ནས་སེམས་ལ་ཞེ་སྡང་དང་གདུག་རྩུབ་མེ་ལྟར་འབར་ནས༔ སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་ཅིང་སུ་དང་འཕྲད་པ་ཇུར་མིད་བྱས་སོ༔ དེའི་དུས་སུ་སུམ་ཅུ་རྩ་གསུམ་ལྷའི་ཡུལ་ནས༔ འཆི་མེད་ལྷའི་བདུད་རྩི་


CMR043_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་གང་ཡོད་པ་དེ་སུས་ཟོས་ཀྱང་འཆི་བ་མེད་པར་ཐོབ་པས༔ དེ་ལྷ་ཐམས་ཅད་ཀྱིས་བགོས་ནས་གསོལ༔ དེའི་བར་ལ་གཞན་ལ་ཤོར་དོགས་ཀྱིས་སྲུང་མཁན་བྱ་ར་བར་ལྷའི་བུ་ཉི་མ་དང་ཟླ་བ་གཉིས་བསྐོས་སོ༔ དེའི་སྐབས་སུ་གཟའ་བདུད་དེར་འོང་ནས་བདུད་རྩི་བརྐུས་ནས་འཐུང་སྟེ་སོང་བ་ལ༔ གཟས་བདུད་རྩི་བརྐུས་སོ་ཞེས་ཉི་ཟླ་གཉིས་ཀྱིས་ལྷ་ལ་བོས་པས༔ གཟའ་བདུད་ཞེ་སྡང་མེ་ལྟར་འབར་ནས༔ ཉི་ཟླ་གཉིས་ཁར་བཅུག་གླིང་བཞི་མུན་པ་བྱས་ནས་བྲོས་སོ༔ དེར་རིགས་གསུམ་གྱི་མགོན་པོས་དེད་པས་ཁོ་སྐྱག་ནས་འདར་ཞིང་དྲི་ཆེན་དང་དྲི་ཆུ་ཤོར་བས༔ དེའི་རྣམ་སྨིན་གྱིས་ད་ལྟ་གཟའ་ནད་ཀྱིས་ཐེབ་ན་འདར་ཞིང་དྲི་ཆེན་དྲི་ཆུ་དབང་མེད་དུ་འཆོར་བ་ཡིན༔ འཕགས་པ་འཇམ་དཔལ་ཐུགས་ཁྲོས་ནས་ཁྲོ་བོ་ཡ་མན་ཏ་ཀས་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་འཕངས་བས་ཁོའི་ལྕེ་བཅད་དོ༔ ད་ལྟ་གཟའ་ནད་ཀྱིས་ལྐུགས་ནས་སྨྲ་མི་ཤེས་པ་དེའི་རྣམ་སྨིན་ཡིན་ནོ༔ ཕྱག་ན་རྡོ་རྗེས་རྡོ་རྗེ་འཕངས་བས་ཨོག་མ་བརྡོལ་ཏེ་ཉི་ཟླ་གཉིས་ཀྱང་ཐར༔ ད་ལྟ་ཀྱང་ཉི་ཟླ་བཟུང་ཡང་ཐར་བ་དེ་ཡིན་ནོ༔ ཨོག་མ་ནས་ཟོས་ཚད་ཤུད་པས་ཁོ་


CMR043_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོགས་ཏེ་བརྒྱག་རྒྱུ་མ་བྱུང་༔ དེའི་རྣམ་སྨིན་གྱིས་གཟའ་ནད་ཀྱིས་ཐེབས་ནས་ཟས་ཀྱིས་འགྲང་དཀའ་བ་ཡིན་ནོ༔ དེ་ནས་ཕྱག་ན་རྡོ་རྗེས་ཁོ་སླེབ་སྟེ༔ མགོ་ལ་རྡོ་རྗེ་བརྒྱབས་པས་མགོ་དུམ་བུ་དགུར་སོང་བས་མགོ་དགུ་བྱུང་༔ ད་ལྟ་གཟའ་ནད་ཀྱིས་མགོ་ཡུ་འཁོར་བ་དེ་ཡི་རྣམ་སྨིན་ཡིན༔ ཕྱག་ན་རྡོ་རྗེས་ཁོའི་ལུས་ལ་རྡོ་རྗེ་བརྒྱབས་ནས་ལུས་ཚལ་པ་བརྒྱད་དུ་བཀས་པས༔ སྤྲུལ་པའི་གཟའ་ཆེན་པོ་བརྒྱད་དུ་བྱུང་༔ དེ་ནས་ཕྱག་ན་རྡོ་རྗེས་ཁོ་ལྕགས་ཀྱི་དྲྭ་བའི་ནང་དུ་བཅུག་གོ༔ དེའི་རྣམ་སྨིན་གྱིས་ད་ལྟ་གཟའ་ནད་ཀྱིས་ལུས་སྦྲིད་ཅིང་རྐང་ལག་ཞ་བ་ཡིན་ནོ༔ དེ་ནས་ཁོ་ཁྲོ་ཆུའི་ཕ་ཝང་ལ་བཏགས་ནས་རྒྱ་མཚོ་ཆེན་པོའི་གཏིང་དུ་འཕངས་ནས༔ དེའི་རྣམ་སྨིན་གྱིས་གྲང་བའི་ནད་དང་བསྡོང་བ་ཡིན་ནོ༔ ཁོའི་སྦྲུལ་མཇུག་གིས་རྒྱ་མཚོ་ཆེན་པོ་དཀྲུགས་པས་ཀླུ་ཐམས་ཅད་གནས་མ་བདེ་ནས་ཆོ་ངེ་བཏབ་བོ༔ དེ་ནས་ཕྱག་ན་རྡོ་རྗེས་རྒྱ་མཚོའི་སྟེང་ནས་ཡར་དྲངས་ནས༔ སངས་རྒྱས་ཀྱི་བསྟན་སྲུང་དུ་བསྐོས་སོ༔ དེར་ཁོས་སྲོག་གི་སྙིང་པོ་ཕུལ་བསྟན་པ་སྲུང་བར་ཁས་བླངས༔ སྔགས་པས་མཆོད་ན་མགོན་པ་དང་གཅིག༔ བཀའ་ཉན་དམ་ལ་གནས་པ་དང་


CMR043_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས༔ ཁྲོད་ན་གར་ཡང་འགྲོ་བ་དང་གསུམ་གྱི་དམ་བཅའ་ཕུལ་ལོ༔ དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང་༔ འདས་པའི་སངས་རྒྱས་རིན་ཆེན་སྙིང་པོ་དང་༔ སངས་རྒྱས་རིན་ཆེན་གཞོན་ནུ་དང་༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ་དང་༔ གཤིན་རྗེ་ཡ་མཱནྟ་ཀ་དང་༔ དཔལ་རྟ་མགྲིན་རྣམས་ཀྱིས་ཀྱང་དམ་ལ་བཏགས༔ སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་༔ དམ་ལྡན་གྱི་རྣལ་འབྱོར་བུ་བཞིན་སྐྱོང་ཞིང་བསྒོ་བའི་བཀའ་ཉན་བཅོལ་བའི་ལས་མྱུར་མགྱོགས་སུ་བསྒྲུབ་པ་དང་༔ བསྟན་པའི་སྤྱི་དགྲ་དང་རྣལ་འབྱོར་པའི་སྒོས་དགྲ་རྡུལ་དུ་བརླག་པར་ཁས་བླངས་དམ་བཅས་སོ༔ དེའི་ཚེ་རཱ་ཧུ་ལའི་སྐྱེས་རྒྱུད་འཇིག་རྟེན་སྐྲག་བྱེད་ཏྲེ་ལོག་སྐད་འབྱིན་གྱི་རྒྱུད་ལ་སོགས་པ་གཟའི་རྒྱུད་མང་པོ་ཡང་གསུངས༔ དེ་ཡང་ཆོས་སྐྱོང་ཆེན་པོ་འདིའི་མིང་ནི༔ རྒྱལ་པོའི་གཡོག་མོས་མཇལ་དུས་ཧ་ལེ་ཀ༔ མི་རྣམས་ཀྱིས་དྲང་སྲོང་ཆེན་པོ་བཏགས༔ ལྷ་རྣམས་ཀྱིས་གཟའ་བདུད་ཆེན་པོ༔ ཀླུ་རྣམས་ཀྱིས་དུ་བ་མཇུག་རིང་ཕྱག་ན་རྡོ་རྗེས་ལྗང་སྔོན་ཆེན་པོ༔ འདོད་ཁམས་ཀྱི་ལྷས་རཱ་ཧུ་ལ༔ རིགས་གསུམ་མགོན་པོས་ཁྱབ་འཇུག་ཆེན་


CMR043_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པོ༔ ལྷ་འདྲེ་ཐམས་ཅད་ཀྱིས་ཙ་ར་ཀ་ཞེས་མིང་དུ་བཏགས་ཏེ༔ རྒྱ་གར་བས་བྷེ་ཏྲི་བྷ་ཏྲཱ༔ རྒྱ་ནག་གིས་ཧལ་ཁྱི་རོ་ཟན༔ ལ་སོགས་ཡུལ་གྲུ་སོ་སོ་ན་ཡང་མིང་དུ་མ་བཏགས་སོ༔ འདིའི་ཁ་རླངས་ཀྱི་ཟེར་ཕོག་པས་ནད་འབྱུང་སྟེ༔ མ་མོ་དང་བསྡོང་བའི་ཕྱིར་ནད་རིགས་ཀུན་གྱི་སྣ་འདྲེན་ཞིང་རིམས་ནད་རླུང་ལྟར་འཕྱོ་བ་དང་༔ གཉན་དང་བཙན་བདུད་བསྡོངས་བས་ནད་དོན་མེད་པར་འབྱུང་ངོ་༔ གཞི་བདག་ཐམས་ཅད་དང་བསྡོངས་བས་འཁོན་ཐབས་དང་ཤན་དམར་གྱི་སྣ་འདྲེན་འོང་༔ ཀླུ་གཉན་དང་བསྡོངས་བས་ཤ་འགུལ་ཤ་བཀྲ་འོང་༔ རླུང་དང་བསྡོངས་བས་རླུང་རྩ་སྡོད་ཅན་འོང་༔ དམ་སྲི་འདྲེ་མོ་དང་བསྡོངས་བས་ཤ་མདོག་དང་ངོ་མདོངས་འགྱུར་ལྡོག་མང་༔ གདོན་འཁྱམ་དང་བསྡོངས་བས་གཟེར་ལ་བསྲན་རྒྱུ་མེད༔ རྒྱལ་པོ་བསྡང་ཕྱིར་འདྲེ་སྣ་རྒོད༔ ཀླུ་བསྡང་ཕྱིར་ཆུ་ཆེན་རྒྱབ་ན་ཐུབ༔ ལྷ་འདྲེ་ཐམས་ཅད་ཀྱིས་བསྡང་ཡ་བྱེད་པས་ནད་གཞི་ཆེ༔ སོས་དཀའ་ལོག་གྱུ་མང་བར་བཤད་དོ༔ དེ་ལྟར་གནོད་པ་ཆེ་ཞིང་སྟོབས་དང་རྫུ་འཕྲུལ་ཡང་ཆེ་སྟེ༔ གཟའི་སྐྱེ་རྒྱུད་ལས༔ སྡོང་ཟླ་ལྷ་སྲིན་ཡོངས་ཀྱིས་བྱེད༔ ལས་མཁན་ཞང་པོ་ཀླུ་ཡིས་


CMR043_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད༔ དུས་ཚོད་བརྒྱད་དུ་འཛམ་གླིང་ཉུལ༔ ཉི་མའི་རྗེས་གཅོད་ཤར་དུ་རྒྱུག༔ ཟླ་བའི་རྗེས་གཅོད་ནུབ་ཏུ་རྒྱུག༔ རླུང་ནག་འཚུབ་མ་རྟ་རུ་ཞོན༔ ཐོག་དང་སེར་བའི་སྣ་ཡང་འདྲེན༔ སྲོག་ཆགས་ཀུན་ལ་གནོད་པ་བྱེད༔ ཅེས་གསུངས་སོ༔ དེ་ནས་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་དྷ་ན་ཀོ་ཤའི་མཚོ་གླིང་དུ་བར་སྣང་གི་གཟའ་བྲན་ཐམས་ཅད་དམ་ལ་བཏགས༔ ཟ་ཧོར་གྱི་ཡུལ་དུ་མཐའི་དམག་ཚོགས་ཆེན་པོ་བྱུང་བའི་ཚེ་ན་ཨོ་རྒྱན་ཆེན་པོས་ལྷ་མ་ཡིན་གྱི་རྒྱལ་པོའི་མདའ་གཞུ་བླངས་ཏེ་གཟའ་རཱ་ཧུ་ལའི་ལག་ཏུ་བཞག་ནས་དངོས་སུ་བཏགས་པས་དམག་དཔུང་ཐམས་ཅད་བྲོས་ཏེ་སོང་ངོ་༔ གཞན་ཡང་ཨོ་རྒྱན་རིན་པོ་ཆེས་བསིལ་བ་ཚལ་དུ་གཟའ་གདོན་ཐམས་ཅད་བཏུལ་ལྷ་རྒོད་གོང་དུ་གཟའ་ཆེན་པོ་བརྒྱད་དམ་ལ་བཏགས༔ དེ་ནས་ཨོ་རྒྱན་ཆེན་པོ་ཆུ་བོ་ལི་ཧི་ཏའི་འགྲམ་དུ་བཞུགས་པས༔ གཟའ་བདུད་ཆེན་པོ་དེ་ཉིད་དྲང་སྲོང་སྨུག་ནག་འོད་འཕྲོ་བ་སྔགས་པའི་ཆ་ལུགས་རྟ་མོག་རོ་ཞོན་པ་གཅིག་སྤྲུལ་ནས་བྱུང་བས༔ ཁོའི་ཁ་རླངས་ཀྱིས་སློབ་དཔོན་ལ་ཡང་མེ་ལོང་ལ་ཧས་བཏབ་པ་ཙམ་བྱུང་༔ དེར་དམ་ལ་བཏགས་དབང་རྟགས་ཀྱི་རྡོ་རྗེ་སྤྱི་


CMR043_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བཞག༔ ལྕེ་ལ་དམ་ཚིག་གི་བདུད་རྩི་བྱིན༔ བསྟན་པ་སྲུང་བར་ཁས་བླངས་དམ་བཅས༔ སློབ་དཔོན་གྱིསས་་སྲུང་བ་དང་བཅོས་ཐབས་དཔག་ཏུ་མེད་པ་མ་འོངས་སེམས་ཅན་ལ་ཕན་པའི་དོན་དུ་མཛད༔ བསྟན་པ་བསྲུང་བའི་ཕྱིར་དུ་དྲག་སྔགས་བརྒྱ་དང་རྩ་བརྒྱད་མཛད༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཨེ་མ་བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དུས་ངན་བསྐལ་པ་སྙིགས་མའི་དུས་ཀྱི་ཚེ༔ ཆོས་ལ་དགྲ་དར་བསྟན་པ་དམའ་བའི་དུས༔ ཞིང་བཅུ་གདུག་པའི་རུ་ཏྲ་བསྒྲལ་བའི་ཕྱིར༔ གཟའ་བདུད་ནག་པོ་དུག་གི་སྤུ་གྲི་འདི༔ པདྨ་འབྱུང་གནས་བདག་གིས་གཏེར་དུ་སྦས༔ ཞེས་དང་༔ ད་ལྟ་འདི་ཉིད་སྤེལ་བའི་དུས་མིན་ཏེ༔ མ་འོངས་དུས་ན་སྐྱེ་བོས་ངན་སྔགས་ངོམ༔ ཆོས་མཛད་རྣམས་ནི་ཁས་ཉེས་དམའ་སར་འབེབ༔ སངས་རྒྱས་བསྟན་ལ་རུ་ཏྲ་དངོས་སུ་འབྱུང་༔ མི་ངན་དྲེགས་ཆེན་མཐུ་ཉིད་ནན་གྱི་རྟགས༔ དེ་དུས་ང་ཡི་བསྟན་པ་འཛིན་པ་ཡི༔ དམ་ལྡན་རྣམས་ཀྱིས་མཚོན་ཆ་འདི་ལ་མཛོད༔ སྤུ་གྲིའི་སོ་དང་གནམ་ལྕགས་མེ་འདྲ་འདི༔ བསླེབས་པས་ཆོག་གི་བྱམས་སེམས་སྙིང་རྗེ་བོར༔ དམ་ཉམས་དགྲ་བོ་ཁ་ཕུང་བརྡལ་


CMR043_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲོ༔ ཨོ་རྒྱན་བདག་ཉིད་ཞེ་ནག་མ་ལགས་ཏེ༔ བསྟན་པའི་དགྲ་ལ་སྙིང་ཚིམ་ཞེ་རེ་ཚིམ་ཞེས་དང་༔ ལྔ་བརྒྱ་དུས་མཐར་ཐུག་པའི་ཚེ༔ རྣལ་འབྱོར་གདུལ་བྱ་སྐྱོང་བ་ལ༔ བདུད་མི་རྣམས་ཀྱིས་བར་ཆད་རྩོམ༔ དབེན་པའི་གནས་སུ་མིས་མི་སྟེར༔ ནོར་ལ་བལྟས་ནས་སྲོག་ཀྱང་གཅོད༔ ཆོས་བྱེད་མཐུ་ཡིས་བྱེད་པ་འབྱུང་༔ མཐུ་ཁྱེད་མྱུར་བས་འབྱེད་པ་འབྱུང་༔ དེ་དུས་དགོངས་ནས་གཏེར་དུ་སྦས༔ པད་འབྱུང་སྙིང་རྗེ་ཆུང་བ་མིན་ཞེས་གསུངས་ནས༔ གཟའི་སྒྲུབ་སྐོར་དཔག་ཏུ་མེད་པ་གཏེར་དུ་སྦས༔ ཕྱིས་པདྨ་ལས་འབྲེལ་རྩལ་དང་༔ རྡོ་རྗེ་གླིང་པ་རཏྣ་གླིང་པ་སོགས་ཀྱིས་རིམ་པར་གཏེར་ནས་བཏོན༔ དེ་རྣམས་ཀྱི་ནང་ནས་ཐོག་དང་སེར་བ་འབེབས་ཐབས༔ ལྟས་ངན་ཆོ་འཕྲུལ་བཏང་ཐབས༔ དགྲ་སྲོག་མངོན་དུ་ལེན་ཐབས་སོགས་གནོད་བྱ་དང་༔ འཁོར་ལོ་ཟ་ཡིག་མདོས་སྔགས་དང་སྨན་ལ་སོགས་ཕན་བྱ་དང་༔ གཟའི་སྲོག་དབང་རྒྱས་པ༔ གཏོར་དབང་བཀའ་གཏད༔ གཟའ་ནད་ཞི་བའི་ཕྱིར་ནད་པར་རྗེས་འཛིན་གྱི་དབང་ལ་སོགས་པ་མཐའ་ཡས་པར་གསུངས་པའི་ནང་ནས༔ གཟའི་དུག་ཁྲུས་དང་༔


CMR043_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་དབང་ནད་པ་རྗེས་འཛིན་དེ་ཞུ་བའི་ཆེད་དུ་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས། ད་སློབ་དཔོན་ངོ་བོ་གསང་བའི་བདག་པོ་ལ་རྣམ་པ་ཡེ་ཤེས་ཀྱི་ཁྱབ་འཇུག་ཆེན་པོར་མོས་ལ་འདིའི་རྗེས་ཟློས་མཛོད༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ སངས་རྒྱས་བསྟན་པ་སྲུང་བ་དང་༔ གཟའ་གདོན་གནོད་པ་ཞི་བའི་ཕྱིར༔ ཡེ་ཤེས་གཟའ་མཆོག་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྩོལ༔ ལན་གསུམ། ད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་གསང་བའི་བདག་པོ་ལ་སྐྱབས་སུ་འགྲོ་ཞིང་༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མིག་གི་འབྲས་ལྟར་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་སོགས། དེ་ལྟར་སེམས་བསྐྱེད་ནས་འཇིག་རྟེན་པའི་གཟའ་བདུད་ཀྱི་དུག་རླངས་བཀྲུ་བའི་དོན་དུ་དམིགས་པ་འདི་བཞིན་མཛོད༔ རིན་པོ་ཆེའི་བུམ་པ་འདིའི་ནང་ནས་ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོ་འཁོར་དང་བཅས་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན་གྱིས་ཁྱེད་རང་ལ་ཁྲུས་བྱས་པས་གཟའ་རྒྱུ་སྐར་གྱི་གནོད་པ༔ གཟའི་ཁ་རླངས་དང་གདུག་རྩུབ་གཟའ་ནད་དུག་


CMR043_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རླངས་ཐམས་ཅད་སངས་སངས་དག༔ ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར་པའི་མོས་པ་མཛོད༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས་དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་འདི་ནི་ཁྲུས་མཆོག་དཔལ་དང་ལྡན༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ༔ ཅི་འདོད་དངོས་གྲུབ་སྩོལ་བར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་སོགས་བརྗོད་ལ། བུམ་པ་སྤྱི་བོར་བཞག་ལ༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་སརྦ་དུག་ནན་དུག་ཕྱུང་སྭཱ་ཧཱཿ ཆབ་ལེན་བཅུག །ད་བུམ་ཆུ་འདི་ནང་དུ་འཐུང་བས་ནང་དོན་སྣོད་ཤ་རུས་ལ་ཞེན་པའི་ནད་དང་གཟའི་དུག་རླངས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་དག༔ བུམ་ཆུས་ལུས་ལ་བྱུགས་པས་ཕྱིའི་ཤ་ལྤགས་ཡན་ལག་དང་ཉིང་ལག་གི་ནད་དང་གཟའི་དུག་རླངས་ཐམས་ཅད་སངས་སངས་དག་པའི་མོས་པ་གྱིས་ལ༔ བུམ་ཆུ་འདི་འཐུང་༔ ད་ཡན་ལག་ལྔ་ཁྲུས་མཛོད༔ ནད་པ་ཡང་བཀྲུའོ༔ དེའི་ཚེ་སྔགས་འདི་སློབ་དཔོན་གྱིས་འདོན་ཅིང་བཀྲུ་བཅུག་གོ༔ ཨོཾ་བཛྲ་ཀུན་ན་ར་ལ༔ ཀེ་ཏེ་ཀེ་


CMR043_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་དུག་ནན༔ དུག་ཕྱུངས་སྭཱ་ཧཱཿ དེ་ནས་མེ་ལོང་གི་ངོས་ལ་ནད་པའི་གཟུགས་འཆར་བ་ལ་ཁྲུས་བྱ་ཞིང་༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ གཟའ་ཉི་མའི་གནོད་པ་ཐམས་ཅད་སྭ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ ཞེས་མེ་ལོང་ངོས་ལ་ཆུ་བླུགས་ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ གཟའ་ཟླ་བའི་གནོད་པ་ཐམས་ཅད་སྭ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ ཆུ་བླུགས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔་གཟའ་དམག་དཔོན་གྱི་གནོད་པ་ཐམས་ཅད་སྭ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ ཆུ་བླུགས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ གཟའ་ལྷག་པའི་གནོད་པ་ཐམས་ཅད་སྭ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ ཆུ་བླུགས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ གཟའ་ཕུར་བུའི་གནོད་པ་ཐམས་ཅད་སྭ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ ཆུ་བླུགས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ གཟའ་པ་ཝ་སང་གི་གནོད་པ་ཐམས་ཅད་སྭ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ ཆུ་བླུགས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ གཟའ་སྤེན་པའི་གནོད་པ་ཐམས་ཅད་སྲ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ ཆུ་བླུགས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ གཟའ་དུ་བ་མཇུག་རིང་ལ་སོགས་པ་གཟའ་བརྒྱད་ཀྱི་གནོད་པ་ཐམས་ཅད་སྭ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ ཆུ་བླུགས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ ཀླུ་དང་མ་མོའི་གནོད་པ་


CMR043_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྭ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ ཆུ་བླུགས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ རྒྱལ་པོའི་གནོད་པ་ཐམས་ཅད་སྲ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ བུམ་ཆུ་བླུགས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ དམུ་བཙན་གྱི་གནོད་པ་ཐམས་ཅད་སྭ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ བུམ་ཆུ་བླུགས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ གཤིན་རྗེ་མ་སང་གི་གནོད་པ་ཐམས་ཅད་སྭ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ བུམ་ཆུ་བླུགས༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ བདུད་ལ་སོགས་པའི་གནོད་པ་ཐམས་ཅད་སྲ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ བུམ་ཆུ་དེས་ལན་གཅིག་སོང་ནས༔ ལུས་ངག་ཡིད་གསུམ་ལ་གནོད་པའི་གཟའི་ནད་དང་དུག་རླངས་ཞི་བའི་ཕྱིར་དེ་ལྟ་བུའི་ཁྲུས་ལན་གསུམ་བྱ་བར་གསུངས་པས༔ འདི་ནི་ཁྲུས་མཆོག་དཔལ་དང་ལྡན༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ༔ ཅི་འདོད་དངོས་གྲུབ་སྩོལ་བར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་སོགས༔ ནས་སྔར་ལྟར་ཁྲུས་གཅིག་བྱ༔ དེས་དུག་ཁྲུས་ལན་གཉིས་སོང་ནས༔ གསུམ་པའི་དོན་དུ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི་ཞེས་སོགས༔ སྔར་ལྟར་ཏེ། དེ་ལྟར་ཁྲུས་རྒྱས་པ་ལན་གསུམ་ཚར་ནས༔ འོ་དེ་ལྟར་ལན་གསུམ་གྱིས་


CMR043_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གཟའི་དུག་ཁྲུས་བྱ་བ་ནི༔ གཞུང་ལས་བཤད་པ་ཡིན་ལ༔ བྱབ་སྲུང་གཉིས་བླ་མའི་མན་ངག་མཐོང་བ་བརྒྱུད་པ་ལས་འབྱུང་བས་ཁ་བཀང་བ་ནི༔ རྨ་བྱའི་མདོངས་འདིའི་དབུས་ན་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་གིས་མཐར་ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་སརྦ་དུག་ནན་དུག་ཕྱུངས་སྭཱ་ཧཱཿ ཞེས་པའི་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བའི་གཟའ་ནད་ཐམས་ཅད་ནག་ཉིལ་ཉིལ་བྱས་ནས་ཁྲུས་ཆུའི་ནང་དུ་སྤོ་བའི་ཚུལ་དུ་བྱབ་པའི་མོས་པ་མཛོད༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ གཟའ་ཉི་མའི་གནོད་པ་ཐམས་ཅད་སྲ་བྷ་ཝ་ཧས་བྷེ་ཧུས་བྷེ་སང་༔ ཞེས་སོགས་སྔགས་ཚིག་སྔར་ལྟར་ཚང་བ་ལན་གཅིག་བྱའོ༔ འོ་དེ་ལྟར་ཁྲུས་བྱབ་གཉིས་སོང་ནས༔ ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོའི་དབང་བསྐུར་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛད་པར་ཞུ༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ སྐད་ཅིག་གི་གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོ་སྐུ་མདོག་དམར་པོ་ཕྱག་བཞི་པ༔ དབུ་དགུ་བྱ་རོག་གི་མགོ་ཅན༔ གཡས་དང་པོས་ཆུ་སྲིན་གྱི་རྒྱལ་མཚན༔ གཡོན་དང་པོས་ཡིད་བཞིན་གྱི་ནོར་བུ༔ འོག་མ་གཉི་ས་རཱའི་མདའ་གཞུ་བསྣམས་


CMR043_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ རོ་སྨད་སྦྲུལ་མཇུག་འཁྱིལ་བ༔ མགོ་ལུས་མིག་གིས་ཁེངས་པ༔ འཁོར་གདོང་མོ་བཞི༔ དེའི་ཕྱི་རོལ་དུ་གཟའ་ཆེན་པོ་བརྒྱད༔ དེའི་ཕྱི་རོལ་དུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད༔ གཞན་ཡང་འཇིག་རྟེན་གྱི་ཁམས་ཀྱི་གཟའ་སྐར་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་བསྒོམ༔ དེ་ནས་གཏོར་མ་འདི་སྤྱི་བོར་བཞག་པའི་དུས་སུ་དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་དཀར་པོ་བྱུང་ནས༔ ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་པས༔ ལུས་ལ་གནོད་པའི་གཟའ་ནད་ཞ་གྲུམ་ཐམས་ཅད་དྭག༔ ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོའི་སྐུའི་བྱིན་རླབས་ཞུགས་པས་ལུས་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་ནས་འཇིག་རྟེན་གྱི་གཟའ་སྐར་དང་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་གྱུར་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག༔ གཏོར་མ་ལག་ཏུ་ཐོགས་ལ་དབྱངས་དང་བཅས་པས༔ ཧཱུྃ༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ ཕ་སྲིན་མ་ཀླུ་མཐུ་བོ་ཆེ༔ དབུ་དགུ་ཕྱག་བཞི་འཇིགས་གཟུགས་ཅན༔ མགོ་ལུས་མེད་པར་མིག་གིས་གང་༔ སྲིན་མོ་གདོང་མོ་བཞི་དག་དང་༔ གཟའ་བརྒྱད་སྡེ་བརྒྱད་རྒྱུ་སྐར་བཅས༔ རིགས་ཀྱི་བུ་ལ་དབང་བསྐུར་ཅིག༔ སྐུ་དབང་ལུས་


CMR043_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྐུར་དུ་གསོལ༔ ལུས་ཀྱི་གཟའ་དུག་ཕྱུངས་གྱུར་ཅིག༔ སྤྱི་བོར་བཞག༔ འདི་རང་གི་བུ་ཡིན༔ ཚ་བོ་ཡིན༔ བསྲུང་དུ་གསོལ༔ བསྐྱབ་ཏུ་གསོལ༔ ངའི་བཀའ་དང་དམ་ལས་མ་འདའ་ཞིག༔ ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་མེ་ཏོག་གཏོར་ཞིང་༔ སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ༔ ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ་མཚན་གསོལ་གཟའ་བདུད་རཱ་ཧུ་ལ༔ བཀའ་སྲུང་ཆེན་པོའི་སྐུ་ཡི་བཀྲ་ཤིས་ཤོག༔ དེས་སྐུའི་དབང་ཐོབ་པ་ཡིན༔ ཡང་གཟའ་མཆོག་ཆེན་པོ་འཁོར་དང་བཅས་པའི་སྐུ་ལས་བདུད་རྩིའི་རྒྱུན་དམར་པོ་བྱུང་༔ ཁྱེད་རང་གི་སྤྱི་བོ་ནས་ཞུགས༔ ལུས་ཀྱི་ནང་ཐམས་ཅད་གང་བས༔ ངག་ལ་གནོད་པར་བྱེད་པའི་གཟའ་ནད་དིག་ལྐུགས་ཐམས་ཅད་དག༔ ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོའི་གསུང་གི་བྱིན་རླབས་ཞུགས་པས༔ ངག་ལ་ནུས་པ་ཐོགས་པ་མེད་པར་གྱུར་ནས་འཇིག་རྟེན་གྱི་གཟའ་དང་རྒྱུ་སྐར་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་ཇི་ལྟར་བསྒོས་པའི་བཀའ་ཉན་གསུང་སྡོད་པར་གྱུར་སྙམ་པའི་མོས་པ་མཛོད༔ གཏོར་མ་ཐོགས་ལ་དབྱངས་དང་བཅས་པས༔ ཧཱུྃ༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ ཕ་


CMR043_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་མ་ཀླུ་མཐུ་བོ་ཆེ༔ དབུ་དགུ་ཕྱག་བཞི་འཇིགས་གཟུགས་ཅན༔ མགོ་ལུས་མེད་པར་མིག་གིས་གང་༔ སྲིང་མོ་གདོང་མོ་བཞི་དག་དང་༔ གཟའ་བརྒྱད་སྡེ་བརྒྱུད་རྒྱུ་སྐར་བཅས༔ རིགས་ཀྱི་བུ་ལ་དབང་སྐུར་ཅིག༔ གསུང་དབང་ངག་ལ་བསྐུར་དུ་གསོལ༔ ངག་གི་དིག་ལྷུག་ཕྱུངས་གྱུར་ཅིག༔ གཏོར་མ་སྤྱི་བོར་བཞག་ལ༔ འདི་རང་གི་བུ་ཡིན༔་ཚ་བོ་ཡིན༔ བསྲུང་དུ་གསོལ༔ བསྐྱབ་ཏུ་གསོལ༔ ངའི་བཀའ་དང་དམ་ལ་མ་འདའ་ཞིག༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ ཝཱཀ་ཨ་བྷི་ཥིཉྩ་མེ་ཏོག་གཏོར་ཞིང་༔ སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ༔ ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ༔ མཚན་གསོལ་གཟའ་བདུད་རཱ་ཧུ་ལ༔ བཀའ་སྲུང་ཆེན་པོའི་གསུང་གི་བཀྲ་ཤིས་ཤོག །དེས་གསུང་གི་དབང་ཐོབ་པ་ཡིན༔ ཡང་གཟའ་མཆོག་ཆེན་པོ་འཁོར་དང་བཅས་པའི་སྐུ་ལས་བདུད་རྩིའི་རྒྱུན་མཐིང་ཁ་བྱུང་༔ ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས༔ ལུས་ཀྱི་། ནང་ཐམས་ཅད་གང་བས༔ སེམས་ལ་གནོད་པར་བྱེད་པའི་གཟའ་ནད་སྨྱོ་འབོག་ཐམས་ཅད་དག༔ ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོའི་ཐུགས་ཀྱི་བྱིན་རླབས་ཞུགས་པས༔


CMR043_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་བསྟན་པ་ལ་གནོད་པ་ཐམས་ཅད་ཚར་གཅོད་པ་ལ་མཐུ་དང་རྫུ་འཕྲུལ་ཐོགས་པ་མེད་པ་ཐོབ་པར་གྱུར་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ༔ ཧཱུྃ༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ ཕ་སྲིན་མ་ཀླུ་མཐུ་བོ་ཆེ༔ དབུ་དགུ་ཕྱག་བཞི་འཇིགས་གཟུགས་ཅན༔ མགོ་ལུས་མེད་པར་མིག་གིས་གང་༔ སྲིང་མོ་གདོང་མོ་བཞི་དག་དང་༔ གཟའ་བརྒྱད་སྡེ་བརྒྱད་རྒྱུ་སྐར་བཅས༔ རིགས་ཀྱི་བུ་ལ་དབང་སྐུར་ཅིག༔ ཐུགས་དབང་སེམས་ལ་བསྐུར་དུ་གསོལ༔ སེམས་ཀྱི་སྨྱོ་འབོག་ཕྱུང་དུ་གསོལ༔ གཏོར་མ་སྤྱི་བོར་བཞག་འདི་རང་གི་བུ་ཡིན༔ ཚ་བོ་ཡིན༔ བསྲུང་དུ་གསོལ༔ བསྐྱབ་ཏུ་གསོལ༔ ངའི་བཀའ་དང་དམ་ལས་མ་འདའ་ཞིག༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་གཏོར་ཞིང་༔ སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ༔ ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ༔ མཚན་གསོལ་གཟའ་བདུད་རཱ་ཧུ་ལ༔ བསྟན་པའི་བཀའ་སྲུང་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་ཐུགས་ཀྱི་དབང་ཐོབ་པ་ཡིན༔ དེ་ལྟར་གཏོར་མའི་དབང་ལན་གསུམ་བསྐུར་བས༔ འཇིག་རྟེན་པའི་གཟའ་


CMR043_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་དུག་ཐམས་ཅད་ཐོན་ནས༔ ཁྱེད་རང་སྐད་ཅིག་གི་ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོའི་སྐུ་ལམ་གྱིས་གྱུར་པའི་མོས་པ་མཛོད༔ མེ་རུ་བཙུགས་ལ༔ དེ་ལྟར་གཟའ་དབང་བསྐུར་ནས༔ གཏོར་མ་ལ་བསྟེན་ནས་བཀའ་བསྒོ་བ་ནི༔ དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་ངེད་ཀྱི་ཇི་ལྟར་བསྒོས་པའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པའི་མོས་པ་མཛོད༔ ཀྱཻ༔ ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོ་སྤུ་གྲི་འབར་བ༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ ལྗང་སྔོན་དྲག་པོ༔ དྲང་སྲོང་དཀར་སེར༔ བདུད་པོ་རོག་ཏི༔ བྷི་ཏྲི་པ་ཏྲ༔ བྷི་ནུ་ར་ཙ༔ དུ་བ་མཇུག་རིང་༔ ཁྱབ་མཇུག་ཆེན་པོ༔ བྱི་ན་ཡ་ཀ་ཏེ་སྤྲུལ་པའི་གཟའ་བརྒྱད༔ ཉི་མ༔ ཟླ་བ༔ མིག་དམར༔ ལྷག་པ་ཕུར་བུ༔ པ་ཝ་སངས༔ སྤེན་པ༔ སྒྲ་གཅན་ཏེ་བཀའ་བློན་མཆེད་བརྒྱད༔ ཤར་གྱི་སྟག་སྲིན་ཟོར་བའི་གདོང་ཅན༔ ལྷོའི་བམ་སྲིན་དྲེད་མོང་གི་གདོང་ཅན༔ ནུབ་ཀྱི་རྐང་སྲིན་བ་གླང་གི་གདོང་ཅན༔ བྱང་གི་འབྲོག་སྲིན་ཆུ་སྲིན་གྱི་གདོང་ཅན་ཏེ༔ སྲིང་མོ་གདོང་མོ་མཆེད་བཞི༔ སྨིན་དྲུག་སྣར་མ་མགོ་ལག་ནབས་སོ་རྒྱལ་སྐག་སྟེ༔ ཤར་ཕྱོགས་


CMR043_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་སྐར་མ་བདུན༔ མཆུ་བྲེ་དབོ་མེ་བཞི་ནག་པ་ས་རི་ས་ག་སྟེ༔ ལྷོ་ཕྱོགས་གཤིན་རྗེའི་སྐར་མ་བདུན༔ ལྷ་མཚམས་སྨོན་སྣུབསཆུ་སྟོད་ཆུ་སྨད་བྱི་བཞིན་གྲོ་བཞིན་ཏེ༔ ནུབ་ཕྱོགས་ཀླུའི་སྐར་མ་བདུན༔ མོན་གྲེ་མོན་གྲུ་ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་ཐ་སྐར་བྲ་ཉེ་སྟེ་བྱང་ཕྱོགས་གནོད་སྦྱིན་གྱི་སྐར་མ་བདུན་ཏེ༔ ཕྱི་བློན་རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བརྒྱད༔ སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ཡང་འཁོར་གཟའ་བྲན་བྱེ་བ་དུང་ཕྱུར་གྱི་ཚོགས་དང་བཅས་པ་ཁྱེད་རྣམས༔ སྔོན་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྙིང་པོ་དང་༔ དེ་བཞིན་གཤེགས་པ་རིན་ཆེན་གཞོན་ནུ་དང་༔ བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ༔ སྟོན་པ་ཤཱཀྱ་ཐུབ་པ༔ དཔལ་ཆེན་མངོན་རྫོགས་རྒྱལ་པོ༔ གཤིན་རྗེའི་གཤེད་ཡ་མཱནྟ༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན༔ གསང་བདག་ཕྱག་ན་རྡོ་རྗེ༔ ཨོ་རྒྱན་པདྨ་འབྱུང་གནས་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར༔ སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་བསྟོད༔ རྣལ་འབྱོར་པ་བདག་ལ་སྡང་བའི་དགྲ་སོད༔ གནོད་པའི་བགེགས་ཐུལ༔ ཁྱད་པར་དུ་ཡང་རིགས་ཀྱི་བུ་འདི་བཟུང་བ་


CMR043_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཐོངས༔ བཅིངས་པ་ཁྲོལ༔ བསྡམས་པ་གློད༔ མནན་པ་ཁྱོག༔ རང་དུག་རང་གིས་ཕྱུངས༔ རང་ནད་རང་གིས་ཁྱེར༔ གདུག་པའི་སྤུ་མདའ་ཐོན༔ བསམ་སྦྱོར་ངན་པ་ཤིག༔ ལག་རྒྱ་ངན་པ་ཁྲོལ༔ དེང་ཕྱིན་ཆད་རིགས་ཀྱི་བུ་འདི་ཁྱེད་རྣམས་ཀྱི་བུ་ཡིན༔ ཚ་བོ་ཡིན་པས༔ གཟའ་ཀླུ་སྡེ་བརྒྱད་ཀྱི་ནད་དང་གནོད་པ་ལས་སྲུང་། སྐྱོབ་འཚོས༔ མགོན་སྐྱབས་དཔུང་གཉེན་སྡོང་གྲོགས་མེལ་ཚེ་མ་གཡེལ་ཅིག༔ བཀའ་དང་དམ་ཚིག་ལ་མ་འདའ་ཞིག༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ བཛྲ་རཀྵ་རཀྵ༔ མེ་ཏོག་གཏོར་ཞིང་༔ སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ༔ ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ༔ མཚན་གསོལ་གཟའ་བདུད་རཱ་ཧུ་ལ༔ བཀའ་སྲུང་ཆེན་པོའི་བཀྲ་ཤིས་ཤོག༔ འོ་དེ་ལྟར་བཀའ་བསྒོས་པས༔ ངེད་ཀྱི་ཇི་ལྟར་བཀའ་བསྒོས་པ་ལྟར་ཁས་བླངས་དམ་བཅས་ནས༔ ཁྱེད་རང་སྲུང་ཞིང་བསྐྱབ་པའི་ཕྱིར་དུ༔ ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོས་ཁྱེད་རང་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་བསྐོན་པའི་མོས་པ་མཛོད༔ སྤྱི་བོ་དང་མགོའི་ཕྱོགས་བཞི༔ དཔྲལ་མགྲིན་སྙིང་ལྟེ་གསང་བ་སྟེ་གནས་ལྔ༔ དཔུང་པ་གཉིས༔ སྤུས་མགོ་གཉིས་ཏེ་གནས་བཅུ་ལ་རྡོ་རྗེ་རྒྱ་


CMR043_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གྲམ་དུ་བཞག་ཅིང་༔ ཨོཾ་ཀེ་ཏེ་ཀེ་ཏེ་ཧཱུྃ་ཕཊ༔ གཟའ་ཉི་མའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ དེས་རིགས་འགྲེས་ཏེ༔ གཟའ་ཟླ་བའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ མིག་དམར་གྱི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ ལྷག་པའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ ཕུར་བུའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ པ་སངས་ཀྱི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ སྤེན་པའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ མཇུག་རིང་ལ་སོགས་གཟའ་བརྒྱད་ཀྱི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ ཀླུའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ མ་མོའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀ་རཀྵ༔ རྒྱལ་པོའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ དམུ་བཙན་གྱི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ གཤིན་རྗེ་མ་སང་གི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྟ༔ བདུད་ལ་སོགས་པའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ མེ་ཏོག་གཏོར་ཞིང་༔ རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་༔


CMR043_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་རཱ་ཧུ་ལ་ཡི་བདེན་པའི་མཐུས༔ འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་༔ ཞེས་སོགས་བརྗོད༔ འོ་དེས་ནི་ཡེ་ཤེས་ཀྱི་གཟའ་མཆོག་སྤུ་གྲི་འབར་བའི་དབང་དང་༔ འཇིག་རྟེན་གྱི་གཟའ་བདུད་དུག་གི་སྤུ་གྲིའི་བཀའ་གཏད་ལེགས་པར་ཐོབ་པ་ཡིན་ཅིང་༔ འདི་ནི་ཤིན་ཏུ་བཀའ་གཉན་པས་འདི་ཞུས་པའི་བླ་མ་ལ་དམ་ཚིག་མིག་གི་འབྲས་བུ་ལྟར་སྲུང་བ་དང་༔ ཆོས་སྐྱོང་གཟའ་བདུད་ཆེན་པོ་རཱ་ཧུ་ལ་འཁོར་དང་བཅས་པ་ལ་ཡང་༔ ཕ་དང་ཁུ་བོ་སྤྱན་དང་གྲོགས་པོའི་འདུ་ཤེས་བསྒོམ་པ་གལ་ཆེ༔ གལ་ཏེ་དམ་ཚིག་ལ་འདས་ན་བཀའ་ཆད་འཕྲལ་དུ་འོང་༔ དམ་ཚིག་མ་ཉམས་ན་རཱ་ཧུ་ལ་འཁོར་དང་བཅས་པས་དུས་རྟག་ཏུ་མགོན་སྐྱབས་དང་སྡོང་གྲོགས་བྱེད་པར་ཐེ་ཚོམ་མེད་པས་དམ་ཚིག་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ སོགས་བྱའོ༔ དེ་ལྟར་ཤིན་ཏུ་བཀའ་གཉན་པའི་དབང་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས༔ དེ་ནས་སློབ་མ་གྱེས་སམ་དེར་ཡོད་ཀྱང་རུང་སྟེ༔ བསྟོད་བསྐུལ་གང་


CMR043_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ངམ༔ གཅིག་ནི་མ་ལྟ་བུ་གཅིག་བྱས་ལ་གཟའ་བདུད་འཁོར་བཅས་དགྲ་བོའི་ཐོག་ཏུ་སོང་བར་བསམ་ལ་ཐོག་ཁ་རྩ་བའི་དགྲ་ཕྱོགས་སམ་གཟའ་རྒྱུ་ཕྱོགས་སུ་བཞག་གོ༔ སླར་བུམ་ཆུ་ལྷག་མ་དེ་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་གཟའ་མཆོག་འཁོར་དང་བཅས་པ་གསལ་བཏབ་ལ༔ རཱ་ཧུ་ལ་ས་པཱ་རི་ཝ་ར་ཨརྒྷཾ་སོགས། ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ མཐུ་སྟོབས་ནུས་པ་བསམ་མི་ཁྱབ༔ རཱ་ཧུ་ལ་ཞེས་རབ་གྲགས་པའི༔ སྲུང་མ་ཁྱོད་ལ་བདག་བསྟོད་དོ༔ མ་འབྱོར་པ་དང་ཉམས་པ་དང་༔ སོགས། ཡིག་བརྒྱ་བཟླས༔ ཡེ་ཤེས་དང་འཇིག་རྟེན་པའི་གཟའ་དང་རྒྱུ་སྐར་ཐམས་ཅད་རང་རང་གི་གནས་སུ་གཤེགས་སུ་གསོལ༔ རཱ་ཧུ་ལ་ས་པཱ་རི་ཝ་ར་སརྦ་གཙྪགཙྪ༔ འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ༔ སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་་སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་༔ ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་༔ ཞེས་སོགས་བཀྲ་ཤིས་བྱའོ༔ ཞེས་བྱ་བ་འདི་ནི་ནད་པ་རྗེས་སུ་འཛིན་པའི་ཆོ་ག་ལེགས་པར་གྲུབ་པའོ༔ ཨེ་མ་ཧོ༔ སྲང་སྲོང་ཆེན་པོའི་ནད་པ་རྗེས་འཛིན་ཐབས༔ ཨོ་རྒྱན་ཆེན་པོའི་མཛད་ནས་གཏེར་དུ་སྦས༔ རིག་འཛིན་ཆེན་པོ་ལས་འབྲེལ་རྩལ་གྱིས་བཏོན༔ དེ་ནི་ཧ་ཅང་དར་སྲོལ་ཆེ་བའི་ཕྱིར༔ གཏེར་གྱི་


CMR043_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལ་མང་ཉུང་མང་དུ་བྱས༔ འོན་ཀྱང་མན་ངག་ཟབ་པར་གྲགས་པའི་ཕྱིར༔ མན་ངག་ཕྱག་ལེན་ཐུགས་ལ་གབ་པའི་ཕྱིར༔ དཔེ་ཡི་ངོས་ན་ཕྱོགས་མགོ་ཙམ་ལས་མེད༔ དེ་ཉིད་རྗེས་འཇུག་རྣམས་ཀྱིས་གོ་དཀའ་བས༔ རཱ་གའི་མིང་ཅན་སྔགས་འཆང་བདག་ཉིད་ཀྱིས༔ ཕན་པའི་སེམས་ཀྱིས་ཤིན་ཏུ་གསལ་བར་བཀོད༔ འདི་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་པ༔ གསང་བདག་གཟའ་དང་རྒྱུ་སྐར་བཅས་ལ་བཤགས༔ དགེ་བས་འདི་དང་འབྲེལ་པ་གང་ཐོབ་ཀུན༔ གསང་བའི་བདག་པོས་གཏན་དུ་རྗེས་བཟུང་སྟེ༔ གཟའ་དང་རྒྱུ་སྐརི་ནད་གདོན་ལས་གྲོལ་ནས༔ རྒྱལ་བའི་བསྟན་པ་བསྲུང་བའི་མཐུ་ལྡན་ཤོག༔ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousདྲང་སྲོང་ཆེན་པོའི་ནད་པ་རྗེས་འཛིན།next