Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁ་མཆུ་ཞི་བྱེད་གདུག་པ་སྤུ་མདའ་ནག་པོའི་འཁོར་ལོའི་ལུམ་དང་འདོན་ཆ་ཕྱོགས་དྲིལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁ་མཆུ་ཞི་བྱེད་གདུག་པ་སྤུ་མདའ་ནག་པོའི་འཁོར་ལོའི་ལུམ་དང་འདོན་ཆ་ཕྱོགས་དྲིལ།next

ཁ་མཆུ་ཞི་བྱེད་གདུག་པ་སྤུ་མདའ་ནག་པོའི་འཁོར་ལོའི་ལུམ་དང་འདོན་ཆ་ཕྱོགས་དྲིལ།


CMR043_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་མཆུ་ཞི་བྱེད་གདུག་པ་སྤུ་མདའ་ནག་པོའི་འཁོར་ལོའི་ལུམ་དང་འདོན་ཆ་ཕྱོགས་དྲིལ་རཱ་ག་སྱས་སོ། །ཀྱེ་མ་སྟོན་པ་བཅོམ་ལྡན་འདས། །བདག་ཅག་ཡུལ་འདིར་མཆིས་པ་རྣམས་ལ་རྒྱལ་པོའི་ཆད་པ་དང་། ཡུལ་གཞན་གྱིས་མིའི་རྩོད་པ་དང་། སྐྱེ་བོ་ཕལ་པས་མཚང་འབྲུ་བ་དང་། དགྲ་རྣམས་ཀྱི་ཁ་མཆུ་བསྙད་ཚོལ་རྩོད་པའི་གཞི་བཏིང་བ་ལ། མ་སྐྲག་མ་བསྔངས་ནས། མན་ངག་འདི་ལ་བརྩོན་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རིགས་ལྔའི་ལྷ་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ་མཛོད། གཞན་དཀྱིལ་འཁོར་གཅིག་གིས་ཁོག་ཕུབ་ནས། སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་། བསྙེན་པ་བཟླས་མཐར། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨདྷ་ཏེ། སམྱཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མ་ནེ་མ་ཧཱ་མུ་ནེ་རཀྵ། སརྦ་པུཊྚི་ཀུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛན་ཨ་དྷིཊྛི་ཏེ། མ་མ་སརྦ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཁ་དུ་རཀྵ། ཨོཾ་ཁ་མཆུ་སོད། ཏྲག་རཀྵ། ཨོཾ་ཎི་ཝ་ར་སན་རཀྵ། ཧ་ར་ཧ་ར། རཀྵ་རཀྵ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་བཛྲ་པཱ་ཎི་མ་མ་རཀྵ་རཀྵ། ཨོཾ་བྷྱོ་བཟློག་ཨཱི། ཁ་མཆུ་མཱ་ར་ཡ་ཕཊ། ས་མ་ཡ་དུ་རཀྵ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བདག་འཁོར་དང་བཅས་པ་ལ་ཡས་ཀྱི་བདུད་གཡོས་པ་དང་། ཕ་ཁུའི་བྱུར་འདྲེ་དང་། དགྲ་བོ་དང་། ཉེ་


CMR043_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དུའི་ལན་ཆགས་དང་། ལོ་ངན་པའི་སྐག་དང་། ཟླ་བའི་སྐག་དང་། བཀྲ་མི་ཤིས་པ་དང་། སྐྱེ་བོའི་རྩོད་པ་དང་། རྒྱལ་པོའི་ཆད་པ་དང་། མཚང་འབྲུ་བ་དང་། ཁ་མཆུ་རྩོད་པ་དང་། ངན་སེམས་དང་། བསམ་པ་ངན་པའི་གྲོགས་དང་། རྨི་ལྟས་ངན་པ་དང་། གདོན་ཐམས་ཅད་བཟློག་པར་འགྱུར་རོ། །སྡང་བ་རྣམས་འདུལ་དུ་གསོལ། ཁ་མཆུ་དང་། བྱོལ་ཟོར་དང་། རྦོད་གཏོང་དང་། རིམས་དང་། ལྟས་ངན་པ་ཐམས་ཅད་ཞི་བ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་འདི་འཆང་བ་དང་། ཀློག་པ་དང་། མེ་ཆུ་ལ་བསྐོར་བའི་མི་དེ་ལ་བསྲུང་བ་དང་བསྐྱབ་པ་དང་ཕ་རོལ་གྱི་རྩོད་པ་ཐམས་ཅད་འཇོམས་སོ། །འཁོར་ལོ་ནི་ཤར་ལ་ཟླུམ་པོ་གང་ཡང་རུང་ངོ་། །གཡས་འཁོར་གཡོན་འཁོར་གང་བདེར་བཤད། ཅེས་པ་འདི་ནི་ཁས་དམན་གཉོམ་ཆུང་ལ། །སྙིང་རྗེའི་སེམས་ཀྱིས་རཱ་ག་ཨ་སྱས་བྲིས། ༈ གདུག་པའི་སྤུ་མདའ་ནག་པོའི་སྔགས་ཤམ་ནི། ཨོཾ་ན་མོ་དྷ་ར་ནི་སྭཱ་ཧཱ། ཨོཾ་དྷི་རི་དྷི་རི་ཏྲ་སྭཱ་ཧཱ། ཨོཾ་སཾ་དྷ་ཡ་ཀྲོ་ཏ་ནི་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་བྷ་དྷ་དྷ་རི་ཧཱུྃ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་ཧ་ནུ་མནྟ་ན་ཀྱི་ལ་བྷྱོ་སྦྱོ། ཨོཾ་ཨ་ནན་ཏ་ན་ཆེ་མོ་ལ་སྲུངས་ཤིག་རཀྵ་རཀྵ། རྨི་མོ་འགྲེས་སོ། །རྒྱལ་པོའི་འཇིགས་པ་


CMR043_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསྲུང་དུ་གསོལ། ཁ་མཆུ་ངན་པ་ལས་བསྲུང་དུ་གསོལ། རྐྱེན་ངན་པ་ལས་བསྲུང་དུ་གསོལ། བན་བོན་གྱི་ཁ་ཡོག་དང་ལྕེ་སྤྱང་ལས་བསྲུང་དུ་གསོལ། ཧོར་འདྲའི་ཁ་ཡོག་དང་མདའ་མདུང་ལས་བསྲུང་དུ་གསོལ། ཡུལ་མི་ཁྱིམ་མཚེས་ཀྱི་ཁ་མཆུ་གཡོ་བ་ལས་བསྲུང་དུ་གསོལ། མུ་སྟེགས་ཀྱི་བྱད་ཁ་དང་རྫས་ངན་ལས་བསྲུང་དུ་གསོལ། མི་དཔོན་གྱི་ཁ་ཡོག་དང་ལྷ་འདྲེའི་རྨོང་བྱེད་ལས་བསྲུང་དུ་གསོལ། རཀྵ་མན་ཆད་འཁོར་ལོའི་ཤམ་ལ་ཡང་སྦྱར། ཞེས་པ་འགྲོ་བ་མི་རྣམས་ལ། །ཕ་རོལ་བདུད་དང་སྲིན་པོ་དང་། །མི་དང་མི་མ་ཡིན་པ་དང་། །སྲིན་པོ་ཕོ་འདྲེ་མོ་འདྲེ་རྣམས། །འགྲོ་བའི་སྙིང་ལ་ཞུགས་པས་ན། །སེམས་ཅན་བསམ་པ་མི་འགྲུབ་པས། །ཚེ་མཐར་མི་ཕྱིན་བསོད་ནམས་ཆུང་། །སྡུག་བསྔལ་ཆེ་ཞིང་བྱུར་ཡུག་མང་། །དེ་ཕྱིར་འགྲོ་བ་མི་རྣམས་ལ། །ཕན་དང་བདེ་བའི་ཕྱིར་དང་ནི། །ཁ་མཆུ་སྒྱུར་བྱེད་ཆེན་པོ་བཀོད། །དེ་ཡི་དགེ་བ་དག་གིས་ནི། །འགྲོ་བའི་སྡུག་བསྔལ་ཞི་བྱེད་ཤོག །ཅེས་པ་འདི་ནི་བདག་བསོད་སྙོམས་ལ་འགྲོ་སྐབས་ཡོན་བདག་ཁ་མཆུས་མནར་བ་@ཞིག་ལ་དགོངས་ནས་ཞུན་མར་ཆུང་བ་གཅིག་གི་ངོགས་ནས་བྲིས། མངྒ་ལཾ།། །།


previousཁ་མཆུ་ཞི་བྱེད་གདུག་པ་སྤུ་མདའ་ནག་པོའི་འཁོར་ལོའི་ལུམ་དང་འདོན་ཆ་ཕྱོགས་དྲིལ།next