Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མདོ་སྒྲུབ་སྲུང་བ་ཟབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམདོ་སྒྲུབ་སྲུང་བ་ཟབ་མོ།next

མདོ་སྒྲུབ་སྲུང་བ་ཟབ་མོ།


CMR043_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྒྲུབ་སྲུང་བ་ཟབ་མོ་བཞུགས་སོ།


CMR043_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྒྲུབ་བསྲུང་བ་ཟབ་མོ་འདི་ལྟ་སྟེ། དང་པོ་ནངས་སྔ་བདེ་བའི་སྟན་ལ་འདུག །བསྲུང་བ་ཡི་དམ་རྒྱལ་བའི་དཀྱིལ་འཁོར་འདི། །འདོན་སྒོམ་སྦྲག་མའམ་ཡིད་ཀྱིས་དམིགས་རིམ་སྒོམ། །བླ་མ་ཡུམ་ཆེན་དཀོན་མཆོག་རྣམ་གསུམ་ལ། །བདག་དང་བསྲུང་བྱ་ཐམས་ཅད་སྐྱབས་སུ་མཆི། །འགྲོ་དྲུག་སེམས་ཅན་སངས་རྒྱས་མྱུར་ཐོབ་ཕྱིར། །བདག་གིས་ཤེས་རབ་སྙིང་པོ་བསྒོམ་པར་བྱ། །ཨོཾ་སྭ་བྷཱ་ཝ་སོགས། སྣོད་བཅུད་ཆོས་རྣམས་སྟོང་ཞིང་བདག་མེད་ངང་། །བྷི་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས། །གསེར་གྱི་འཁོར་ལོ་གུར་ཐབས་རྩིབས་སྟོང་པ། །དེ་དབུས་པད་ཟླར་བཻ་ཡིག་རང་སྒྲར་བཅས། །དེ་


CMR043_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་རིམ་པར་འཕྲོས་པ་ཡི། །འཁོར་ལོའི་ཕྱི་རོལ་ཤེར་ཕྱིན་གླེགས་པཾ་གུར། །དེ་རྒྱབ་ཤེས་རབ་རལ་གྲི་རྡོ་རྗེ་དང་། །ཡེ་ཤེས་མེ་དཔུང་གུར་ཁང་སྟོང་གསུམ་ཙམ། །རྒྱ་ཆེ་དཔང་མཐོ་རྔམས་ཐུག་རླུང་མི་ཐར། །བསྐལ་པའི་མེ་ལྟར་ཚ་བསྲེག་ལྟར་མི་བཟོད། །དེ་ནང་ནམ་མཁར་བྱང་སེམས་ལྷ་ཡི་བུ། །སྟོང་ཕྲག་ནོར་བུ་ཁྲུས་བུམ་ཐོགས་ནས་བྱོན། །བུ་ཁྱོད་ཀྱི་དོན་དེ་འགྲུབ་པར་གྱུར་ཅིག་ཅེས། །གསུངས་ཤིང་བདུད་རྩིས་བདག་ལ་ཁྲུས་གསོལ་བས། །ཁཾ་ཡིག་ཡོངས་གྱུར་བདག་ཉིད་ཤཱཀྱ་ཐུབ། །གསེར་མདོག་མཚན་དང་དཔེ་


CMR043_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་འོད་ཟེར་འབར། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་གིས། །སེང་གེ་གླང་ཆེན་གྱིས་བཏེག་རིན་ཆེན་ཁྲི། །ཉི་ཟླ་པདྨ་བརྩེགས་པའི་གདན་ལ་བཞུགས། །སྐུ་ཡི་ཚད་ནི་རི་རབ་ཙམ་དུ་ཆེ། །ས་གནོན་མཉམ་བཞག་མཛད་པའི་གཙུག་གཏོར་རྩེར། །ཡུམ་ཆེན་ངོ་བོ་ནོར་བུ་དབང་གི་རྒྱལ། །གསེར་མདོག་སྟོང་གསལ་ངོས་བཟུང་མེད་པས་བརྒྱན། །རང་གི་གཡས་སུ་འཕགས་པ་སྤྱན་རས་གཟིགས། །གཡོན་དུ་ཤཱ་རིའི་བུ་གཉིས་ཐལ་མོ་སྦྱར། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་མཆོག་བརྒྱད་ཉན་རང་དཔག་མེད་བསྐོར། །རང་གི་བ་སྤུའི་བུ་ག་ཐམས་ཅད་ཀྱང་། །ཐུབ་དབང་ནས་འབྲས་ཙམ་རེས་གཏམས་གྱུར་ཞིང་། །སྦྱིན་བདག་ལ་སོགས་བསྲུང་བྱ་ཕལ་པ་རྣམས། །སྲུང་འཁོར་ནང་ཚུད་ཐུབ་པའི་སྐུ་རུ་གསལ། །འཁོར་ལོ་རྩིབས་སྟོང་ནང་དུ་སྐལ་བཟང་གི །སངས་རྒྱས་སྟོང་གིས་ནང་གཟིགས་སྐྱབས་སྦྱིན་མཛད། །ཕྱི་རིམ་སྲུང་འཁོར་བར་རྣམས་ཐམས་ཅད་དུ། །སངས་རྒྱས་རྣམས་ཀྱིས་གུར་ཁང་ཚུལ་དུ་གཏམས། །དེ་ཡི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་མཚན། །དེ་ལས་འོད་འཕྲོས་འོག་མིན་


CMR043_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་ནས། །ཤཱཀ་ཐུབ་རྣམ་སྣང་རྡོ་རྗེ་འཆང་ཆེན་དང་། །ཡིག་འབྲུ་གསུམ་པོ་དཔག་མེད་སྤྱན་དྲངས་བསྟིམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཛ། །ཛཿཧཱུྃ་བོ་ཧོས་སྤྱན་དྲངས། དབང་ལྷ་རིགས་ལྔ་སྤྱན་དྲངས་དབང་བསྐུར་བས། །རྐང་མཐིལ་ནས་བཟུང་སྤྱི་བོའི་གཙུག་གི་བར། །ལུས་ཀུན་ཐུབ་དབང་ནས་འབྲས་ཙམ་གྱིས་གང་། །སྙིང་ཁར་གསེར་གྱི་འཁོར་ལོ་རྩིབས་བཞིའི་དབུས། །རང་སེམས་ངོ་བོ་བཻཡིག་སེར་པོའི་ནང་། །སྟེང་དུ་བླ་མ་ཤར་ཕ་ལྷོ་རུ་མ། །ནུབ་ཏུ་སྤྱན་ཟླ་འཁོར་གཡོག་བྱང་དུ་ནོར། །བཻཡིག་རང་སྒྲས་འོག་མིན་ཞིང་ཁམས་ནས། །སངས་རྒྱས་སྟོང་རྩ་གླང་ཆེན་ཐལ་དཀར་བཅིབས། །མདུན་གྱི་ནམ་མཁར་སྤྱན་དྲངས་རིགས་ཀྱི་བུ། །ཁྱོད་ཀྱི་འདོད་པའི་དོན་རྣམས་འགྲུབ་གྱུར་ཅིག །ཅེས་གསུངས་བཀྲ་ཤིས་བརྗོད་པས་བསྲུང་བྱ་རྣམས། །ཐམས་ཅད་བོཡིག་རང་བཞིན་མི་དམིགས་པ། །གསལ་སྟོང་ཆོས་སྐུ་གཞོམས་གཞིག་བྲལ་བར་གྱུར། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་


CMR043_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སོགས། ཤེར་སྙིང་མདོ་ཚར་བདུན་ནམ་ལྔ་གསུམ་བཀླགས། །དེ་རྗེས་སྔགས་འདི་མང་ཉུང་ཅི་ནུས་བསྙེན། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་མ་མ་ས་པཱ་རི་ཝཱ་ར་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། གནོད་བྱེད་རྣམས་ལ་སྔགས་ཀྱི་འོད་ཟེར་ཕོག །འོད་དུ་ཞུ་ནས་ཤཱཀ་ཐུབ་གཙུག་ཏོར་རྩེར། །ཡུམ་ཆེན་ངོ་བོ་ནོར་བུར་ཐིམ་པ་དང་། །སྟོང་ཉིད་གནོད་བྱེད་བྲལ་བར་གྱུར། །དེ་ནས་ཐུན་མཚམས་མཆོད་བསྟོད་ཐུན་བསྡུ་བར། རྒྱས་པར་སྤྲོ་ན་བཟང་སྤྱོད་སྨོན་ལམ་གྱི། །ཡན་ལག་བདུན་པ་འབུལ་ཞིང་མདོར་བསྡུས་ན། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །སོགས་བསྟོད། དགེ་བ་འདི་ཡིས་མྱུར་དུ་བདག །ཡུམ་ཆེན་ཤེར་ཕྱིན་འགྲུབ་གྱུར་ནས། སོགས། སྨྲ་བསམ་བརྗོད་མེད་སོགས། དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག །ཉིན་གུང་སྲུང་འཁོར་མི་བསྡུ་དེ་གར་བཞག །སྙིང་པོ་སྤྱོད་ལམ་ཀུན་ཏུ་བསྙེན་པར་བྱ། །དེ་


CMR043_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དགོང་མོ་བདུད་ཟློག་དམིགས་རིམ་ནི། །ཟབ་མདོ་བདུན་ལྔ་གསུམ་གཅིག་ཅི་ལྕོགས་བཟླ། །སྙིང་པོ་བཟླས་ཤིང་དམིགས་རིམ་འདི་ཉིད་བསྒོམ། །བདག་ཉིད་ཐུབ་དབང་སངས་རྒྱས་ཉན་རང་བཅས། །ཐམས་ཅད་བླ་གོས་ཕུད་ནས་ཕྲག་གཡོན་གཟར། །ཐམས་ཅད་ཐལ་སྦྱར་མགྲིན་གཅིག་དང་། །དབྱངས་གཅིག་བདེན་སྟོབས་བརྗོད་པར་གྱུར། །ན་མོ་བླ་མ་ལ་ཕྱག་འཚལ་ལོ། །སོགས་ནས། རབ་ཏུ་ཞི་བར་གྱུར་ཅིག །རང་ཉིད་ཤཱཀ་ཐུབ་ཕྱག་མཐིལ་གཉིས། །གཡས་པས་ཉི་མ་གཡོན་ཟླ་བ། །བརྡབ་པ་དགྲ་བཅོམ་ལྔ་བརྒྱ་སོགས། །ཉན་རང་སངས་རྒྱས་ཐམས་ཅད་ཀུན། །ཆོས་གོས་ངུར་སྨྲིག་ཕྱོགས་གཅིག་ཏུ། །དུས་གཅིག་བརྡབས་པས་བར་ཆད་དང་། །དགྲ་བགེགས་ཐམས་ཅད་ཞི་བར་གྱུར། །ཐལ་མོ་གསུམ་སོགས་བརྡབ་བྱས་ནས། གང་གིས་རྟེན་ཅིང་སོགས། དམ་པ་དེ་ལ་ཕྱག་འཚལ་ལོ། །བགེགས་རིགས་སྟོང་ཕྲག་སོགས། དེ་ནས་ཉལ་ཁར་ཐུན་བསྡུ་དོན་བསྒོམ་སྟེ། །སྣོད་བཅུད་འོད་ཞུ་སྲུང་འཁོར་མེ་རིར་ཐིམ། །དེ་ཡང་རིམ་བཞིན་འོད་ཞུ་རིང་ལ་བསྡུ། །རང་ཉིད་དབུ་གཙུག་ནོར་བུ་དེ་ལ་ཐིམ། །ནོར་བུ་ཐིག་ལེར་གྱུར་ནས་སྟོང་པར་ཡལ། །རང་སེམས་


CMR043_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་རྣམ་དག་རྒྱལ་བའི་ཡུམ། །ཡོད་མེད་སྐྱེ་འགགས་རྟག་ཆད་ཀུན་བྲལ་བ། །མ་བཅོས་ཆོས་སྐུའི་ཀློང་དུ་ཀློད་ལ་བཞག །དགེ་བ་འདི་ཡིས་མྱུར་དུ་བདག །ཡུམ་ཆེན་ཤེར་ཕྱིན་འགྲུབ་གྱུར་ནས། ཅེས་སོགས་བསྔོ་བ་སྨོན་ལམ་རྒྱ་ཡིས་གདབ། དེ་ལྟར་སྲུང་བ་ཆོས་སྐུ་འོད་འབར་འདི། བསྒོམས་པས་སེམས་ལ་སྟོང་ཉིད་རྟོག་པ་སྐྱེ། །ཉམས་སྣང་ལུས་འདི་ནམ་མཁར་ཡར་སྙམ་བྱེད། །རྨི་ལམ་གསུང་རབ་ཀློག་དང་གོ་ཆ་གྱོན། །མེ་ཏོག་ཐུ་དང་མེ་ཏོག་ཆར་འབེབས་དང་། །བཙན་པའི་བྲག་དང་མཁར་ལ་འདུག་པ་རྨིས། །བཀྲ་ཤིས་ཚེ་རིང་བར་ཆད་ཐམས་ཅད་ཞི། །འདི་དང་ཕྱི་མའི་དོན་ཀུན་འདི་ཡིས་འགྲུབ། །གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི། །བསྲུང་བའི་གདམས་པ་མང་ཡོད་ཀྱང་། །གདོན་དང་བྱད་མས་བཤིག་པ་སྲིད། །ཆོས་སྐུ་ཡུམ་ཆེན་བསྲུང་བ་འདི། །སུས་ཀྱང་གཞོམ་གཞིག་བྲལ་བའོ། །སྲུང་ཟློག་ཀུན་གྱི་རྒྱབ་རྟེན་དུ། །འདི་ཉིད་སྒོམ་བཟླས་ཐུན་རེ་བྱ། །གཞན་ལ་སྲུང་འཁོར་བཏགས་འདོད་ན། །གུར་གུམ་གི་ཝཾ་སྣག་ཚ་ཡིས། །དཔེའུ་ཆུང་ལྟར་བྲིས་བྱས་ལ། །བསྒོམ་པ་ལྟ་བུར་བསྐྱེད་བྱས་ལ། །སངས་རྒྱས་སྟོང་རྩ་བསྐྱེད་བསྟིམ་བྱ། །བཏགས་པས་བྱད་ཁ་ཕུར་ཁ་ཐུབ། །གལ་ཏེ་བྱད་ཁས་དེ་ཤི་ན། །རྫོགས་སངས་རྒྱས་ཀྱི་དབུ་འགས་གསུངས། །འདི་ཡི་བསྲུང་བ་ཞག་བདུན་བསྒྲུབ། །ཡང་ན་རྒྱུན་དུ་བྱ་བའོ། །འདི་བྲིས་ཉེས་པ་གང་མཆིས་བཤགས། །དགེ་བས་འགྲོ་ཀུན་


CMR043_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཤོག །༧ རཱ་ག་ཨསྱས་ཟིན་བྲིས་བྱས། །མངྒ་ལཾ།། །། སྲུང་འཁོར་དཔེའུ་རིས། ་་་་༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམདོ་སྒྲུབ་སྲུང་བ་ཟབ་མོ།next